བཀའ་སྤྱི་གཉིས་ལ་༧རྒྱལ་བ་རིན་པོ་ཆེ་མེད་ན། རང་ངོས་ནས་ལས་ཀ་བྱེད་ཐུབ་པའི་གདེང་ཚོད་དང་སྙིང་སྟོབས་ཡོད་པ་མ་རེད། ག་འདྲ་ཞིག་ཡོང་འགྲོ་བསམ་ནས་ཞེད་སྣང་སྐྱེ་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེར་བགྲེས་ཡོལ་མི་གནང་བའི་སྙན་ཞུ་ཕུལ་བ་དེ་མཐར་དེད་ན་རང་དོན་རེད། གནད་ཡོད་མི་ཉུང་ཤས་ཤིག་གིས་བྱས་པ་འདྲ།
རང་ཉིད་སོ་སོ་གཞུང་གི་སྒྲིག་འཛུགས་ནང་ཡོད་པའི་སྐབས་ཐོག་གཅིག་པོ་མ་གཏོགས་ཁོ་ཚོས་བསམ་བློ་གཞན་པ་གཏོང་གི་མ་རེད། གཏོང་རྒྱུའི་འདོད་པ་ཡོད་པ་མ་རེད། ལྷག་བསམ་ཡང་ཡོད་པ་མ་རེད། རང་ཉིད་སོ་སོའི་སྐབས་སྒྲིག་འཛུགས་དེ་ཡག་པོ་ཞིག་བྱུང་བ་ཡིན་ན་མ་འོངས་པར་དེ་རྩ་འཐོར་བྱུང་བ་ཡིན་ནའང་ཁྱད་པར་ཡོད་པ་མ་རེད།
༧རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་སྐོར་འདི་ད་རེས་གཅིག་པོ་མིན་པར་ཐེངས་སྔ་ཕྱི་མང་པོར་གསུངས་པ་རེད། ད་རེས་སྐུ་མཁྱེན། ད་ང་ལའང་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག ངས་ཀྱང་རྒན་གསོ་བྱེད་གི་ཡིན་གསུངས་ནས་ཞུ་མ་ཎི་ཕྱག་གསུམ་འཚལ་བ་རེད། ངས་བོད་དོན་རྩ་ནས་གཡུག་བཞག་པ་དེ་འདྲ་མ་རེད་ཟེར་ནས་སྦྱངས་བཤད་ཀྱང་རིམ་པར་གནང་བ་རེད།
ཁོང་ཚང་གིས་ད་ཁྱེད་ཚོས་རང་ཉིད་ཀྱི་རྐང་པ་ཐོག་ལངས་པའི་ཚོད་ལྟ་ཅིག་གནང་གསུངས་གི་ཡོད་པ་རེད་དེ། ངེད་ཚོས་ཚོད་ལྟ་ཙམ་ཡང་བྱེད་ཐུབ་གི་མི་འདུག ཁྱེད་རང་གིས་ངེད་ཚོ་རྒལ་བར་སྔར་བཞིན་འཁུར་འགྲོ་རོགས་ཟེར་ནས་ཡར་ཞུ་གི་ཡོད་པ་དང་གཅིག་པ་རེད།
བཀའ་སྤྱི་དེ་ཚོ་རང་དོན་ལ་ཐུག་ན་རྣ་བ་དང་མིག་གཉིས་ཀ་ཡོད་པ་མ་རེད། ཁོང་གི་གལ་བོ་ཆེ་ལ་ནན་ཏན་ཏུ་གསུངས་པའི་གསུངས་དེ་ཚོར་སྣབས་ཕྱིས་ཤིག་གི་བརྩི་མཐོང་ཡང་བྱེད་གི་མ་རེད།
རང་དོན་ལ་ཐུག་ན་ཁོ་ཚོ་སྤྱང་པོ་ཡོད་པ་རེད། འཁྲབ་སྟངས་འདྲ་མི་འདྲ་མང་པོ་ཤེས་གི་རེད། ཁོ་ཚོས་ལས་སླ་པོའི་ཐོག་ནས་༧རྒྱལ་བའི་གསུངས་དང་བོད་མི་མང་པོ་ཞིག་གི་བསམ་ཚུལ་ལ་རྡོག་རོལ་གཏོང་ཐུབ་གི་མ་རེད། དེ་ཤེས་པའི་ཐོག་ནས། ཁོ་པ་ཚོས་ཁོ་པ་ཚོ་རང་ཉིད་ལ་རྒྱབ་སྐྱོར་ཡག་ཐག་ཆོད་བཙལ་ཤེས་གི་རེད། མི་མང་ནང་རྒྱལ་བ་རིན་པོ་ཆེ་མི་རེ་ཟུང་གི་གཏམ་བརྗོད་ལ་འུ་ཐུག་ནས་སེམས་ཤུགས་ཆགས་ནས་དེ་ལྟར་གསུང་དགོས་བྱུང་པ་རེད་ཟེར་ནས་དཀྲོག་གཏམ་ཁྱབ་སྤེལ་བྱེད་གི་རེད། དེ་ནི་ཁོ་པ་ཚོའི་རྒྱབ་རྩ་འཚོལ་སྟངས་ཡོད་ན་མེད་ན་ཞིག་རེད། སུས་གང་ནས་ནམ་དེ་ལྟར་དཀྲོག་གཏམ་སྤེལ་བ་འཚོལ་དགོས་ན་རྙེད་ཐབས་ཁོ་རང་ཡོད་པ་མ་རེད།
མཐའ་མཇུག་ལག་པ་ཕྱིས་ས་ གཞིས་ལུས་མི་མང་བྱས་ནས། ཡར་གསོལ་འདེབས་བྱེད་གི་ཡོད་པ་རེད། ཁྱེད་རང་མེད་ན་ངེད་ཚོས་ལས་ཀ་བྱེད་ཐུབ་ས་མ་རེད། ཡོང་ས་མ་རེད། ཟེར་ནས་ཞུ་གི་ཡོད་པ་མ་རེད། ཁེ་བཟང་དེ་སྐབས་ཐོག་གི་གཞུང་འཛིན་པ་ཚོས་ཟ་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་མཚན་ལ་བརྟེན་ནས་གཞུང་གི་འཛིན་སྐྱོང་ལ་ཁ་ཆག་སྣ་རལ་ཡོང་བའི་ཞེད་སྣང་སྐྱེ་དགོས་པ་མ་རེད། མཐའ་མ་གྱོང་རག་མཁན་མི་མང་རེད། གཞིས་ལུས་མི་མང་རེད།
ད་ཕྱོགས་གཞན་ཞིག་ནས་བཤད་ན། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་མང་གི་སེམས་ཤུགས། ཆིག་སྒྲིལ། སྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། ཁོང་གིས་འགན་ཁུར་བསྡད་ན་སྐབས་ཐོག་ལ་བལྟས་ན་ཡག་པོ་འདྲ་ཞིག་ཡོད་པ་རེད་དེ། འདི་ནི་སྐབས་ཐོག་ཙམ་མ་གཏོགས་ཕུགས་རྒྱང་རིང་བའི་ཐབས་ལམ་ཞིག་མ་རེད། རང་མགོ་རང་གིས་གཡོག་གི་ཡོད་པ་རེད། རང་མགོ་རང་གིས་བསྐོར་གྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མེད་སོང་བའི་ཉིན་དཀར་དེར་ག་རེ་བྱེད་དགོས་རེད།
དེ་ནི། བྱང་ཨ་རིའི་སྤྱི་འཐུས་འོས་གཞིའི་གྲས་བདེ་སྐྱིད་ཆོས་དབྱིངས་ལགས་ཀྱི་དྲ་ཐོག་ཅུང་ཟད་བཀོད་འདུག་པ་ལྟར། བོད་གཞིས་བྱེས་མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་ཐུབ་པ་དང་། སྤོབས་པ་སྐྱེ་ཐུབ་པའི་སྲ་བརྟན་ཕུགས་འཕེར། ཕྱི་གསལ་ནང་གསལ་གྱི་དམངས་གཙོའི་སྒྲིག་འཛུགས་ཤིག་དགོས་པ་དེ་རེད། དེ་འདྲའི་སྒྲིག་འཛུགས་ཤིག་བཟོ་ཐུབ་པ་ཡིན་ན། མི་མང་གི་ཡིད་ཆེས་དང་སེམས་ཤུགས། ཆིག་སྒྲིལ་གྱི་སྟོབས་ཤུགས་དེ་༧རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་ཀྱང་། དམངས་གཙོའི་གསང་ནུས་དེ་ལ་བརྟེན་ནས་མུ་མཐུད་ང་ཚོས་ཉར་ཐུབ་གི་རེད་ལ། དེ་ནི་ཕུགས་རྒྱང་རིང་བའི་ཐབས་ལམ་ཞིག་ཀྱང་རེད།
༧རྒྱལ་བ་རིན་པོ་ཆེ་རང་ངོས་ནས་དམངས་གཙོའི་དཔེ་མཚོན་ཞིག་རེད་མ་གཏོགས་དམངས་གཙོའི་འགོག་རྡོ་ཞིག་མ་རེད། ཡིན་ནའང་། ཁོང་གོང་དུ་བཞུགས་བསྡད་པ་ཡིན་ན། མི་མང་གི་ངོས་ནས་རང་གི་རྣམ་དཔྱོད་དང་ནུས་པ་དངོས་སུ་འདོན་རྒྱུར་འགོག་ཤུགས་ཤིག་རང་བཞིན་གྱིས་འཕྲད་ཀྱི་ཡོད་པ་གསལ་བོ་རེད།
བཀའ་སྤྱི་རྣམ་པ་ཚོས་འཚབ་འཚུབ་མ་གནང་བར། ལོ་རེ་ཟུང་ལ་༧རྒྱལ་བ་རིན་པོ་ཆེ་ཟུར་བཞུགས་གནང་ནས་ཚོད་ལྟ་ཞིག་བྱས་ནའང་མི་ཆོག་གམ། ཁྱེད་ཚོ་དེ་འདྲའི་ཞེད་སྣང་སྐྱེ་དགོས་གི་མ་རེད། ༧རྒྱལ་བ་རིན་པོ་ཆེ་ད་རུང་སྐུ་ཟིལ་བ་ཁྲོམ་མེ་གསོན་པོ་དྲོན་པོ་གསུང་ཆོས་གནང་ནས་བཞུགས་འདུག་གི་རེད།
འདི་ཚོའི་བྱེད་སྟངས་སྡུག་ག་ལ། མི་མང་གི་ཚབ་ཟེར་བའི་མིང་ཞིག་ཁྱེར་ནས་ཡེ་ཤེས་ནོར་བུར་གསོལ་འདེབས་བྱེད་ག་འགྲོ་གི་འདུག་ག
རྒྱལ་བ་རེན་པོ་ཆེ་འགྲེལ་ཡོལ་ལ་ཕེབས་འསྡོད་ཡོད་པ་དང་ ཕེབས་དགོས་པ་དེ་སྐུ་ཚེ་རིང་པོ་ཡོང་བའི་ཆེད་དུ་ཡིན་་ བསྟན་བཞུགས་ངོ་མ་དེ་ཡིན་ གལ་སྲིད་ཕྱག་ལས་མུ་མཐུད་གནང་བཅུག་ནས་སྐུག་པའི་བསྟན་བཞུགས་མང་དྲག་ན་
མི་རིང་བར་འགྱོད་པའི་གླིང་ལ་བསྐྱལ་ཡོང་
སྐུ་ཚེ་རིང་ན་རིང་པ་རེད་ བསྟན་དུ་བཞུགས་མཁན་སུ་ཡང་མེད་
སྤྲེལ་ལེ་བྱེད་སྟངས་འདི་དག་མཐོང་ཚེ་དངོས་གནས་སེམས་ཤུགས་ཆགས་འཇུག་གི སྤྱི་མཐུས་འདི་ལྟར་བྱེད་དགོས་བ་བོད་མིའི་ཁེ་ཕན་ཆེད་མིན་པ་མཐའ་ཐུག་ན་རང་གི་གོ་གནས་བརྟན་ཆེད་རེད། གོང་ས་མཆོག་ལ་དད་དམ་གཙང་མ་ཡོད་ཁུལ་གྱིས་ཕུགས་སུ་རང་གི་གནས་སྐབས་ཀྱི་གོ་གནས་དང་མཚན་མཐོང་། གཞུང་ཞབས་གཞན་ལ་ཁ་རྩོད་བྱེད་མི་དགོས་བ་སོགས་འགོག་སྲུང་བྱེད་པའི་ཁེ་ཕན་རེད། དངོས་གནས་རེད། ལས་གནས་ཕུད་ན་གཟའ་བཏུང་གི་དཀའ་ངལ་འཕྲད་པས་དེ་བྱེད་མི་ཐུབ་མེད་རེད།
ངའི་ལྟ་སྟངས་ལྟར་ན་རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་གནད་དོན་དེའི་ཐད་ལ་ཁ་གསལ་པོ་བཟོ་དགོས་ས་མང་པོ་ཞིག་འདུག་སྙམ། དཔེར་ན་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་པ་ཡིན་ན་བཅའ་ཁྲིམས་རིན་པོ་ཆེའི་ནང་གི་རྒྱལ་བ་རིན་པོ་ཆེའི་སྐུ་འགན་དང་འབྲེལ་བའི་བརྗོད་ཚིག་དེ་ཚོར་འགྱུར་བ་གཏོང་དགོས་དང་མི་དགོས། ད་ཡོད་དབུ་མའི་ལམ་གྱི་སྐོར་ལ་ཡང་བསྐྱར་རྒྱལ་བ་རིན་པོ་ཆེས་ལམ་སྟོན་གནང་དང་མི་གནང་། བོད་རྒྱ་འབྲེལ་མོལ་ལྟ་བུ་ཡིན་ན་ད་ལྟ་བར་དུ་རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་མངགས་གཏོང་གནང་བཞིན་ཡོད་པ་དེ་རྒྱུན་མཐུད་དུ་དེ་ལྟར་བྱེད་དང་མི་བྱེད། བཙལ་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཕྲ་མང་པོ་ཞིག་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པ་དེ་ཚོར་འགྱུར་བ་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་དང་མིན། ང་ཚོས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་པ་ངོས་ལེན་བྱེད་ཆོག་མོད་རྒྱ་གར་ནག་དང་འབྲེལ་བའི་གནད་དོན་དེ་ཚོ་ཁག་པོ་ཞིག་ཡོང་རྒྱུ་ཡིན་དུས་བགྲེས་ཡོལ་མ་གནང་གོང་དུ་འདིའི་སྐོར་གསལ་པོ་བཟོ་དགོས་པ་རེད། འདི་ཚོར་བསམ་བློ་བཏང་དུས་ད་ལྟ་བར་དུ་ང་ཚོའི་ཕྱི་ནང་ཚང་མ་རྒྱལ་བ་རིན་པོ་ཆེ་མི་གཅིག་ལ་བརྟེན་ཡོད་པ་ལྟ་བུ་ཞིག་ཡིན་པས་དགོངས་ཞུ་འདི་ཡང་བློ་ངོར་ཤོང་ཆོག་ཆོག་ཅིག་མ་རེད། འདི་ཚོ་ཚང་མ་ཁ་གསལ་པོ་ཞིག་མ་བྱུང་ནས་བོད་མི་མང་པོ་ཞིག་མགོ་འཐོམ་འཐོམ་དུ་གྱུར་ཡོད་པ་རེད། ངས་བསམ་ན་རྒྱལ་བ་རིན་པོ་ཆེར་བགྲེས་ཡོལ་མ་གནང་རོགས་ཟེར་ནས་གསོལ་བ་འདེབས་པ་ལས་བགྲེས་ཡོལ་རྗེས་སུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བར་འབྲེལ་བ་དེ་ཚོ་ཁ་གསལ་པོའིི་སྒོ་ནས་ཤན་འབྱེད་ཡོང་ཆེད་བཀའ་འདྲི་མང་པོ་ཞིག་ཞུ་དགོས་འདུག་སྙམ། དང་པོ་ནས་ཁ་གསལ་པོ་མ་བཟོས་ན་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་དུ་དེབ་སྐྱེལ་བྱས་པའི་ཚོགས་པ་དང་དགེ་རྩ་ཁང་སོགས་མ་འོངས་པར་ཀརྨ་པའི་དབུ་ཞྭའི་རྩོད་རྙོགས་ལྟ་བུ་ཡོང་མི་སྲིད་པ་ཡང་མ་རེད།
རང་བཞིན་ངན་པའི་སེམས་ཅན་ནི།
སྡིག་སྡུག་དྲག་པོས་ནོན་མཐོང་དེ།
གཤེ་སྐུར་ལ་སོགས་ཕྲག དོག་གིས།
ཤིན་ཏུ་མི་རིགས་གནོད་བྱེད་ཚེ།
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།
རྟོག་པའི་དྲི་མས་མ་སྦགས་ཤོག
བློན་པོ་འགར་གྱི་མི་རྒྱུད་རྒྱ་ཡུལ་མཛངས།
ཉང་བློན་ཆེན་པོ་མཐའ་ཁོབ་ཡུལ་ལ་ཕུད།
རྒྱལ་པོ་གླང་དར་དུག་མདའ་ནག་པོས་བཀྲོངས།
མངའ་བདག་འོད་སྲུང་མངའ་རིས་ཡུལ་ལ་བྲོས།
ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཁྲི་ནས་ཕབ།
འགྱུར་མེད་རྣམ་རྒྱལ་གྲི་ཡིས་ཕྱི་མར་འཕངས།
རྩིས་དཔོན་ལུང་ཤར་འདྲེན་བྱེད་དབང་པོ་བཏོན།
ཀུན་གཟིགས་བཅུ་པར་ཚོང་པའི་མིང་གིས་བསྙད།
འཇམ་དབྱངས་ནོར་བུ་གཏོར་མ་བརྒྱབས་ནས་ཕུད།
ཟླ་བ་ནོར་བུ་བོད་པར་དགོས་པ་མེད།
ཀེའུ་དོན་གྲུབ་དམར་པོའི་མིང་གི་བསྙད།
དམངས་གཙོའི་ཚགས་པར་མེ་ལྷའི་ཞལ་དུ་བཏབ།
ཀུན་གཟིགས་བཅུ་གཅིག་རྒྱ་མིའི་ལག་པར་སྤྲད།
དེ་ཚོ་གངས་ཅན་བོད་མིའི་སྐྱོ་གནས་ཡིན།
དགོངས་དག་ངས་ཚིག་གཅིག་ཆད་འདུག
དགེ་འདུན་ཆོས་འཕེལ་མུན་པའི་བཙོན་དུ་བཅུག
འཛམ་བུ་གླིང་འདིར་ཚོགས་པ་སྒྲིགས་འཛུགས་མང་པོ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྒྲིགས་འཛུགས་དེ་གཅིག་པོ་མ་རེད། དེ་ཚང་མ་ལོ་འགྲོ་སྟངས་ཤིག་ཡོད་པ་རེད། དང་པོར་ཚོགས་པ་འཛུགས་མཁན་ནས་དགོངས་པ་ཞུ་བའམ་རྒན་ཡོལ་དུ་ཕྱིན་པ་ཡིན་ནའང་སྒྲིགས་འཛུགས་དེ་མི་མཐུད་གནས་ཀྱི་ཡོད་པ་རེད། ལྷག་པར་དུ། སྔོན་མ་ཞིག་ལ་འདིར་སུ་ཞིག་ནས་བཤད་པ་ལྟར། ཏྰ་ལའི་བླ་མའི་མཚན་ཐོག་དེབ་སྐྱེལ་བྱས་ཡོད་པ་ལས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་མཚན་ཐོག་དེབ་སྐྱེལ་བྱས་མེད་ཚོད་རེད།
སྐུ་དབང་ལ་ཁྲིམས་ཐོག་ནས་བསྒྱུར་བཅོས་གཏོང་དགོས་པ་དེ་ཚོ་ངེས་པར་གཏོང་དགོས་པ་རེད། དགོངས་པ་ཞུ་ན། བགྲེས་ཡོལ་ཕེབས་ན། སྐྱར་དུ་ཆོས་སྲིད་ཀྱི་ཕྱག་ལས་གནང་ན་དེ་ཚོ་ཚང་མ་ཁྲིམས་སྒྲིགས་ཤིག་ནང་ཏན་ཏན་འགྲོ་དགོས་པ་རེད་དེ། ད་བར་དེའི་སྐོར་སྒྲིག་གཞི་ཁ་གསལ་ཞིག་མེད་ཚོད་རེད།
སྔོན་མ་ཁྲིམས་དེ་ཚོ་བཟོ་དུས་དང་སྐྱར་བཅོས་རིམ་པའི་སྐབས་སུའང་། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོར་ཁྲིམས་ཐོག་ནས་བགྲེས་ཡོལ་གྱི་ཐོབ་ཐང་ཕལ་ཆེར་སྤྲད་མེད་པ་འདྲ།
ད་སྤྱན་རས་གཟིགས་མར་མིའི་ནང་ལ་དྲུད་ཡོང་ནས་སྒྲིག་ཁོངས་སུ་བཅུག་དགོས་བྱུང་ན་དེ་ཡང་མི་རྣམས་རྣམ་རྟོག་ཟ་ཞིང་བློ་འདོད་མེད་པ་ཞིག་ཡིན་པ་འདྲ་སྟེ། གཞུང་འདི་ཁྲིམས་ཀྱིས་ཁ་ལོ་བསྒྱུར་དགོས་ན་དེ་ལྟར་མ་བྱས་རང་བྱས་རེད།
དྲ་གྲོགས་ཤ་གཟན་དམར་པོ་ཞུ་བ་ཞིག་གིས་ཅུང་ཟད་གསུང་འདུག་མོད། དྲ་གྲོགས་སྤོབས་པ་ལགས་ཀྱིས་བཀའ་མོལ་དེ་མི་བསམ་ཡོད་མང་པོའི་བློ་ན་ཡོད་པའི་དོགས་པ་དངོས་དེ་ཡིན་པས་ན་དོན་རྙིང་ལྡན་པས་ངས་ཀྱང་བགྲོ་གླེང་འདི་མུ་མཐུད་སྤེལ་ན་དགེ་མཚན་ཆེ་བར་མཐོང་བས་རང་རང་གི་བསམ་ཚུལ་ཞུ་དགོས།
དང་པོ། བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས། གཞན་རྣམས་ད་ལྟ་ངེས་གཏན་གྱིས་བཤད་ཚོད་ཐིག་པ་དེ་འདྲ་མིན་མོད། ཚོད་དཔགས་ཀྱིས་བསམ་ཚུལ་ཞུ་ན།
གཉིས། དབུ་མའི་ལམ་ལ་༧ཁོང་གིས་གཞུང་འབྲེལ་ལམ་སྟོན་མི་གནང་རུང་སྐབས་རེ་གྲོས་འདེབས་ཀྱི་ཚུལ་དུ་ཁོང་གི་དགོངས་ཚུལ་གསུང་སྲིད།
གསུམ། བོད་རྒྱ་འབྲེལ་མོལ་ལ་འབྲེལ་མཐུད་པའི་ཚུལ་དུ་༧ཁོང་གི་སྐུ་ཚབ་གཏོང་སྲིད་མོད་གཙོ་བོ་བོད་གཞུང་གི་སྐུ་ཚབ་གཏོང་ཐབས་ལ་འབད་དགོས།
བཞི། ཁྲིམས་ཐོག་ནས་བཤད་ན་མི་གྲོངས་རུང་དེའི་མིང་ཐོག་ལ་ཡོད་པའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་དགོས་པ་ཞིག་ཡིན་མི་འདུག འོན་ཀྱང་བྱུང་ན་ང་ཚོའི་གཞུང་འདི་རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་ངོ་བོའི་ཐོག་ནས་དེབ་སྐྱེལ་ཐུབ་ན་བཟང་ན་ཡང་དེ་འདྲ་བའི་གནས་སྟངས་ཤིག་ཡོང་སྲིད་པ་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་བློ་ཡུལ་དུ་ཤར་མྱོང་མེད་སྟབས་ད་སྐབས་འཛམ་གླིང་ན་དེ་འདྲའི་ཁྲིམས་ཀྱི་ཆ་རྐྱེན་བཟོས་ཡོད་པའི་རྒྱལ་ཁབ་གཅིག་ཀྱང་མེད་པ་འདྲ། སི་པེན་གྱི་ལུང་པར་རྒྱལ་ཁབ་གཞན་པ་ཁྲིམས་སྦྱོར་ཆོག་པའི་ཆ་རྐྱེན་ཡོད་པ་བཞིན་རྒྱལ་ཁབ་གཅིག་ལ་རྒྱལ་ཁབ་གཞན་ཞིག་སྐྱབ་བཅོལ་དུ་ལེན་ཆོག་པའི་ཁྲིམས་ཀྱི་ཆ་རྐྱེན་དེ་འདྲ་མ་འོངས་པར་འབྱུང་མི་སྲིད་པ་མིན། ཅི་སྟེ་དེ་འདྲའི་ཁྲིམས་ཀྱི་ཆ་རྐྱེན་ལྡན་པའི་རྒྱལ་ཁབ་ཅིག་རྙེད་ན་རང་ཅག་ཉེ་ཞོ་མེད་པར་དེ་རུ་སྤོ་དགོས། གནས་ཚང་སང་གིས་ཁྲིམས་དེ་འདྲ་བཟོས་ན་ལྷ་རབས་རེད། དེ་མིན་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཡང་བརྟན་པོ་ཞིག་མིན་པར་སྙམ།
ལྔ། རྒྱ་གར་ནག་དང་འབྲེལ་བའི་གནད་དོན་དེ་ཚོ་གསལ་བོ་བཟོ་བའི་ནུས་པ་ལ་བགྲེས་ཡོལ་གནས་མ་གནང་ཁྱད་པར་ཡོད་ཀྱི་མ་རེད་སྙམ།
དྲུག ཀརྨ་པའི་དབུ་ཞྭའི་རྩོད་རྙོགས་ལྟ་བུ་ཧ་ལམ་ཡོང་གི་མ་རེད། གང་ལགས་ཤེ་ན་ཁྲིམས་ཐོག་ནས་དེབ་སྐྱེལ་ཡོད་པས་སོ།
དྲ་གྲོགས་ཚོ་ཁོང་གི་བསམ་ཚུལ་འདི་ལ་ལྷག་བསམ་འདྲེས་ཡོད་པས་རང་རང་གི་དགོངས་ཚུལ་གང་མང་གསུང་བར་ཞུ།
གུང་ཐང་ཚུལ་ཁྲིམས་མེ་མདའི་ལྡེའུས་བཀྲོངས་
མདའ་དཔོན་རྣམ་གསུམ་ལས་གནས་ནས་ཕུད་
ཨ་ཐར་འཇུ་ཆེན་སོགས་ལ་བློས་འགལ་ཡིད་ཆེས་བྱས་
དོན་དུ་བཀྲས་མཐོང་རྒྱ་རི་སྐུ་དྲག་གསར་མར་འགྱུར་
རྒྱལ་ལོའི་སྲིད་ལུགས་འདི་ལ་ལྟད་མོ་འདུག་
གསང་བ་ཆེན་མོ་ཞེས་པའི་མིང་དངོས་འདི་
དོན་དུ་གུང་ཁྲན་གསང་ཉུལ་མིན་འགྲོ་བསམ་
ལོ་ངོ་ཁ་ཤས་ཀྱི་གོང་དུ། ངས་༼༼ལྷ་མོ་དོན་གྲུབ་༽༽ཅེས་པའི་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་དེ་བྲི་སྐབས། རྒྱལ་བ་རིན་པོ་ཆེས་མི་དམངས་ལ་བསྩལ་བའི་བཀའ་སློབ་ཀྱི་གླེགས་བམ་དེབ་གསུམ་དང་། གཞོན་སྐྱེས་ཁག་ལ་བསྩལ་བའི་གླེགས་བམ་དེབ་གསུམ། དེ་མིན་གྱི་བཀའ་སློབ་ལམ་སྟོན་དེ་ཚོར་ཞིབ་ཏུ་བྐླགས་པ་ཡིན། སྐབས་དེར། ང་ལ་དོ་སྣང་བྱུང་བ་ནི། རྒྱལ་བ་རིན་པོ་ཆེར་བོད་འདི་དམངས་གཙོ་ཅན་དུ་འགྱུར་འདོད་པའི་ཐུགས་དགོངས་སྔ་མོ་ཞིག་ནས་ཡོད་པའི་ཚོར་སྣང་བྱུང་། ཡིན་ནའང་། ‘བགྲེས་ཡོལ་ཆ་ཚང་’འདི་ཁོང་གི་ཐུགས་ལ་སྔ་མོ་ནས་ཡོད་སྲིད་ནའང་། ངས་བཀའ་སློབ་ཁག་ཏུ་‘བོད་ཀྱི་བདེན་མཐའ་སེལ་མཚམས་སྲིད་ལས་དགོངས་པ་ཞུ་གི་ཡིན་’ཞེས་གསུང་དུམ་འདི་ལན་མང་མཇལ་བྱུང་། ལྷག་པར་དུ་རྒྱལ་བ་རིན་པོ་ཆེས་དགའ་ལྡན་ཕོ་བྲང་བཙུགས་ནས་བཟུང་། རྒྱལ་བ་རིན་པ་ཆེ་སྐུ་ཕྲེང་རིམ་བྱོན་གྱིས་འཇོན་ཡོད་ནའང་རེད། མ་འཇོན་ནའང་རེད། བོད་བསྟན་པ་ཆབ་སྲིད་ཀྱི་འགན་དེ་ངའི་མཇིང་བར་ཡོད་པ་རེད། ངའི་དཔྲལ་བ་ས་ལ་མ་ཐུག་བར་དུ་བོད་བསྟན་པ་ཆབ་སྲིད་ཐད་ལ་ལས་ཀ་གནང་གི་ཡིན་ཞེས་གསུངས་པ་རེད། ཉེ་ཆར་གློ་བུར་དུ་རྒྱལ་བ་རིན་པོ་ཆེས་ཁ་གསལ་པོས་བགྲེས་ཡོལ་ཆ་ཚང་ཞུ་གི་ཡིན་གསུངས་པ་དང་། འདི་ལ་མི་མང་པོ་ཞིག་གིས་བསམ་ཚུལ་བཤད་པ་རེད། ངས་བལྟས་ན་འདི་ལ་རྒྱལ་ལྗོངས་གཞན་པ་ཞིག་འདུག གནས་སྐབས་རིང་གསང་བ་ཡིན།
བློན་པོ་འགར་གྱི་མི་རྒྱུད་རྒྱ་ཡུལ་མཛངས།
ཉང་བློན་ཆེན་པོ་མཐའ་ཁོབ་ཡུལ་ལ་ཕུད།
རྒྱལ་པོ་གླང་དར་དུག་མདའ་ནག་པོས་བཀྲོངས།
མངའ་བདག་འོད་སྲུང་མངའ་རིས་ཡུལ་ལ་བྲོས།
ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཁྲི་ནས་ཕབ།
འགྱུར་མེད་རྣམ་རྒྱལ་གྲི་ཡིས་ཕྱི་མར་འཕངས།
རྩིས་དཔོན་ལུང་ཤར་འདྲེན་བྱེད་དབང་པོ་བཏོན།
དགེ་འདུན་ཆོས་འཕེལ་མུན་པའི་བཙོན་དུ་བཅུག
ཀུན་གཟིགས་བཅུ་པར་ཚོང་པའི་མིང་གིས་བསྙད།
འཇམ་དབྱངས་ནོར་བུ་གཏོར་མ་བརྒྱབས་ནས་ཕུད།
ཟླ་བ་ནོར་བུ་བོད་པར་དགོས་པ་མེད།
ཀེའུ་དོན་གྲུབ་དམར་པོའི་མིང་གི་བསྙད།
དམངས་གཙོའི་ཚགས་པར་མེ་ལྷའི་ཞལ་དུ་བཏབ།
ཀུན་གཟིགས་བཅུ་གཅིག་རྒྱ་མིའི་ལག་པར་སྤྲད།
དེ་ཚོ་གངས་ཅན་བོད་མིའི་སྐྱོ་གནས་ཡིན།
གུང་ཐང་ཚུལ་ཁྲིམས་མེ་མདའི་ལྡེའུས་བཀྲོངས་
མདའ་དཔོན་རྣམ་གསུམ་ལས་གནས་ནས་ཕུད་
ཨ་ཐར་འཇུ་ཆེན་སོགས་ལ་བློས་འགལ་ཡིད་ཆེས་བྱས་
དོན་དུ་བཀྲས་མཐོང་རྒྱ་རི་སྐུ་དྲག་གསར་མར་འགྱུར་
རྒྱལ་ལོའི་སྲིད་ལུགས་འདི་ལ་ལྟད་མོ་འདུག་
གསང་བ་ཆེན་མོ་ཞེས་པའི་མིང་དངོས་འདི་
དོན་དུ་གུང་ཁྲན་གསང་ཉུལ་མིན་འགྲོ་བསམ
རང་བཞིན་ངན་པའི་སེམས་ཅན་ནི།
སྡིག་སྡུག་དྲག་པོས་ནོན་མཐོང་དེ།
གཤེ་སྐུར་ལ་སོགས་ཕྲག དོག་གིས།
ཤིན་ཏུ་མི་རིགས་གནོད་བྱེད་ཚེ།
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི།
རྟོག་པའི་དྲི་མས་མ་སྦགས་ཤོ
མཉན་གསང་རྒྱལ་བྱིན་བཀའ་ཡིན་པས།
སྔར་མོའི་རིག་གཞུང་རླུང་ལ་འཕྱར།
ཆོས་འཕགས་མཁས་ཤིང་གྲུབ་པ་ཡིས།
སྲིད་པའི་ལོ་རྒྱུས་ནག་བསུབ་ཤོར།
ལྔ་པ་ཁྲི་ཡིས་རྩེ་མོར་སོན།
སྐྱ་སེར་ཉོག་མའི་སྲིད་ལུགས་དར།
མིག་བརྒྱང་མེད་པའི་བླ་དཔོན་འགས།
སྲིད་པའི་དག་ཞིང་རྒྱ་ལ་བཙོངས།
མིང་དོན་མཚུངས་པའི་འགན་ཁུར་མི་དགོས་པར་སྐུབ་སྟེགས། མཐོ་བ་དང་། རྫིག་པ། འཇམ་པ། གཉེན་པ། དྲོ་བ། མནན་ན་ནེམ་པ། བཏེགས་ན་འཕར་བའི་སྟེང་ཧོར་འདུག་རེ་བྱེད་ཞོར་དུ་ས་འོག་གི་དྲྭ་ཐག་འཐེན་རྒྱུ་འདྲ་འདུག་གམ་བཙལ།