ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
བཀའ་སྤྱི་གསར་པར་དགའ་བསུའི་འཚམས་འདྲི་ཞུ།།
ཁྲིམས་དང་སྒྲིག་གཞི་མང་གཙོའི་སྲོག་རྩ་ལ།།
ག་དུས་ཡིན་ཡང་ཁྲིམས་སྲུང་ངོ་ཚའི་འགན།།
ང་ཚོ་ཁོང་ཚོའི་ས་མཚམས་གྲོས་ཚོགས་མིན།།
བཅའ་སྒྲིག་འགན་འཁུར་གཞུང་མང་ལས་དོན་ལ།།
ཆོལ་ཁ་ཆོས་ལུགས་བཞག་ན་བློ་ཁ་མཐུན།།
ཇུས་བཟང་གཏན་འབེབས་ཁྲིམས་བཟོའི་ཐུགས་འགན་ལ།།
ཉེ་སྐྱོར་ཕྱོགས་ཞེན་སྤང་ནས་ལྷག་བསམ་སྤུངས།།
ལྟ་གྲུབ་ཡང་དག་ཡུལ་མིའི་རྒྱལ་ཁབ་ལ།།
མཐོང་ཐོས་ཆུང་ནས་ཡུལ་མིའི་སྲིད་སྐྱོང་བཟོས།།
དེ་སྔའི་ཐ་སྙད་ཡུལ་མིའི་རྒྱལ་ཁབ་དེ།།
ནག་ནོག་མེད་པར་རང་སོར་ཐུགས་རྗེས་གཟིགས།།
དཔོག་པར་དཀའ་བའི་གྲངས་མང་མང་གཙོའི་ལུགས།།
ཕོ་རབས་ཁྲིམས་བཟོ་སྙིགས་དོར་བཅུད་ལེན་ཟབ།།
བོད་ཀྱི་མང་གཙོ་རྒྱ་ནག་དམངས་གཙོ་གཉིས།།
མང་གཙོ་དམངས་གཙོ་དོན་གཅིག་གང་ནས་ཡིན།།
རྩ་ཁྲིམས་བཅའ་ཁྲིམས་ཁྲིམས་ཀྱིས་གནས་ཚད་ལ།།
ཚད་ཐུབ་འཕེར་བའི་ཁྲིམས་སྒྲིག་མང་གཙོའི་རྒྱན།།
མཛེས་སྙན་སྤམ་གསུམ་ཁྲིམས་ཀྱི་ནུས་པ་མིན།།
ཝ་ལེར་སོམས་དང་རྒྱལ་གཞན་མང་གཙོའི་ལུགས།།
གཞན་སྐྱོན་གླེང་ས་མང་གཙོའི་སྡིངས་ཆ་ལ།།
བཟང་ངན་གཏམ་གྱིས་འགན་འཁུར་དོ་བདག་འགན།།
འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཁྲིམས་བཟོའི་འགན།།
ཡིད་ཆེས་ཐུབ་པའི་ཁྲིམས་སྒྲིག་མང་གཙོའི་བླ།།
རང་བཙན་དབུ་མ་བཅའ་ཁྲིམས་མ་གསལ་ནས།།
ལབ་སྟོང་ལུང་བཤད་མི་མང་འཐོམ་པའི་གཞི།།
ཤོག་སྟེང་གྲོས་ཆོད་ཁྲིམས་ཀྱིས་ནུས་པ་ཞན།།
སྲིད་སྐྱོང་འོས་ཆོས་ཚད་ལྡན་བསྐྱར་བཅོས་གལ།།
ཧང་སོང་ཆེ་བའི་ཚིག་རྙོག་འདི་ན་མེད།།
ཨང་གསར་གཏམ་གྱི་བསམ་འཆར་བཀའ་སྤྱིར་ཕུལ།།
དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་ཕྱག་རོགས་བཀའ་བློན་རྣམ་པ་མཚན་འདོན་གནང་བ་ལྟར་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་།
དེ་རིང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་དང་པོའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་ལྟར་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པ་དྲུག་མཚན་འདོན་གནང་སོང་ལ། བཀའ་བློན་ཚང་མར་དགག་བྱ་རྒྱག་མཁན་བྱུང་སྟབས། ཚོགས་གཙོ་ཚུད་པའི་ངོ་ཡོད་སྤྱི་འཐུས་ ༤༣ ནས་འོས་ཤོག་འཕངས་སོང་བ་དང་། བཀའ་བློན་དུ་བདམས་ཐོན་བྱུང་བར་ཉུང་མཐར་ངོ་ཡོད་སྤྱི་འཐུས་ ༢༢ ཡི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་ལྟར། མཚན་འདོན་བཀའ་བློན་ཚང་མ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་དུ་མང་མོས་འོས་འདེམས་གནང་སོང་།
ཤེས་རིག་བཀའ་བློན་ཟུར་པ་དངོས་གྲུབ་ཚེ་རིང་མཆོག་ལ་འོས་གྲངས་ ༢༩ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང།
བཀའ་ཤག་སྐབས་བཅུ་བཞི་པའི་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་འོས་གྲངས་ ༣༧ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ལ་འོས་གྲངས་ ༣༨ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཕགས་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡ ཐོབ་ནས་བཀའ་བློན་དུ་བདམས་ཐོན་བྱུང་།
སྤྱི་འཐུས་ཟུར་པ་ཀརྨ་ཡེ་ཤེས་མཆོག་ལ་འོས་གྲངས་ ༢༧ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
སྐབས་བཅུ་བཞི་དང་བཅོ་ལྔ་པའི་སྤྱི་འཐུས་ཟུར་པ་ཆོས་སྐྱོང་དབང་ཕྱུག་མཆོག་ལ་འོས་གྲངས་ ༢༤ ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་།
སྤྱི་འཐུས་ཤར་གླིང་ཟླ་སྒྲོན་མཆོག་ལ་འོས་གྲངས་ ༢༥ ཐོབ་ནས་བཀའ་བློན་དུ་བདམས་ཐོན་བྱུང་།
སྲིད་སྐྱོང་མཆོག་ནས་བཀའ་བློན་རྣམ་པ་མཚན་འདོན་གནང་སྐབས། སྤྱི་འཐུས་ཁག་ཅིག་གིས་བཀའ་བློན་རྣམ་པའི་ལོ་རྒྱུས་དང་རྒྱབ་ལྗོངས་བཅས་སྤྱི་འཐུས་རྣམ་པར་ཡིག་ཐོག་ནས་འབུལ་དགོས་པ་དང་། དེ་ལྟར་མ་བྱུང་ན། སྤྱི་ཚོགས་ཁྲོད་སྤྱི་འཐུས་རྣམ་པས་དཔྱད་ཞིབ་དང་རྒྱུས་མངའ་ཡོད་མེད་ལ་མ་ལྟོས་པར་མཚན་འདོན་བཀའ་བློན་རྣམས་ལ་མོས་མཐུན་གནང་བ་དེ། འགན་མ་འཁུར་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་ཞུ་མཁན་མང་པོ་ཡོད་སྟབས། སྔར་ལྟར་ཁོང་རྣམ་པའི་ལོ་རྒྱུས་ཡིག་ཆ་བཀྲམ་དགོས་སྐོར་དང་། བཀའ་བློན་འོས་མིར་དཔྱ་ཁྲལ་ལག་དེབ་ཡོད་མེད་དང་མཚན་འདོན་གནང་བའི་བཀའ་བློན་ནང་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་དང་མི་མཐུན་པའི་འོས་མི་བསླེབས་ཡོད་སྐོར་སོགས་ཀྱི་དོགས་གཞི་དགོངས་འཆར་བཏོན་ཡོད་སྟབས། སྲིད་སྐྱོང་མཆོག་ནས་ཚོགས་དྲུང་ལས་ཁུངས་ཀྱི་ལམ་སྟོན་ལྟར་མཚན་འདོན་གནང་ཡོད་པ་དང་། མཚན་འདོན་བཀའ་བློན་ཚང་མར་དཔྱ་ཁྲལ་ལག་དེབ་ཡོད་ལ། ། ཚང་མས་དབུ་མའི་ལམ་གྱི་ཐོག་ཕེབས་པར་དམ་བཅའ་གཙང་མ་ཕུལ་ཟིན་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་འབྲེལ། མཚན་འདོན་བཀའ་བློན་རྣམ་པའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཡིག་ཆ་གྲོས་ཚོགས་ནང་བཀྲམ་སོང་།
གསར་འགོད་པ། པདྨ་མཚོ།
གསར་འགོད་པ་རང་རེད་བཀའ་བློན་བདུན་ནས་གཅིག་ག་པར་རླག་སོང་ཧཧཧཧཧ
རྒྱ་ནག་གི་བོད་རང་སྐྱོང་ལྗོངས་བཀའ་བློན་ཚང་མས་ཁས་ལེན་ཞུས་པའི་ཐོག་ནས་དམ་བཅའ་ཕུལ་ཟིན་ཟེར།
རང་བཙན་དང་དབུ་མ་བཅའ་ཁྲིམས་ནང་མ་གསལ་ནས་དབུ་མ་ལ་བཀའ་བློན་ཚོའི་དམ་བཅའ་འབུལ་དགོས་ཀྱི་ཡོད་ན་ བཀའ་བློན་གྱི་འོས་ཆོས་ནང་དབུ་མ་བཀོད་ནས་བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་པ་ལས་ བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་བཀའ་བློན་གྱི་འོས་ཆོས་ལ་བཞག་ན་བཅའ་ཁྲིམས་དང་ཕྱོགས་མཐུན་ཨ་ཡིན་།
ཁྲིམས་ཀྱི་དབང་བསྒྱུར་མང་གཙོའི་སྲོག་རྩ་ལ་།
ནམ་ཡང་འགྱུར་ལྡོག་མ་གཏོང་ཐུགས་རྗེའི་གཟིགས་།
ཁྲིམས་འགལ་སྒྲིག་འགལ་དམངས་གཙོའི་སྲོག་རྩ་ལ་།
ནམ་ཡང་འགྱུར་བ་མ་གཏོང་གྲལ་རིམ་མཁྱེན་།ཧཧཧཧཧ