རྔ་བ་བརྒྱད་གསུམ་གཅིག་དྲུག
མི་འགྱང་བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐེངས་དགུ་བ་དེ་ཕྱི་ལོ་ ༢༠༡༤ ཟླ་་ ༠༩ ཚེས ་༡༢ ནས་ཚེས་ ༢༤ བར་དུ་འཚོགས་རྒྱུ་ཡིན་པ་ཐུགས་གཏན་ཁེལ་ཡོད་སྟབས། གོ་སྐབས་འདི་དང་བསྟུན་ནས་ཆེས་བཀུར་འོས་པའི་བཀའ་སྤྱི་ལྷན་རྒྱས་ལ་གནས་ལུགས་འགའ་སྙན་འབུལ་ཞུ་རྒྱུ་ཡིན་པས། བཀུར་འོས་ལྷན་རྒྱས་རྣམ་པས་སྙན་ཞུ་འདི་ལ་དཔུང་རོགས་ཡོད་མེད་དང་སྐུ་རྒྱབ་བཙན་མིན་ལ་མི་ལྟ་པར་གནས་ལུགས་དང་རྒྱུ་མཚན་ལ་དོ་ཁུར་གནང་བའི་རེ་བ་དང་ཡིད་ཆེས་ཡོད།
མ་གཞི་རང་རེའི་གཞུང་གི་ལས་བྱེད་པ་ཁ་ཤས་ཀྱི་རྣམ་འགྱུར་རོབ་ཙམ་ཞིག་ཞུས་ན། ང་དང་ང་ལྟ་བུའི་མི་སེར་དཀྱུས་མ་ཞིག་རང་གི་ལས་དོན་གལ་ཆེན་ཞིག་གི་ཆེད་དུ་གཞུང་ལས་ཁང་དུ་བཅར་ན། ངའི་ལས་ཀ་ཛ་དྲག་ཡིན་མིན་ཅི་ལྟར་བྱུང་ཡང་གནངས་ཉིན་དང་གཞེས་ཉིན་ཞེས་དེ་རིང་སྒྲུབ་ཐུབ་པའི་བྱ་ལས་ཤིག་ཡིན་ཡང་དེ་རིང་དཔེ་མི་སྲིད།
གུས་ཞབས་དང་བཅས་ལས་དོན་འདི་ཧ་ཅང་གི་བྲེལ་འཚབ་ཡིན་པས་གང་མགྱོགས་ཤིག་བྱ་ཐབས་ཡོད་དམ་ཞེས་དྲིས་པ་ཡིན་ན། དྲི་བ་འདིར་ཅི་འདྲིའི་རུལ་སུངས་ངན་པ་ཞིག་འཐིབ་སོང་བ་ལྟར། གདོང་དང་ལག་པའི་རྣམ་འགྱུར་རྫོབ་པོ་ཞིག་དང་མཉམ་དུ་ཁྲིམས་ལྟར་འགྲོ་དགོས་པ་ལས་རང་ཐག་རང་གཅོད་མི་གདའ་ཞེས་སྡིགས་མོ་དང་གཤེ་གཤེ་སྤར་མོ་གང་གིས་གཞུས་ནས་ཕྱིར་ལ་འཕུད། གལ་སྲིད་གཞུང་ལས་ཁང་དུ་བཅར་མཁན་དེ་སྐུ་ངོ་ཞིག་དང་ཡང་ན་སྐུ་རྒྱབ་ལ་དཔོན་རིགས་ཤིག་གིས་བཀའ་འཕྲིན་གང་རུང་ཞིག་ཡོད་ན་ངག་འཇམ་ཞིང་མཉེན་པའི་སྐུ་ངོ་ལགས་ཅུང་སྒུགས་དང་ངས་ད་ལས་ཆོག་ཅེས་དེ་རིང་སྒྲུབ་མི་ཐུབ་པའི་བྱ་ལས་ཤིག་ཡིན་ཡང་ཧུར་བརྩོན་གྱིས་ཨུ་ཚུགས་བྱེད། མདོར་ན་རྒྱབ་རྩ་ཡོད་མེད་ཀྱི་སྒང་ནས་ལས་ཀ་བྱེད་པ་འདི་ཡག་པོ་མི་འདུག
བྱེད་ཕྱོགས་འདིའི་དབང་གིས་མི་མང་པོ་ཞིག་གཞུང་གི་རྒྱབ་གཉེར་རམ་ཡིག་ཆ་ག་གེ་མོ་ཞིག་གི་ཆེད་དུ་འགྲོ་དགོས་ཟེར་ན་ཡིད་ཐང་ཆད་པ་དང་། འགྲུབ་པ་ཡོང་ཡ་མེད་པ་ཞིག་ཏུ་མཐོང་གི་ཡོད་པ་རེད། འདི་ནི་འུ་ཅག་གི་གཞུང་ཞབས་ལས་བྱེད་པ་དག་གིས་དཔོན་དང་དམངས་ཀྱི་ཐོག་ལ་བཟུང་བའི་དབྱེ་འབྱེད་ཀྱི་གོམས་གཤིས་རེད་ལ་རྒྱུན་ལྡན་གྱི་འཚོ་བའི་འགྲོ་ལུགས་ཤིག་ཀྱང་ཡིན། འདིའི་རིགས་ལ་བརྟེན་ནས་རྡ་སའི་ལས་བྱེད་ཚོ་སྔོན་གྱི་སྐུ་དྲག་ནང་བཞིན་ཆགས་ཀྱི་འདུག་ཅེས་ཀྱང་འཆད་བཞིན་པ་རེད། འུ་ཅག་གི་བཀའ་སྤྱི་གང་རུང་ན་འདི་མཐོང་བའི་རྒྱུ་འབྲས་བློ་མིག་ཅིག་དང་འབངས་མི་སེར་གྱི་དཀའ་སྡུག་འགན་ལེན་གནང་བའི་དཔྱོད་ཤེས་ཤིག་ཧ་ལམ་རི་བོང་གི་རྭ་བཞིན་རེད།
རྒྱུ་མཚན་དེའི་ཕྱིར། ངས་བོད་མི་མང་གི་དཀའ་སྡུག་ཕྲག་ཏུ་བླངས་ཏེ་རྒྱང་འབོད་ཅི་ཞིག་བྱས་ཀྱང་ཁྱེད་བཀའ་སྤྱི་ལྷན་རྒྱས་ལ་དེ་གསན་པའི་རེ་བ་ཧ་ཅང་གི་ཐག་རིང་ཐག་རིང་ཞིག་ན་ཡོད་ཀྱང་། མི་མང་གིས་རེ་འབོད་བཞིན་གནད་དོན་ཁ་ཤས་མ་ཞུས་ཐབས་མེད་བྱུང་སོང་བས་ཁྱེད་ཅག་གིས་མཛད་འཕྲིན་གྱི་བར་གསེང་ཞིག་ནས་གསན་ཐུབ་པའི་རེ་བ་བཅངས་ཡོད། མི་མང་གི་བསམ་ཚུལ་མང་ས་གཞན་ཞིག་དང་ངས་བཤད་འདོད་པ་གཞན་ཞིག་ནི་བོད་ནས་འབྱོར་བའི་ཆབ་སྲིད་བཙོན་པ་རྣམས་དང་། ཡང་ན་ལས་བྱེད་གཞུང་ཞབས་ཀྱི་ལས་ཀ་བསྐྱུར་ནས་ཡོང་བའི་ནང་མི་འབྲེལ་ཆགས་སོགས་རིགས་མི་འདྲ་པ་མང་པོ་ཞིག་བོད་གཞུང་སྒྲིག་འཛུགས་ཀྱི་ངོས་ནས་ཕྱི་རྒྱལ་ལ་ལོ་ལྟར་གཏོང་བཞིན་འདུག་ལ། དེ་དག་གི་འབྱུང་འགྱུར་ལ་ཕན་ཕྱིར་དུ་བཏང་བ་ཡིན་ན་ལས་འབྲས་ཤིག་དང་མཐུན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡིན་ནའང་། ཁོང་རྣམ་པ་ཚོ་དམིགས་ཀྱིས་ཕྱི་རྒྱལ་དུ་གཏོང་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། ཁོང་ཚོར་ཆབ་སྲིད་ལ་འབྲེལ་བ་དམ་ཟབ་ཡོད་པས་ཕྱིར་ཕ་ཡུལ་དུ་ལོག་ན་བདེ་འཇགས་མིན་པ་དང་། ཡང་ན་འདི་ཕྱོགས་ན་གཞིས་ཁོངས་སོགས་གང་གི་ཐོབ་ཁུངས་མེད་པ་རྒྱུ་མཚན་དུ་བཤད་ཀྱི་ཡོད་དམ་ཅི། དེ་ལྟར་ཡིན་པའི་དབང་དུ་བཏང་ན་མ་འགྲིག་པ་གང་ཡང་མེད་ནའང་། གསར་འབྱོར་པ་ཕལ་ཆེར་བའི་ལམ་ཁ་དེ་ལས་འདས་མེད་པ་དང་ལྷག་པར་དུ་ཆབ་སྲིད་ཀྱི་ལམ་བུར་སྐྱོད་བཞིན་པའི་གསར་འབྱོར་བ་ཚོའི་མདུན་ལམ་ངེས་པར་དུ་གླེང་དགོས་པ་ཞིག་ཏུ་མཐོང་། གང་ཡིན་ཟེར་ན། དེ་དག་ལ་གཞིས་ཁུངས་མེད། ས་ཁུངས་མེད། གཞུང་གི་རོགས་སྐྱོབ་མེད། མཉམ་འབྲེལ་གྱི་ཁུངས་ལ་མེད། གང་ཡང་མེད་པའི་དབུལ་པོ་དེ་ཚོ་ཡང་འོས་ཤོག་གི་རྒྱུ་ཆ་ཙམ་ལ་བསམ་བློ་བཏང་བསྡད་པ་ཡིན་ན་ཧ་ཅང་གི་བློ་ཕམ་རེད། ཡིན་ཡང་། ལས་འབྲས་དང་དྲང་བདེན་ཟེར་བ་ཞིག་མེད་ན་ལྐུགས་པ་དང་སྤྱང་བོས་འགྲོ་སྟངས་ཀྱང་དེ་འདྲ་ཞིག་ཡིན་པས་བྱ་ཐབས་མེད།
གང་ལྟར་ཡང་། ཁྱེད་བཀའ་སྤྱི་ལྷན་རྒྱས་ལ་བོད་སྤྱིའི་དོན་དུ་སེམས་ཚོར་ཞིག་ཡོད་ན། ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཨོ་སུ་ཁྲི་ལས་ཡར་འགྲོ་བཞིན་པ་དང་སོང་ཚར་བའི་ཆབ་སྲིད་བཙོན་པ་ཚོར་ཁྲིམས་ནུས་ལ་བརྟེན་ནས་སྟངས་འཛིན་ངེས་ཅན་ཞིག་གཏན་འཁེལ་བྱ་དགོས་པར་སྣང་། གང་ལ་ཞེ་ན། ཆབ་སྲིད་ཀྱི་དབང་གིས་སྐྱབས་བཅོལ་བ་ཞིག་ཡིན་ན་ཕྱིར་ཕ་ཡུལ་དུ་ལོག་ཆོག་ཆོག་ཅིག་གཏན་ནས་མེད་ལ་ཚད་གཞི་ངེས་ཅན་ཞིག་ཏུ་མ་བསླེབས་ན་འགྲོ་འདོད་ཀྱི་བསམ་བློ་ཡང་འཁོར་མི་སྲིད། ང་ཚོའི་ཆབ་སྲིད་བཙོན་པ་མང་ཆེ་ཤོས་དེ་ལས་ལྡོག་སྟེ་རེ་ཟུང་གིས་ཐ་ན་རྒྱག་ནག་གཞུང་ཚབ་སོགས་ལ་འབྲེལ་གཏུག་བྱས་ནས་གནད་དོན་ཅི་ཞིག་བསླངས་ཡོད་མེད་འུ་ཅག་གི་མིག་མདུན་ན་མངོན་ཡང་། ཁྱེད་བཀའ་སྤྱི་རྣམ་པ་གཏོར་མ་ཁྱིས་ཁུར་ཡང་འཛུམ་དམུལ་དམུལ། མར་མེ་རླུང་གིས་བསྐྱོད་ཀྱང་ལྷོད་ཤིག་ཤིག་ཟེར་བ་བཞིན་ཁྱེད་ཅག་ལ་གྲགས་འགུལ་གང་ཡང་མེད་པ་འདི་སྤྱི་གཞུང་ལ་དོ་ཁུར་མ་གནང་བའི་འབྲས་རྟགས་ཤིག་ཏུ་མཐོང་།
ངས་རང་གཞུང་དང་འབྲེལ་ཡོད་ཚོས་སུ་ཆབ་སྲིད་བཙོན་མ་ངོ་མ་ཡིན་པ་དང་། སུ་ངོ་མ་མ་ཡིན་པ། སུ་འབྲེལ་ཆགས་ངོ་མ་ཡིན་པ་དང་། སུ་ངོ་མ་མ་ཡིན་པ། ཆབ་སྲིད་བཙོན་མ་རྫུན་མ་ལ་རྒྱབ་གཉེར་སྤྲོད་མཁན་སུ་ཡིན་པ་སོགས་གསལ་བོ་བཟོ་དགོས་པ་འདི་ཧ་ཅང་གལ་ཆེན་རེད། སྤྱིར་ང་ལ་འདིའི་ཕྱོགས་ནས་དངོས་སུ་འགན་གང་ཡང་མེད་ནའང་གནད་དོན་འདི་བོད་སྤྱིའི་བཟང་སྤྱོད་དང་འཐབ་རྩོད་ཀྱི་བརྒྱུད་རིམ་ཞིག་ལ་འབྲེལ་ཡོད་དུས་བློ་སེམས་མ་བདེ་བར་སོ་སོའི་བསམ་ཚུལ་ཞུས་པ་ཡིན་མ་གཏོགས་དགའ་མིན་དང་བརྣབ་སེམས་ཕྲག་དོག་གིས་གཏན་ནས་མིན། ཕར་འགྲོ་མཁན་གྱི་ཆབ་སྲིད་བཙོན་པ་ཚོ་ཡིན་ནའང་། ཚད་ངེས་ཅན་ཞིག་གི་མིང་ཐོག་ནས་ཕེབས་བཞིན་ཡོད་སྟབས་བོད་སྤྱིའི་མཚན་ཤས་ལ་འགན་ཁུར་དགོས་པ་གནད་ཀྱི་ཡང་སྙིང་རེད་སྙམ།
དེ་བཞིན་བོད་གཞུང་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཕར་འགྲོ་ཚར་རྗེས་ཇུས་གཏོགས་མེད་པའི་མདོག་བསྟན་བསྡད་པ་ཡིན་ན་ཨོ་སུ་ཁྲི་ལས་ཡར་ཡོད་པའི་བོད་མི་རེ་ཟུང་གི་བྱ་སྤྱོད་ཧ་ལམ་ཚོགས་པའི་བུད་མེད་ལྟ་བུ་ཡོད་སྐད་ཐོས་པས་ཁྲིམས་ནུས་ཀྱི་སྟངས་འཛིན་ཞིག་དགོས་གལ་གནད་དུ་མཐོང་།
ཕྱི་ལོ་ ༢༠༡༤ / ༠༨ / ༡༧ ཉིན
རྒྱུ་མཚན་འདུག་་་ཡིན་ནའང་སྐུ་ངོ་ཚོའི་མིག་ལམ་ན་ཐོགས་རྒྱུ་ཁག་པོ་རེད་་་་་འུ་ཚང་གི་གཞུང་ཞབས་པ་ཚོ་ཡང་གཅིག་རྒྱབ་གཅིག་གིས་མནན་ཡོད་པས་གཅིག་གིས་ཁ་གྲག་ན་སྐུ་ངོ་གཞན་པའི་བལྟ་ཚུལ་ངན་ན་ལས་ཀར་བར་ཆད་འབྱུང་དོགས་ནས་ཚིག་གཅིག་ཀྱང་བཤད་ཐུབ་གི་མ་རེད་་་ལོ་་་་སྔོན་མར་ཡང་འདི་ལྟར་མང་པོ་གད་སྙིགས་ནང་དུ་ཕེབས་སོང་བ་རེད་་་་ཁྱེད་ཀྱི་བསམ་ཚུལ་འདི་ཡང་དེ་ལྟར་གད་སྙིགས་ནང་དུ་འགྲོ་རྒྱུ་ལས་གཞན་མཐོང་གི་མི་འདུག་་་་ཡོད་ཚད་འུ་ཚང་གི་གཞུང་ཞབས་ཚོ་དུས་རབས་སྔ་མའི་ནང་དུ་ཕྱིར་བསྐྱོད་བྱས་པས་རེད་་་ཐབས་ཤེས་ཡོད་ལེ་མ་རེད་་
བདེན་པ་རེད། བོད་གཞུང་སྐུ་ངོ་ཚོ་ལ་རྒྱབ་རྟགས་མེད་ན་ཁག་པོ་རེད། ཡང་སྐུ་ངོ་ཚང་མ་མ་རེད་། རིགས་འགའ་ཡག་པོ་ཞེ་དྲག་འདུག། སྐུ་སྒེར་ཡིག་གེ་དང། མ་ཕ་ཕྱུགས་པོ་དང་ ལས་བྱེད་ཀྱི་ནང་མི་སྤུན་མཆེད་སོགས་ག་རེ་ཡིན་ན་བདེ་པོ་རེད་། ད་བོད་པའི་བྱེད་སྟང་འདི་ལ་བལྟས་ན་། མ་འོངས་ལུང་བསྟན་བརྒྱབ་ཡག་ལྷ་མི་དགོས་པར་མི་ཡིས་ཡང་ངོ།
རྒྱ་རི་ཚང་། བཀྲས་མཐོང་ཚང་དང་་ སྐུ་ངོ་དགེ་བྱེད་སོགས་ཕྱུགས་པའི་ལམ་སྤྱོད་པ་དང། བོད་ལ་ཡོད་ན་ཞེ་ཡིས་ལྐོག་ཟ་རུས་སོང་འོག་ལ་བཅུག་ཡོད། ད་འདིར་ཕྱོགས་སུ་གོང་ས་མཆོག་མདུན་ལ་ཆོས་པ་དང་ སེམས་བཟང་སྤྱི་སེམས་ཅན་ཡིན་མདོག་ལས་། དོན་དངོས་ལ་རང་ཉིད་ཕྱུགས་ལམ་འགྲོ་བའི་བསན་ནོ་ཅན་ནོ། ཡང་འཇུ་ཆེན་དང་ བསོད་ནམ་སྟོབས་རྒྱས་སོགས་དངོས་གནས་བོད་པ་འབའ་ཞིག་ལ་བསམ་ནོ་ཅན་རེད། ད་བཞུགས་སྐུ་ངོ་བློ་བཟང་སྦྱིན་པ་དང་ སྐུ་ངོ་ཏ་ར་སོགས་དངོས་གནས་ཧ་ལས་པའི་སེམས་ཅན་རེད
ཧ་ལས་པའི་སྤྱི་སེམས་ཅན་རེད
ཁྱོད་ཀྱིས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད། གསར་འབྱོར་སྐོར་སོགས་ཀྱི་སྙན་ཞུ་རྗེས་ལུས་ཐེབས་འདུག ད་ནི་ངྷ་སར་ཆབ་སྲིད་བཙོན་ཟུར་ཚོའང་རྫོགས་སོང་ལ། གསར་འབྱོར་ཚོའང་རྫོགས་སོང་། ལྷག་བསམ་རྣམ་དག་གིས་སྙན་ཞུ་ཕུལ་བ་ཡག་བྱུང་ཟེར་འདོད་བྱུང་།
སྙན་ཞུ་ཕུལ་ན་བོད་མིའི་སྒྲིག་འཛུགས་ལ་ཕུལ་དགོས་པ་རེད། བཀའ་སྤྱི་ལ་ཕུལ་རྒྱུའི་སྙན་ཞུ་དེ་ཁ་བརྡ་ཚང་ལ་ཕུལ་དོན་ཅི་ཡིན་ནམ། ལས་དུས་འགོར་འགྱང་བྱེད་པ་ནི་རྒྱ་གར་ལུང་པའི་ལུག་སྲོལ་ཞིག་ཡིན་པ་ལས་བོད་པའི་ལས་བྱེད་ཚོའི་སྐྱོན་ཆ་ཅིག་པུ་མ་རེད། གཉིས་ནས་ཆབ་སྲིད་བཙོན་པ་དང་གསར་འབྱོར་གཞན་དག་འདྲ་མཉམ་དགོས་ཟེར་ན་འོས་སུ་མ་བབ་པའི་སྐད་ཆ་རེད། ཆབ་སྲིད་བཙོན་པ་རྣམས་ནི་བོད་དོན་གྱི་ཆེད་དུ་དཀའ་ལས་མང་པོ་རྒྱབ་ནས་ཡོང་བ་རེད། གཞན་དག་ཕལ་མོ་ཆེ་ནི་བོད་ནང་ནས་མི་གསོད་རྟ་ཁྱེར་སོགས་ལས་ངན་བྱས་ནས་ཡར་བྲོས་ཡོང་བ་རེད། དེ་གཉིས་ཐོབ་ཐང་འདྲ་མཚུངས་ཤིག་ག་ལ་ཡོང་། འོན་ཀྱང་ཆབ་སྲིད་བཙོན་པ་རྫུན་མ་ཁ་ཤས་ཡིང་གི་ཡོད་ཚོད་འདུག་པས་དེ་དག་ལ་ཞིབ་འཇུག་ཡག་པོ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
ཤར་པ་ལགས་ ཁྱེད་རང་ངས་དངོས་གནས་ཤར་པ་ཞིག་རེད་བསམ་བྱུང་ འོན་ཀྱང་ཁྱེད་རང་ཁམས་པ་རེད་འདུག་ག་་ དེའི་ནང་ནས་ཁམས་ཞེན་ཆེ་བ་ཞིག་ཀྱང་རེད་འདུག་ ཁྱེད་རང་ལ་ན་ཚ་རྙིང་པ་དེ་ག་ནས་འགོས་པ་ཡིན་ནམ་་་
ད་བཤད་མ་བཤད་ཡོ་མ་རེད། བོད་མིའི་སྒྲིག་འཛུག་ལ་བསྒྱུར་བཅོས་ཤིག་གཏང་ན་མ་གཏོགས་ལམ་འགག་འདི་ལས་གཞན་འགྲོ་ས་ཡོད་མ་རེད། རང་གི་སྙན་ཞུ་འདི་བློ་ལ་བབས་པོ་བྱུང་། ཐུགས་རྗེ་ཆེ། རྒྱབ་བསྐྱོར་ཡོད། ཡིན་ནའང་རང་གི་རེ་བ་འགྲུབ་ཡ་ཁག་པོ་རེད། སྒྲིག་འཛུག་གི་ལས་བྱེད་པ་ཚོ་ནི་སྤྱི་སེམས་ལ་ཁ་ནང་འཁྱེར་ནས་སྤྱིར་དངུལ་སྒེར་བདག་དང་། ནང་མི་སྤུན་མཆེད། ཟུར་གསལ་སོགས་ཕྱི་རྒྱལ་ལ་གཏང་ཡ་དང་། ཡང་མིན་ན་གཞུང་གི་ལས་དོན་རག་ཡ་མ་གཏོགས་བསམ་བློ་ཡོད་མ་རེད། དངོས་གནས་བློ་ཕམ་གྱི་ཡུལ་རེད།
བསམ་ཚུལ་ཡག་པོ་བྲིས་བཞག་འདུག་ག
དགའ་བསུ་ཡོད། འོན་ཀྱང་བསམ་འཆར་ཡིག་ཐོག་ཏུ་བྲིས་ཏེ་སྐུ་ངོ་དེ་ཚོའི་ལག་ཏུ་མཚན་རྟགས་དང་བཅས་ཏེ་ཕུལ་ན་ཁྱར་པར་ཞིག་ཡོད་ནི་རེད། དེ་མིན་བསམ་འཁྱར་ཞིག་བྲིས་ཏེ་རླུང་བུ་ལ་སྐུར་བཏང་ན་དེ་སུ་ཞིག་གི་ངོས་ལེན་བྱེད་ཀྱི་རེད། འདི་འདྲ་ཞིག་རླུང་གིས་ཁྱེར་འགྲོ་གི་འདུག ཟེར་ནས་གད་སྙིགས་ནང་གཡུག་གི་རེད་མ་གཏོགས་བདག་པོ་བརྒྱག་མཁན་ཤིན་ཏུ་དཀོན་ནོ།
དེང་སང་གངས་སྐྱིད་ལས་ཁུངས་ནང་མང་ཆེ་བ་ན་གཞོན་ཡིན་འདུག་པས་དགའ་སྤོབས་སྐྱེས་གཞི་ཡིན། བློ་ཕམ་པའི་གནས་ཚུལ་ལ་ལས་བྱེད་རྒན་གྲས་མང་དག་ཅིག་སྔ་ས་ནས་རྒས་ཡོལ་ཕེབས་བཞིན་འདུག གོ་ཐོས་ལ་སྲིད་སྐྱོང་མཆོག་དབུས་པའི་བཀའ་བློན་འགས་ནས་རྒན་པར་ཆ་འཇོག་ཕར་བཞག་ལས་དོན་ཐོག་དགོངས་འཆར་གནང་ས་མེད་པ་གནས་སྟངས་ཆག་ཡོད་པ་བཤད་བཞིན་འདུག དེར་བརྟེན་འཛིན་སྐྱོང་ནང་ཤེས་ཡོན་ཁོ་ནས་མི་འགྲིག་པར་ཉམས་མྱོང་ཡང་དགོས་གལ་ཆེ་བར་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཡིན་ན། གནད་དོན་དེར་ཛ་དྲག་དགོངས་ཏེ་སྲིད་ཀྱོང་མཆོག་ནས་རྩད་ཞིབ་ཀྱིས་ཡོ་བསྲང་འཕྲལ་དུ་མ་གནང་ཚེ་མ་འོངས་པར་འཛིན་སྐྱོང་ཐོག་སྐུལ་ངལ་འཕྲད་རྒྱུ་ཡིན་པ་འདོན་མི་ཟ། དེ་བཞིན་དེང་སང་སྐུ་དྲག་གསར་པ་ཞེས་པའི་ངོ་ཚ་གཞི་གཞུང་ཞབས་པར་མཚན་གསར་པ་ཞིག་ཐོབ་འདུག་པ་དེ་ནི་གཙོ་ཆེ་ཤོས་མགོ་འཁྲིད་ནས་གཙོས་པའི་ལས་བྱེད་ཚང་མས་ཕྱག་ལས་གནང་སྟངས་དང་བཟང་སྤྱོད་ཐོག་དགོངས་པ་ཆེ་བཞེས་དགོས་པ་དུས་ལ་བབས་འདུག་གོ།
ཧ་ཧ་། པ་སངས་ལགས། གུས་པ་ཁམ་པར་བཟོས་པ་དེ་དགའ་ཚུལ་ཆེ། འོན་ཀྱང་ཁམས་པ་རེད་བསམ་ན་འགྲིག།། ཨམ་མདོ་རེད་བསམ་ན་འགྲིག་། དབུས་པ་རེད་བསམ་ན་ནོར།་ ཧི་ཧི་། གུས་པས་ཁྱོད་ལ་རང་བཀའ་དྲིན་ཆེ་ཞུ་། ད་ཡིན་ད་བུ།
ཧོ་ཧོ་པ་སངས་ལགས་། དེ་ན་ཚ་གསར་པ་ཡིན་བོད་ནས་ཡོངས་དུས་མེད། དེ་ནས་གལ་ལེས་ག་ལེས་ན་ཚ་ཤུགས་ཆེན་པོ་ན་བཞིན་ཧ་ཧ་ ཁྱེད་ལ་ཡང་དབུས་ནད་ཅིག་ཡོད་འདྲ། ཅིག་བྱེད་སྨན་མཁས་པའི་རྩར་ང་རང་ན་རྒྱ་ཅིག་པ་རེད་འདུག་ན་ རིན་ཆེན་རིལ་བུ་ཅིག་ཕྱེང་ཀ་ཕྱེད་ཀ་བྱེད་ཟོས་སེང་དྲག་འགྲོ་ངེས། ཧ་ཧ་ཧ་ཧ་ཧ་ཧི་ཧི་ཧི་ཧི་་