ཚེ་རིང་བསམ་གྲུབ། ཝཱཎ་མཐོ་སློབ།
བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་ཉིན་ཤས་སྔོན་བཙན་བྱོལ་བོད་མའི་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསལ་པོར་གསུངས། འོན་ཀྱང་བཀུར་འོས་སྤྱི་འཐུས་ཁོང་གི་རྩ་དོན་རང་བཞིན་ཅན་གྱི་བཀའ་མོལ་དེས་དཔལ་མཉམ་མེད་བཀའ་བརྒྱུད་པ་ཡོངས་རྫོགས་ཀྱི་བསམ་ཚུལ་མཚོན་གྱི་ཡོད་དམ་མེད། དེ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་འགགས་ཤིག་ཆགས་ཡོད། གལ་ཏེ་བཀའ་རྒྱུད་པ་ཡོངས་རྫོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཞིག་ཡིན་པ་མཚོན་གྱི་ཡོད་ན་ཁོ་བོར་སྐབས་འདིར་གང་ཡང་ཞུ་རྒྱུ་མེད། རྒྱུ་མཚན་ནི་བཀའ་རྒྱུད་པ་ཡོངས་ནས་ཐག་གཅོད་བྱས་པ་དེ་བཀུར་འོས་བཀའ་རྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་ཚབ་མཚོན་བྱས་པ་ཙམ་དུ་ཆ་འཇོག་བྱ་རྒྱུ་རེད།
འོན་ཀྱང་གལ་ཏེ་དཔལ་མཉམ་མེད་བཀའ་རྒྱུད་པ་ཡོངས་རྫོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་བཞིན་དུ་གོང་སྨྲོས་སྤྱི་འཐུས་གང་དེས་རང་འཚམས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་གསུང་གི་ཡོད་ན་བཟང་སྤྱོད་དང་འགལ་བ་མ་ཟད། སྤྱི་སྒེར་ཉ་ཉུང་བསྲེས་ནས་འགན་འཁུར་མེད་པའི་བཀའ་མོལ་ཞིག་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད། དེ་ལ་བཀའ་རྒྱུད་པ་ཡོངས་རྫོགས་ཀྱིས་འཕྲལ་མ་ཉིད་དུ་གསལ་བཤད་ཅིག་གནང་ནས་གསལ་ཁ་གཏོད་དགོས་པ་ཤིན་ཏུ་གལ་ཆེ་བར་སྙམ།
བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནི་བོད་མིའི་སྤྱི་འཐུས་གྲོས་ཚོགས་ནང་དུ་ཐེངས་མང་སྤྱི་འཐུས་གནང་མྱོང་བའི་སྤྱི་འཐུས་རྒན་གྲས་ཤིག་ཡིན་པ་མ་ཟད། ད་ལྟའི་ཆར་བཀའ་རྒྱུད་སྤྱི་འཐུས་ཀྱི་མཚན་ཐོག་ནས་གྲོས་ཚོགས་ལ་ཚོགས་ཞུགས་གནང་ཡོད། དེ་འདྲ་ཡིན་བཞིན་དུ་སྒེར་གྱི་བསམ་ཚུལ་ཡིན་ཞེས་གང་བྱུང་གསུངས་པ་དེ་འདྲའི་རིགས་ཕྱིས་སུ་ཡང་མང་དུ་བྱུང་ན། འབྱུང་འགྱུར་གྲོས་ཚོགས་ཀྱི་བཀའ་མོལ་རྣམས་གཞུང་སྒེར་གང་གི་བསམ་ཚུལ་ཡིན་མིན་གསལ་པོ་མེད་པའི་གནས་སྟངས་ཆགས་རྒྱུ་མ་ཟད། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་དེ་ཁུངས་ལུང་མེད་པ་ཞིག་དང་བོད་མི་དམངས་ཀྱི་བསམ་ཚུལ་མཚོན་ཐུབ་པའི་ནུས་པ་ཉམས་ཞན་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་སྙམ།
སྤྱིར་བཀུར་འོས་སྤྱི་འཐུས་ཁོང་གིས་རང་བཙན་ལ་རྒྱབ་སྐྱོར་ཡོད་གསུངས་པ་དེར་དམིགས་སུ་བཀར་ནས་རྩོམ་ཡིག་འདི་བྲིས་པ་ཞིག་གཏན་ནས་མིན། རང་བཙན་རྩོད་མཁན་རྣམས་ཀྱང་བོད་མའི་བདེ་སྡུག་བསམས་ནས་ཕྱག་ལས་གནང་གི་ཡོད་པ་དེར་མི་དགའ་བ་བྱེད་དགོས་དོན་མེད་ལ། བྱ་བ་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན།
གཞན་ཡང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཐོག་མར་བཀའ་རྒྱུད་སྤྱི་འཐུས་སུ་རང་བཙན་གྱི་ལྟ་བ་བཞེད་པའི་རྒྱུ་མཚན་གྱིས་བསྐོས་པ་ཡིན་ནམ། ཡང་ན་དབུ་མའི་ལམ་གཞིར་བཞག་ནས་ཁོང་གི་མཁྱེན་འཇོན་གཉིས་ལྡན་གྱི་ཁྱད་ཆོས་ལ་གཞིགས་ནས་སྤྱི་འཐུས་སུ་བསྐོས་པ་ཡིན་ནམ།
བཙན་བྱོལ་གྲོས་ཚོགས་ནང་དུ་ཚོགས་མི་བྱེ་བྲག་པ་ཞིག་གིས་སྒེར་གྱི་བསམ་ཚུལ་གླེང་པ་ཙམ་གྱིས་ཆོལ་ཁ་དང་ཆོས་ལུགས་སོ་སོའི་ཚབ་མཚོན་དགོས་ཀྱི་ཡོད་ན། ཀརྨ་ཆོས་འཕེལ་ལས་ལྷག་ལྷག་ལྷུག་ལྷུག་སྤྱོད་ངན་དང་བྱ་ངན་སྤེལ་མཁན་རབ་དང་རིམ་པ་ཡོད་པས་དེ་དག་ཀྱང་ཁོངས་སོ་སོས་གསལ་བཤད་དགོས་ཀྱི་རེད། མ་གཞི་ནས་ད་ལྟའི་བཙན་བྱོལ་གཞུང་གི་ལང་ཕྱོགས་ལམ་དབུ་མ་ཟེར་བ་དེར་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ངོ་མ་ཡིན་མིན་དང་། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་མཚོན་ཐུབ་དང་མི་ཐུབ་དེ་ཉིད་དགོངས་པ་བཞེས་དགོས་པར་སྣང་།
སྐུ་ངོ་མངའ་རིས་འཕྲིན་ལས་ལགས། གང་ཟག་བྱེ་བྲག་པའི་སྐད་ཆ་ཞིག་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཀྱི་མིང་འཛིན་པ་ཞིག་གླེང་ཆོག་ཆོག་ཨ་ཡོད། མ་གཞི་ནས་སྤྱི་འཐུས་ཀརྨ་ཆོས་འཕེལ་གྲོས་ཚོགས་ནང་སྤྱི་འཐུས་ཀྱི་མིང་ཐོག་ནས་ཕྱིན་པ་རེད་མ་གཏོགས་ཀརྨ་ཆོས་འཕེལ་གྱི་མིང་ཐོག་ནས་བསླེབས་མེད། དེས་ན་སྤྱི་འཐུས་གཅིག་གིས་གྲོས་ཚོགས་སུ་བཤད་པའི་སྐད་ཆ་དེ་སྤྱི་པའི་ཚབ་མཚོན་གྱི་ཐོག་ནས་ཤོད་ཀྱི་མེད་ནས་སྤྱི་འཐུས་ཞེས་པ་དེ་གང་ནས་བྱུང་། དེས་ན་གྲོས་ཚོགས་སུ་སྤྱི་འཐུས་ཀྱི་མིང་ཁྱེར་ནས་སྐད་ཆ་ཤོད་སྐབས་ཟབ་ནན་བྱེད་དགོས་པའི་གནད་འགག་དེ་རེད།
ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་བཀའ་ཤག་གི་སྐུ་དབང་འོག་ནས་འགན་འཁུར་དང་དམིགས་ཡུལ་གང་ཡང་མེད་པའི་སྐད་ཆ་འདི་འདྲ་བཤད་ཕོད་བྱུང་མྱོང་མེད། ཕལ་ཆེར་མགོ་དང་ལུས་གཉིས་དོ་མ་མཉམ་པའི་དབང་གིས་ཡིན་རྒྱུ་རེད།
སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་སྤྱི་དངུལ་ལྐོག་ཟ་བྱེད་མཁན་གྱི་སྤྱི་འཐུས་རྣམས་ཀྱང་སྤྱི་འཐུས་ཡོང་ཁོངས་ཀྱི་ཆོལ་ཁ་དེ་དག་གི་བསམ་ཚུལ་དང་ཀུན་སྤྱོད་ཀྱི་ཚབ་མཚོན་བྱེད་ཐུབ་ཀྱི་ཡོད་དམ། དེའི་ལན་ཞིག་ཀྱང་རྩོམ་པ་པོས་དང་པོ་གསུངས་རོགས།
ཀརྨ་ཆོས་འཕེལ་ལགས་ནས་སྤྱི་འཐུས་སྒེར་གྱི་ལངས་ཕྱོགས་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་སོགས་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱས་ཡོད་པ་ལས་བཀའ་བརྒྱུད་པའི་ལངས་ཕྱོགས་ཡིན་གསུང་མི་འདུག་ཞུ།
ཀརྨ་ཆོས་འཕེལ་ལ་སྒེར་གྱི་ལྟ་ཚུལ་ཤོད་པའི་ཐོབ་ཐང་མེད། ཁོང་བཀའ་བརྒྱུད་པའི་ཚབ་ལ་སྤྱི་འཐུས་ལ་བསླེབས་པས་སྒེར་གྱི་ལྟ་ཚུལ་ཤོད་སའི་གདིང་ཆ་མ་རེད། འགན་འཁུར་ཡོད་པའི་བཀའ་བརྒྱུད་པའི་སྤྱི་འཐུས་ཤིག་བྱེད་རོགས། ཁ་ཆང་དང་མ་བྲལ། བློ་རྫུན་དང་གཡོ་ལས་མ་འདས། ལྟོ་གོས་སྤྱི་རྒྱུ་ཁོ་ནས་འཚོ་བའི་ཀརྨ་ཆོས་འཕེལ་གློ་བུར་དུ་འདི་ལྟར་མཆོངས་ཡོང་བ་འདི་ལ་དོགས་གཞི་མང་པོ་ཡོད། དམིགས་ཡུལ་གང་ཡིན་ནམ་གསལ་པོ་ཤོད་རོགས།
ཀརྨ་ཆོས་འཕེལ་ལགས་ཁོང་སྒེར་ཀྱི་ལང་ཕྱོགས་ག་རེ་ཡིན་ནའི་ཡིན་ གྲོས་ཚོགས་ནང་མང་མོས་སྟན་འབེབས་ལ་བརྩི་སྲུང་བཞུ་དགོས་ངེས་རེད་ ད་དུང་ཁོང་ནས་བོད་ལྗོང་ལྷ་སྲུང་ཕྲིན་སྐུལ་ནང་རང་དབང་ཟེར་བ་དེ་ཡང་རང་བཙན་ལ་ངོས་འཛིན་དང་འཁྱོག་བཤད་གནང་བར་བློ་ཕམ་ཆེ།
ཚེ་རིང་བསམ་གྲུབ་ལགས་ཀྱིས་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུངས་པར་དགའ་བསུ་དང་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་འཐུས་ཀྱི་གྲོས་ཚོགས་རྭ་བ་དེའི་ནང་བཀའ་རྒྱུད་པའི་ཞབས་སྟེགས་ཐོག་ཏུ་བཀའ་རྒྱུད་པའི་འཐུས་མིའི་ས་བཟུང་ནས་སྒེར་གྱི་བསམ་ཚུལ་བཤད་པ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། དེ་ནི་དགེ་རྒན་ཞིག་གིས་འཛིན་གྲྭའི་སྒེར་དོན་ལས་ཀ་ལ་རྩོམ་ནས་དུས་ཚོས་སྐྱེལ་བ་དང་མཚུངས་པ་ཡིན། འདི་ལྟ་བུའི་བྱ་སྤྱོད་འགོག་ཐབས་དྲག་པོ་གནང་དགོས་པ་མ་ཟད། བཙན་བྱོལ་བོད་མི་ཚོས་ཤེས་པའི་ཐོག བཀའ་རྒྱུད་པ་རྣམ་པས་ཐུགས་སྣང་གནང་དགོས་པ་ཡིན།
ཚེ་རིང་བསམ་འགྲུབ་ཀྱིས་གསུངས་པ་བདེན། སྤྱི་འཐུས་ཀྱིས་བཤད་ཚད་དང་བྱེད་ཚད་མི་དམངས་ཀྱི་ཚབ་མཚོན་མི་དགོས་ཀྱང་གྲོས་ཚོགས་སྐབས་གལ་ཆེའི་བཀའ་མོལ་རྣམས་ནི་མི་དམངས་ཀྱི་ཚབ་མཚོན་ཡིན་དགོས། དེ་མིན་སྤྱི་འཐུས་མི་དམངས་ཀྱི་ཚབ་མཚོན་ཡིན་དོན་མེད། དེས་ན་ཁོང་བཀའ་བརྒྱུད་པའི་སྤྱི་འཐུས་ཞིག་ཡིན་པས། ཁོང་གིས་གྲོས་ཚོགས་ནང་གསུངས་པའི་བཀའ་མོལ་གལ་ཆེ་དེ་བཀའ་བརྒྱུད་པའི་མི་དམངས་དང་འབྲེལ་བ་ལོས་ཡོད་དགོས། དེས་ན་བཀའ་བརྒྱད་མི་དམངས་ཀྱི་བསམ་ཚུལ་ད་ག་རང་ཡིན་མིན་གྱི་དྲི་བ་ཞིག་རང་བཞིན་གྱི་སླེབས་ཡོད།
ཀརྨ་ཆོས་ལགས་ནི་གཞུང་ཞབས་རྙིང་ཤོས་ཤེས་ཡོན་པ་ཞིག་ཡིན་ཚོད་རེད། ཁོང་ནི་བཀའ་བརྒྱུད་པའི་སྤྱི་འཐུས་ཤིག་ལ་བསྡམས་པ་ནས་ད་བར་དུ་དབུ་མའི་སྲིད་ཇུས་འོག་ཏུ་ཕྱག་ལས་གང་ཐུབ་གནང་ཡོད་ཀྱང་། དེ་རིང་གློ་བུར་དུ་གྲོས་ཚོགས་སུ་སྐད་ཆ་འདི་ལྟར་བཤད་པར་ཡ་མཚན་རེད། སྐད་ཆ་འདི་ཁོང་གི་བསམ་ཚུལ་ཡིན་ནམ་བཀའ་བརྒྱུད་པ་ཡོངས་ཀྱི་འདོད་མོས་རེད་དམ། སྐབས་དེར་ཚོགས་གཙོ་ལགས་ཀྱིས་སྐད་ཆ་འདི་ཁྱོད་ཀྱི་བསམ་ཚུལ་ཡིན་ནམ་བཀའ་བརྒྱུད་པ་ཡོངས་ཀྱི་བསམ་ཚུལ་རེད་ཅེས་་་བཀའ་འདྲི་གནང་ཡོད་ཚོད་མི་འདུག སྐད་ཆ་འདི་ཁོང་སྒེར་གྱི་བསམ་ཚུལ་གླེང་བ་ཡིན་ན་མ་འགྲིག་པ་ཞིག་མེད་ལ་་་བཀའ་བརྒྱུད་པ་ཡོངས་ཀྱི་ཚབ་བྱས་ནས་བཤད་པ་ཡིན་ན་ངེས་པར་དུ་གྲོས་ཚོགས་ནས་གསལ་བྱེད་གནང་དགོས་པ་རེད་ལ།
ཀརྨ་ཆོས་འཕེལ་འདིས་ག་བ་ནས་མཐུན་པ་མི་མཐུན་པ་ཞིག་བཟོ་ས་ཡོད་མེད་ཡག་པོ་ལྟ་བཞིན་འདུག མགོ་བདེ་རེད། ༧གོང་ས་མཆོག་ངའི་བླ་བ་ཡིན་ཟེར་བཞིན་༧གོང་ས་མཆོག་དང་བོད་གཞུང་མང་ནས་གཏན་ལ་ཕབ་པའི་དབུ་མའི་སྲིད་ཇུས་ལ་ཡར་མར་ཀུན་ནས་དེ་ལ་བར་ཆད་དང་། དེ་ནུས་མེད་བཟོ་ཐབས་ལ་འབད་བཞིན་འདུག ད་དུང་ལྷག་བསམ་ཡོད་མདོག་དང་རང་བཙན་མ་གཏོགས་བསམ་རྒྱུ་དྲན་རྒྱུ་མེད་ཁུལ་འདི་དག་ནི་གཡོ་སྒྱུ་ལ་གོམས་ལོབ་རེད། ལར་ནས་མི་འདི་ལ་དགོས་པ་ནི་བོད་མིའི་མཐུན་སྒྲིལ་གྱི་གོང་བུ་འཐོར་དགོས་ཀྱི་ཡོད་པ་རེད་ལ། ༧གོང་ས་མཆོག་དང་བོད་གཞུང་མང་ལ་མ་འགྲིག་པ་ཞིག་དགོས་ཀྱི་ཡོད་པ་རེད།
ཚེ་རིང་བསམ་གྲུབ་ལགས་ཀྱིས་རྒྱུ་མཚན་ལྡན་པའི་དགོངས་ཚུལ་གསུངས་པར་དགའ་བསུ་དང་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་འཐུས་ཀྱི་གྲོས་ཚོགས་རྭ་བ་དེའི་ནང་བཀའ་རྒྱུད་པའི་ཞབས་སྟེགས་ཐོག་ཏུ་བཀའ་རྒྱུད་པའི་འཐུས་མིའི་ས་བཟུང་ནས་སྒེར་གྱི་བསམ་ཚུལ་བཤད་པ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། དེ་ནི་དགེ་རྒན་ཞིག་གིས་འཛིན་གྲྭའི་ནང་སྒེར་དོན་ལས་ཀ་ལ་རྩོམ་ནས་དུས་ཚོས་སྐྱེལ་བ་དང་མཚུངས་པ་ཡིན། འདི་ལྟ་བུའི་བྱ་སྤྱོད་འགོག་ཐབས་དྲག་པོ་གནང་དགོས་པ་མ་ཟད། བཙན་བྱོལ་བོད་མི་ཚོས་ཤེས་པའི་ཐོག བཀའ་རྒྱུད་པ་རྣམ་པས་ཐུགས་སྣང་གནང་དགོས་པ་ཡིན། བཀྲིས་བདེ་ལེགས།
སྒེར་དོན་ལས་ཀར་མགོ་འཁོར་ནས་སྡོད་པ་དང་མཚུངས་ཞེས་བཅོས་རོགས་ཞུ།
སྔ་དྲོ་བདེ་ལེགས་་་་ཚེ་རིང་བསམ་འགྲུབ་ལགས་་ཁྱོད་རང་གི་བཀའ་མོལ་དེའི་རྒྱབ་ལྗོངས་ཆ་་ཚང་ང་ཚོས་ཤེས་གི་འདུག ཡིན་ནའང་གསལ་བཤད་དང་ལན་འདེབས་གང་ཡང་ཞུ་འདོད་མེད་ལ་ བཀའ་རྒྱུད་པར ཁ་དང་ཁ་སྤུ་དབྱེ་འབྱེད་ བྱེད་འདོད་ནི་དེ་བས་ཀྱང་མེད། ཤེས་སོང་ངམ།།
ཀརྨ་ཆོས་འཕེལ་གྱིས་དམངས་གཙོ་ཐོབ་ཐང་བེད་སྤྱད་གནང་ན་ཁོང་ལ་གཏུགས་དགོས་པ་ལས། རྒྱུ་མཚན་དེ་ལ་བརྟེན་ནས་ཁག་ཅིག་གིས་བཀའ་བརྒྱུད་པར་འཕྱ་སྨད་དང་། སྡིག་ར་བསྐུལ་བ་སོགས་ནི་ཤིན་ཏུ་མ་འོས་པ་རེད། དེ་ནི་ཆོས་ལུགས་བར་མཐུན་སྒྲིལ་གཏོར་བཤིགས་མཁན་ལ་བརྩི་བཞིན་ཡོད། སྔར་གོང་ས་ལྔ་པའི་སྐབས་སུ་བཀའ་བརྒྱུད་རྩ་མེད་བཏང་། ད་དུང་ཡང་བཀའ་བརྒྱུད་པ་ལ་སྡུག་རབ་རྐྱང་བྲིས་ན་མི་མང་པོ་ལ་ཕོག་ཐུག་འགྲོ་རྒྱུ་ལས་ཕན་ཐུབ་གང་ཡང་མི་འདུག དྲྭ་གྲོགས་རྣམ་པ་ལགས། ད་ནས་བཟུང་ཆོལ་ཁ་དང་ཆོས་ལུགས་བར་མ་བྲི་རོགས་ཞུ་རྒྱུ་ཡིན།
སྤྱིར་སྟང་དབུ་ལམ་ལ་བོད་བཞུགས་ཚོས་བརྒྱ་ཆ་ག་ཚོད་ཀྱིས་རྒྱབ་སྐྱོབ་ག་ཚོད་ཡོད་མེད་ཞུབ་འཇུབ་དགོས་ངེས་རེད།
དབུ་མའི་ལམ་འདི་བོད་མི་མང་བའི་འདོད་མོས་ཡོད། གང་ལགས་ན། བོད་མི་མང་གི་སྤྱི་འཐུས་མང་བས་མོས་མཐུན་ཡོད་པས་སོ། གལ་ཏེ་སྤྱི་འཐུས་མང་བས་དབུ་མའི་ལམ་ལ་མོས་མཐུན་མེད་ན། མེད་ལུགས་བཤད་དགོས་པ་ལ། དེ་ཡང་འགན་ཐེག་ཡོད་པ་ཞིག་ངེས་པར་དོ་གལ་ཆེ། དབུ་མའི་ལམ་གྱི་ཕམ་ཁ་ཆེ་ཤོས་ནི། རྒྱ་དམར་གྱི་མཁྲེགས་འཛིན་ཨ་འཐས་ལས་ཡིན་ལ། བོད་ནང་གི་ཛ་དྲག་གནས་བབ་དེ་ཡང་དེ་རང་གི་འགན་ཐེག་དགོས་པ་ཡིན། དེ་དང་དུས་མཉམ་ཆོལ་ཁ་དང་ཆོས་བརྒྱུད་བསྲེས་ན་སྐབས་དོན་སྟོར་ཉེན་ཡོད། ཡག་པོ་མ་རེད་དྲན།
དེ་བཞིན་སྤྱི་འཐུས་ཁོང་ནས་ལུང་དྲངས་ཚད་ནང་། རང་དབང་གཙང་མ་ཞེས་པ་དེས་དབུ་མའི་ལམ་གྱི་སྲིད་ཇུས་དང་འགལ་འདུར་གཟིགས་པ་ཡིན་གྱི་འགལ་འདུར་ཕྱིན་པ་ཨེ་ཡིན། དབུ་མའི་ལམ་གྱི་འོག་རང་དབང་གཙང་མ་མེད་ན། རང་དབང་ཡིན་ལ་མིན་ལ་དེས་ཕན་ཐོགས་མེད། མི་རིགས་ས་གནས་དང་སྐད་ཡིག་ཆོས་དད་རང་དབང་དེས་མ་ཚིམས་ན། ཐབས་ལམ་ཟུར་དུ་འདི་དང་འདི་ཡིན་ཞེས་འགན་ཐེག་ཡོད་པ་ཞིག་མེད་པར་ཕྱིར་འཐེན་བྱ་ཐབས་མེད་པ་ཡིན། མི་མང་གི་འདོད་མོས་ཡིན་ན་དེ་རང་རེད། མི་མང་གི་གྱོང་གུན་མི་མང་རང་གིས་འཁྱེར་རྒྱ་རེད།
སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་དབུ་མའི་ལམ་ལ་ཕྱིར་འཐེན་བྱས་པ་དེ། བཀའ་བརྒྱུད་པའི་ཚང་མའི་ཚབ་མཚོན་དགོས་མ་རེད། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་བྱེད་དགོས་དོན་མེད། ལར་ནས་ཀརྨ་ཆོས་འཕེལ་ལགས་ཤེས་འཇོན་གཉིས་ལྡན་གྱི་སྤྱི་འཐུས་རྒན་པ་ཞིག་རེད། དེར་བརྟེན་ཁོ་རང་གི་དབུ་མའི་ལམ་ལ་མགོ་མ་འཁོར་བར་རང་བཙན་གཙང་མར་འདོད་པ་དེར་བཀྲིས་བདེ་ལེགས་ཡོད།
སྤྱི་འཐུས་ཀྱི་གྲོས་ཚོགས་ནང་ལ་སྒེར་གྱི་བསམ་ཚུལ་བཤད་ཆོག་ན། སྤྱི་འཐུས་ཟེར་བ་དེ་ཚོ་མི་མང་གི་ངོ་ཚབ་ཡིན་དགོས་དོན་མེད་པ་རེད། ཟུར་ཉན་པ་ཚོས་ཀྱང་གྲོས་ཚོགས་ནང་དུ་རང་གི་ལྟ་ཚུལ་བཤད་ལོས་ཆོག ང་ཡང་རྗེས་མའི་གྲོས་ཚོགས་སྐབས་སུ་རང་གི་བསམ་ཚུལ་བཤད་པར་སོང་ཆོག་པ་རེད། ད་ཡིན་ན་ཚོགས་གཙོ་དེ་ལ་གནད་དོན་འདུག
གོང་དུ་དྲ་གྲོགས་ཚེ་རིང་བསམ་འགྲུབ་ཀྱིས་གསུངས་པ་འདི་ལ་བདེན་རྩ་ཤིན་ཏུ་ཆེ། གྲོས་ཚོགས་རྭ་བ་དེའི་ནང་བསླེབས་ཚར་དུས་མི་སྒེར་བ་ཞིག་གི་དོན་དུ་ཕེབས་པ་གཏན་ནས་མིན། འདི་སྤྱི་འཐུས་སྒེར་སོ་སོ་གང་ནས་ཡོང་བའི་ཁོངས་དེའི་ཚབ་མཚོན་པའི་ཐོག་ནས་ཕེབས་པ་ཤ་སྟག་རེད་ལ་ཡིན་ཡང་དགོས་པ་རེད། གོང་དུ་དྲ་གྲོགས་རེ་ཟུང་གིས་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་སྐད་ཆ་སྣ་མང་ཞིག་སྨྲོས་ནས་དོན་མེད་ནང་ཁུལ་སྙོག་གླེང་བྱེད་མཁན་ཡང་འདུག དེ་འདྲ་མི་བྱེད་པར་བློ་གཟི་བའི་གནས་པའི་ཐོག་ནས་སྐད་ཆ་བཤད་དགོས་པ་ཧ་ཅང་གི་གལགནད་ཆེ་སྙམ། སྤྱི་འཐུས་ཤིག་ཡིན་ཕྱིན་རབ་ན་རང་ཉིད་ཀྱི་ལངས་ཕྱོགས་དེ་འོས་གཞིར་བཞེངས་དུས་ནས་གསལ་བོ་བཟོ་རྒྱུ་དང་བཟོས་པ་ནང་བཞིན་ལག་བསྟར་བྱེད་དགོས་པ་གལ་ཆེ། དེ་མ་བྱུང་ཡང་གྲོས་ཚོགས་རྭ་བ་དེའི་ནང་ཕེབས་ཚར་དུས་རང་ཉིད་སྤྱི་བའི་མི་ཞིག་ཡིན་པའི་འདུ་ཤེས་དེ་ནམ་ཡང་འདོར་མི་རུང་སྙམ། ཡང་སྤྱི་རྒྱུ་སྒེར་སྤྱོད་དང་སྤྱི་དངུལ་ལྐོག་ཟ་བྱེད་མཁན་དེ་ཚོ་ཡང་ཡག་པོ་གཏན་ནས་མ་རེད། འོན་ཀྱང་གྲོས་ཚོགས་ནང་མེད་པའི་སྐབས་ཀྱི་སྒེར་གྱི་བྱ་སྤྱོད་ནོར་འཕྲུལ་ཅན་དེ་ཚོ་ཡོད་ཚད་དབྱེ་འབྱེད་མེད་པར་སྤྱི་འཐུས་ཡོངས་ཁོངས་ཀྱི་ཆོལ་ཁའམ་ཆོས་ལུགས་དེ་དང་དེའི་ཚབ་མཚོན་དགོས་ལབ་ན་ཁ་དང་ཁ་སྤུ་དབྱེ་འབྱེད་མ་བྱས་པ་ལྟ་བུ་ཞིག་ཏུ་འཁུམ། གོང་དུ་བརྗོད་པ་ལྟར་གྲོས་ཚོགས་ནང་ཡོད་སྐབས་ཚབ་མཚོན་རང་བཞིན་ཅན་གྱི་ཕྱག་ལས་མ་གནང་ན་ནོར་འཕྲུལ་ཚབ་ཆེན་རེད། དེ་ལ་ཆུ་འགོ་ནས་རྙོག་ན་དངས་མེད་ཡིན་ཟེར་པ་ལྟར་ལས་མ་འདས།
རྒྱ་ཆེའི་ཀློག་པ་པོ་རྣམ་པ་ཚོ།
ངས་དཔལ་མཉམ་མེད་བཀའ་བརྒྱུད་པ་ཡོངས་ལ་ཟུར་ཟ་དང་། མཚན་སྨད་སོགས་གང་ཡང་ཞུ་རྒྱུའི་སྤོབས་པ་མེད་ལ། དེ་ལྟར་བྱ་འདོད་ཀྱི་ཀུན་སློང་མི་དགེ་བ་གང་ཡང་མེད། གལ་ཏེ་མ་ཤེས་རྨོངས་པའི་དབང་གིས་ཚིག་སྐྱོན་འདྲ་བྱུང་ཡོད་ན་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་ཡིན།
ལོ་གཅིག་ལ་སྤྱི་འཐུས་ལྷན་འཛོམས་ཀྱི་གྲོས་ཚོགས་ཐེངས་གཉིས་མ་གཏོགས་མེད། ཐེངས་འདིའི་སྤྱི་འཐུས་ཀྱི་གྲོས་ཚོགས་ནང་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནི་བཀའ་བརྒྱུད་སྤྱི་འཐུས་ཀྱི་མཚན་ཐོག་ནས་ཚོགས་ཞུགས་གནང་ཡོད་པ་རེད། ཁོ་རང་སྒེར་གྱི་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་མེད་པ་ཀུན་གྱིས་ཤེས་གསལ་རེད། ད་ཐེངས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱ་རྒྱུ་ཡིན་གསུངས་ཡོད། དེ་སྔོན་ནས་སྒེར་གྱི་ངོས་ནས་རྒྱབ་སྐྱོར་མེད་པ་ལ་དེ་ཐེངས་ཕྱི་འཐེན་བྱ་རྒྱུ་ག་རེ་ལྷག་ཡོད། ཁོང་གི་བཀའ་མོལ་བབས་ས་དེ་གང་དུ་འགྲོ་ཡི་འདུག་རྒྱ་ཆེའི་གཟུར་གནས་ཀློག་པ་པོ་རྣམས་ཀྱི་ཐུགས་བསམ་བཞེས་དང།
དེ་བཞིན་སྤྱི་འཐུས་ཤིག་གི་མཚན་ཐོག་ནས་སྤྱི་འཐུས་གྲོས་ཚོགས་སྐབས་སུ་རྩ་དོན་དང་འབྲེལ་བའི་ཐོག་ལ་སྒེར་གྱི་བསམ་ཚུལ་གནས་དུས་དེ་འདྲ་ཞིག་ལ་ཏག་ཏག་དམིགས་སུ་བཀར་ནས་གསུངས་ན། སྤྱི་སྒེར་ཉ་ཉུང་བསྲེས་པ་རང་རེད།
ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་བཤད་པའི་སྐད་ཆ་དེ་བཀའ་བརྒྱུད་པའི་སྤྱི་མི་ཡིན་པའི་འགན་ཁུར་ཡོད་པའི་ཐོག་ནས་བཤད་པ་རེད་དམ་བཀའ་བརྒྱུད་པའི་སྤྱིའི་འགན་ཁུར་དེ་ཕར་བཞགས་ནས་སྒེར་གྱི་བསམ་ཚུལ་རེད་་དེ་གཉིས་གསལ་པོ་བཟོས་དང་གཞི་ནས་འགྲིག་ཡོད་མེད་ལྟ་ཆོག
བཀྲ་ཤིས་མིང་ཅན། མི་ཤེས་ཤེས་ཁ་བྱེས་ན་ཚང་རེད། ཤེས་རྒྱ་ཁོད་རོལ་བྱེས་ན་ཚང་རེད། ཅི་མི་ཤེས་ན་ཤེས་འདོག་འདོག་བྱེད་དགོས་དོན་མེད། ཡར་བཤད་དུས་མར་བཤད། རྐུ་མའི་བསྐོར་བཤད་དུས་མཁས་པའི་བསྐོར་བཤད། ད་ལྟ་སྤྱི་འཐུས་རྐརྨ་ཆོས་འཕེལ་གྱི་རྒེར་གྱི་གནད་དོན་བསྐོར་རེད་ལོ།
ཀརྨ་ཆོས་འཕེལ་ནི་ར་བཟི་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད་ཁོས་ག་རེ་བཤད་ན་དོན་སྙིང་ཡོད་པ་མ་རེད། ཡ་མ་བྱེད།
ད་ལྟ་བཙན་བྱོལ་གཞུང་གི་རྐུབ་སྟེགས་སྒང་ལ་དབུ་མ་ལས་རང་བཙན་གྱི་ལྟ་གྲུབ་འཁྱེར་མཁན་ཤེས་འཇོན་གཉིས་ལྡན་ལྷག་བསམ་དྲང་བདེན་སོགས་ཀྱིས་བརྒྱན་པའི་མི་བུ་དག་ཀ་བ་གསུམ་གྱི་ཞབས་སྟེགས་ཐོག་སླེབས་ཐུབ་པའི་ལམ་གསར་པ་གཏོད་པའི་སྔོན་འགྲོ་འགོ་བརྩམས་པ་མིན་ནམ་སྙམ་
རྒྱ་མཚོའི་སྐད་ཆ་ལ་གནས་ལུགས་ཏིལ་འབྲུ་ཙམ་ཡང་མི་འདུག གང་ཡིན་ཟེར་ན་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་ཕལ་ཆེ་བ་བཀའ་བློན་ག་གེ་མོ་དང་འགལ་ཟླ་སོང་བ་དང་རང་གི་རྐུབ་སྟེགས་མ་རགས་པསཞེ་གནད་ཀྱི་གཞུང་དང་ཁ་གཏད་ལང་མཁན་རེད་མ་གཏོགས་བོད་བསྟན་སྲིད་ལ་ཤ་ཞེན་དང་རྒྱ་བོད་བར་གྱི་ཆབ་སྲིད་ལ་རྒྱུས་མངའ་ཡོད་མཁན་ཉུང་ཉུང་རེད།
གོང་གི་བསམ་ཚུལ་༡༢ ཚེ་རིང་ཟེར་བས་མི་ངན་ཁྱོད་ལ་གོང་ས་ལྔ་པས་བཀའ་རྒྱུད་རྩ་མེད་བཟོ་ཟེར་བས་སྐད་ཆ་འདི་ལ་ཁུངས་ག་རེ་ཡོད་དྲིན་ལེན་ལོག་འཇལ་བྱེད་ཉིན་ཁྱོད་ངས་བལྟ་ན་ཁྱོད་རང་བཀའ་རྒྱུད་ཡིན་འདོག་བྱེད་རེད་མ་གཏོགས་དོན་ལ་གདོན་འདྲེ་གསོལ་མཁན་དམ་ཉམས་དེ་ཡིན་ས་རེད་བལྟས་ངན་ཁྱོད་ག་རེ་ཚེ་རིང་་་་ཚེ་ཐུང་་་ཟེར་ན་མཆོག་མི་ངན་ཁྱོད་འདྲ་པོ་
ཚེ་རིང་བསམ་གྲུབ་ལགས་ནས་སྤྱིར་ཡོངས་ཀྱི་དགོངས་ཚུལ་གསུངས་པར་ཡག་པོ་རེད། འོན་ཀྱང་ཉ་ཉུང་མང་པོ་མ་བསྲེ་ན་ཡག་པོ་ཡོད་རེད་དྲན། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ཁོ་རང་སྒེར་གྱི་བསམ་ཚུལ་ཡིན་ཞེས་ཤོག་གུ་དཀར་པོའི་ཐོག་ལ་སྣག་ཚ་ནག་པོས་བྲིས་འདུག་དེ་གས་སྤྱི་འཐུས་སྒེར་པ་ཞིག་གི་བསམ་ཚུལ་ཡིན་པ་མཚོན་པ་རེད། ད་དུང་ཨུ་ཚུག་རྒྱག་ནས་གསལ་བཤད་དེ་བཀའ་རྒྱུད་པ་སྤྱི་ཡོངས་ཀྱི་དགོངས་ཚུལ་ཡིན་མིན་དང་འཚབ་མཚོན་ཐུབ་མིན་སོགས་གླེང་ན་དོན་མེད་རེད། སྤྱིར་སྤྱི་འཐུས་ཞིག་གིས་ཚོགས་རའམ་སྤྱི་འཐུས་ཀྱི་ལས་ཁུར་སྐབས་སུ་གང་བཤད་པ་དང་གང་ལས་པ་ཚང་མ་ཆོལ་ཁའམ་ཆོས་ལུགས་དེའི་འཚབ་མཚོན་པའི་ངེས་པ་དེ་བས་མེད།
ང་ཚོས་འདས་ཟིན་ལ་དཔྱད་དེ་ལྡོག་ཕྱོགས་ཀྱི་དཔེར་མཚོན་འགའ་ཞིག་བགྲང་ན། དབུས་སྤྱི་ཟླ་བ་ཚེ་རིང་ལ་སྤྱི་རྒྱུ་སྒེར་བདག་བྱས་པའི་ཉེས་མིང་ཡོད་པ་རེད། དེས་དབུས་གཙང་ཆོལ་ཁའི་མི་མང་གི་མངོན་འདོད་དང་བསམ་ཚུལ་མཚོན་གྱི་མ་རེད། དེ་བཞིན་མདོ་སྟོད་སྤྱི་ཟུར་བསོད་ནམ་སྟོབས་རྒྱལ་གྱིས་མཁས་དབང་ཟམ་གདོང་ཚང་གི་རྐང་པ་ཡ་གཅིག་ཨ་སྒོར་ནང་ཟུག་བསྡད་ཡོད་རེད་ཁུངས་མེད་ཀྱི་གཏམ་མང་པོ་ཞིག་བཤད་རྗེས་མཐར་དགོངས་དག་ཞུ་དགོས་བྱུང་བ་རེད། དེས་མདོ་སྟོད་མི་མང་གི་བསམ་ཚུལ་དང་ལྟ་བ་མཚོན་གྱི་མ་རེད། མདོ་སྨད་སྤྱི་ཟུར་སྒྲོལ་དཀར་ལྷ་མོས་སྔོན་ལོར་ཞབས་འདྲེན་ལུང་པ་བཞག་པ་རེད། དེས་མདོ་སྨད་སྤྱི་མང་གི་བསམ་ཚུལ་དང་མངོན་འདོད་གཏན་ནས་མཚོན་མི་སྲིད། དེ་བཞིན་ཆོས་ལུགས་ནང་ལའང་རྙིང་མའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་གིས་ག་དུས་ཡིན་ནའང་གོ་རྒྱུ་མེད་པའི་གསུང་བཤད་རྐྱང་རྐྱང་གནང་ནས་བཞུགས་ཀྱིན་འདུག དེས་རྙིང་མ་བའི་སྤྱི་མང་གི་འཚབ་མཚོན་གྱི་མ་རེད། པད་མ་འབྱུང་གནས་དེ་སྔོན་ས་སྐྱའི་སྤྱི་འཐུས་སྐབས་སུ་རྙོག་ཕྲ་མང་པོ་བྱུང་བ་རེད། དེ་ཚོས་ས་སྐྱ་བའི་སྤྱི་མང་གིས་འཚབ་མཚོན་མི་ནུས། དགེ་ལུགས་སྤྱི་ཟུར་བེ་རི་འཇིག་མེད་དབང་རྒྱལ་གྱིས་གྲོས་ཚོགས་ནམ་དུས་སུ་གྲོས་ཚོགས་ནང་གི་བུད་མེད་དེ་ཚོར་སྙན་ངག་འདྲ་བྲིས་ནས་ཉིན་བསྐྱལ་བ་རེད། དེས་རི་བོའི་དགེ་ལྡན་པའི་འཚབ་མཚོན་པ་ང་ཚོས་ནམ་ཡང་ངོས་ལེན་མེད། དེ་བཞིན་བོན་པོའི་སྤྱི་ཟུར་གཡུང་དྲུང་རྒྱལ་མཚན་གྱིས་ཁོ་རང་ཚོའི་ལྟ་བ་དང་མི་མཐུན་མཁན་ཚང་མར་སྐྱོན་འཛུག་དང་ངོ་རྒོལ་བྱས་པ་རེད། དེས་བོན་པོ་སྤྱི་མང་གིས་ལྟ་བ་དང་བསམ་ཚུལ་མཚོན་པའི་ངེས་པ་མེད། དེ་དང་འདྲ་བར་སྤྱི་འཐུས་ཚང་མར་དགེ་སྐྱོན་གཉིས་ཀ་ཡོད་ཡོད་པ་རེད།
ང་ཚོ་མཆན་འགོད་པ་དང་བསམ་ཚུལ་བཤད་མཁན་ཚོས་ཐོག་མར་སྤྱི་སྒེར་གྱི་དབྱེ་བ་ཤེས་པའི་ཐོག་ནས་དཔྱད་བརྗོད་དང་བགྲོ་གླེང་གནང་ན་དགེ་མཚན་ཆེ་བ་ཡོད། དེ་མིན་མགོ་མཐོང་བ་ཙམ་གྱིས་མི་དེའི་སྐྱོན་ཡོད་ཚད་ཡར་སློང་ནས་དེ་ཆོས་ལུགས་དང་ཆོལ་ཁ་ལ་སྦྱར་གང་ཐུབ་བྱས་སྡད་ན། ཕར་རོལ་དགྲ་བོ་ལ་དགོས་པའི་ལག་ཆ་ནི་དེ་ཁོ་ན་ཉིད་ཡིན་ནོ།
བསྟན་འཛིན་རྒྱལ་པོ་དགོངས་ཚུལ་ཉེར་གཅིག་པ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད་། ད་དུང་ཀརྨ་ཆོས་འཕེལ་གྱི་བསམ་ཚུལ་ལ་ཁ་གཡར་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་ནད་རྙིང་དག་གླེང་མཁན་ཁ་ཤས་ཡོང་བཞིན་འདུག་པས་གཟབ་གཟབ་བྱས་ནས་ཡག་ཡོང་།
བསྟན་འཛིན་རྒྱལ་པོས་གནས་ལུགས་དང་མཐུན་པའི་བསམ་ཚུལ་བྲིས་འདུག་་་སོང་ཙམ་བཀྲིས་བདེ་ལེགས་ཡོད། དེང་སང་ཝ་ན་སློབ་ཕྲུག་མང་ཆེ་བས་གོ་རྒྱུ་འཚོལ་རྒྱུ་མེད་པའི་རྩོམ་ཉོག་འདྲ་འབྲི་རྒྱུ་མ་གཏོགས་་་གཞན་དཀའ་ལས་ཁག་ལས་ཁག་པོ་རེད། སྔོན་མ་ཡིན་ན་ཝ་ན་མཐོ་སློབ་ཟེར་དུས་སྐད་གྲགས་ཡོད་པའི་སློབ་གླིང་ཞིག་རེད།དེང་སང་ཝ་ན་མཐོ་སློབ་གོ་ཡོང་དུས་རང་བཞིན་གྱིས་སེམས་སྐྱོ་ལྷང་ལྷང་ཡོང་གི་འདུག་་་་་གང་ལྟར་གཟི་བརྗིད་ཁོག་སྟོང་རེད།
བཀའ་བརྒྱུད་སྤྱི་འཐུས་ཀྱིས་བཀའ་བརྒྱུད་ཡོངས་རྫོགས་ཀྱིས་བསམ་ཚུལ་ནམ་ཡང་མཚོན་མི་ནུས། མང་བའི་བསམ་ཚུལ་མཚོན་མ་མཚོན་ལས་ཡོངས་རྫོགས་ཀྱིས་བསམ་ཚུལ་མཚོན་བྱེད་ནི་འཇིག་རྟེན་འདིར་མི་སྲིད་པ་ཡིན། བཀའ་བརྒྱུད་ཅེས་ཟུར་བཀོལ་གནང་དགོས་དོན་ཅི་ཡང་མིན་འདུག གལ་ཏེ་ངའི་རྟོག་འཆར་དེ་བདེན་པ་མིན་ན། དགོངས་སེལ་ཞུ་རྒྱུ་ཡིན། གང་ལགས་ན། གོང་གི་རྩོམ་འབྲི་བ་དང་མཆན་༡༢ པ་གཉིས་པ་ཡིས་དགོངས་ཚུལ་ལ། ཆེད་མངགས་བཀའ་བརྒྱུད་དང་༧གོང་ས་ལྔ་པ་ཞེས་བཀའ་མོལ་དེ་ཚོའི་རིགས་ཁྱོན་ནས་མ་གནང་རོགས། ལོ་ངོ་ ༣༠༠ བརྒྱའི་གོང་གི་བཀའ་མོལ་གནང་ནས་ཆོ་ག་རེ་ཡོད། ཆོས་མེད་ཀླ་ཀློ་དེ་ཚོ་ཡང་རང་གི་རྒྱལ་ཁབ་དང་མི་རིགས་རྩ་དོན་དང་ཛ་དྲག་ལ་ཐུག་དུས་རྡོག་དྲིལ་པོ་ཇི་འདྲ་འདུག ང་ཚོ་ནང་པ། བོད་པ། ལྟ་སྤྱོད་གཉི་ག་མཐུན་མཁན་ཕན་ཚུན་གུ་བཤངས་དང་ནད་མ་འཁྱོག་པ་འི་ག་རེ་ཡོད་དམ། འཇིག་རྟེན་ཕལ་པ་བཞིན། ཤ་འཁོན་ཞེ་འཁོན་དགྲ་ཤའི་ལྟ་ཚུལ་དངོས་གནས་ཡོད་ན། དགྲ་བོ་རྒྱ་དམར་ཐོག་ལ་སྤུངས་བའི་དུས་རེད་མ་གཏོགས། ནང་ཁུལ་བྱབ་མེད་རྩོད་གླེང་བྱས་ནས་བཞུགས་པ་ལས། སྤྱི་འཐུས་གྲོས་ཚོགས་རྩ་ཆེན་དེ། ཆོས་བརྒྱུད་ཆོལ་ཁ་སུ་ལའང་བདག་ཡོད་མ་རེད། བོད་མི་མང་གི་རེད། རང་ལ་མཁྱེན་འཇོན་ཡོད་ན་སུས་ཀྱང་གོ་སྐབས་བླང་ཆོག་པའི་ལྡིངས་ཆ་བསྐྲུན་ཡོད། མང་གཙོའི་ཐོབ་ཐང་། སྨྲ་བརྗོད་རང་དབང་། ཆོས་བརྒྱུད་རང་དབང་བཅས་ལོངས་སུ་སྤྱོད་རྒྱུའི་སྒོ་འཕར་ཡངས་པོར་ཕྱེ་ཡོད།
གཅིག་བྱས་ན
གྲོས་ཚོགས་ནང་དུ་སྤྱི་སྒེར་ཚང་མས་བསམ་ཚུལ་བཤད་ཆོག་ལ། སྤྱི་བ་མ་གཏོགས་སྒེར་གྱི་བསམ་ཚུལ་བཤད་མི་ཆོག་ཟེར་བའི་སྒྲིག་གཞི་ཞིག་མེད། དེ་ཡིན་དུས་སྔ་ནས་ད་བར་སྤྱི་སྒེར་ཚང་མས་བསམ་ཚུལ་གང་མང་ཞིག་གྲོས་ཚོགས་ནང་ལ་བཤད་མྱོང། ཀརྨ་ཆོས་འཕེལ་གཅིག་པུས་སྒེར་ཀྱི་བསམ་ཚུལ་བཤད་མི་ཆོག་པ་ག་རེ་རེད། མི་སྒེར་པ་རེ་རེའི་བསམ་ཚུལ་བསྡུ་ལེན་བྱས་ནས་ཐུན་མོང་སྤྱི་པའི་བསམ་ཚུལ་ཆགས་ཀྱི་ཡོད། མི་རེ་རེའི་སྒེར་གྱི་བསམ་ཚུལ་མ་ཤད་པར་སྤྱི་མོས་ཟེར་བ་ག་འདྲ་ཡོད་རེད། དབུ་མའི་ལམ་སྤྱི་མོས་ཡིན་པའི་འོས་བསྡུ་ཞིག་ག་དུས་བྱེད་མྱོང་ཡོད་རེད། བྱམས་པ་དང་སྙིང་རྗེ་ཟེར་བ་དེ་ཚོ་ཆབ་སྲིད་ཀྱི་འཐབ་རྩོད་ལ་བད་སྤྱོད་བྱས་ན་གྱོང་གུད་ལས་ཕན་པ་གང་ཡང་མེད། ཆབ་སྲིད་ཀྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་དང་རང་ཁེ་གཞན་ཕམ་ཡིན། ལམ་དབུ་མ་ནི་དེ་ལས་ཟློག་པའི་འཐབ་རྩོད་ཞིག་རེད། ད་ག་འདྲ་འདུག།
ད་སྔོན་ཀརྨ་ཆོས་འཕེལ་གྱི་སྤྱི་འཐུས་ཀྱི་མཚན་ཐོག་ནས་གང་རྒྱབ་སྐྱོར་ཞུས་པ་དེ་ཡང་དབུས་གཙང་མི་མང་གི་ཚབ་བྱས་པ་ཡིན་དགོས་ཏེ། ཁོང་དབུས་གཙང་མི་མང་གི་འཐུས་ཚབ་ཡིན་པས་སོ།།ད་ལྟ་ཁོང་གིས་རྒྱབ་སྐྱོར་མི་ཞུ་བ་དེ་ཡང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དང་འབྲེལ་བ་ཡོད་ལོས་དགོས་ཏེ། དེའི་མིང་ཐོག་ན་སྤྱི་འཐུས་ཀྱི་ཐ་སྙད་གཞི་གྲུབ་པའི་ཕྱིར། གཞན་དུ་སྒེར་རྒྱབ་སྐྱོར་ཞུ་མིན་དེ་གང་ཟག་ཀརྨ་ཆོས་འཕེལ་ཙམ་ཡོན་ན་དེ་དང་ཀརྨ་ཆོས་འཕེལ་དང་འབྲེལ་བ་མེད།
སྤྱིར་གང་ཟག་སུ་ལའང་སྒེར་གྱི་བསམ་ཚུལ་བཤད་ཆོག་པའི་ཐོབ་ཐང་ངེས་པར་ཡོད་དགོས་ལ། དེ་ནི་མང་གཙོའི་གྲུབ་ཆ་ཤིན་ཏུ་གལ་ཆེན་ཞིག་རེད། དེ་བཞིན་དུ་སྤྱི་འཐུས་སུ་ལའང་འབྲེལ་ཡོད་གནད་དོན་ལ་བགྲོ་གླེང་དང་དོགས་སློང་བྱ་རྒྱུ་ནི་ཁོང་རྣམ་པའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་རེད། དཔེར་ན། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་༼ད་ལྟ་སྤྱི་ཟུར།༽ནས་ཟམ་གདོང་རིན་པོ་ཆེའི་ཞབས་ཡ་གཅིག་ཌོ་ལར་ནང་འཐིམས་མེད་དམ་བསམས་ཀྱི་འདུག་ཞེས་སྤྱི་འཐུས་ལྷན་ཚོགས་སུ་དོགས་གླེང་ཞུས་པ་རེད། བཀུར་འོས་སྤྱི་འཐུས་སུ་ལའང་ཐུགས་དོགས་ཡོད་ཚེ་གླེང་སློང་གནང་དགོས་པ་ནི་འོས་འགན་རེད། གལ་ཏེ་བཙན་བྱོལ་གཞུང་གི་ནང་དུ་སྤྱི་སྒེར་སུ་ཞིག་གིས་མ་འགྲིག་པ་འདུག་ན། དེ་ལ་ནོར་འཁྲུལ་བསྐྱོན་བརྗོད་ལུགས་དང་མཐུན་པའི་སྒོ་ནས་གནང་རྒྱུ་ནི་སྤྱི་འཐུས་སུ་འོས་འདེམས་བྱས་ནས་བསྐོས་དགོས་པའི་རྒྱུ་མཚན་ཡང་དེ་རེད། སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གནད་དོན་དེར་གླེང་སློང་གནང་བའི་ཉེར་ལེན་ལ་བརྟེན་ནས་ད་ཆ་གནས་ཚུལ་གསལ་པོ་གསལ་རྐྱང་ཆགས་ཏེ་ཀུན་གྱིས་་ཟམ་གདོང་རིན་པོ་ཆེ་ཡི་ཞབས་ཕར་བཞག དྲི་མ་ཙམ་ཡང་ཌོ་ལར་གྱི་ཟུར་ལ་མེད་པ་གསལ་པོ་ཤེས་རྟོགས་བྱུང་ཡོད་པ་རེད།
གལ་ཏེ་སྤྱི་འཐུས་ཆེ་གེ་མོ་ཞིག་གིས་སྒེར་གྱི་གནས་ཚུལ་ཡག་པོ་མེད་ན། སྤྱི་འཐུས་སུ་འོས་འདེམས་བྱ་རྒྱུ་མེད། ཆོལ་ཁ་ཆོས་བརྒྱུད་མཚོན་ཐུབ་མཁན་གྱི་མི་ཞིག་དགོས་རེད་མ་གཏོགས་གང་བྱུང་རང་སྣང་གང་དྲན་ལ་རྒྱབ་སྐྱོར་བྱ་རྒྱུ་མེད།
ཆོལ་ཁ་ཆོས་བརྒྱུད་སོ་སོས་འོས་འདེམས་བྱས་སྤྱི་འཐུས་རྣམས་རྣམ་དཔྱོད་དང་། ལྷག་བསམ། མཁྱེན་འཇོན་གཉིས་ལྡན་ཞིག་ཏུ་གཟིགས་ནས་འོས་འདེབས་བྱས་པ་རེད། རྣམ་དཔྱོད་དང། ལྷག་བསམ། མཁྱེན་འཇོན་གཉིས་ལྡན་ཞིག་ཡིན་པའི་ཆ་ནས་ཁོང་རྣམ་ལ་ཡིད་ཆེས་ཡོད་པའི་ཐོག་ནས་འཇོན་ཐང་ངོམ་ཆོག་པའི་རང་དབང་ཡང་ཡོད་པ་རེད། འོན་ཀྱང་རྒྱབ་ཕྱོགས་ཀྱི་འོས་ཤོག་འཕེན་མཁན་རྣམས་ལ་བསམ་བློ་གང་ཡང་མ་བཏང་བར་གང་དྲན་དྲན་གནང་ཐལ་བྱུང་ན་སྤྱི་འཐུས་ཀྱི་འོས་འགན་མ་སྒྲུབ་པ་ནི་བློ་གཟུ་བོས་བལྟས་ན་ཤེས་གསལ་རེད།
སྐར་མ་ཆོས་འཕེལ་སྒེར་གྱི་བསམ་ཚུལ་ཡིནའང་འདྲ་བཀའ་རྒྱུད་སྤྱིའི་ཚབ་མཚོན་པའི་ཐོག་ནས་བཤད་ཡོད་ནའང་འདྲ། གང་ལྟར་གྲོས་ཚོགས་རྭ་བ་དེའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་མི་བྱེད་མཁན་སུ་རེད་ལབ་ན། བཀའ་རྒྱུད་སྤྱི་འཐུས་སྐར་མ་ཆོས་འཕེལ་རེད་ལབ་རྒྱུ་རེད། འོན་ཀྱང་དེས་བཀའ་རྒྱུད་པ་ལ་དམིགས་སུ་བཀར་སྐད་ཆ་ངན་པ་གང་ཡང་མ་རེད། དེ་བཞིན་སྤྱི་འཐུས་གཞན་ཚང་མར་གཅིག་མཚུངས་ཀྱིས་ཆོལ་ཁའམ་ཡང་ན་ཆོས་ལུགས་ཀྱི་མིང་རེ་རང་ཉིད་ཀྱི་མིང་གི་འགོར་རང་ཆས་སུ་ཡོད་པ་ཞིག་རེད།
དེ་ནས་གོང་དུ་ཨྱོན་རིག་འཛིན་ཟེར་བས་བློ་ཕྱོགས་སུ་ལྷུང་ནས་སྐད་ཆ་བཤད་ཞོར་ལ་སེམས་ན་ཚ་ཞིག་དང་ཞེ་འཁོན་ཞིག་ཡོད་འདོག་བསྟན་ཡོང་གི་འདུག དེ་ཡག་པོ་མ་རེད།
ཨ་རི་བདེ་སྲུང་འགན་འཛིན་ཞིག་ནས་བྱང་ཀོ་རི་ཡ་དང་བབ་ལྷིང་བརྟན་པོས་སྐད་ཅ་བཤད་ཐབས་བྱེད་ཀྱི་ཡོད། ཀོ་རི་ཡ་དམར་པོ་བཞིན་བྱུང་རྒྱལ་ང་གསོན་ཁྱོད་ཤི་གང་དྲན་གྱིས་སྡིགས་ར་ཉེན་བརྡ་གཏོང་གནང་གི་མིན་འདུག ལར་ནས་ཆབ་སྲིད་ནི། རང་རྒྱལ་གཞན་ཕམ་གྱི་སྐད་ཆ་མ་རེད། གཙོ་བོ་ཆབ་འབངས་ཀྱི་བདེ་སྡུག་དང་སྲུང་སྐྱོབ་རེད་མ་གཏོགས་རྒྱ་དམར་ནང་བཞིན་དཔལ་འབྱོར་གྱིས་ཁ་བསླུ་བཏང་། དེས་མ་ཐུབ་དུས་དྲག་དམག་བཙན་ཡོད་བཤད་ནས་རང་གཞན་གཉིས་ཕུང་བྱེད་མཁན་དེ་སྲིད་དོན་དངོས་གནས་མ་ཤེས་པའི་རྟགས་རེད། ང་ཚོའི་ལྟ་ཚུལ་ཁ་ཕྱོགས་ནི། མི་མང་གི་ཐོབ་ཐང་དང་རང་དབང་སྒང་ལ་ཐུག་དུས། དཔལ་འབྱོར་དང་དམག་དོན་གལ་ཆུང་དང་། མི་མང་གཙོ་གལ་དུ་བཞག་དགོས། ད་ལྟའི་རྒྱའི་ལྟ་ཚུལ་དང་ཀོ་རི་ཡ་དམར་པོ་ཟུང་གི་ལྟ་ཚུལ་འདྲ་པོ་ཡོད། མི་མང་ལྟོ་རིད་ཐེབས་རུང་སྣང་བ་མེད་པར་དྲག་སྤྱོད་མེ་མདེལ་བཟོ་སྐྲུན་ཐོག་རྒྱལ་ཁབ་ནུས་ཤུགས་ཡོངས་རྫོགས་བཏང་ནས་རང་གིས་རང་ལ་གནོད་གཞི་ཅི་ཕྱིར་བྱེད་ཀྱི་ཡོད་དམ།
ཆབ་སྲིད་ཀྱི་འཐབ་རྩོད་ནི། མི་རིགས་དང་རྒྱ་ཁབ་ཆེད་རང་སྲོག་ཚུན་ཆད་གཏོང་དགོས་པའི་གནས་སྟངས་ཀྱང་ཡོད་པ། བོད་ནང་ཞུགས་ལྕེབས་གནང་བ་བཞིན་ནོ།།
སྐུ་མཁྱེན་ཚེ་རིང་བསམ་འགྲུབ་ལགས། ཐོག་མར་མི་ཚང་མ་ལ་མངོན་ཤེས་ཡོད་རྒྱུ་མ་རེད། དེ་འདྲ་ཡིན་ན་ཕ་རན་སེ་ལ་བཞུགས་ཡོད་པའི་དགའ་ལྡན་ཁྲི་ཟུར་མཆོག དགའ་ལྡན་ཁྲི་པ་ཡིན་བཞིན་ཏུ་དོལ་རྒྱལ་ཚོགས་པར་ཕྱིན་པ་རེད། དེའི་དགེ་ལུགས་པ་ཡོངས་ཀྱི་ཚབ་མཚོན་ཐུབ་བམ། མངོན་ཤེས་དང་ལྡན་པ་ཡིན་ན་ཁོང་རྒྱུ་མཚན་གང་གི་ཕྱིར་དགའ་ལྡན་ཁྲི་ལ་བཞག་པ་ཡིན་ནམ།
གྲོགས་པོ་ཚོ
གྲོས་ཚོགས་ནང་གཏམ་བཤད་གང་བྱས་པ་དེ་གང་ཟག་སྒེར་གྱིས་ཡིན་དོན་མེད་། རྒྱུ་མཚན་ནི་སྤྱི་འཐུས་སམ་སྤྱི་འཐུས་མང་མོས་ཐོག་བཀའ་བློན་ཐོབ་པ་ཞིག་ལས་གཞན་པར་ཐོབ་ཐང་མེད་། དེས་ན་ཁུངས་གང་ནས་ཡིན་ན་དེས་འགན་འཁུར་ལོ་དགོས། ད་ཟོད་ཀརྨ་ཆོས་འཕེལ་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་འགལ་གྱི་གཏམ་འདི་དང་། དེ་སྔོན་གྲོས་ཚོགས་ནང་འཆར་གཏམ་དེ་ཚོ་དང་ནང་དོན་མི་འདྲ་། རྣམ་པ་ཚོ་འབྲི་འདོད་ཡོད་པ་ཙམ་གྱིས་མི་ཕན། ནང་དོན་ཤེས་པ་དགོས།
ཀརྨ་ཆོས་འཕེལ་ནི། ཤེས་ཡོན་དང་གསུང་སྐད་ཡག་པོ་ཡོང་རེད། འོན་ཏེ་བློ་ཕམ་པ་ཞིག་ལ་ཁོང་ནི་ལྟ་སྤྱོད་ནི་རྒྱལ་ཁབ་ཁྲིམས་འགལ་་དང་། བོད་གཞུང་སྲིད་ཇུས་ལ་འགལ་ཟླ་དངོས་ཤུག་རྒྱུད་གསུམ་ནས་བྱས་དང་བྱེད་མཁན་ཡིན་པ་ནི་ད་ལན་གསར་པ་མ་རེད། སྔོན་མ་འབུན་ཏར་ནད་ཏྲི་ཧོར་བཀའ་འགྱུར་སྤྲུལ་སྐུས་སློབ་གྲ་དེ་བོད་གཞུང་ནས་བདག་གཉེར་གནང་སྐབས་དེ་དུས་སློབ་སྤྱི་མིང་ཐོག་ནས་ཅ་ལག་ཅོག་རྩེ་ཡུན་ཆོད་ཚང་མ་འཁྱེར་ཡོང་ནས་རྗེས་སློབ་སྤྱི་གསར་ཡོང་དུས་གསར་དུ་གཞུང་གིས་ཉི་དགོས་བྱུང་བས་ཐབས་སྐྱོ་བོ་ཕྱག་ལས་འདི་འདྲ་གནང་མཁན་ཤིག་ཡིན། ལོ་ཤས་སྔོན་ནས་ཡང་སྤྱི་མཐུས་ནང་ཕན་ཚུན་རྩིས་ཕྲ་སྐོར་ཡ་དཀྲུགས་མར་དཀྲུགས་བྱེད་མཁན་ཤིག་ཡིན། དང་པོ་ཁོ་རང་དབུས་གཙང་ཡིན་ཟེར་ནས་དབུད་གཙང་སྤྱི་འཐུས་ལང་ནས་རྗེས་དབུས་གཙང་ལས་ཕུད་། ཡང་མདོ་སྟོད་ཡིན་ལབ་ནས་ལོ་འགའ་མདོ་སྟོད་སྤྱི་འཐུས་ལང་པརེང། རྗེས་མདོ་སྟོད་ནས་བུད། ཐ་མ་བཀའ་བརྒྱུད་པ་ཚང་མས་སྤྱི་འཐུས་འོས་ཡིན་མིན་མ་ཤེས་ཀྱང་ཀམ་ཚང་བཀའ་བརྒྱུད་ཀྱི་ལྟ་བ་ཕྱིེར་འདིན་བཟོ་མཁན་ཞིག་ཡིན། བཀའ་བརྒྱུད་པ་ནང་ལ་མཁན་པོ་དགེ་བཤེས་གང་མི་ཚད་ཡག་པོ་བཞུགས་ཡོད་ཀྱང་། སྤྱི་འཐུས་ལ་འོས་མ་འཕེན་པར་། ར་བཟི་། ཕུང་དཀྲུགས་ཅན་མི་འདི་འདྲ་ཞིག་གང་བྱས་ནས་འོས་་བླུག་པ་རེད། དྲི་བ་ཆེན་པོ་ཞིག་རེད། འདི་རྒྱབ་ལ་ཡང་ན་ཤི་གསོན་གང་རུང་བཀའ་ཟུར་ཆེ་གེ་མོ་ཁ་ཆེམས་དང་། ཡང་ན་chayakpure chines MBC དངུལ་ཤུག་དམར་པོ་ཡོད་མི་སྲིད་པ་མ་རེད། བྱས་ཙང་ཁོ་རང་བཀའ་བརྒྱུད་པའི་སྤྱི་འཐུས་ངོ་བོ་ཡིན་རུང་མིན་རུང་། དོན་དག་གཞུང་གི་ལས་སྣེ་ཞིག་ཡིན་གཤིས་གཞུང་གིས་ལང་ཕྱོགས་ལ་འགལ་བ་བཟོས་པ་རེད། གལ་ཏེ་རང་བཙན་སྐད་ཆ་བཤད་དགོས་སྤྱི་འཐུས་དགོངས་པ་ཞུས་ནས་སྒེར་གྱི་ཚོགས་པ་གསར་བཙུག་བྱས་ནས་གནས་དོན་འདི་བཤད་ན་ཁ་ོམི་ཕོ་རབ་ཡིན། དཔེར་ན་ལྷག་བཟང་ཚེ་རིང་དང་། བསྟན་འཛིན་བརྩོན་གྲུས་སོགས་ལྟ་བུ་འགྲིག་ཡོད། ད་ལྟ་འདི་བཙན་བྱོང་ས྄ྲིག་འཛུག་གཞུང་གི་རྩ་ཁྲིམས་ལང་ཕྱོགས་སམ་། ལྟ་བ་ལ་འགལ་ཟླ་ནཟིས་པ་དེ་ནི་བཉལོ་ཕམ་གྱི་གནས་ཚུལ་མ་ཡིན་ནམ།
ཏི་སི་ལགས།
མ་ཤེས་ཤེས་མདོག་མ་བྱེད་། ཀརྨ་ཆོས་འཕེལ་མདོ་སྟོད་སྤྱི་འཐུས་བྱས་པ་མེད་།
སྐད་ཆ་མང་པོ་ཡོད་མ་རེད་ཀརྨ་ཆོས་འཕེལ་ཁོང་རང་གཞུང་གིས་ལམ་ལ་མ་འགྲོ་བ་ཕྱིར་ལ་ཐོན་ཚར་བ་རེད་།་དེ་ཡག་པོ་ཁོ་རང་གིས་བསམ་ཚུལ་རེད་ཁོ་རང་གིས་ལྟ་བ་རེད་། ཁོ་རང་རང་བཙན་བརྩོད་པ་ཡིན་ན་གཞོན་ནུ་ནང་རྒྱུག་་་སྤྱི་མཐུས་ལ་ཡོང་དགོས་དོན་ཡོད་མ་རེད་་་བཀའ་རྒྱུད་སྤྱི་མཐུས་གསར་པ་ཞིག་སྐོས་བཞག་གནང་དགོས་པ་རེད་། རང་གཞུང་གིས་ལམ་ལ་འགྲོ་མཁན་ཞིང་དང་སྤྱི་མཐུས་གཞན་དང་བསམ་བློ་གཅིག་མཐུན་ཞིག་སྐོས་ན་ཡག་པོ་རེད་། སྤྱིར་གཏང་བཀའ་རྒྱུད་སྤྱི་མཐུས་ཀརྨ་ཆོས་འཕེལ་འདི་སུ་ཏུས་རིན་པོ་ཆེའི་དགོང་པ་དང་ཅིག་མཐུན་ཡོད་པ་ཞིང་ལས་བཀའ་རྒྱུད་སྤྱིར་ལ་སེམས་ཁུལ་དེ་འདྲ་མེད་པ་ཞིག་རེད་།
ངས་མ་ཤེས་ཤེས་མདོག་བྱས་ནས་ནོར་འདུག་ན་དགོངས་སེལ་ཞུ། ཀརྨ་ཆོས་འཕེལ་གང་འདྲ་ཡིན་ནམ་ཁྱེད་ལ་གསུང་རྒྱུ་ཡོད་ན་གསུངས་གནང་རོག།
མདོ་སྟོད་རྒྱུན་ལས་ནས་ཕྱིར་འབུད་བྱས་པ་རེད་།
གཞུང་དོན་ལྷག་བསམ་རྣམ་དག་གིས་སྐད་ཆ་བཤད་དུས་ངེས་པར་དུ་རང་མིང་བཏོན་ནས་རང་ཉིད་གང་འཚམས་བློས་གཏོང་ཐུབ་དགོས་པ་དེ་གལ་ཆེན་རེད། རྒྱ་མིའི་སྒོར་ཟུར་ལྔ་པ་དང་ཆེད་མངགས་དཀྲུགས་ཤིང་པ་ཕུད། སྤྱི་དོན་གླེང་མཁན་ཚོས་མིང་གསལ་འདོན་གནང་རྒྱུ་ནི་དགོས་ངེས་ཅན་ཞིག་རེད་འདོད།
གནད་དོན་འདི་འབྲེལ་གྱི་བསྒྲགས་གཏམ་སྔ་མོ་ནས་སྤེལ་ཟིན། ད་དུང་ཁ་གསལ་བོ་དང་ཚིག་ཐག་ཆོད་པོས་ཞུ་དགོས་པ་ཞིག་ནི་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་སི་ཏུ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཀྱང་དོན་གནད་འདི་འདྲར་ངེས་པར་དུ་དགོངས་བཞེས་ཤིག་གནང་དགོས་ཀྱི་མེད་འགྲོ་བསམས།།
མདོ་སྟོད་གད་གཞོང་ནས་དབུས་གཙང་ཆོལ་ཁས་ཡར་འདེམ་སྒྲུག་བྱས་པ་རེད་།
སྤྱིའི་ཆ་སྤྱི་འཐུས་༤༣་གྱི་ནང་དུ་སྒེར་གྱི་ལྟ་གྲུབ་རང་བཙན་ཡིན་པ་དང་དབུ་མའི་ལམ་ཡིན་པ། གཉིས་ཀ་ལ་རྒྱབ་སྐྱོར་བྱེད་མཁན་བཅས་ཁག་གསུམ་ཡོད་རེད།
༡་་་་རང་བཙན་གྱི་ལྟ་གྲུབ་ཡོད་མཁན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་༩། དབུས་གཙང་གི་སྤྱི་འཐུས་༢། བོན་པོའི་སྤྱི་འཐུས་༡། དགེ་ལུགས་ཀྱི་སྤྱི་འཐུས་༡། བཀའ་རྒྱུད་པའི་སྤྱི་འཐུས་༢། སྡོམ་སྤྱི་འཐུས་༡༥་གྱི་ལྟ་བ་རང་བཙན་ཡིན་པར་གསལ་པོ་རེད་འདོད།
༢་་་་དབུས་གཙང་སྤྱི་འཐུས་༨། མདོ་སྨད་སྤྱི་འཐུས་༩། མདོ་སྟོད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། རྙིང་མའི་སྤྱི་འཐུས་རྒྱ་རི་བུ་ཕྲུག སྡོམ་སྤྱི་འཐུས་༡༩་ཡི་ལྟ་བ་དབུ་མའི་ལམ་རེད་འདོད།
༣་་་་་རང་བཙན་དང་དབུ་མ་གཉིས་ཀ་ལ་རྒྱབ་སྐྱོར་བྱེད་མཁན་ཡུང་རོབ་སྤྱི་འཐུས་དགེ་དབང་ཆེན་ལགས།
༤་་་་རང་བཙན་དང་དབུ་མའི་ལམ། གཉིས་ཀ་ལ་རྒྱབ་སྐྱོར་ཡོད་མཁན་བཅས་སྡོམ་༣༤་དང་། ༤༢་ནས་༣༤་མར་འཐེན་ན་༩་ལྷག སྤྱི་འཐུས་༩་ཡི་ལྟ་གྲུབ་ཁ་གསལ་མེད།
༥་་་་དཔེར་ན། མདོ་སྟོད་ཀྱི་སྤྱི་འཐུས་རྣམས་ལ་ཆ་བཞག་ན་སྤྱི་འཐུས་དགུ་ཡི་ལྟ་གྲུབ་རང་བཙན་ཡིན་པར་མདོ་སྟོད་མི་དམངས་ཀྱིས་ཤེས་ཀྱི་ཡོད་ལ་ཤེས་པའི་ཐོག་ནས་འོས་བླུགས་པ་ཡིན། དེ་ཡང་རང་བཙན་གྱི་ལྟ་གྲུབ་བཟང་པོ་ཞིག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་འོས་སྤྲད་པ་ཡིན། གཡུ་སྒྲོན་ལགས་ཀྱི་ལྟ་གྲུབ་དབུ་མའི་ལམ་ཡིན་པར་ཤེས་ནས་འོས་མི་ཐོབ་ཆེད་ཐབས་ཤེས་ཡོད་ཚོད་ཤོད་ཀྱང་མོ་རང་འོས་ཐོབ་སོང་བ་རེད།
༦་་་་ཀརྨ་ཆོས་འཕེལ་ལགས་ཀྱི་ལྟ་གྲུབ་རང་བཙན་ཡིན་པར་སྤྱི་ཚོགས་ནང་དུ་ཡོངས་གྲགས་རེད། བཀའ་རྒྱུད་པའི་གྲྭ་བ་ཚོས་མཁྱེན་པའི་ཐོག་ནས་འོས་སྤྲད་པ་རེད་འདོད། མ་ཟད་དགེ་ལུགས་པས་ཀྱང་ཀརྨ་ཆོས་འཕེལ་ལ་འོས་ཤུགས་ཆེ་སྤྲད་པ་རེད། ཅིའི་ཕྱིར། ཆོས་རྒྱུད་ཆེན་པོ་གཉིས་ཀྱིས་ཀརྨ་ཆོས་འཕེལ་ལགས་སུ་རྒྱབ་སྐྱོར་བྱས་པ་རེད་དམ། དྲི་བ་ཆེན་པོ་ཞིག་རེད།
༧་་་་ཅིའི་ཕྱིར་དུ་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་དང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གཉིས་ལྐོག་ཟ་རུས་སུངས་ཡིན་པར་ཤེས་བཞིན་དུ་སྤྱི་འཐུས་ནས་དགོངས་ཞུ་མི་དགོས་རེད་དམ། དྲི་བ་ཆེན་པོ་གཉིས་པ་རེད། སྒྲོལ་དཀར་ལྷ་མོ་ལགས་སྤྱི་འཐུས་ནས་དགོངས་ཞུ་གཏོང་ན་ཀླུ་མཁར་བྱམས་སྤྱི་འཐུས་ཀྱི་ནང་དུ་ཡར་སླེབས་ཡོང་གི་རེད། རང་བཙན་པ་གཅིག་མང་དུ་འགྲོ་གི་རེད་ལ་དབུ་མ་པ་གཅིག་ཉུང་དུ་འགྲོ་གི་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ལགས་ཀྱིས་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་པའི་གྲོས་འཆར་འཁུར་ནས་ཤོག་གསུངས་ཀྱི་འདུག་ག་་་་་ཧཧཧཧཧཧཧ ལྷད་ལྟད་ཡིན་ད
རྫ་ཚེ་རིང་བཀྲ་ཤིས་ཀྱིས། ཀརྨ་ཆོས་འཕེལ་གྱི་གཏམ་བཤད་དེ་བཀའ་རྒྱུད་པའི་འགན་ཁུར་དགོས་ཟེར། །
འདི་ན་དྲྭ་འབུ་བསམ་འགྲུབ་ཟེར་བས་རང་སྣང་གང་ཤར་ཞིག་བྲིས་འདུག་པར་གུང་ཁྲན་ཏང་གི་རྒྱུག་ཁྱི་ཤར་ཁུག་སོགས་ཀྱིས་སྨྱོ་
གཏམ་མང་པོས་སྒྲོ་བཏགས་པ་ལ་ནི་ཅོ་རི་ཉི་མའི་གསལ་བཤད་ཀྱིས་འཐུས་འདུག་པས་བསྐྱར་བཤད་གང་ཡང་མེད། དངོས་
མིང་ཡོད་པའི་རྫ་ཚེ་རིང་བཀྲ་ཤིས་ཀྱིས་རིག་ལམ་གྱི་འགྲོས་འདྲ་བོ་སྤུག་གུའི་གོག་འགྲོས་ལྟ་བུ་ཞིག་གིས་བཀའ་བརྒྱུད་པ་ལ་
འགན་ཡོད་ཚུལ་བཤད་འདུག་པས་དེ་ལ་དྲི་བ་ཞིག་གཏོང་འདོད་བྱུང་། ཆོལ་ཁ་དང་ཆོས་རྒྱུད་གང་གི་སྤྱི་འཐུས་ཞིག་གིས་ནོར་
འཁྲུལ་ཤོར་ན་ནོར་འཁྲུལ་དེ་ཆོལ་ཁ་དང་ཆོས་རྒྱུད་དེའི་བྱས་པ་རེད་ཅེས་ཁྱེད་ཀྱིས་ཁས་ལེན་ནུས་སམ། གལ་སྲིད་ཁས་ལེན་ནུས་
ན། ཟླ་ཚེའི་ཡོངས་གླིང་སློབ་གྲྭ་ཟོས་པ་དང་། སྒྲོལ་དཀར་ལྷ་མོས་བུ་མེད་ཚོགས་པའི་གཞུང་དངུལ་འབུམ་གཉིས་བརྐུས་པ་དེ་ཚོ་
ཡང་དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་ཀྱིས་བྱས་པ་རེད་ཅེས་བཤད་དགོས་པ་མ་ཡིན་ནམ། ཁྱེད་རང་གིས་ཐུགས་
བསམ་ཡག་པོ་ཐོངས་ལ་ལན་ཞིག་གནོང་རོགས་ཞུ། ལར་ནས་བོད་སྤྱི་ལ་ཕན་པའི་བསམ་བློ་འདྲ་ཡོད་ན་ཆོལ་ཁ་དང་ཆོས་རྒྱུད་
ལ་ཟུར་ཟ་དང་དཀྲུག་ཤིང་མ་བྱས་ན་ཡག་གི་རེད་མ་གཏོགས་རང་གཞན་གཉིས་ཀ་ལ་ཕན་པ་གང་ཡང་མི་འོང་ངེས་ཅན་རེད་རྫ་
ཚེ་ལགས།
ཤར་ཁུག་ལགས་དང་ཐོག་ཁྱོད་ཀྱི་བཙན་བྱོལ་གྲོས་ཚོགས་ནང་རང་བཙན་ལྟ་གྲུབ་ཅན་གྱི་འཐུས་མི་ཡོང་མི་ཆོག་ཟེར་བ་དེ་བཅའ་ཁྲིམས་ནང་གསལ་བ་ཞིག་ཡིན་ནམ། དབུ་མ་པའི་ཡིད་ཆེས་གནང་ཡུལ་ལྷ་བླའི་ལུང་བསྟན་ཡིན་གསལ་ཁ་གཏོད་དགོས།
གཉིས་པ་ཀརྨ་མ་ཆོས་འཕེལ་ལགས་ནས་ཁ་གསལ་གཏིང་གསལ་གྱིས་གྲོས་ཚོགས་ར་བའི་ནང་ཁོ་རང་སྒེར་གྱི་བསམ་ཚུལ་ཡིན་པ་ར་སྤྲོད་བྱས་ཡོད་ཀྱང་། ཁྱོད་དང་ཁྱོད་འདྲ་བ་ཁ་ཤས་ནས་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་ཚབ་མཚོན་མིན་དང་། ༧རྒྱལ་དབང་ཀརྨ་པ་མཆོག་དང་། སི་ཏུ་རིན་པོ་ཆེ་རྣམ་གཉིས་ནས་དགོངས་བཞེས་དགོས་རབ་ཟེར་བ་ནི་ཁྱོད་ཀྱི་རྒྱབ་ལྗོངས་དང་དམིགས་འབེན་གསལ་པོ་ཆགས་ཡོད མ་ཚད་ཁྱོད་ཀྱི་གཞིས་ལུས་བོད་མི་རྣམས་ནས་རང་སྲོག་བློས་བཏང་ནས་རྒྱ་དམར་དར་ཆ་མར་ཕབ་ནས་བོད་རང་བཙན་ཡིན། བོད་ལ་རང་དབང་དགོས་ཟེར་ནས་རང་རིགས་བཅུ་ཕྲག་དགུ་ལྷག་སྐུ་སྲོག་ཤོར་ཟིན་པ་དང་། བརྒྱ་ཕྲག་མང་པོ་བཙོན་འཇུག་དང་མནར་གཅོད་མྱོང་བཞིན་པའི་རྗེས་དྲན་དུ། ཁ་སྔོན་ཁྱོད་ཀྱི་རང་དབང་ལུང་པའི་ནང་ནས་ཁྲག་དར་ལག་ཏུ་འཕྱར་བ་དེས་ཀྱང་རང་རྟགས་གསལ་པོ་བསྟན་འདུག་པས་ཁྱོད་ཀྱི་བཤད་ཚད་དང་བྱས་ཚད་དགྲ་དགའ་གཉེན་སྡུག་ཁོ་ན་ལས་གཞན་གང་ཡང་མེད། ད་དུང་དབུ་མའི་མིང་ཁུར་ནས་༧གོང་ས་མཆོག་གི་མཚན་ཐོང་ལ་གནོད་པའི་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་པའི་ནང་ནས་ད་རི་ཁྱོད་ཀྱི་བཀའ་བརྒྱུད་པའི་ཆོས་བརྒྱུད་དང་ལམ་དབུ་མའི་བར་ལ་རྙོག་གླེང་བཟོ་འདོད་ཀྱི་སེམས་ངན་བཅང་བཞིན་པའང་རྒྱབ་ལྗོངས་ཁྱོད་རང་གི་ལབ་པ་རྒྱ་མིའི་སྒོར་ཟུར་ལྔ་པ་ལས་མ་འདས་སོ།
སྤྱི་འཐུས་ཁོ་རང་སྒེར་གྱི་བསམ་ཚུལ་ཡིན་ན། དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱེད་ཀྱི་ཡིན་ཟེར་བ་ནོར་འཁྲུལ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་ནི་ཁོ་རང་སྒེར་ངོས་ནས་མིན་པར་བཀའ་བརྒྱུད་མི་དམངས་ཀྱི་ཚབ་མཚོན་ངང་བྱས་པ་ཞིག་ཡིན་པ་དང་། དེ་ཕྱིར་འཐེན་བྱེད་དབང་ཁོང་མི་སྒེར་པ་ཞིག་ལ་ནམ་ཡང་མེད།
བོད་རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་དུང་ལྟར་དཀར་བའི་དྲང་བདེན་དང་ལ་རྒྱ་ཅན་གྱི་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་གིས་སྒེར་གྱི་གསལ་བཤད་ཤིག་ཕུལ་ཡོད་འདུག ད་རིང་གི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་སུ་གསལ་བཤད་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་གསུམ་གསུངས་གནང་འདུག
ལ་རྒྱའི་ཀརྨ་ཆོས་འཕེལ་མཆོག་གི་གསལ་བཤད་ཀྱི་གནད་དོན་གཙོ་བོ་འདི་ལྟར་གསུངས་འདུག ད་ཆ་གནས་སྟངས་མི་འདྲ་བའི་འོག་དམངས་གཙོའི་ལས་འགན་དང་ཐོབ་ཐང་གཞིར་བཟུང་རང་གི་ཐོག་མ་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་ཞུ་རྒྱུ། ཞེས་གསུངས་འདུག
ཀརྨ་ཆོས་འཕེལ་ལགས་ཀྱི་གསལ་བཤད་དགོས་པའི་རྒྱུ་མཚན་ཆེན་པོ་གསུམ།
༡༽འདས་པའི་ལོ་ངོ་༦༤ རིང་རྒྱ་ནག་གཞུང་ནས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕར་ཞོག གདུག་རྩུབ་སོགས་ཀླ་ཀློའི་བྱ་སྤྱོད་ཇེ་ཞེན་ཇེ་སྡུག་ཏུ་བཏང་ནས་ད་ཆ་བོད་མི་ཚོས་རྒྱ་ནག་གཞུང་ལ་རེ་བ་བརྒྱག་ཡུལ་རྩ་བ་ནས་མེད་པར་གྱུར་ཟིན་པ།
༢༽གོང་གསལ་རྒྱུ་མཚན་ལ་བརྟེན་བོད་ནང་གཞིས་བཞུགས་སྤུན་ཟླ་རྣམས་ནས་རང་ལུས་མེར་བསྲེགས་གཙོས་ཞི་བའི་ཐབས་ལམ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་དམག་གཞུང་འོག་སྡོད་འདོད་མེད་པར་བོད་ལ་རང་དབང་རང་བཙན་དགོས་པའི་མངོན་འདོད་གསལ་པོར་སྟོན་བཞིན་པ་ར་བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་རྒྱུ།
༣༽ཕྱི་ལོ་འདི་བཞིན་སྔོན་༡༩༡༣་ལོར་༧གོང་ས་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་བོད་རང་བཙན་གཙང་མའི་གནས་བབ་བསྐྱར་བསྣོན་གསལ་བསྒྲགས་མཛད་དེ་མི་ལོ་༡༠༠་འཁོར་བའི་རྩ་ཆེའི་དུས་ཚིག་ལ་གུས་བརྩི་དང་།བཀྲིན་རྗེ་དྲན་ཞུ་རྒྱུ་བཅས་ཡིན།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སྒེར་གྱི་གསལ་བཤད་དེ་ལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ལགས་ཀྱིས་སྡང་སེམས་ཀྱིས་ཐོག་ནས་སྟངས་འཛིན་བྱས་སོང་། ཚོགས་གཙོ་སྤེན་པ་ལགས་ཀྱིས་ཀརྨ་ཆོས་འཕེལ་ལགས་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རང་དབང་རང་བཙན་གཙང་མ་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ལས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ད་བར་གྲོས་ཚོགས་ནང་རྒྱབ་སྐྱོར་ཞུས་པ་དང་དེ་དག་དེ་རིང་ནས་ཕྱིར་འཐེན་ཡིན་ན་དེ་དོན་གྲོས་ཚོགས་ནས་ངོས་འཛིན་གསལ་པོ་གནང་རོགས་ཞུ་རྒྱུ་ཞེས་པ་ལ་ཐག་ཆོད་པོ་ཐོག་ནས་ངོས་ལེན་རྩ་བ་ནས་གནང་གྱི་མིན་གསུངས་སོང་།
ཚོགས་གཙོ་སྤེན་པ་ལགས་ཀྱིས་མུ་མཐུད་ནས་གསུངས་དོན། སྤྱི་འཐུས་ཀརྨ་ཆོས་འཕེལ་སྒེར་གྱི་གསལ་བཤད་བྱས་པའི་ཉེར་ལེན་ལ་བརྟེན་ནས། ད་ལྟ་མུ་མཐུད་ནས་སྤྱི་འཐུས་ཤིག་གི་ལས་གནས་ཡོད་པ་སོང་ཙང་། གཞུང་འབྲེལ་གྱི་ལས་དོན་ག་འདྲ་ཞིག་གི་ཐོག་ཏུ་ཡིན་པ་ཡིན་ནའང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱ་དགོས་པ་དང་མི་དམངས་ལའང་དབུ་མའི་ལམ་བཤད་དགོས་པ་ལས་ངས་རང་གི་ལངས་ཕྱོགས་གསལ་པོ་བཟོས་ཚར་ཟེར་ནས་གང་བྱུང་བཤད་ན་འགྲིག་གི་མ་རེད་ཅེས་གསུངས་འདུག ཏོག་ཙམ་མིན་ན་ཀརྨ་ཆོས་འཕེལ་ལགས་སྤྱི་འཐུས་ནས་ཕྱིར་འཐེན་བྱ་དགོས་པའི་ཟོལ་འདྲ་ཤོད་སོང་།
༡་་་་ང་ཅོ་རི་ངོས་ནས་བཤད་ན་སྐབས་རེ་བསམ་བློ་བཏང་དུས་ཀརྨ་ཆོས་འཕེལ་ལགས་ཀྱི་ཐོག་ཁོང་ཁྲོ་རེ་ལངས་ཀྱི་འདུག མངའ་རིའི་མི་དམངས་ཀྱིས་ཁྱེད་རང་གིོ་ལངས་ཕྱོགས་བོད་རང་བཙན་གཙང་མ་ཡིན་པར་ཤེས་པའི་ཐོག་ནས་ཁྱོད་ལ་འོས་སྤྲད་ནས་སྤྱི་འཐུས་ཀྱི་གོ་གནས་ཐོག་ཏུ་བསྐོས། ཁྱོད་ཀྱིས་སེམས་ནས་བསམས་པ་དང་ལག་པ་བརྐྱངས་ས་གཉིས་གཅིག་མཐུན་མ་བྱུང་། སེམས་ནས་རང་བཙན་གཙང་མར་བསམས་ལག་པ་དབུ་མའི་ལམ་ལ་བརྐྱངས། མི་དམངས་ཀྱི་མངོན་འདོད་བསྒྲུབ་སྟངས་འདི་འདྲའི་སྡུག་པ་ལ་བསམས་ནས་བློ་ཕམ་དང་ཞེ་སྡང་རེ་ཡང་ལངས་ཀྱི་འདུག
༣་་་སྤྱིའི་ཆ་ནས་བཀུར་འོས་ཀརྨ་ཆོས་འཕེལ་ལགས་བཀའ་དྲིན་ཆེ་བྱུང་ཞུ་རྒྱུ་ཡིན། ཅིའི་ཕྱིར་ཞེ་ན། ད་ནས་བཟུང་སེམས་ནས་བསམས་པ་དང་ལག་པ་བརྐྱང་ས་གཅིག་མཐུན་བྱས་པ་དགའ་པོ་བྱུང་། ཀརྨ་ཆོས་འཕེལ་ལགས་ཁྱེད་རང་དཔེ་མཚོན་ཙམ་རེད། ཁྱོད་དང་ཁྱོད་འདྲ་བའི་སྔོན་བྱུང་དབུ་མའི་ལམ་གཏན་འབེབས་བྱས་མཁན་ཀྱི་ནང་དུ་ཁ་སེམས་མ་མཐུན་པའི་སྤྱི་འཐུས་གང་མང་བསླེབས་མྱངས་ཡོད་པར་དངོས་ཡོད་རེད། མ་ཟད་སྤྱི་འཐུས་དེ་དག་གི་ཁུངས་སུ་ཡིག་རྨོངས་སྤྱི་འཐུས་བསླེབས་མྱངས་ཡོད་པ་རེད་ཟེར་ན་མིང་ཙམ་འབྲི་ཤེས་སྲིད་ཀྱང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀློག་མི་ཐུབ་པའི་སྤྱི་འཐུས་བསླེབས་མྱངས་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད།
༤་་་་ཡི་གེ་ཡག་པོ་མི་ཤེས་པའི་སྤྱི་འཐུས་དང་རྨོངས་དད་ཅན་གྱི་སྤྱི་འཐུས་སོགས་ཀྱིས་བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ལས་༧གོང་ས་མཆོག་གི་བཀའ་དགོངས་གལ་ཆེན་ཁོ་ན་ལ་བརྩིས་ནས་དབུ་མའི་ལམ་གཏན་འབེབས་བྱས་པ་རེད། བོད་ནང་གི་གཞིར་ལུས་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ཚོད་དཔག་བྱས་མ་ཐུབ་ནའང་བཙན་བྱོལ་མི་དམངས་ཀྱི་མངོན་འདོད་མཁྱེན་པར་ལས་སླ་པོ་རེད་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞིའི་ནང་དུ་བོད་རང་བཙན་གཙང་མ་ཡོད་རེད། བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་དུ་བོད་རང་བཙན་གཙང་མར་བཀོད་ཡོད་རེད། དེ་དང་དེ་བཞིན་དགུ་བཅུ་གསུམ་ཚོགས་པ་དང་བོད་རང་བཙན་སློབ་གྲོགས་ཚོགས་པ་བཅས་རེད། འདི་དག་ཐམས་ཅད་ཀྱི་བོད་རང་བཙན་གཙང་མ་ལ་འབད་བརྩོན་དང་འཐབ་རྩོད་བྱས་ཀྱི་ཡོད་རེད། བྱས་ཙང་དབུ་མའི་ལམ་གཏན་འབེབས་བྱས་པ་འདི་དམངས་གཙོ་ཡང་དག་པའི་ལམ་ནས་གཏན་འབེབས་བྱས་པ་ཞིག་མ་རེད་ཅེས་གསལ་བཤད་རང་བཞིན་གྱིས་བསླེབས་ཡོད་རེད་ལ་ཀརྨ་ཆོས་འཕེལ་ལགས་ཀྱི་གསལ་བཤད་འདིས་ཡང་གསལ་པོ་བཟོས་ཡོད།
བོད་མི་དམངས་ཀྱི་སྤྱི་མཐུན་གྲོས་ཚོགས་དེ་བཞིན་མང་གཙོ་ཡང་དག་པའི་སྒྲུམ་གཞིའི་ཐོག་ཡོད་ཙང་། སྤྱི་མཐུན་སྒེར་གྱི་བསམ་ཚུལ་ལོས་བཤད་ཆོག་།།
སྤྱི་ཚོགས་རྙིང་པའི་རིང་ལུགས་པ་ཚོས་ཀརྨ་ཆོས་འཕེལ་ལགས་སྤྱི་འཐུས་ནས་ཕྱིར་འཕུད་བྱེད་དགོས་པའི་བསམ་ཚུལ་ཤོད་ཀྱི་འདུག ཁྱོད་ཚོས་ཉོན་བྱོས། བོད་རང་བཙན་འདོད་པའི་སྤྱི་འཐུས་ཕྱིར་འབུད་བྱེད་དགོས་ན་བོད་རང་བཙན་འདོད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཚང་མ་ཕྱིར་འཕུད་བྱ་དགོས་སམ། དགོས་ན་རང་བཙན་འདོད་མཁན་ཚང་མ་ཕྱིར་འཕུད་བྱེད་ན་ཁྱོད་ཚོ་དབུ་མར་འདོད་མཁན་ག་ཚོད་ལྷག་གམ།་་་་ཧཧཧཧ བསམ་བློ་ཐོངས་ནས་ཤོད
རིགས་ལྡན་རྒྱལ་པོ་ལགས་ཀྱིས་ཁུག་རྟ་ལ་ལན་ཡག་པོ་བརྒྱབ་སོང་། དེ་ལྷག་དགོས་པ་མི་འདུག དགའ་པོ་བྱུང་།
ར་རྒྱུ་མཐོ་གང་ལ་བཤད་རྒྱུ་ལུང་གང་ཟེར་བ་དེ་ཅི་མ་བདེན། དྲང་མོར་བཤད་ན་སྐྱབས་བཅོལ་བོད་གཞུང་བོད་མིའི་སྒྲིག་འཛུག་ལ་གྱུར་བ་ནས་བཟུང་སྤང་ཐོ་རི་ལས་རིལ་ན་ཇེ་ཆུང་ཟེར་བ་ལྟར་ང་ཚོས་མྱི་རབས་ཐོག་མ་དག་གི་དམིགས་ཡུལ་བླག་ཚར་བ་རེད། ད་ལོ་འགའ་སོང་རྗེས་ད་ལྟ་འཚོ་བཞིན་པའི་མྱི་རབས་ཐོབ་མ་རྣམས་འགྲོ་ཆུག་དང་དེ་ནས་བོད་མིའི་སྒྲོག་འཛུགས་ཡང་མེད་པར་ཆགས་འགྲོ་གི་རེད་དོ། རྒད་པོ་ངས་མ་འོང་ལུངས་བསྟན་ཡིན།
གང་ལྟར་སྤྱི་འཐུས་ཁོང་གིས་རང་ངོས་ནས་སྤྱི་འཐུས་ནས་དགོངས་ཞུ་གནང་སྟེ་ང་ཚོའི་གཞོན་ནུ་ལྷན་ཚོགས་ནང་ལ་ཕྱག་ལས་གནང་ན་ཡག་ཤོས་རེད། བསམ་ཚུལ་ཙམ་ཡིན།
ཅོ་རི་ཉི་མ་ལགས། ཞིབ་འཇུགས་སྔོན་ལ་བྱས་དེ་ནས་བསམ་ཚུལ་ཡོད་ན་ཤོད། སྤྱི་འཐུས་རྐརྨ་ཆོས་འཕེལ་མངའ་རི་སྤྱི་འཐུས་མ་རེད་བཀའ་རྒྱུད་སྤྱི་འཐུས་ཁོ་རེ། བོད་རང་བཙན་ལ་དགའ་པོ་ཡོད་ཀྱང་སྤྱི་འཐུས་རྐརྨ་ཆོས་འཕེལ་ལ་དགའ་པོ་མེད། མེད་པའི་རྒྱུ་མཚན་ནི་འདི་དག་རེད།
༡་ ཆོལ་གའི་བར་ལ་སྙོག་འཛིང་བཟོ་མཁན་གྱི་རྒྱལ་བོ།
༢་ མདོ་སྟོད་ཆུ་བཞི་སྒང་དྲུག་ཚོགས་པ་གཉིས་བར་གྱི་སྙོག་འཛིང་གི་ལྟེ་པོ།
༣་ སློབ་སྤྱི་བྱེས་པའི་སྐབས་སུ་གཞུང་རྒྱུ་སྒེར་བདག་བྱེད་མཁན་གྱི་ཕ་རྒན།
༤་ མངའ་རི་དབུས་གཙང་གྱི་ཁུངས་མཏོགས་མ་རེད་ཟེར་མཁན་དང་པོ།
༥་ དབུས་གཙང་ཆོལ་ག་དང་བཀའ་རྒྱུད་བར་ལ་འགལ་བ་བཟོ་མཁན་དང་པོ།
༦་ ཚོགས་གཙོ་བྱེད་པའི་སྐབས་ར་བཟི་ནས་འཇར་མན་གྱི་གནམ་ཐང་ནས་བདེ་འཇེགས་མི་སྣའི་འཇུ་བཟུང་བྱེད་ནས་ཕྱིར་རྒྱ་གར་ལོག་པའི་ཚོགས་གཙོ་དང་པོ།
༧་ ལོ་ཤས་སྔོན་ལ་རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་ཚོགས་པ་འགའི་མཉམ་འབྲེལ་ཐོག་ལས་འགལ་སྤེལ་པའི་སྐབས་སུ་བོད་མི་དམངས་སྤྱི་འཐུས་ཀྱི་སྐུ་ཚབ་སུ་རྐརྨ་ཆོས་འཕེལ་བཏང་པའི་སྐབས་སུ་རྒྱལ་ས་ལྡི་ལི་ནས་ཆང་འཐུང་ནས་དུས་ཐོག་དུ་མ་འབྱོར་བའི་ད་དུང་ར་བཟི་ནས་གཏམ་བཤད་མཁན་དང་པོ།
༨་ ག་དུས་ཡིན་ན་རང་བཙན་ཁ་ལ་འཁྱེར་ནས་བོད་མི་ནང་ཁུལ་ལ་འགལ་བ་བཟོ་མཁན་གྱི་མི་རབས་དང་པོ།
༩་ ༧་ གོང་ས་མཆོག་ནས་ཆབ་སྲིད་གྱི་སྐུ་དབང་མི་དམངས་ཀྱི་འདབས་པའི་དབུ་ཁྲིད་ལ་ཕུལ་པའི་ཅང་མ་འགོར་བར་ལམ་དབུ་མ་ད་ནས་བཟུང་བརྩི་མེད་ཡིན་ཟེར་མཁན་གྱི་སྤྱི་འཐུས་དང་པོ།
ད་དུང་མང་པོ་ཡོད་གྱང་དུས་ཚོད་གྱི་དབང་གི་མཚམས་འདི་ནས་འཇོག། ཞོར་ལ་བཤད་འདོད་པ་ཞིག་ནི་སྤྱི་འཐུས་རྐརྨ་ཆོས་འཕེལ་གྱི་བོད་རང་བཙན་རྩོད་ན་དེས་ཐད་དགག་པ་གང་ཡང་མེད། འོན་ཀྱང་་་་་་་་་་
ཀརྨ་ཆོས་འཕེལ་ནི། སྤྱི་འཐུས་ནང་ནས་ཉུ་ཤུ་དགུའི་ངར་གླུད་ཞི་ཅི་ཕིང་ཁ་ལ་རྒྱོབས། དགུང་དྲོ་ཆུ་ཚོད་བཞི་པ་ཙམ་ནས་གངས་སྐྱིད་གསོལ་ཐབ་རྒྱ་ལམ་ན་ར་བཟི་ནས་འདྲིལ་བསྡད་མཁན་དེ་སྤྱི་འཐུས་དེ་བཀའ་བརྒྱུད་པའི་མི་ཟད་བསྡད་མཁན་ཡིན་པ་འདྲ། ལར་ནས་ཀརྨ་པས་དེ་ཡང་དག་སྣང་། སུ་ཏུ་རིན་པོ་ཆེ་གཟིམས་ལམ། འཇུ་ཆེན་འདས་པོ་ཞལ་ཆེམས། ཨོ་རྒྱན་སྟོབས་རྒྱལ་དངུལ་ཤུགས། བཇའ་བརྒྱུད་པའི་གྲ་བས་དཔུང་ཤུག་ལས་གྲུབ་པའི་མི་ར་བཟི་དེ་ཡིན་།
གང་ལྟར་ཡང་སྙིང་ཀརྨ་ཆོས་འཕེལ་ལགས་ནི་བཙན་བྱོལ་གྲོས་ཚོགས་ནང་ནས་དེང་དུས་ཀྱི་སློབ་སྦྱོང་ཚད་ལོན་པ་དང་། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་ལས་རྨོངས་དད་དང་གཞན་དབང་སྟབས་བསྟུན་མ་ཡིན་པར་དགོས་པ་ཡོད་ན་བཤད་ཕོད་པ་དང་བྱེད་ཕོད་པ། རྙིང་ཞེན་བག་ཁུམ་གྱི་བློ་མེད་ཅིང་གསར་གཏོད་པའི་བློ་གྲོས་ལྡན་པ་སོགས་གང་སྤྱིར་གྲོས་ཚོགས་ར་བའི་ནང་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་དེ་ཆགས་སྡད་ཡོད་ཙང་ཕྲག་དོག་དང་འདྲན་སེམས་ཁོ་ནས་དབང་དུ་ཕྱིན་པའི་གང་ཟག་དག་གིས་ཕག་ཏུ་སྐྱོན་མེད་སྐྱོན་འཛུག་བྱེད་པ་ལས། གདོང་དང་གདོང་ཐུག་ནས་ཀརྨ་ཆོས་འཕེལ་ལ་སྐད་ཆ་བཤད་ཕོད་མཁན་ཨེ་ཡོད། གོང་གི་མཆན་ཁ་ཤས་ནང་ལྟར་སྨད་པ་ཡིན་བསམ་ཡོད་རུང་བསྟོད་པ་རེད་འདུག་གཟིགས་དང་ཀརྨ་ཆོས་འཕེལ་ལགས་དེ་འདྲའི་ནུས་པ་ཅན་གྱི་སྤྱི་འཐུས་ཤིག་ཡིན་པ་ངོ་སྤྲོད་བྱས་འདུག ཕལ་ཆེར་ཆུ་གཞི་སྒང་དྲུག མངའ་རིས དབུས་བཙང་། བཀའ་བརྒྱུད་ཚང་མ་ཁོང་གི་དབང་སྒྱུར་ཡོད་ཚོད་འདུག དེས་ན་ད་ནི་བཟུང་ཁོང་ལ་གཞིས་བྱེས་མི་མང་གི་མངོན་འདོད་ངོ་མ་དང་ཡོངས་སུ་མཐུན་པའི་སྤྱི་འཐུས་ཤིག་ལ་ངོས་ལེན་མི་ཞུ་ཐབས་མེད་ཆགས་མིན་འདུག་གམ།
ཏི་སེ ཁྱེད་བདེན་པ་འདུག དངོས་གནས་རེད།
ཀརྨ་ཆོས་འཕེལ་གྱིས་དབུ་མའི་ལམ་ནས་དགོངས་ཞུ་བྱེད་ཀྱི་ཡོད་ན། སྤྱི་འཐུས་ནས་དགོངས་ཞུ་བྱེད་དགོས་པ་དེ་ཡང་ཁོ་པའི་འགན་ཁྲི་རེེད། གྲོས་ཚོགས་སམ་སྤྱི་འཐུས་ཀྱི་དཀྱིལ་འཁོར་ནས་མཐོན་རྗེས་རང་བཙན་བརྩོད་ཀྱང་ཆོག་དེ་མིན་ག་རེ་བརྩོད་ཀྱང་ཁོ་རང་གིས་རང་དབང་རེད། དེ་དུས་སུ་ཞིག་གིས་ཁོ་པས་བཤད་པའི་སྐད་ཆ་དང་བྱ་སྤྱོད་ལ་དོ་སྣང་བྱེད་མཁན་ཡོང་གི་མ་རེད། དེ་མིན་སྤྱི་འཐུས་ཀྱི་མིང་ཁྱེར་ནས་སྤྱི་པའི་བསམ་ཚུལ་དང་འགལ་བའི་སྒེར་གྱི་ལྟ་བ་གླེང་ན་སྤྱི་འཐུས་མིན་པར་སྒེར་འཐུས་རེད། སྒེར་འཐུས་ཀྱི་སྐད་ཆ་གྲོས་ཚོགས་ར་བའི་ནང་འགྲོ་ས་མེད། དེ་གཅིག་ཡིན། གཉིས་ནས། གྲོས་ཚོགས་ར་བ་དེ་འཁྲུག་འཛིང་གི་ར་བ་ནས་མཐར་མ་ཐག་སླར་ཡང་ཀརྨ་ཆོས་འཕེལ་གྱི་ལོང་སྐད་རྒྱག་པ་ནི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད། ཁོ་པས་བཤད་པའི་སྐད་ཆ་དེ་བཀའ་བརྒྱུད་པའི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་དགོངས་ཚུལ་ཡིན་པར་ངས་འདོད་ཀྱི་མེད། གང་ལྟར་མི་དེ་རིགས་ལ་ཟབ་ཙམ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད།
བཙན་པོ་ལགས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་རང་བཙན་ལྟ་གྲུབ་ཀྱི་བསམ་ཚུལ་སྟོན་པ་ཙམ་གྱིས་གྲོས་ཚོགས་ནས་དགོངས་པ་ཞུ་དགོས་ཟེར་བ་ནི་ཧ་ཅང་ཐལ་དྲག་པ་མ་རེད་པས། དེ་ཡིན་ན་རྒྱ་མིས་འགྲོ་བ་མིའི་ཐོབ་སྟངས་སྤྲད་ཀྱི་མིན་འདུག སྨྲ་བརྗོད་རང་དབང་མིན་འདུག་ཅེས་བཤད་བཞིན་པ་དེ་བཙན་བྱོལ་གྲོས་ཚོགས་ནང་ནས་དངོས་སུ་རྒྱ་ནག་དང་འདྲ་བ་ལག་ལེན་བསྟར་བ་མ་རེད་དམ།
བཙན་པོ་ལྟར་ན་གྲོས་ཚོགས་ར་བ་འདི་གཅིག་བསྡུས་རིང་ལུགས་ཡིན་པ་འདྲ། སྒེར་གྱི་བསམ་ཚུལ་སླེབས་མི་ཆོག་པས་སོ།
བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་གི་མངོན་འདོད་གླེང་བ་ཙམ་གྱིས་བཙན་པོ་ཁྱོད་ཡིད་སྐྱོ་དགོས་ན། ཁྱོད་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་ནས་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་བུ་ཕྲུག་ཡིན་ཞེས་ཚེ་བརྟན་སྒྲོལ་མའི་བསྟོད་གླུ་དེ་བགྱེར་ལ་སོང་།
བོད་མི་རིགས་ཀྱི་མངོན་འདོད་བཤད་མི་ཆོག་པའི་རྒྱུ་མཚན་ཅི་རེད། ཟབ་ཟབ་བྱེད་དགོས་ས་དེ་རྨོངས་དད་ཀྱི་ཐོ་ཆེན་འཕྱར་ནས་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་གླེང་མཁན་ལ་བརྡུང་རྡེག་གཏོང་བ་དང་། དམངས་གཙོ་དང་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་མཁན་གྱི་རིགས་འདི་ཚོ་ཡིན།
བོད་ཀྱི་གྲོས་ཚོགས་ར་བ་ན།།
བདེན་པ་མི་བྲིན་རྙོག་དྲ་བྲིན།།
བཟང་པོ་མི་མཐོ་ངན་པ་མཐོ།།
སྤྱི་དོན་མི་བྲིན་སྒེར་བྱུས་བྲིན།།
སྤྱི་ཞིང་སྒེར་རྨོ་བྱེད་པ་མང་།།
སྤྱི་ཐུག་སྒེར་ཚ་འདེབས་པ་མང་།།
ཆིག་སྒྲིལ་མི་བྲིན་འཐེན་འཁྱེར་བྲིན།།
མི་མང་སྲིད་ལ་རྨོངས་པ་ན།།
སྤྱི་འཐུས་དྲང་པོ་ཡོད་ལེ་མིན།།
ངས་བཙན་པོའི་བུའི་སྐད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དེ་ལས་མང་པོ་བཤད་འདོད་མེད།
གོང་དུ་མཆན་འགོད་པ་ཁག་ཅིག་གིས་གྲོས་ཚོགས་ནང་གང་བཤད་ཀྱང་ཆོག་འདོད་མཁན་གང་མང་འདུག ཡིན་རྒྱུ་རེད་། ཡིན་ནའང་གང་ཟག་སྒེར་གྱི་བསམ་ཚུལ་ཤོད་འདོད་ཡོད་ན་སྒེར་སོ་སོའི་གླེང་སྟེགས་ཐོག་ལས་སྤྱི་པའི་བཞུགས་ཁྲི་ཐོག་ནས་ཡིན་དོན་མེད་། དེ་ཡིན་པར་འདོད་ན་མི་དེ་ཟས་དང་སྐྱགས་ནོར་བ་མ་ཚད་། ཨ་མ་དང་མནའ་མའང་ནོར་ཚར་བ་རེད་། ཧ་ཧ ད་ཡིན་ན་གོ་རྒྱུ་དང་ཐོས་རྒྱུ་འདུག
གོང་དུ་ཤེས་ཐུབ་པ་ནི་རྫ་ཚེ་རིང་བཀྲ་ཤིས་ཅན་སོགས་ནས་བསམ་ཚུལ་འདོན་པར་ང་ཚོས་ཕྱི་གསལ་ནང་གསལ་གྱིས་མཐོང་ཐུབ་པ་མང་པོ་ཞིག་འདུག རང་སྒེར་ལ་མི་བདེ་བ་ཞིག་བྱུང་དུས་དབུ་མའི་ལམ་དང་རང་བཙན་ནི་སྒེར་གྱི་ཆེད་དུ་སྤྱི་དོན་ལ་ཁ་ཆག་སྣ་རལ་བཟོ་བྱེད་ཅིག་ཏུ་འགྱུར་འདུག ངས་ཤེས་གསལ་ལ་དགེ་ལུགས་པའི་སྤྱི་འཐུས་གཉིས་ཀྱི་ལངས་ཕྱོགས་རང་བཙན་མ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། གོང་དུ་དྲྭ་འབུ་ཞིག་གིས་བཤད་པ་གཞི་མེད་རེད། ད་ལྟར་བོད་སྤྱི་ལ་ལམ་དབུ་མ་ལས་ལྷག་པ་སུ་ཞིག་ལའང་བསྟན་རྒྱུ་མེད། གལ་སྲིད་ཡོད་མདོག་བྱས་ན་ཡང་ན་མི་དེ་ལྐུགས་དྲག་པ་རེད། ཡང་ན་ཕྱོགས་ཞེན་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་དྲག་པ་རེད། ཡང་མིན་ན་རྒྱ་གུང་ཁྲན་ལ་ཁ་གཏད་ཀྱག་སྟངས་ཤོད་ཅིག
དགེ་བཤེས་ལགས་ནས། ༼ད་ལྟར་བོད་སྤྱི་ལ་ལམ་དབུ་མ་ལས་ལྷག་པ་སུ་ཞིག་ལའང་བསྟན་རྒྱུ་མེད། གལ་སྲིད་ཡོད་མདོག་བྱས་ན་ཡང་ན་མི་དེ་ལྐུགས་དྲག་པ་རེད། ཡང་ན་ཕྱོགས་ཞེན་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་དྲག་པ་རེད།༽དངོས་གནས་རེད་གཞིས་བྱེས་གཉིས་སུ་གནས་པའི་རྒྱལ་གཅེས་པ་ཚོས་རང་སྲོག་བློས་གཏོང་དང་། ཚད་མེད་མནར་གཅོད་མྱོང་བཞིན་པ་ནི་ཉོན་མོང་པའི་གཞན་དབང་དུ་གྱུར་ནས་བོད་དགྲ་ལག་ནས་སྐྱོབས་ཐབས་འབད་པ་ཞིག་ཡིན་ལ། དབུ་མ་པ་ཚོས་གཞན་རྒྱ་ནག་རྒྱལ་ཁབ་དང་རང་བོད་རྒྱལ་ཁབ་གཉིས་སྟོང་ཉིད་དབུ་མའི་ལམ་ནས་སྟོང་པར་སྦྱང་ཚར་བ་རེད། ད་ནི་སྟོང་ཉིད་དབུ་མའི་ངང་ལ་འཇོག་རྒྱུ་ལས་གཞན་མེད་པས་སོ།
ཨོ་ཧཧཧཧཧ་་་་དྲང་བདེན་ཅན་གྱི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་སུ་མཚན་སྨད་ཞུས་པ་དེ་དག་ལ་གནད་ལུགས་གཅིག་ཀྱང་མི་འདུག ཞྭ་མོ་ནག་པོ་སྐོན་འདོད་དང་། མ་ཉེས་ཁ་གཡོགས་རེད་འདུག་་་་ཧཧཧཧ སྐད་ཆ་འདི་འདྲ་ལས་བཤད་ཀྱི་མེད་ན་མི་སུ་གང་གིས་བདེན་དུ་འཛིན་གྱི་མ་རེད་དོ།།།
བཀའ་བརྒྱུད་པའི་སྤྱི་མཐུས་ཀྱིས་ཟ་མ་ཟོས་ཚད། ལྕག་པ་བཏང་བ་སྐད་ཆ་བཤད་པ་ཚང་མ་བཀའ་བརྒྱུད་པའི་ཚབ་མ་རེད་ཡིན་ན་ཡང་གྲོས་ཚོགས་ནང་དགོངས་ཚུལ་གང་བཤད་པ་བཀའ་བརྒྱུད་པའི་མགྲིན་ཚབ་པ་ཡིན་དགོས་ཀྱི་ཡོད་རེད།
ཡག་པོ་རེད། གཡག་གིས་ཆུ་འཐུང་འདོད་མེད་ན། ཆུ་འཐུང་འདོད་མེད་ཟེར་ནིའི་མྱི་སྐད་རྒྱག་ཤེས་བའི་དུས་སྐབས་ཤར་བ་རེད། ང་ཚོ་ཚང་མས་མྱི་སྐད་རེ་རེ་རྒྱབ་ན་ཕན་ས་ལས་གནོད་ས་ཞིག་མེད་པ་རེད། དེ་ནི་མ་རྟོགས་ལོག་རྟོགས། མ་ཤེས་མ་རིག། ཡ་རབ་མ་རབ། རང་ཕན་གཞན་གནོད་ཀྱི་ནང་སེམས་ཕྱི་ལ་ཕུད་སའི་སྒོ་ཕྱེ་བ་རེད། དམངས་གཙོ་ཡང་དག་གི་ལམ་ལ་འགྲོ་བདེ་འདུག་བདེ་ལ་ཕྱིན་པ་རེད། ཐོབ་དགོས་ནོ་ལ་གོ་ས་ཐོབ་ཀི་རེད། ཤོར་དགོས་ནོས་གོ་ས་ཤོར་གི་རེད། མི་དམངས་དཀྱུས་མ་ཞིག་གི་ངོ་ནས་བཤད་ན། དགའ་དགོས་བའི་གཏམ་བཟང་རེད།
དགེ་ཆོས་ཀར་ཆོས་གཉིས་ཀྱིས་ཆང་ཞིག་འཐུངས།
མགོ་ནག་བོད་མི་ཚང་མར་ར་ཞིག་བཟི།
ཁ་ཕྱོགས་ག་འཁོར་མ་ཤེས་བྲོ་ཞིག་འཁྲབ།
གནད་དོན་ཅི་ཡིན་མ་ཤེས་གླུ་ཞིག་ལེན།
དགེ་ཆོས་ཀར་ཆོས་གཉིས་ཀྱིས་གཏམ་ཞིག་བཤད།
དབུ་མ་ལམ་པ་ཚང་མ་མགོ་གཡུག་འཁོར།
དགག་བྱ་ཅི་ཡིན་མ་ཤེས་རྟགས་ཤིག་བཀོད།
བསྒྲུབ་བྱ་ཅི་ཡིན་མ་ཤེས་བཀའ་ཞིག་ཕབ།
དགེ་ཆོས་ཀར་ཆོས་གཉིས་ཀ་གཤོག་པ་ཅན།
ཨེན་ཡིག་བོད་ཡིག་གཉིས་ཀར་མཁྱེན་རྒྱ་ཅན།
དེང་རབས་གསར་རྙིང་གཉིས་ཀྱི་ཤེས་ཡོན་ཅན།
གངས་ཅན་ཁ་བ་རི་པའི་མཛེས་རྒྱན་རེད།
སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་གྲོས་ཚོགས་ནང་གི་སྒེར་གྱི་གསལ་བཤད་དེས་་་་གྲོས་ཚོགས་སྐབས་སྔ་མ་དག་ལ་བཞག་པའི་གྲོས་ཆོད།་་་་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཟིན་པ་དེ་དག་དེ་རིང་ཕྱིར་འཐེན་བྱས་པ་ཡིན་ཟེར་གི་འདུག་་་་་སྔོན་མ་རྒྱབ་སྐྱོར་བྱས།་་་ལག་པ་བརྐྱངས་ཚར་བ་དེ་ཚོ།་་་་དེ་རིང་ཕྱིར་འཐེན་ཡོང་ཐབས་ཨེ་ཡོད་ན།་་་འདི་གཅིག་ཡིན།
གྲོས་ཚོགས་འཐུས་མི་ཞིག་གིས་གྲོས་ཚོགས་ནང་དུ་སྒེར་གྱི་བསམ་ཚུལ་གསུང་བ་དང་སྤྱིར་བཏང་མི་སྒེར་བ་ཞིག་གིས་སྤྱི་ཚོགས་ནང་སྒེར་གྱི་བསམ་ཚུལ་གསུང་བ་གཉིས་ལ་ཤུགས་རྐྱེན་གཅིག་པ་མིན་པ་ཤེས་དགོས།
གྲོས་ཚོགས་ནང་དུ་འཐུས་མི་༤༢་་་་ལས་མེད།་་་་ཚང་མ་ཆོལ་ཁ་དང་ཆོས་བརྒྱུད་ཡུལ་ལུང་གང་རུང་གི་འཐུས་ཚབ་ཡིན།་་་་མི་མང་པོ་ཞིག་གི་ཚབ་བྱེད་ཐུབ་དགོས།་་འགན་འཁུར་ཐུབ་དགོས།་་་ལྷག་པར་གྲོས་ཚོགས་ནང་དུ།་་་་
སྒེར་གྱི་བསམ་ཚུལ་གང་ནས་བཤད་ཀྱང་ཆོག་པ་རེད།་་་་་གྲོས་ཚོགས་དེ་སྒེར་གྱི་བསམ་ཚུལ་བཤད་ས་ཞིག་ལ་བསྒྱུར་ན་འགྲིག་གི་མེད།
ང་ཚོའི་སྤྱི་ཚོགས་ནང་དུ་རང་བཙན་གྱི་ལྟ་བ་འཛིན་ཡང་མཁན་མང་པོ་ཡོད།་་་་དཔེར་ན།་་་ལྷ་བཟང་ཚེ་རིང་དང།་་་་འཇམ་དབྱངས་ནོར་བུ་ལ་སོགས་པ།་་་་ཁོང་ཚོས་རང་བཙན་གྱི་ཐོག་ལ་སྐད་ཆ་བཤད་ཀི་ཡོད་ལ།་་ལས་འགུལ་ཡང་སྤེལ་གྱི་ཡོད།་་་་་བཙན་བྱོལ་སྒྲིག་འཛུགས་ཀྱིས་གཙོས་མཐོ་དམན་སུ་རུང་གིས་ཆོག་གི་མ་རེད་ཟེར་མཁན་གཅིག་ཀྱང་མེད།་འདིའི་ང་ཚོའི་སྤྱི་ཚོགས་འདིར་རང་དབང་དང་ཐོབ་ཐང་ཡོད་པ་མཚོན་གྱི་ཡོད།བཙན་བྱོལ་སྤྱི་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་སྨྲ་བརྗོད་རང་དབང་མེད་པར་གསུངས་མཁན་དག་གིས་འདི་དག་ཤེས་དགོས་པ་རེད།
སྤྱི་འཐུས་ཀརྨ་ཆོས་འཕེལ་ནི་བཀའ་བརྒྱུད་པའི་སྤྱི་འཐུས་ཤིག་སོང་ཙང་།་གྲོས་ཚོགས་ར་བའི་ནང་དུ་འགན་ཞིག་ཀྱང་འཁྱེར་དགོས་པ་རེད།་་་་གོང་དུ་མཆན་འགོད་པ་ཅོ་རི་ཉི་མས་བཀའ་བརྒྱུད་པའི་མི་མང་གིས་རང་བཙན་གྱི་ལྟ་བ་ཁྱེར་མཁན་ཁོང་ཆེད་དུ་སྤྱི་འཐུས་ལ་བརྐོས་པའི་ཟོལ་འདྲ་ཞིག་གསུང་གི་འདུག་་་འདི་ལ་དོགས་པ་ཡོད།་་་་་བཀའ་བརྒྱུད་པའི་མགོ་ནས་གཞུག་བར་ཚང་མའི་ལྟ་བ་གཅིག་པ་ཨེ་ཡིན།་་་་་ལྷག་པར་ངའི་གོ་ཐོས་བྱས་ན།་་་་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་མང་བ་འདྲ།
ལར་ནས།་་་་མཆན་འགོད་པ་ཚོས་གཟབ་དགོས་ས་ཞིག་ནི།་་་རང་བཙན་དང་དབུ་མའི་ལམ་གྱི་བར་ལ་དབྱེན་དཀྲུག་ཏུ་འགྲོ་བའི་ཚིག་མང་པོ་མ་སྤུངས་རོགས།་་་་ལྷག་པར་གང་ཟག་སྒེར་གྱི་ཆེ་མཐོང་ལ་དམའ་འབེབས།ཟུར་ཟ།འཕྱ་སྨོད་རིགས་ལ་གཟབ་པར་འཚལ།གང་ཟག་སྒེར་གྱི་ལྟ་བ་ལངས་ཕྱོགས་ལ་རྒྱབ་སྐྱོར་མི་ཐུབ་རུང་གུས་ཞབས་ཡོད་པ་གནང་དགོས།
སྤྱི་འཐུས་༤༢་་་་་ཞེས་འབྲི་ནོར་ཤོར་འདུག་པས།་་་་༤༤་་་་ལ་བཅོས་རོགས།
རྣམ་པ་ཚོ། གནས་ལུགས་མདུན་དུ་སྤུངས་ནས་སྐད་ཆ་བཤད་ན་ཡག་གི་རེད། ངས་ཀརྨ་ཆོས་འཕེལ་ལགས་གྲོས་ཚོགས་ར་བ་དགོངས་པ་ཞུ་དགོས་ནམ་ཡང་བཤད་མེད། འོན་ཀྱང་། ཁོ་རང་གིས་རང་བཙན་གྱི་ལྟ་བ་ཁྱེར་སྟེ་སྤྱི་པའི་གར་སྟེགས་ཐོག་སྤྱི་མོས་ཀྱི་གཏན་འབེབ་བྱས་པའི་སྲིད་བྱུས་ཤིག་ལས་ལོགས་སུ་མཐོན་ན་དགོངས་པ་ཞུས་ན་ཡག་གི་རེད། རང་བཙན་གྱི་ལྟ་བ་བརྩོད་སའི་ཁོར་ཡུག་ཞིག་གྲོས་ཚོགས་ར་བ་ལས་བརྒལ་བའི་བོད་པའི་སྤྱི་ཚོགས་ནང་ཡོད་ཡོད་པ་རེད། ངས་འགྲོ་ལུགས་ཤཱིག་གི་ཐོག་ནས་ཤོད་ཀྱི་ཡོད་མ་གཏོགས་སྨྲ་བརྗོད་རང་དབང་དང་འབྲེལ་བ་མེད། སྤྱི་པའི་ལྡིང་ས་དེ་སྒེར་གྱི་གར་སྟེགས་སུ་རྩིས་ན་འགྲིག་གི་ཡོད་དམ། ང་ཚོས་རྒྱུ་མཚན་སྤུངས་ཏེ་སྐད་ཆ་ཤོད་དགོས་པ་ལས་གང་ཟག་ལ་བརྟེན་ནས་སྐད་ཆ་བཤད་ན་འགྲིག་གི་མེད།
ཚེ་རིང་བསམ་གྲུབ།
ཁོ་བོས་བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསུངས་པ་དེ་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། དེའི་འཕྲོས་དོན་ལས་བརྩམས་ཏེ་སླར་ཡང་རྩོམ་ཐུང་ཞིག་འབྲི་དགོས་པར་མཐོང་། དེ་ཡང་གྲོས་ཚོགས་ནང་དུ་སྤྱིར་བཏང་གི་གནས་ཚུལ་ཐོག་ལ་སྒེར་གྱི་བསམ་ཚུལ་ལས་བསླངས་ཏེ་བགྲོ་གླེང་དང་གྲོས་ཆོད་ཁག་བཞག་ཆོག་གི་ཡོད། དེ་ནི་བཀུར་འོས་སྤྱི་འཐུས་རྣམ་པར་སྨྲ་བརྗོད་ཀྱི་རང་དབང་ཙམ་མ་ཡིན་པར། མི་མང་ཡོངས་ཀྱིས་ཁོང་རྣམ་པའི་རྣམ་དཔྱོད་དང་། ལྷག་བསམ། མཁྱེན་འཇོན་རྣམས་ལ་ཡིད་ཆེས་དང་རེ་བ་བཅོལ་ཡོད་པ་མཚོན་གྱི་ཡོད། དེ་བཞིན་སྤྱི་འཐུས་རྣམ་པ་ཚོས་ཀྱང་རང་ཉིད་ལ་འོས་འཕེན་མཁན་གྱི་ཆོལ་ཁ་ཆོས་བརྒྱུད་སོ་སོའི་མངོན་འདོད་གང་ཡིན་པ་གསལ་པོ་ཤེས་པ་ཐོག་ནས་ཕྱག་ལས་དང་བཀའ་མོལ་གསུང་ཕྱོགས་ལ་གཟབ་ནན་དགོས་པ་ནི་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཡིན།།
བསམ་ཚུལ་ནི་བསམ་ཚུལ་རེད། འོན་ཀྱང་གྲོས་ཚོགས་ནང་དུ་སླེབས་པའི་བསམ་ཚུལ་ནི་ལྷག་བསམ་དག་པའི་རྣམ་དཔྱོད་ཅན་གྱི་བསམ་ཚུལ་ཞིག་ལས། བསམ་ཚུལ་དཀྱུས་མ་ཞིག་མིན་པར་ཀུན་གྱིས་རེ་བ་བྱེད་ཀྱི་ཡོད། བསམ་ཚུལ་དེ་ལྟ་བུ་ལ་ལྷག་བསམ་དང་རྣམ་དཔྱོད་ལྡན་པའི་བཀུར་འོས་སྤྱི་འཐུས་གཞན་རྣམས་ཀྱིས་བགྲོ་གླེང་གོ་བསྡུར་སྦས་གསང་མེད་པ་ཞུ་དགོས་པ་ནི་གང་ལ་འབབ་པའི་འོས་འགན་རེད། དེ་ལྟ་བུའི་རྣམ་དཔྱོད་ཅན་གྱི་བསམ་ཚུལ་ནི་རྣམ་དཔྱོད་ལྡན་པའི་སྤྱི་འཐུས་སྒེར་ངོས་ནས་འོངས་དགོས་པ་ལས་ཐབས་གཞན་མེད། དེ་ལྟར་སླེབས་པ་ལ་རང་དབང་དགོས་པ་རེད། དེར་བརྟེན་བཀུར་འོས་སྤྱི་འཐུས་རྣམ་པར་སྒེར་གྱི་དགོངས་ཚུལ་གསུང་ཆོག་པའི་རང་དབང་ནི་ངེས་པར་དགོས།།
འོན་ཀྱང་སྤྱི་འཐུས་ནང་དུ་གྲོས་འཆར་ཞིག་ལ་རྒྱབ་སྐྱོར་ཞུ་དགོས་ན། རྒྱབ་སྐྱོར་ལ་སྤྱི་འཐུས་སྒེར་གྱི་རྒྱབ་སྐྱོར་ཟེར་བ་མི་སྲིད་པ་ཞིག་རེད། དེ་ཡང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་དུ་གྲོས་འཆར་ཞིག་གྲོས་ཆོད་དུ་འགྱུར་དགོས་ན། ཆོལ་ཁ་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་ཀྱི་མཚན་ཐོག་ནས་རྒྱབ་སྐྱོར་ཞུ་དགོས། སྤྱི་འཐུས་གྲོས་ཚོགས་སུ་སྒེར་གྱི་མིང་ཐོག་ནས་ཡིན་ཟེར་ཏེ་གྲོས་འཆར་ལ་རྒྱབ་སྐྱོར་བྱས་ནས་གྲོད་ཆོད་ཆགས་པ་དེ་འདྲ་རང་ཡོད་ཀྱི་མ་རེད། རྒྱུ་མཚན་དེ་དག་གི་ཕྱིར་ན། ལོ་མང་སྔོན་ནས་བོད་མི་བརྒྱ་ཆ་དྲུག་ཅུ་ལྷག་གི་མང་མོས་བྱས་པའི་དབུ་མའི་ལམ་དེ་བཞིན་བོད་གཞུང་གི་སྲིད་བྱུས་ཡིན་པར་སྤྱི་འཐུས་ནས་བགྲོ་གླེང་གྲོས་ཆོད་བཞག་ནས་གཏན་ལ་འཁེལ་བ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད།
སྤྱི་འཐུས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལ་སྒེར་ངོས་ནས་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ཟེར་བ་དེ་ཡོང་ཐབས་མེད། གང་ལགས་ཟེར་ན། སྤྱི་འཐུས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱེད་དགོས་ན་ངེས་པར་སྤྱི་འཐུས་ཀྱི་མཚན་ཐོག་ཁོ་ནའི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། རྒྱུ་མཚན་ནི་གོང་དུ་སྨོས་ཟིན། དེར་བརྟེན་གྲོས་ཚོགས་ནང་གི་གྲོས་ཆོད་གང་འདྲ་ཞིག་ལའང་རྒྱབ་སྐྱོར་བྱ་དགོས་པའམ། ཡང་ན་ཕྱིར་འཐེན་བྱ་དགོས་ན། སྤྱི་འཐུས་གྱི་མཚན་ཐོག་ལས་སྒེར་གྱི་མིང་ཐོག་ནས་ཡོང་ཤེས་ཐབས་མེད། དེར་བརྟེན་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་ཡིན་ན། སྤྱི་འཐུས་ཀྱི་མཚན་ཐོག་ལས་སྒེར་གྱི་མོང་ཐོག་ནས་ཡིན་གསུངས་པ་ནི་རྩ་བ་ཆ་ནས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་མཐོང་ངོ་།། །།
ཀརྨ་ཆོས་འཕེལ་ལགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་པ་འདི་སྤྱི་འཐུས་ཀྱི་མིང་ཐོག་ནས་རེད་ལ་ཕྱིར་འཐེན་བྱེད་ཀྱི་ཡིན་གསུངས་ས་གྲོས་འཚོགས་ནང་དུ་རེད། སྤྱི་འཐུས་སྒེར་གཅིག་གིས་གནང་ཕྱོགས་རེད། ཅིའི་ཕྱིར། སྤྱི་འཐུས་ཤིག་གི་མཚན་ཐོག་ནས་ཕྱིར་འཐེན་བྱེད་མི་ཆོག་གམ།།
འོ་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་ཚོགས་མི་ཞིག་གི་མིང་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་ཆོག་གམ། དེ་ཡང་ཆོག་གི་ཡོད་ཀྱི་མ་རེད་བ། ་་ཧཧཧཧཧཧཧཧཧཧ
ཀརྨ་ཆོས་འཕེལ་སྒེར་གྱི་མིང་ཐོག་ནས་ཕྱིར་འཐེན་བྱས་ན་འགྲིག་པ་དང་ཀརྨ་ཆོས་འཕེལ་སྤྱི་འཐུས་ཀྱི་མིང་ཐོག་ནས་ཕྱིར་འཐེན་བྱས་ན་མི་འགྲིག་གསུངས་ཀི་ཡོད་ན་ཁྱད་མཚར་རེད། དཔེར་ན། དགེ་སློང་བློ་བཟང་ལགས་ཀྱིས་དགེ་སློང་གི་མིང་ཐོག་ནས་རྒྱོབ་བརྒྱབ་ན་མི་འགྲིག་ཀྱང་བློ་བཟང་གི་མིང་ཐོག་ནས་རྒྱོབ་བརྒྱབ་ན་འགྲིག་ཟེར་བ་ལྟ་བུ་རེད་འདོད། འདི་གཉིས་བར་དུ་ཁྱད་པ་ཆེན་པོ་ཞིག་ཕྱེ་ཡོང་ས་ཅང་མི་འདུག་འདོད།
ཐབས་སྐྱོ་ཤོས་ཤིག་ལ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་མཁས་དབང་འཇམ་དབྱངས་ནོར་བུ་ལྟ་བུ་ལ་རྐུབ་སྟེགས་སྤྲད་ཀྱི་མེད། བགྲོ་གླེང་ནང་དུ་སྐད་ཆ་བཤད་པའི་གོ་སྐབས་སྤྲད་ཀྱི་མེད། འདི་ཡག་པོ་མ་རེད་བ། བོད་མི་རྒྱལ་ཞེན་ཅན་མཁས་དབང་ཁོང་ལྟ་བུ་ལ་རྐུབ་སྟེགས་མེད་པར་རྨོངས་རྒན་ལྐོག་ཟ་རུལ་སུངས་ཚོ་ལ་ཐོབ་ཐང་སྤྲད་བསྡད་པ་འདི་བོད་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ལ་ངོས་འཛིན་བྱས་ཀྱི་ཡོད།།
བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་རྒྱུད་པ་ཡོངས་རྫོགས་ཀྱི་བསམ་ཚུལ་མཚོན་པ་ཡིན་ནམ། ཞེས་པའི་ཁ་བྱང་དེའི་ནང་གི་བཀའ་(བ)རྒྱུད་ཅེས་པ་དེ་ལ་སྔོན་འཇུག་བ་རྒྱག་རྒྱུ་ལུས་སོང་འདུག་ཀྱང༌། ད་ལྟའི་བར་དུ་སུས་ཀྱང་མཐོང་ཡོད་བཟོ་མི་འདུག་སྙམ་མོ།།
གང་འདྲ་ཞིག་ལ་སྤྱི་འཐུས་སྒེར་ཟེར་རམ། དེའི་མཚན་ཉིད་ཅིག་འཇོག་གནང་ཡོད་པ་ཞུ། གང་འདྲ་ཞིག་ལ་གྲོས་ཆོད་ཟེར་རམ། དེའི་མཚན་ཉིད་ཅིག་འཇོག་གནང་ཡོད་པ་ཞུ།
སྤྱི་པས་འོས་བསྡུ་བྱས་ནས་བྱུང་བའི་སྤྱི་ཚོགས་ཀྱི་འཐུས་མི་སྒེར་པ། སྤྱི་འཐུས་སྒེར་གྱི་མཚན་ཉིད།
སྤྱི་མོས་དང་མང་མོས་གང་རུང་བྱུང་བའི་གྲོས་ཐག་ཆོད་པའི་ཡིག་ཆ། གྲོས་ཆོད་ཀྱི་མཚན་ཉིད།
ཀརྨ་ཆོས་འཕེལ་སྒེར་གྱི་བསམ་ཚུལ་དེ་ལ་ནོར་འཁྲུལ་རང་བཞིན་ཅན་དུ་ངོས་འཛིན་བྱེད་ཀྱིན་མེད་ལ་དེ་དང་སྤྱི་རྒྱུ་སྒེར་བདག་ཅན་གྱི་ཟླ་ཚེ་དང་གཞུང་དངུལ་ལྐོག་ཟ་ཅན་གྱི་སྒྲོལ་དཀར་སོགས་དང་དཔེར་བསྡུར་བྱེད་འདོད་ཀྱང་མེད། འོན་ཏེ་དམིགས་ཡུལ་དང་རྒྱབ་ལྗོངས་སྐབས་འཚོལ་རིང་ལུགས་པའི་རང་བཞིན་ཅན་གྱི་རྩོམ་པ་པོ་ཚེ་བསམ་དང་རྫ་ཚེ་དེ་བཞིན་ཤར་ཁུག་སོགས་ལ་ཆེད་དུ་བརྗོད་དགོས་པ་ཞིག་ནི་ཁྱེད་ཅག་ལྟ་བུ་བརྒྱ་སྟོང་གིས་ཀརྨ་ཆོས་འཕེལ་གྱི་ལྷག་བསམ་དང་ལ་རྒྱའི་ཆ་ཤས་ཙམ་ཡང་མི་དོ་བ་ནི་བལྟས་པ་ཙམ་གྱིས་ཤེས་ལ་དེ་ཡི་ཐད་དུ་འགྲེལ་བཤད་དམིགས་བསལ་བྱེད་དགོས་མི་འདུག འོན་ཏེ་ང་ལ་ཡོད་པའི་དྲི་བ་ཞིག་ནི་ཤར་ཁུག་གིས་དར་དམར་ཁྱེར་བ་དེས་སྐུ་སྒེར་ཡིག་ཚང་དང་དབུ་ལམ་ཁང་གི་ལངས་ཕྱོགས་ཡིན་ནམ་མིན། དེའི་བསམ་བློའི་རྒྱབ་ལྗོངས་སུ་ལྷ་མོ་སྐྱབས་ཀྱིས་བསླུ་བྲིད་ཡོད་དམ་མེད་ལན་ཁ་གསལ་ཞིག་གསུངས་རོགས།
སྤྱི་འཐུས་རྐརྨ་ཆོས་འཕེལ་ལ་རང་སྐྱོན་མང་དྲག་ནས་ཁ་ནས་རང་བཙན་ག་ཚོད་བཤད་གྱང་དེ་ལ་ཡིད་ཆེས་དང་རེ་བ་གཅིག་གྱང་སླེབས་ཀྱི་མི་འདུག། མི་འདི་རིགས་ཀྱི་ཁ་ནས་འདི་འདྲའི་གཅིག་བསླབས་ཀྱི་མ་གཏོགས་གཞན་ཙི་གང་ཡང་ལས་ཤེས་ཀྱི་མ་རེད།
ཨ་ལས་དེ་ཡིན་ན་ཁྱོད་ཀྱི་ག་རེ་ཤེས་ཀྱི་ཡོད། ཀརྨ་ཆོས་འཕེལ་ནི་མང་མོས་འདམ་ཐོན་བྱུང་
བའི་སྤྱི་འཐུས་ཞིག་རེད། ཁྱོད་ག་རེ་ཡིན་ཁ་ནས་ཟ་ཡ་དང་རྐུབ་ནས་གཏོང་ཡ་ཡང་ཡག་པོ་ཞིག་
ཤེས་བཟོ་མི་འདུག་ པདྨ་འཕྲིན་ལས་ནི་ཧཧཧཧཧཧཧཧཧཧཧཧ
ཅོ་རི་ཉི་མས་དངོས་གནས་སྐད་ཆ་ཡག་པོ་གསུང་འདུག་པས་རྒྱབ་སྐྱོར་ཡོད། མུ་མཐུད་ནས་ཡིན་ད།
ཅོ་རི་ལགས།
ཁྱེད་ཀྱིས “མཁས་དབང་འཇམ་དབྱངས་ནོར་བུ་ལྟ་བུ་ལ་རྐུབ་སྟེགས་སྤྲད་ཀྱི་མེད། བགྲོ་གླེང་ནང་དུ་སྐད་ཆ་བཤད་པའི་གོ་སྐབས་སྤྲད་ཀྱི་མེད། འདི་ཡག་པོ་མ་རེད་བ། བོད་མི་རྒྱལ་ཞེན་ཅན་མཁས་དབང་ཁོང་ལྟ་བུ་ལ་རྐུབ་སྟེགས་མེད་པར་རྨོངས་རྒན་ལྐོག་ཟ་རུལ་སུངས་ཚོ་ལ་ཐོབ་ཐང་སྤྲད” གསུངས་འདུག་པ་དོན་དངོས་འགལ་འདུག ཁོང་འབྲས་ལྗོངས་པ་ལྷ་དབང་དམ་པའི་བུ་ཡིན་པ་ལས་བོད་མི་རྒྱལ་ཞེན་ཅན་ཞིག་ག་ལ་ཡིན། གཉིས་ནས་ཁོང་ལ་བཀག་འགོག་བྱེད་མཁན་མེད་། གསུམ་ནས “རྨོངས་རྒན་ལྐོག་ཟ་རུལ་སུངས་ཚོ” ཞེས་པ་སུ་ལ་གོ་དགོས། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་མི་དེ་དག་ནི་སྔ་ཕྱི་དང་རིང་ཐུང་གང་ཡིན་ཡང་བོད་སྤྱི་བའི་ལས་གནས་ཡོད་མཁན་ཤ་སྟག་ཡིན་པ་ལས་ང་དང་ཅོ་རི་ཁྱེད་འདྲ་བ་སྤྱི་དོན་བལྟ་ཞོགས་རང་འགོ་མི་ཐོན་མཁན་དེ་འདྲ་མ་ཡིན་ན་ཁོང་རྣམ་ལ་ཡིད་སྨོན་དང་བསྟོད་ཡུལ་ཞིག་ལ་ངོས་འཛིན་དགོས་པ་ལས་རྨོངས་རྒན་ལྐོག་ཟ་རུལ་སུངས་ཚོ་ཞེས་མི་འོས་པའི་གཏམ་དེ་འདྲ་ཤོད་ན་རྒྱ་མི་ལས་མི་བཟང་། རྒྱ་མིས་དེ་འདྲ་བཤད་མི་འདུག ཡིད་གཟབ་བྱེད་དགོས།
དཀར་ཤོད་ཁྲ་ཚང་གཡུ་རྣ་ཅན་ལགས།
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་བོད་མི་མ་རེད་ཟེར་གྱི་ཡོད་དམ།
ཁྱོས་ཀྱིས་བཙན་བྱོལ་བའི་ལྐོག་ཟ་རུལ་སུངས་ཚོ་ཤེས་ཀྱི་མེད་དམ། ཤེས་བཞིན་དུ་མི་ཤེས་མདོག་མདོག་བྱེད་ཀྱི་ཡོད་དམ།
གལ་སྲིད་བཙན་བྱོལ་བའི་ལྐོག་ཟ་རུལ་སུངས་མ་ཤེས་མཁན་ཞིག་ཡིན་ན། འཇིག་རྟེན་གྱི་གཏམ་དཔེར་ལྟར། རི་མཐོ་པོའི་འགོ་ནས་ཀྭི་བརྒྱབ་ཀྱང་མ་གོ་ཟེར་མཁན་གྱི་འོན་པ་དང་། ཐང་བདེ་མོའི་དཀྱུས་ལ་རྟ་རྒྱུགས་ན་མ་མཐོང་ཟེར་མཁན་གྱི་ལོང་བ་དེ་རེད།།།
ང་ཅོ་རིས་རང་མགོ་ཐོན་དང་མི་ཐོན་ཁྱོད་ལ་གྱོང་གཏོགས་མེད་པ་རེད། བོད་སྤྱི་པའི་རྩ་དོན་དང་འབྲེལ་བ་མེད་པ་རེད།།
ཅོ་ཉི་ལགས།
ད་འོ་ན་ཁྱོད་ལ་འཇམ་ནོར་བོད་མི་ཡིན་པའི་སྒྲུང་གང་ཤོད་རྒྱུ་ཡོད་། བོད་མི་བཙན་བྱོལ་བ་ལྐོག་ཟ་རུལ་སུངས་ཅན་ཡོད་པ་ཁྱོད་ཀྱིས་ཤེས་བཞིན་དུ་རི་མཐོ་ནས་ཀྭི་དང་། བདེ་ཐང་ནས་རྟ་རྒྱུགས་ནས་མི་སྐྱོབས་བར་འདིར་སྐད་ངན་ཤོར་ནས་ཅི་བྱེད་། སྔར་མི་རྒས་ཀྱ་ཁ་དཔེར། ཚྭ་ཚྭ་ཁང་དུ་ལག་ཞ། ལྷ་སྐུ་ཁང་དུ་ཁ་དེག་ཞེས་པ་མ་ཡིན་ནམ། ད་ངས་བལྟས་ན་ཅོ་ཉིས་ལི་ལི་ཐོན་བའི་རྗེས་སུ་སྐར་ཁུངས་རྡོས་འགོག་ཐུབ་རྒྱུ་ཁག་པོ་རེད་།
དཀར་ཤོད་ཚང་། འཇམ་དབྱངས་ནོར་བུ་བོད་མི་དངོས་གསན་རེད། ཁོ་རང་གི་པ་ལགས་སྐུ་ངོ་ལྷ་དབང་དམ་པ་དང་དེའི་ཨ་མ་ལགས་ཀྱང་ངའི་ངོ་ཤེས་ཀྱི་ཡོད། མོ་རང་ཕྱིས་སུ་རྒན་ཆོས་བྱས་ནས་ཀ་ལུ་རིན་པོ་ཆེའི་དགོན་པ་རྡོ་རྗེ་གླིང་སོ་ན་རྡར་sonada ཡང་བཞུགས་ཀྱི་འདུག ཁོང་ཚོ་བོད་མ་ཤོར་གོང་ནས་རྡོ་རྗེ་གླིང་སླེབས་ཡིན་པ་འདྲ། ཞིབ་ཁྲ་མི་ཤེས་ཡང་བོད་མི་རེད། ཁྱེད་རང་གི་འཇམ་ནོར་བོད་པ་མ་ཡིན་པ་ཐལ། རྒྱ་གར་ལ་སྐྱེས་པའི་ཟེར་ན། སྲིད་སྐྱོང་མཆོག་ཀྱང་བོད་པ་མིན་པ་ཐལ། རིགས་པ་མཚུངས་པའི་ཕྱིར།
བོད་མི་དངོས་གནས་རེད། བཅོས།
ཨ་རོ་གཡུ་རྣ་ལགས། གལ་སྲིད་མཁས་དབང་འཇམས་དབྱངས་ནོར་བུ་བོད་པ་མིན་པའི་དབང་དུ་བཏང་ནའང་ ཁོང་གིས་མི་ཚེ་ཧྲིལ་པོ་བོད་དོན་ཐོག་ལ་ཕྱག་ལས་གནང་བ་དེ་ང་ཚོས་དགའ་བསུ་ཞུ་བ་ལས་དམོད་ར་སྤོབས་ཨེ་རུང་། མ་ཟད་ང་ཚོའི་སྤྱི་ཚོགས་འདིའི་ནང་མི་མགོ་བདེ་པོ་དང་སྤྲེལ་ལད་ཅན་དག་ལ་བླ་མའི་བཀའ་བསྒྲུབ་ཁེན་དང་སྤྱི་སེམས་ཅན་ཟེར་། དངོས་གནས་བོད་མའི་རྩ་དོན་ཐོག་མི་ཚེ་ཧྲིལ་པོ་ཕྱག་ལས་གནང་ཁེན་རྒྱལ་སྤྱིའི་ཆབ་སྲིད་ཁྱེན་ཁེན་ལྷག་བསམ་ཅན་དག་ལ་དད་ལོག་ཅན་དང་རྒྱ་ཞེན་ཅན་ཟེར་བཞིན་ཡོད། དངོས་གནས་བློ་ཕམ་རེད། འཇིག་རྟེན་གྱི་ཁ་དཔེར་ལ།
ནོར་བུ་རང་ལ་ཡོད་དས།
ནོར་བུའི་ནོར་ཉམས་མི་མཆོད།
ནོར་བུ་མི་ལག་ཤོར་དུས།
འགྱོད་པ་སྐྱེས་ན་ཕྱི་ཚར།
ངས་འཇམ་ནོར་ལ་གུས་བརྩི་དང་དགའ་མོས་ཡོད་ལ་ཁོང་གིས་བོད་མི་ལ་སྙིང་རྗེ་བྱེད་ཀྱིས་ཡོད་པ་ཡང་ཤེས་བཞིན་ཡོད་། ཁོང་ཚང་བོད་ལ་དགའ་ཞན་དང་འབྲེལ་འགྲོགས་ཡོད་པ་ཡང་ཤེས་བཞིན་ཡོད་།
ཁོང་གི་ཕ་འབྲས་ལྗོངས་པ་ཡིན་པ་ལས་བོད་པ་མིན། དེ་ཡིན་ན་འབྲས་ལྗོངས་པ་Sikkimese/Bhutiaཡོངས་རྫོགས་བོད་པ་ཡིན་དགོས། དོན་དངོས་མ་ཤེས་ན་ཤེས་མདོག་མ་བྱེད་། གཞན་ལ་བཀའ་འདྲི་ཞུས་ན་གསལ་པོ་ཆགས་ངེས་རེད་།
མཁས་དབང་འཇམ་ནོར་བུ་ཁོང་ནི་འབྲས་བ་བཟོས་ཚར་སོང་ ད་ཁྱོད་ཀྱིས་སྤྱི་འཐུས་ཀརྨ་ཆོས་འཕེལ་ཁོང་འབྲས་ལྗོངས་བ་མ་བཟོ་རོག་གནང།
འཇམ་དབྱངས་ནོར་བུ་ལགས་མཁས་དབང་རེད་ཟེར་གསུངས་ཀྱི་ཡོད་ན། ག་རེ་ཐོག་ལ་མཁས་དབང་རེད་དམ། བོད་རིག་པའི་མཁས་དབང་རེད་དམ། ཡང་ན། དབྱིན་ཇིའི་སྐད་ཡིག་ཐོག་ལ་མཁས་དབང་རེད། ཡང་ན་ཆབ་སྲིད་ཀྱི་ཐོག་ལ་མཁས་དབང་རེད། རྩོམ་པ་པོ་རེད་དམ་ཟེར་ན་བརྒྱ་ཆ་བརྒྱ་ཐམ་པ་རྩོམ་པ་པོ་ཚད་ལྡན་ཞིག་རེད། ཁོང་གི་ཆབ་སྲིད་ཐོག་ལ་དཔྱད་བརྗོད་བྲིས་པ་རྣམས་ནི་ལངས་ཕྱོགས་གཅིག་བཟུང་བའི་ཐོག་བྲིས་པ་ཞིག་ཡིན་པས་ཆབ་སྲིད་ལ་མཁས་པའི་མིང་མི་ཐོབ། དེ་འདྲ་འཐོབ་ཀྱི་ཡོད་ན་སྲིད་དོན་པ་མང་པོ་ཞིག་མཁས་པ་ཆགས་འགྲོ་ཡི་རེད། མཁས་པའི་དབང་པོ་ཞེས་པ་ནི་དེ་བས་ཀྱང་མི་ཐོབ། ཚིག་བེད་སྤྱོད་གཏོང་སྟངས་ལ་བསམ་བློ་གཏོང་བ་དེ་ཡང་སྐད་ཡིག་སྲུང་སྐྱོབ་ཀྱི་ཆ་ཤས་ཤིག་རེད།
རྣ་བ་མི་འགྲོ་བའི་སྐད་ཆ་རང་རེད། ཁོང་ལ་མཁས་དབང་ལབ་ན་ང་ཚོའི་སྤྱི་ཚོགས་ནང་དུ་མཁས་དབང་གཅིག་མོང་དུ་འགྲོ་གི་ཡོད།
དེས་ང་ཚོའི་མི་དམངས་ཀྱི་གཟི་བརྗིག་ཡིན་པ་ཧ་གོ་དགོས། མ་ཚད་འདིའི་མི་རིགས་ཀྱི་ལ་རྒྱ་ཡང་མཚོན་གྱི་ཡོད་།
བོད་ཆོལ་ཁ་གསུམ་གྱི་སའི་ཆར་གནས་པའི་སེར་སྐྱ་ཕོ་མོ་མཐའ་དག་ལ་བཟློ་བ། རང་ཅག་བོད་འདི་མི་ལོ་སྟོང་ཕྲག་གི་སྔོན་ནས་རྒྱལ་ཁབ་རང་དབང་རང་བཙན་ལ་བརྟེན་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་སྟེ་གོང་མ་སྐུ་ཕྲེང་བཅུ་གསུམ་པའི་བར་བོད་ལྗོངས་སུ་གནས་པའི་སྐྱེ་འགྲོ་མཐའ་དག་རང་དབང་དགའ་བདེའི་དཔལ་ལ་ཡུན་རིང་ཞིག་གནས་རུང་། རྗེ་གོང་མ་ནས་མ་འོངས་མངོན་གཟིགས་ཀྱིས་ཞལ་གདམས་བཀའ་སློབ་ཇི་ལྟར་སྩལ་བ་ལྟར་སྤྱི་ལོ་༡༩༥༠ལོ་རྒྱ་དམར་གུང་དྲན་ཏང་ནས་ཁུངས་མེད་བོད་རྒྱ་ཁོངས་ཡིན་ཚུལ་གྱིས་ཁམས་ཕྱོགས་ནས་གློ་བུར་དཔུང་འཇུག་བྱུང་བར་གང་ཅི་ནས་གནམ་ས་ལྟ་བུའི་བར་ཁྱད་ཐུག་པས་ས་ཤོར་མྱུར་རྗེས་སྤྱི་ལོ་༡༩༥༡ལོ་བོད་རྒྱ་ཁོངས་ཡིན་ཚུལ་གླེང་གཞིར་བཀོད་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དབང་མེད་བསྣོལ་འཇོག་བྱེད་དགོས་བྱུང་གཤིས། རང་གི་སྐྱོང་སྐལ་བོད་ལྗོངས་ཀྱི་སྐྱེ་འགྲོ་རྣམས་བློས་གཏོང་མ་ནུས་པར་རང་གི་ངལ་བ་ཁྱད་དུ་སད་དེ་ཆོས་དང་ཟང་ཟིང་གཉིས་ཀྱི་སྒོ་ནས་བོད་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་རྫོགས་བླ་སློབ་ཏུ་གྱུར་པ་སོགས་ཤེས་འཁོས་ཀྱིས་གང་ལྕོགས་འགྱོད་པ་མེད་པ་བྱས་རུང་། རྒྱ་དམར་ནས་རང་ཉིད་ཀྱིས་བཞག་པའི་གྲོས་མཐུན་ལའང་མི་གནས་པའི་བཙན་ཤེད་ཁྲིམས་མེད་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་གྱིས་ཁམས་ཕྱོགས་ཡུལ་དགོན་ཚང་མ་རྩ་མེད་བཟོས་ཏེ་དབུས་གཙང་ཕྱོགས་ལའང་དེ་དང་འདྲ་བའི་བཙན་གནོན་གྱི་འགོ་ཚུགས་སྟབས་ཁམས་རིགས་དང་། ཨ་མདོ་བ་རྣམས་ནས་དངོས་སུ་གྱེན་ལངས་ཀྱིས་ལྷོ་ཁུལ་བཙན་ས་བཟུང་སྟེ་སྡོད་མུར་ཉེ་སྔོན་བོད་ཟླ་༢པའི་ཚེས་༡ཉིན་ངོས་དང་། གཞུང་ཞབས་དཔོན་རིགས་ཆེ་ཁག་རྣམས་རྒྱ་མིའི་དམག་སྤྱིའི་ཁང་ནས་ལྟད་མོར་ཁག་འདོགས་འཛིན་བཟུང་བྱེད་རྩིས་དང་། དེ་རྗེས་ཚེས་༨ཉིན་ངོས་ཀྱི་སྡོད་གནས་སུ་མེ་སྒྱོགས་འཕངས་པ་སོགས་འདི་མུར་བོད་དུ་ཨུ་ཚུགས་ཀྱི་བསྡད་རུང་། བོད་མི་དམངས་ལ་ཕན་རྒྱུ་ལྟ་ཞོག། རང་གི་སྲོག་དང་ཆབ་སྲིད་རྩ་མེད་གཏོང་རྒྱུར་བརྟེན། གློ་བུར་དུ་རྒྱ་གར་ས་ཐོག་བསྐྱོད་དགོས་བྱུང་བ་མ་གཏོགས་བོད་མི་མང་བློས་བཏང་བྱས་རིགས་མེད་ཅིང་། རྒྱ་གར་དུ་འབྱོར་ནས་ཀྱང་བོད་རང་བཙན་ཡིན་པའི་དག་བསྐྱེལ་ཡོངས་ཁྱབ་ཚག་པར་ཐོག་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་བྱེད་༼འདི་ནས་ཚིག་གཅིག་གསལ་ལ་མི་་གསལ་ལ་འདུག་༽མ་ཟད། སླད་ཀྱང་བོད་ལྗོངས་རང་དབང་རང་བཙན་ཡོངས་ཐབས་སུ་༼ཡིག་རྙིང་ལ་སོང་འདི་ནས་ཚིག་གཅིག་མི་གསལ།༽ལྷག་བསམ་འབད་བརྩོན་བསྐྱེད་མུས་ཡིན་ན། འཛམ་གླིང་གི་ཁྱོན་འདིར་རང་དབང་རྒྱལ་ཁབ་ཚང་མའི་མི་དམངས་ཡོངས་རྫོགས་དང་། སྲིད་དོན་ཤོག་ཁག་མང་པོ་ཞིག་རང་རེའི་རྒྱབ་ཏུ་ལངས་ནས་བོད་ཕན་གྱི་འབོད་སྐད་དྲག་པོ་སྒྲོགས་བཞིན་པ་རེད་ན། བོད་ལྗོངས་སུ་གནས་པའི་སེར་སྐྱ་མི་མང་རྣམས་ནས་རྒྱ་དམར་གྱི་མགོ་བསྐོར་དཀྲོག་གཏམ་ལ་བདེན་འཛིན་མགོ་བོ་མི་རྨོངས་པར་རང་ཅག་ཚང་མའི་མཐར་ཐུག་གི་དམིགས་ཡུལ་བོད་ལྗོངས་རྒྱལ་ཁབ་རང་དབང་རང་བཙན་མ་བྱུང་དེ་སྲིད་དུ་རང་རིགས་ཀྱི་ལ་ཞེན་རྙིང་ནས་མ་བཏང་བར་དམ་ཚིག་ཟོང་ཁ་གཅིག་བསྒྲིལ་གྱིས་དགྲ་གཉེན་གྱི་བལྟ་སྟངས་མ་ནོར་བ་ཞིག་ཅིས་ཀྱང་དགོས་རྒྱུ། བོད་ལྗོངས་རང་བཙན་གྱི་དོན་དུ་མི་དམངས་ཁྱོན་ཆེ་བསད་བཟུང་སྡུག་བསྔལ་གྱིས་མནར་བ་རྣམས་འདི་ཕྱི་ཀུན་ཏུ་རྗེས་སུ་འཛིན་པའི་སྨོན་འདུན་བགྱིད་མུས་ཡིན་ན་མཆོག་གསུམ་གྱིས་བྱིན་རླབས་དང་། ལས་འབྲས་བསླུ་བ་མེད་པའི་བདེན་མཐུས་བོད་ལྗོངས་རབ་བཙན་བདེ་སྐྱིད་ཀྱི་ཉི་མ་རིང་པོར་མི་ཐོགས་པར་འཆར་རྒྱུར་ཚང་མས་ཡིད་འཆེས་བློས་འགེལ་ཆོག་པ་བཅས་ཡིད་འཇགས་བྱེད། ཏཱ་ལའི་བླ་མས། ས་ཕག་བོད་ཟླ་༠༦པའི་ཚེས་༢༠ཟླ་ཚེས་བཟང་པོར་བྲིས། ཞེས་ཕྱག་ཐམ་དང་བཅས་བཀོད་འདུག་པ་དེར་གཟིགས་ཞིབ་མཛོད། རྒྱལ་བའི་བཀའ་དགོངས་གཞིར་བཟུང་གིས་ཕྱག་ལས་གནས་བའི་བཀུར་འོས་སྤྱི་འཐུས་ཀར་མ་ཆོས་འཕེལ་མཆོག་ལ་སྙིང་ཐག་པ་ནས་བསྔགས་བརྗོད་ཡོད་དོ། རང་བཙན་དང་དབུ་མའི་ལམ་གང་གི་རྗེས་སུ་འཇུག་པར་འགྱུར་ན་ཡང་། རྒྱལ་བའི་བཀའ་དགོངས་བསྒྲུབ་བཞིན་ལགས་པས། རྗེས་སུ་འཛིན་པའི་སྐྱེས་བུ་མཐའ་དག་ལ་བསྔགས་བརྗོད་ཞུ།
(ད་སྔོན་ཀརྨ་ཆོས་འཕེལ་གྱི་སྤྱི་འཐུས་ཀྱི་མཚན་ཐོག་ནས་གང་རྒྱབ་སྐྱོར་ཞུས་པ་དེ་ཡང་དབུས་གཙང་མི་མང་གི་ཚབ་བྱས་པ་ཡིན་དགོས་ཏེ། ཁོང་དབུས་གཙང་མི་མང་གི་འཐུས་ཚབ་ཡིན་པས་སོ།།ད་ལྟ་ཁོང་གིས་རྒྱབ་སྐྱོར་མི་ཞུ་བ་དེ་ཡང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་དང་འབྲེལ་བ་ཡོད་(དེའི་ཚབ་བྱས་པ་ཡིན་དགོས་ཞེས་པའི་དོན་)ལོས་དགོས་ཏེ། དེའི་མིང་ཐོག་ན་སྤྱི་འཐུས་ཀྱི་ཐ་སྙད་གཞི་གྲུབ་པའི་ཕྱིར། གཞན་དུ་སྒེར་(གྱི)རྒྱབ་སྐྱོར་ཞུ་མིན་དེ་གང་ཟག་ཀརྨ་ཆོས་འཕེལ་ཙམ་ཡིན་ན་དེ་ཀརྨ་ཆོས་འཕེལ་དང་(བཀའ་བརྒྱུད་པ་དང་)འབྲེལ་བ་མེད།)
ངས་མཆན་འདི་འདྲ་ཞིག་བཏབ་པར་ཆོས་གྲོགས་འགའ་རེ་ཐུགས་བློ་དེ་ཙམ་བདེ་བ་འདྲ། འོན་ཀྱང་། ཆེད་དུ་ཟུར་ཟ་ནི་ཞར་ཡང་མིན། དཀྲུགས་ཤིང་དུ་གྱུར་མ་གྱུར་ཟེར་བ་ནི་རང་གིས་ཀྱང་ཚོད་ཐིག་པ་ཞིག་མ་རེད།
སྐད་ཆ་འགས་བསམ་བཞིན་མིན་པའི་སྒོ་ནས་ཀྱང་ལྡོག་ཕྱོགས་ཀྱི་མཇུག་འབྲས་བསྐྱེད་པ་ཡིན།
འོན་ཀྱང་གང་ལྟར་བསྐྱར་དུ་བལྟ་སྐབས་ཡིག་ནོར་མང་དྲགས་ནས་ང་རང་གིས་ཀྱང་མཆན་བུ་དེའི་དོན་གོ་ཁག་ཙམ་ཞིག་བྱུང་། ལར་སྤྱིར་བཏང་སྤྱི་འཐུས་ཤིག་གི་སྒེར་གྱི་ངོས་ནས་ལས་ཉེས་བྱས་པ་དང་། གྲོས་ཚོགས་ར་བའི་ནང་ནས་གྲོས་ཆོད་ལ་མོས་མཐུན་དང་ངོ་བརྒོལ་བྱས་པ་གཉིས་གཏན་ནས་མི་འདྲ། དཔེ་ཞིག་བཞག་ན། ཀརྨ་ཆོས་འཕེལ་གྱིས་གྲོགས་པོ་དང་མཉམ་དུ་སྤྱིར་བཏང་གི་སྐད་ཆ་བཤད་པ་ཡིན་ན་དེ་དང་སྤྱི་འཐུས་ཀྱི་མཚན་གནས་བར་འབྲེལ་བ་མེད་ཀྱང་། གཞུང་འབྲེལ་གྲོས་ཆོས་ཆོད་ལ་མོས་མཐུན་ནམ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པ་དེ་སྤྱི་མཐུས་ཀྱི་མཚན་གནས་དང་འབྲེལ་བ་ཡོད། རྒྱུ་མཚན་དེའི་དབང་གིས་གྲོས་ཚོགས་ར་བའི་ནང་དུ་ཟུར་ཉན་པ་ཞིག་ལ་གྲོས་ཆོས་ལ་མོས་མཐུན་ཞུ་བ་དང་། ཕྱིར་འཐེན་བྱེད་པའི་དབང་ཚད་གཉིས་ཀ་མེད་པ་ཡིན།
དཔེར་ན་ཨ་རིའི་སྲིད་འཛིན་ཟུར་པར་སྲིད་འཛིན་ཡིན་སྐབས་ཀྱི་དམག་དོན་ཆིངས་ཡིག་ནུས་མེད་གཏོང་རྒྱུའི་ཐོབ་ཐང་མེད་པ་ལྟ་བུ་རེད། ངས་འགྲོ་སྟངས་འདི་ལ་བསམ་ནས་ཁོང་གི་གྲོས་ཚོགས་ར་བའི་ནང་གི་རྩ་དོན་གྱི་གྲོས་ཆོས་ཆོད་ཕྱིར་མཐེན་བྱས་པ་དེ་རང་ཉིད་སྤྱི་མཐུས་ཤིག་ཡིན་པའི་དབང་ཚད་ཀྱི་ཐོག་ནས་བྱས་པ་ཡིན་དགོས་རྒྱུ་རེད་སྙམ་པ་ཙམ་ཡིན། འདི་ངའི་བསམ་ཚུལ་ཡིན། ཅིག་བྱས་ན་ཏན་ཏན་འགྲིག་མེད་སྲིད། འོན་ཀྱང་། འདིས་བཀའ་བརྒྱུད་པ་ལ་ལེ་བརྡ་བྱས་པ་གང་ཡང་མེད། གལ་ཏེ་ངའི་བསམ་ཚུལ་དེ་གནས་ལུགས་ཡོད་པའི་དབང་དུ་བཏང་ན་ཡང་། བཀའ་བརྒྱུད་པས་ཁོ་ལ་རང་ཉིད་ཀྱིས་མི་མང་གི་མིང་དོན་མཚུངས་པའི་ཚབ་མཚོན་པ་ཞིག་བྱས་པ་སོང་ཞེས་བརྡ་དེད་བྱ་ཆོག་པ་ཙམ་ལས། གཞུང་དང་མི་མང་གིས་འདི་བཀའ་བརྒྱུད་པའི་ནག་ཉེས་རེད་ཟེར་ནས་ཕར་བཀའ་བརྒྱུད་པ་ལ་བརྡ་འདེད་བྱེད་པ་ལྟ་བུ་དེ་འདྲའི་སྐད་ཆ་མ་རེད། ཁྱད་པར་དུ་བཀའ་བརྒྱུད་པ་དང་འབྲེལ་བ་ཡོད་དགོས་ཟེར་བ་དེ། བཀའ་བརྒྱུད་པ་ཕུགས་སུ་བསྡད་ནས་ཁོ་ལ་ངན་བསླབས་པ་ལྟ་བུའི་སྐད་ཆར་དེ་བས་ཀྱང་གོ་བ་ལེན་མི་རུང་། ངའི་སེམས་ལ་དེ་འདྲའི་རྟོག་པ་ཟུར་ཙམ་ཡང་སྐྱེ་མ་མྱོང་། མདོ་དོན་ནི། སྤྱི་མཐུས་ཤིག་གིས་རང་ཉིད་སྤྱི་མཐུས་ཀྱི་སྟེགས་བུར་བསྡད་ནས་གྲོས་ཚོགས་ར་བར་གཏམ་སྤྱོད་ཀྱི་རྣམ་འགྱུར་སྟོན་སྐབས་སྐབས་དེའི་ཁོང་ནི་ངེས་པར་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མིའི་གྲུབ་ཆ་ཆགས་ཚར་བ་ཡིན་ཙང་། ནམ་ཡང་རང་ཉིད་འདེམས་མཁན་གྱི་མི་མང་གི་བསམ་བློ་དང་ལངས་ཕྱོགས་བརྗེད་མི་ཉན་ཞུ་གིན་ཡོད།
གལ་ཏེ་གོང་བཀོད་བསམ་ཚུལ་དེར་ཡང་གནས་ལུགས་མེད་ན་དེ་ནི་ཅིས་ཀྱང་མི་སྐྱོན་མོད། བསམ་ཚུལ་འདི་རྫ་ཚེ་ཁོ་རང་ཤེས་རྒྱ་ཆུང་བ་རང་གི་སྐྱོན་ཡིན་པར་ཆ་འཇོག་དགོས་པ་ལས་ཆགས་སྡང་སོགས་ཀྱིས་བསླངས་པའི་སྐད་ཆ་ཡིན་མིན་སོགས་ཀྱི་ཚོད་དཔག་ནོར་བ་ཅན་ནི་ཅིས་ཀྱང་མི་བྱེད་རོགས།