རབ་དགའ།
གཟི་བརྗིད་ཁོག་པ་སྟོང་པ་འཁོར་བཅས་ཀྱིས།།
འཐུས་ཤོར་རྨ་ཁ་བཟོས་པའི་བུ་ག་ལ།།
ཉམས་རྒུད་རླུང་བུ་ཞུགས་པའི་སྒོ་འགོག་པའི།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
ཧམ་བཤད་ནག་པོས་རྨས་པའི་དམངས་སེམས་དང་།།
ལོག་བཤད་ཞེད་པོས་བརྫིས་པའི་བདེན་པའི་མཁར།།
དྲང་བདེན་སྟོབས་ཀྱིས་སློང་ལ་སྙིང་དཔའ་བའི།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
ཡིད་བཞིན་ནོར་བུར་ཐུགས་ཕམ་བཟོས་པ་དང་།།
གཞུང་དམངས་དམ་ཚིག་བུམ་པ་བཅག་པ་དང་།།
མཐུན་སྒྲིལ་མདུད་རྒྱ་བཤིག་པ་སླར་མདུད་པའི།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
གཞུང་རྒྱུ་སྒེར་ལ་འདྲེན་པའི་ལམ་ཁ་དང་།།
དབུ་སྐོར་མགོ་སྐོར་གཏོང་བའི་བྱུས་ངན་སོགས།།
རྒུད་པའི་སྙིང་རྩ་སྡོམ་ལ་དཔའ་བསྐྱེད་པ།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
ལྔ་དང་ལྔ་བཅུ་འགོང་པོའི་སྟོང་བྱུས་དང་།།
གཞུང་གི་དྲན་པར་མེད་པའི་འགྲུལ་བཞུད་སོགས།།
མཁོ་མེད་རྐང་ལག་ལྷག་མ་གཅོད་པ་ལ།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
ངན་པ་ཁ་འཆམ་གྱང་ནག་ཁ་སྦྱོར་དང་།།
གྱོད་ཀྱི་རྩ་བ་རྣག་གི་སྡོང་པོའི་རིགས།།
བསྒྱེལ་ནས་ཡར་རྒྱས་ལམ་བུར་འཁྲིད་པ་ཡི།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
གྲལ་མགོའི་སྟོད་ཧྲེང་མཇུག་གི་དམར་ཧྲེང་རྣམས།།
ལྕགས་ནག་སྐམ་པས་གཅུན་ལ་བྱང་བ་དང་།།
དྲང་པོས་གཞུང་བསྲིང་གསལ་པོས་མཐའ་རིག་པའི།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
མུ་གེའི་སྒང་ལ་ཟླ་བ་ལྷག་མ་དང་།།
གཟའ་རོའི་སྒང་ལ་ཁ་ཀྱོག་ལྟ་བུ་ཡི།།
རྒུད་པའི་ཁམས་ལས་སྐྱོབ་པའི་མཐུ་རྫོགས་པ།།
སྲིད་སྐྱོང་གྱད་ཀྱི་མི་བོ་བྱོན་ལ་ཉེ།།
རབ་དགའ་་་་མྱི་ཁྱོད་ལ་དར་ནག་ཚོགས་པའི་དྲི་མ་ཁ་གི་ཡ་་་་
རྩོམ་རྩལ་བཟང་འདུག་།
ཚིག་རྒྱན་བཟང་འདུག་།
སྙན་ངག་ཟེར་ན་དེ་ཟེར་།
མི་མངས་འབྲི་དགོས་པ་ལས་མི་དམངས་ཞེས་དང་། ག་།
ཟེར་། ང་ཡིག་མ་གཏོགས་ཡིག་ཤད་བར་ཚེག་རྒྱབ་སྲོལ་མེད་ཀྱང་། འདིཉིད་གནས་ཚུལ་སོ་མརེད།
གཅེས་པའི་སྤེན་ཚེ་སྐྱོན་དང་དྲི་ངན་གང་ནའང་།
ཆགས་ཀྱི་ནོན་པས་ཡོན་ཏན་དང་དྲི་བཟང་མཐོང་།
སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མིན་ནའང་།
མང་འོས་སྲིད་སྐྱོང་ཐོབ་པ་དཔལ་མིན་ནམ།།
སྐྱེ་བ་མི་ཡི་ཚེ་ཚད་ལས་ཀྱི་སྐོར།
བོད་ཀྱི་སྲིད་སྐྱོང་ལས་ཚད་ཁྲིམས་ཀྱི་སྐོར།
སྤེན་ཚེར་སྲིད་སྐྱོང་ལས་མེད་དམངས་ཀྱི་སྐོར།
ཕྱི་བྱུང་བློ་སེང་དམངས་མོས་ཐོབ་རྒྱུའི་སྐོར།།
དམངས་ནས་ཐོན་པའི་དམངས་ཀྱི་སྲིད་སྐྱོང་ལ།
བྱས་རྗེས་ལྡན་ཀྱང་མེད་པའི་འུར་སོགས་སྒྲོག
བྱོན་ལ་ཉེ་པའི་སྲིད་སྐྱོང་ལོ་རྒྱུས་དེ།
རྒྱང་མིན་ཁྱེད་ཚོས་ལྷག་ཏུ་ཤེས་རེ་ཡོད།།
རྩོམ་རྩལ་ལ་སེམས་པ་ཤོར་སོང་། ཡག་པོ་གདའ།
མི་མངས་ལངས་གླུ མི་མངས་ཀྱི་ཁྲིམས། མངས་གཙོའི་རྒྱལ་ཁབ། མངས་གཙོའི་རྩ་ཁྲིམས། ཞེས་བྲིས་ན་མི་འགྲིགས་སམ། ?
དཔེར་ན། སྒྲ་སྙན་ལ། རྒྱུད་མངས་ཞེས་འདོགས་སྲོལ་དང་། འབྲི་སྲོལ་ཡང་འདུག་པས་་་་་་་
ང་ལ་ནི། མངས་གཙོ་དང་། སྙན་དངགས་ཞེས་བྲིས་ན་བློ་ལ་ཞེ་དྲགས་ཐད་པ་འདུག་གདའ། ད་དུང་དཔྱོད་ཅིག
རྩོམ་རྩལ་དེ་འབར་འདུག ཐོ་ཡོར་དེ་བསྒྱེལ་འདུག