བཀྲས་མཐོང་དང་དངུལ་གྱི་སྐོར་ལ་བཀའ་ཤག་གི་གསལ་བཤད། Posted on 2010-12-142010-12-14 By ཁ་བརྡ་ 36 Comments on བཀྲས་མཐོང་དང་དངུལ་གྱི་སྐོར་ལ་བཀའ་ཤག་གི་གསལ་བཤད། གསར་འགྱུར།
ད་ཅིག་དཀའ་གི་ཡ། སྒོར་མོ་འབུམ་དགུའི་རྙོག་དྲ་འདིས་བཀྲས་མཐོང་ཤི་སོང་རུང་བརླ་བདེ་རུ་འཇུག་ས་མ་རེད། གང་ན་བཀྲས་མཐོང་གི་མིང་ཡོད་ན་དེ་ན་སྒོར་མོའི་གླེང་གཞི་དེ་ཐོན་འདུག གླེང་ཕྱོགས་གཅིག་ཐོན་ཚར་ན་དེ་ནས་གཙང་མ་བཟོ་ཐུབ་རྒྱུ་དཀའ་ནི་རེད། གསར་འགྱུར་དང་པོ་དེ་སྟོབས་ཅན་དང་གཉིས་པ་དེས་ནུས་པ་དེ་ཙམ་ཐོན་གྱི་མེད་པ་འཇིག་རྟེན་གྱི་དཔེ་རེད། ད་ཡང་བསྐྱར་བཀའ་ཁྲི་ལ་གཅིག་སྡོད་དང་དེ་ནས་འབུམ་བཅོ་བརྒྱད་ཀྱི་སྔོན་རྩིས་དང་འགྲོ་སོང་ཁ་འདུམ་མི་ཐུབ་ན་ཐང་ཡ།
བཀྲས་མཏོང་གིས་སྒོར་མོ་ཟས་ཡོད་སོགས་ཀྱི་སྐོར་ལ་ཁོང་གིས་ད་ལོའི་དྷ་སའི་ཟློས་གར་ཁང་ནས་ཀྱང་ཁ་གསལ་གྱིས་གསལ་བཤད་གནང་སོང་། སྐབས་དེར་ཡང་བོད་མིའི་རང་དབང་གསར་ཤོག་ཐོག་གཙང་བཟོས་བྱས་ཡོད་པ་དང་། བོད་གཞུང་གི་རྩིས་ཞིབ་ལས་ཁུངས་དང་སྐབས་དེའི་བོད་མིའི་རང་དབང་གི་ལས་བྱེད་ད་ལྟ་ད་དུང་གངས་སྐྱིད་དུ་ཡོད་པས་རྣམ་པ་ཚོ་ཕེབས་ཏེ་སྐད་ཆ་དྲིས་ན་འགྲིག་གི་རེད་སོགས་གསལ་བོར་གསུངས་སོང་མོད། ད་དུང་ཡང་ལ་ཤོས་ཀྱི་དེར་ཡིད་མ་ཆེས་པས་ཡིན་ནམ། ཡང་ན་དོ་སྣང་མ་གནང་བ་ཡིན། ཡང་ན་ཅི་ཡང་མ་ཐོས་མ་ཚོར་བ་ཡིན་ནམ། གང་ལྟར་སྒོར་མོའི་དོན་དག་དེ་འདྲ་རེད་འདུག་ལ། འདིར་ཡང་བོད་གཞུང་བཀའ་ཤག་གིས་གསལ་བཤད་གནང་འདུག་ན། ད་དུང་དོགས་པ་སངས་མེད་མཁན་འདྲ་ཨེ་ཡོད་ན་བསམ་གི ང་ནི་དོགས་པ་རྣམ་རྟོགས་གང་ཡང་མེད་མཁན་གྱི་གྲས་ཡིན་ནོ།།
གཅན་བཟོད་རྒྱམ་ནས་གསུངས་པ་ལྟར་རེད། བཀྲས་མཐོང་གིས་གཞུལ་དངུལ་ལྐོག་ཟས་བྱས་ཡོད་མེད་སྐོར་དེ་གསལ་པོ་གསལ་རྐྱང་ཆགས་ཟིན་པ་ཞིག་རེད་འདུག ད་དུང་དེའི་སྐོར་གླེང་རིན་ཆོད་པའི་རྒྱུ་མཚན་རྣམ་དག་གང་ཡང་མི་འདུག མུ་མཐུད་ནས་དེའི་སྐོར་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཁོང་བཀའ་བློན་གྱི་གོ་གནས་སུ་འགྲོ་བར་མི་འདོད་པ་ཙམ་མིན་ནམ། བཀྲས་མཐོང་གིས་ལས་གནས་བཞེས་སྐབས་སུ་གཞུང་གི་སྒོར་མོ་འགྲོ་སོང་ཁ་མི་མཐུན་པ་བྱུང་ཡོད་ནའང་། དེ་བཀྲས་མཐོང་གིས་ལྐོག་ཟས་བྱས་པ་གང་ནས་རྟོགས་ཐུབ། གལ་སྲིད་ཁོང་གི་ལྐོག་ཟས་བྱས་པའི་བདེན་དཔང་ཡོད་ན་གནས་ཚུལ་གསལ་པོ་གསལ་རྐྱང་བཟོ་དགོས་ངེས་རེད། གནས་ཚུལ་དང་རྒྱུ་མཚན་གསལ་པོ་བརྗོད་རྒྱུ་མེད་ན་དེའི་སྐབས་གཞུང་དངུལ་འགྲོ་སོང་ཁ་མཐུན་པ་བྱུང་བ་རེད་ཟེར་བ་ཙམ་ཞིག་སྐབས་དེའི་མགོ་གཙོས་ཟས་པ་གང་ནས་རྟོགས་ཐུབ། དཔེར་ན་དགོན་པ་ཆེན་པོ་ཞིག་གི་འགྲོ་སོང་ཁ་མི་མཐུན་པ་བྱུང་ན་བསྟན་བདག་དེས་ལྐོག་ཟ་བྱས་པ་རེད་ཅེས་བརྗོད་པ་དང་མི་མཚུངས་སམ། ཡང་ན་སྐབས་དེའི་འགྲོ་སོང་ཁ་མི་མཐུན་པའི་དངུལ་དེ་དག་བཀྲས་མཐོང་གཅིག་པུས་བེད་སྤྱོད་བྱ་དགོས་པའི་དངུལ་རིགས་ཤིག་ཡིན་ནམ། གང་ལྟར་ངས་དེའི་སྐོར་གསལ་པོ་ཤེས་མེད། དེར་བརྟེན་གནས་ཚུལ་གསལ་པོ་བཀོད་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།།
བཀྲས་མཏོང་གིས་སྒོར་མོ་ཟས་ཡོད་སོགས་ཀྱི་སྐོར་ལ་གོང་གི་བཀའ་ཤག་གི་ཡི་གེ་དེས་ཁ་གསལ་བའི་གསལ་བཤད་ཞིག་ཐུབ་མི་འདུག་པས་དེ་ལས་གསལ་ཙམ་ཞིག་གནང་རོག
དྲ་གྲོགས་རྣམ་པ་ ཁོང་གི་གསལ་བཤད་གནང་སྟངས་སོགས་ལ་བལྟས་ན་ཁོང་གིས་དངུལ་ཟོས་པའི་དཔང་རྟགས་ཁུང་འཕེལ་ཡིག་ཐོག་ཏུ་མེད་པ་དེ་གསལ་བོ་རེད། ཇི་སྲིད་ནག་ཅན་དུ་ཁྲིམས་ཐག་མ་ཆོད་པ་དེ་སྲིད་དུ་དོ་བདག་ནག་མེད་དུ་བརྩི་དགོས་པ་བཞིན་ཁོང་གིས་དངུལ་ཟས་མེད་པར་བརྩི་དགོས་པར་འདུག མདོར་བསྡུས་ན་འདིའི་སྐོར་ངའི་བསམ་ཚུལ་ནི་ངས་གང་ཡང་ཤེས་ཀྱི་མེད་ཅེས་པ་དེ་ཡིན། ཚོར་བའི་འཆར་སྒོ་ལ་ཡང་ཁོང་གིས་དེ་ཙམ་ཟས་ཡོད་སྲིད་དམ་སྙམ་པ་ཞིག་འདུག ཁ་ཉིན་ཨ་རི་ན་ཁོང་གིས་གསལ་བཤད་གནང་བ་ལྟར་ན་འདི་ Budget deficit ཙམ་ཡིན་པར་གསུང་བྱུང་། འདི་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་པས་འདི་ཙམ་ཞིག་ལ་གནས་ཚུལ་དེ་འདྲ་ལང་མི་སྲིད་པ་ཡིན་སྙམ། གང་ལྟར་གནད་དོན་ཞིག་ཡོད་པ་འདྲ་བོ་ཞིག་ཀྱང་ཚོར་གྱིན་འདུག Budget deficit ཟེར་བ་དེ་འགྲོ་སོང་ཁ་མ་མཐུན་པ་ཙམ་ལ་གོ་རྒྱུ་མ་རེད། གཞུང་གིས་ལོ་གཅིག་གི་འཆར་གཞི་འགོད་པའི་སྐབས་སུ་སྒྲུབ་དགོས་པའི་ལས་འཆར་གྱི་འགྲོ་སོང་ལས་ཚུར་ཡོང་འབབ་ཆེ་བ་ལ་གོ་བ་རེད། གནས་ཚུལ་འདི་ནི་ལོ་སྔོན་མ་དཔལ་འབྱོར་ཉམས་ཉེས་སྐབས་ཛ་དྲག་གིས་མ་བྱས་འཐུ་མེད་ཀྱི་རིགས་ཀྱི་སྐབས་ལྟ་བུ་གནས་སྟངས་དམིགས་བསལ་བའི་འོག་ཏུ་འབྱུང་བ་ལས་གཞན་ཡོང་དོན་ཆེར་མེད། གང་ལགས་ཤེ་ན་འོང་འབབ་ལ་བལྟས་ལས་འཆར་བསྒྲིག་དགོས་པས་འདི་འདྲའི་ཧེ་བག་ཅིག་ཡོང་དོན་ཆེར་མེད་པ་ལྟ་བུ་ཡིན། Budget deficit ཡི་སྐད་ཆ་འདི་ད་བར་དུ་མ་བྱུང་བ་དང་འདི་ཙམ་སྟབས་བདེ་ཞིག་ཡིན་པ་ལས་ཀྱང་དོགས་པ་ལངས་བ་ལྟར་བྱུང་། གང་ལྟར་འདི་དག་ནི་བདག་གི་འཆར་སྒོ་ཙམ་ལས་གཞན་ཡང་མེད།
ད་སྔོན་ཕན་ཆོད་བཀྲ་མཐོང་གི་དངུལ་གཞུང་དངུལ་ཟོས་པའི་སྐོར་ལ་མང་ཚོགས་ནང་མང་པོ་གླེང་སོང་། འོན་ཀྱང་ངས་དེ་ཙམ་ཡིད་ཆེས་བྱས་མེད། ཕལ་ཆེར་ཟོས་ཡོད་རྒྱུ་མ་རེད་བསམ་བྱུང་། ད་ལན་བཀའ་ཤག་གི་གསལ་བཤད་ཡི་གེ་དེ་མཐོང་མཚམས། གཞི་ནས་རྩིས་ཁྲ་ཁམས་གཙང་མ་གྲུབ་པར་གསལ་པོ་ཞིག་རེད། གང་ཡིན་ཟེར་ན་གསལ་བཤད་ཡི་ཆ་ནང་གསལ་ཤོག་བོད་མིའི་རང་དབང་ཁ་འཕངས་པ་ཙམ་ལས་དོན་ཐོག་ཡིད་རྟོན་ཐུབ་པའི་གོ་བདེ་ཉན་གསལ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པ་འདི་ཧང་སང་དགོས་པ་ཞིག་རེད། གནས་དོན་དེའི་ཐད་གསལ་བཤད་མེད་སྟབས་ང་མིན་ཁོ་རེད། ཁོ་མ་རེད་ཁང་ཐོག་ཕྱིན་སོང་ཟེར་བའི་དཔེ་ལྟར་ད་ལྟའི་བཀའ་ཤག་ངོས་ནས་འགན་ཁུར་ཐུབ་པའི་གསལ་བཤད་དོན་ལྡན་ཞིག་མ་རྙེད་ཚེ་གསལ་ཤོག་བོད་མིའི་རང་དབང་ལ་ཞལ་འཕངས་པ་ཞིག་རེད་འདུག ད་ཡིན་ན་མང་ཚོགས་ཚོས་ཡང་བསྐྱར་འདི་གླེང་ནས་མ་སྡོད་རོགས། རྐུ་མ་ངོ་ཤེས་ནས་རྐུན་ཁས་ལེན་བཞིན་དུ་ཡང་བསྐྱར་འདིའི་ཐད་བསྐྱར་བསྡབ་ཡང་བསྡབ་བྱེད་བསྡད་ཡ་ཞིག་མི་འདུག དེ་ལས་ཕྱོགས་གཞན་ཞིག་ནས་བཤད་ན་དགའ། བཀྲས་མཐོང་བཀའ་བློན་འགྲོ་རྒྱུ་ལ་འདོད་པ་ཡོད་མཁན་ཚོས་སྐབས་དེ་དུས་ཁོ་རང་དང་ནང་མི་ཚང་མ་ཨ་རིའི་མི་ཁུང་རེད་མ་ཚར་དུས་འགྲོ་སོང་དང་དངུལ་གྱི་ཐད་དཀའ་ངལ་ཆེ་སྟབས་དེ་ལྟར་ལས་ཀ་ཞིག་བྱེད་དགོས་ཐུག་པ་རེད། ད་ལྟ་ཁོ་རང་དང་ནང་མིའི་ཚང་མ་ཨ་རི་སླེབས་ནས་རང་གི་རྐང་པ་སྒང་ལ་ལངས་ཚར་དུས་མ་འོངས་པར་བཀའ་ཁྲིར་ཕེབས་ན་དེ་ལྟར་གནང་གི་མ་རེད་ཅེས་ལབ་ན་འཚམས་ཤོས་རེད། བཀྲས་མཐོང་བཀའ་བློན་འགྲོ་རྒྱུ་ལ་འདོད་པ་མེད་མཁན་ཚོས་ཁོང་གི་སྔ་མ་བཀའ་བློན་སྐབས་སྤྱི་རྒྱུ་འབུམ་དགུ་ཟོས་ཟིན་པ་རེད། ཡང་བསྐྱར་བཀའ་ཁྲིར་ཐོབ་ན་ངན་པ་ལང་ཤོར་བྱེད་ནས་མུ་མཐུད་སྤྱི་རྒྱུ་སྒེར་བདག་སོགས་ལས་ཀ་རབས་དང་རིམ་པ་ལས་སྲིད་པ་རེད་ཅེས་ལབ་དགོས་པ་རེད། དེ་གཉིས་ལས་གཞན་མང་པོ་བཤད་ན་དུས་ཚོད་གྲོན་བརླགས་འགྲོ་རྫས་ལས་གཞན་མ་མཆིས།
བཀའ་ཤག་གི་གསལ་བཤད་གནང་བ་ཐུགས་རྗེ་ཆེ། སྔོན་མ་ང་ལ་ཡིད་ཆས་དེ་ཙམ་མེད། འོན་ཀྱང་ཁོ་བཀའ་ཁྲིའི་སྐབས་སྒོར་འབུམ་གཅིག་རྩིས་མ་གཙང་བར་བཤད་པ་དེ་དངོས་འབྲེལ་ཡིན་པ་ད་ལྟ་བཀའ་ཤག་གིས་གསལ་བཤད་གནང་ཚེ་གཞི་ནས་ཡིད་ཆས་རྙེད་སོང་། ད་ཁོ་ཡག་པོ་མེད་པ་གཏན་ཁེལ་བ་རེད་ཡ།
རྐུ་མ་རྐུ་མཁན་གི་ང་རྐུ་མ་ཡིན་ངས་རྐུས་པ་ཡིན་ནམ་ཡང་ལབ་གི་མ་རེད་། གང་ལྟར་གཞུང་དངུལ་ཟས་མེད་ན་ཡང་དངུལ་རྩིས་ཁ་མི་མཐུན་པ་དེ་ཁོ་རང་གི་ལས་འགན་ཡག་པོ་མ་སྒྲུབ་པ་དེ་གསལ་པོ་རེད་། དེ་དང་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་ནས་བར་ཚམས་བཞག་ནས་སྒེར་དོན་ཆེད་ཕྱིན་པ་དེ་ཡང་བློ་ཕམ་སྐྱེས་གཞི་ཞིག་རེད་འདུག།
བཀྲས་མཐོང་གིས་དངུལ་ལྐོག་ཟ་བྱས་མིན་འདུག བདེན་པ་རེད་འདུག དངུལ་ཟོས་འདུག་ཟེར་མཁན་འཇམ་དབྱངས་ནོར་བུ་དང་ཨ་མྱེས་རྨ་ཆེན་ཞིབ་འཇུག་གི་ལས་བྱེད་བཀྲིས་ཚེ་རིང་རེད། ཁོང་ཚོ་སྒེར་གྱི་དགའ་སྡུག་གི་འཚོར་བའི་ཐོག་ནས་ཉེས་འགེལ་བྱས་པ་རེད། རྗེས་མ་བཀྲིས་ཚེ་རིང་གིས་བཟོད་གསོལ་བྱས་འདུག ངུས་བྱས་ནོངས་པ་བཤགས་འདུག འཇམ་དབྱངས་ནོར་བུས་ཁོང་གི་དྲ་རྒྱའི་སྟེང་ལ་བྲིས་འདུག ནོར་འཁྲུལ་ཁས་ལེན་བྱས་འདུག བཀྲིས་ཚེ་རིང་དང་འཇམ་ནོར་གྱི་ནོར་འཛོལ་དེ་བོད་མི་དམངས་དང་རྒྱལ་བ་རིན་པོ་ཆེར་དཀའ་ངལ་བསབ་མི་ཐུབ་པ་སྤྲད་ཡོད། གཞུང་ལ་དངུལ་མང་པོའི་འགྲོ་སོང་གྱོང་ཕོག་ཡོད།
ད་གསལ་བོ་བཟོ་དགོས་པ་མ་རེད། ག་དུས་ཡིན་ན་ཡང་ར་འཕྲོད་ཡ་ཡོད་པ་མ་རེད། བོད་གཞུང་བཀའ་ཤག་གི་བཀའ་ཡིན་ན་ཡང་མི་སྤྱིར་བཏང་བ་ཞིག་གི་བསམ་བློ་སྐད་ཆ་ལས་གདེངས་འཇོག་བྱེད་ཀྱི་མེད་པ་འདིས། ང་ཚོ་སྤྱི་ཚོགས་གི་ཁ་ཕྱོགས་གཅིག་སྟོན་གྱི་ཡོད་པ་རེད། ད་མང་པོ་གསལ་བྱེད་གནང་དགོས་པ་མ་རེད། ལྷག་པར་དུ་བཀའ་ཤག་ནས་གསལ་བྱེད་གནང་དགོས་པ་མ་རེད། བོད་གཞུང་བཀའ་ཤག་གསལ་བཤད་བྱེད་མཁན་མ་རེད། བོད་གཞུང་བཀའ་ཤག་ནི་བཀའ་གནང་མཁན་རེད། བཀའ་དང་གསུངས་སྐད་ཆ་འདི་ཚོར་ཕྱི་རྒྱལ་ཁབ་ཁག་ལ་ཡིན་ན་ཡང་ཁྱད་པར་ཡོད་པ་རེད། དེ་ག་རང་ཡིན། འཇམ་ནོར་འདི་ཨ་ཁུ་ཁྲོ་ཐུང་ལྟ་བུ་ཞིག་རེད། མགོ་ཚོས་པ་ལ་ནི་ཕྱི་ཚོས་ནང་ཚོས་ཞིག་རེད། འདིས་དངུལ་ཟོས་མེད་པ་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་ནག་པོ་བཟོ་སྟངས་ཞིག་རེད།
བཀའ་དྲུང་ཡིག་ཚང་ཡིན་ན་ཡང་མི་སྒེར་བ་ཞིག་ལ་འདི་ལྟར་གསལ་བྱེད་གནང་གི་བསྡད་པ་ཡིན་ན་འགྲིག་གི་མ་རེད། འདིའི་རིགས་ལ། བསྟན་འཛིན་རྣམ་རྒྱལ་ཡིན་ན་ཡང་བཀའ་ཤག་ལ་མཛད་དཀའ་མ་བཟོ་རོགས་ཀྱིས། གལ་ཏེ་དཀར་བོ་བྱེད་དགོས་ན་དེ་དུས་༡༩༩༥ ལོའི་རྙོག་གླེང་སྐབས་སུ་དཀར་བོ་བྱེད་དགོས་པ་རེད། ད་སྐབས་དུས་ཡུན་རྒྱུན་རིང་སོང་ཞིང་། ལས་བྱེད་རྣམས་ཀྱང་རྗེས་བོ་རྒྱབ་མ་ཟིན་ན་ཡང་དེའི་སྐབས་ཀྱི་རྙོག་དྲ་དེའི་གསལ་བྱེད་རྩིས་ཞིབ་དཔང་རྟགས་མཉམ་སྦྱར་མ་གནང་བར། དེའི་སྐབས་ཀྱི་ཚགས་པར་མཉམ་སྦྱར་གནང་ནས་ཅང་ཕན་སྲིད་ཀྱི་མ་རེད། དེ་ལས་བོད་གཞུང་བཀའ་ཤག་ནི་བོད་གཞུང་བཀའ་ཤག་རེད། མི་སྒེར་བ་ཞིག་གི་རྙོག་དྲ་ཆུང་ཆུང་ཞིག་ལ་རེད་དང་མ་རེད་ཟེར་ས་ག་ལ་ཡིན་བསམ།
བཀའ་ཤག་གི་བཀའ་ཡིག་དེ་ལས་བཀྲས་མཐོང་གིས་གཞུང་དངུལ་ལྐོག་བཟའ་བྱས་མེད་པ་གསལ་བོར་ཤེས་སོང་། ཐུགས་རྗེ་ཆེ། བཀའ་ཁྲི་ལ་ཐོབ་མིན་དེ་ད་དུང་བོད་མི་མང་གི་འོས་ཤོག་ལ་བལྟ་དགོས་པ་རེད།
གལ་ཏེ་བསྟན་རྣམ་ལ་དཀར་འདོན་དགོས་ན་རྩིས་ཞིབ་ལས་ཁུངས་གི་རྩིས་གཙང་པའི་རྩིས་ཁྲ་ཁྱེར་ནས་བོད་གཞུང་ཁྲིམས་ཁང་ནས་ཐག་གཅོད་དང་དེ་ནས་དཀར་འདོན་གནང་འཐུས་བསམ་མོད། ད་གང་ཤེས།
གཞོན་ནུ་ཟླ་མེད་དང་རྒྱ་གྲམ་དམར་པོ་རྣམ་པ་གཉིས་ལ་བསལ་བཤད་ཐུང་ངུ་ཞིག་བྱེད་རྒྱུ་ཡིན། གཞོན་ནུ་ཟླ་མེད་ཟེར་བ་དེས་༼གལ་ཏེ་དཀར་བོ་བྱེད་དགོས་ན་དེ་དུས་༡༩༩༥ ལོའི་རྙོག་གླེང་སྐབས་སུ་དཀར་བོ་བྱེད་དགོས་པ་རེད། ད་སྐབས་དུས་ཡུན་རྒྱུན་རིང་སོང་ཞིང་།༽ཞེས་བྲིས་འདུག་དེ་ནི་དངོས་ཡོད་དང་མི་མཐུན་པའི་ཚིག་སྙུག་ཅིག་རེད། བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ལྟོས་དང་གོང་གི་ཁྱེད་ཚིག་གྲུབ་དེ་ཚིག་སྙུག་ཡིན་པ་ངེས་ཤེས་རྙེད་ཐུབ། རྒྱ་གྲམ་དམར་པོ་ཟེར་བ་དེར་ལན་དེས་འཐུས་པ་ཡིན་ན།
བཀྲས་མཐོང་མི་རབས་མི་རྒྱུད་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་འདྲེན་ཞུས་པ་གང་ཡང་བྱུང་མེད། བཀྲ་ཤིས་མཐོང་སྨོན་རྒྱལ་དབང་དང་པོ་ཡིས། །བསྔགས་པའི་ཁ་རག་བཀྲས་མཐོང་བཞེས་པ་ནས། །བུ་རྒོད་སྟག་སེང་ཁ་བའི་མཛེས་རྒྱན་ལས། །བླུན་རྒན་ཝ་མོ་འདྲ་བ་འབྱུང་མྱོང་་མེད།
བཀྲས་མཐོང་ལ་བཀའ་ཁྲི་མ་འཐོབ་ནའང་། ཞྭ་མོ་ནག་པོ་དེ་འབུད་སོང་སྙམས། ཁོང་བྱས་རྗེས་ཆེན་པོ་རེད། སྤྱི་སེམས་ཆེན་པོ་རེད། མི་འཇོན་པོ་རེད། བསམ་བློ་གྲུང་པོ་རེད། གོང་ལ་བརྩི་བཀུར་ཆེན་པོ་རེད། འོག་ལ་བྱམས་སེམས་ཆེན་པོ་རེད། རང་དང་མཉམ་པར་མཐུན་སྒྲིལ་ཆེན་པོ་རེད། བསམ་བློ་གཙང་མ་རེད། སྤྱོད་པ་དྲང་པོ་རེད། བྱས་རྗེས་ཆེན་པོ་རེད། རྒྱལ་བའི་སྤྱན་གསལ་རེད། བུ་མོའི་སེམས་ཤོར་ས་རེད། ད་དུང་རྒྱ་གུང་ཁྲན་འཇིགས་ས་རེད། ད་གོང་གི་ལྡོག་སྒྲ་དེ་ལ་མི་སུའི་མིང་བརྒྱབ་ན་འཚམ་པ་འདུག ང་རང་འཚམ་ཤོས་རེད་འདུག
དྲ་གྲོགས་རྣམ་པ། བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
བཀའ་ཤག་ལ་སྙན་གསན་དང་རེ་བསྐུལ་ཞུས་པ་གཞིར་བཟུང་། བཀའ་ཤག་ངོས་ནས་ཀྱང་དཀར་འདོན་གཙང་སེལ་བྱེད་འདོད་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་ནའང་། ཚག་པར་ཞིག་ལ་ཁ་གཡར་བ་ཙམ་ལས་གཞན་ཁུང་གསལ་ར་འཕྲོད་ཀྱིས་རྒྱུ་མཚན་གང་ཡང་མ་རྙེད་པ་འདིས་ཅི་མཚོན་གྱི་འདུག ངས་བསམ་ན་མཐའ་གཅིག་ཏུ་རྩིས་ཁྲ་ཁམས་གཙང་མེད་པ་ལ་ཐེ་ཚོམ་དགོས་པ་མི་འདུག འོན་ཀྱང་དེ་སྔོན་ཕན་ཆོད་ཁོང་གི་ལོ་མང་རིང་གཞུང་ལ་ཞབས་ཞུ་བྱས་པ་ལ་ང་ཚོས་བསྔགས་བརྗོད་ཞུ་དགོས། ད་དུང་ཡང་ཁོང་ལ་བསམ་བློ་གསར་པ་དང་གོ་བ་གསར་པ་འདྲ་རྙེད་ཡོད་ན་ང་ཚོས་བཀའ་ཁྲི་འདེམས་ཡང་མ་འགྲིགས་པ་མེད། རེད་དེ་ཁོང་ལ་ནག་ཐིགས་ཤིག་ཕོག་ཟིན་པ་རེད། ད་དེ་སུས་ཀྱང་གཙང་མ་བཟོ་ཐུབ་ཐབས་བྲལ། དེ་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ད་ང་ཚོར་བཀའ་ཁྲིའི་འོས་མི་གྲགས་ཆེ་ཤོས་བློ་སེང་དང་བཀྲས་མཐོང་གཉིས་ལས་མེད་པའི་སྐབས་འདིར། བཀྲས་མཐོང་ལ་ལྐོག་བཟས་ནག་ཉེས་གཡོག བློ་སེང་ལ་དཔུང་སྒྲིག་གི་ནག་ཉེས་གཡོག་བཞག་ན། ད་བཀའ་ཁྲིར་སུ་འདེམས་དགོས་པ་རེད། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་བཞིན་པའི་ཚགས་པར་དེར་ཡིད་ཆེས་ཆ་འཇོག་བྱེད་ས་མི་འགྲོ་ན། ད་སུ་ལ་ཆ་འཇོག་བྱེད་དགོས་སམ། གྲོགས་པོ་ཚོས་བསམ་བློ་གཏོང་དགོས་འདུག བཀའ་ཁྲིར་འདམས་དང་མ་འདམས་སོ་སོའི་ཐོབ་ཐང་རེད། ཡིན་ན་ཡང་། མི་བྱས་ཅན་ལ་ཞ་མོ་ནག་པོ་གཡོག་གང་ཐུབ་ཀྱིས་གཏན་དུ་ལངས་རྒྱུ་མེད་པར་བཟོས་ན་དེ་ཅང་འགྲིག་གི་ཨ་ཡོད་ན།
བཀྲིས་མཐོང་གཙང་མར་བཟོས་པ་དེས་བཀྲིས་མཐོང་རྩོག་པ་བཟོས་པ་རེད། བཀའ་ཤག་གིས་སེམས་བཟང་ངམ་བསམ་ངན་གང་ཡིན་ཀྱང་། བཀྲིས་མཐོང་ལ་ཉོག་བཤད་ཀྱིས་ཉོག་གཏམ་མང་པོ་བསྣན་ཡོད་པས། ད་ནས་ཉོག་བཤད་ནང་བཀྲིས་མཐོང་ཡང་སྐྱར་ཟུག་པ་རེད། ཡ་ཁོ་རེ།
ད་ང་ཁ་བརྡའི་དྲྭ་ཚིག་འདི་ལ་ཞེད་ཀྱི་འདུག དངོས་གནས་ཞེད་ཀྱི་འདུག གང་ཡིན་ཟེར་ན་རྒྱ་དམར་གཞུང་ནས་བཙན་བྱོལ་དུ་བེད་སྤྱོད་གཏོང་རྒྱུ་མི་མང་པོ་ཞིག་བཏང་ཡོད་པ་གསལ་པོར་རེད། དེ་བྱས་དུས་ང་ཚོ་བཙན་བྱོལ་དུ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་ནང་ཕན་ཚུན་དབྱེན་དཀྲུག་བྱས་ནས་ནང་མི་འགྲིགས་པ་ཞིག་བཟོ་རྒྱུའི་ཆ་གཞི་གཏན་གཏན་དགྲ་ལ་ཡོད་རེད། དེ་ན་དེང་སངས་ཁ་བརྡའི་དྲྭ་ཚིག་སོགས་ངོ་རིས་ངོ་མ་སྟོན་མི་དགོས་པའི་དྲྭ་རྒྱ་ནང་དུ་མི་སུ་ཞིག་དབུ་འཕངས་མཐོ་ནས་དེ་ལ་མར་རྡོག་བརྫིས་གཏོང་ཐབས་ཀྱི་ལས་འགུལ་དང་གཏམ་འཆལ་མང་དག་ཞིག་སྒྲོ་འདོགས་དང་སྐུར་འདེབས་ཐོག་ནས་བྱས་དང་བྱེད་བཞིན་འདུག དེས་ན་གནས་ཚུལ་འདི་དག་རྒྱ་དམར་གཞུང་དང་ངན་པ་ལག་འབྲེལ་གྱིས་ལས་འགུལ་འཆར་གཞི་ལྡན་པ་ཞིག་ཡིན་པ་ལ་དོགས་གཞི་ཆེན་པོ་འདུག་པས། དྲྭ་བདག་ཚོས་འདི་ཐོག་ལས་སྟངས་འཛིན་ཞིག་མ་བྱས་ན་དམངས་གཙོ་རེད་ཟེར་ནས་གཏམ་འཆལ་ཁུང་མེད་དུ་མ་ཞིག་ཡང་ཡང་སྤེལ་བཅུག་ན། ནམ་ཞིག་བཙན་བྱོལ་གཞུང་དང་། ཚོགས་པ་བྱེ་བྲག་པ། དེ་བཞིན་དུ་གཞུང་གི་ལས་བྱེད་དང་སྒེར་པའི་ཤེས་ཡོན་པ་དང་། འཇོན་ཐང་ཅན། འབྱོར་ལྡན་དང་། ལྷག་བསམ་ཅན་གང་འདྲ་ཞིག་ཡོད་ནའང་ཡིད་ཐང་བཅུག་པ་ལ་ཐེ་ཚོམ་མི་འདུག་པས། ངེས་པར་དུ་ཡང་ན་རང་གི་ངོ་གདོང་གསལ་པོར་སྟོན་པའི་པར་རིས་མེད་པར་མཆན་འབྲི་མི་བཅུག་པའམ། ཡང་ནས་དཔང་རྟགས་ཁུང་ལྡན་མེད་པར་མི་གཞན་ལ་སྐྱོན་འཛུགས་ཀྱི་གཏམ་འཆལ་སྤེལ་མི་བཅུག་པར་གཙང་བསུབ་བྱེད་དགོས་གལ་ཅན་དུ་མཐོང་བས། སྣང་ཆུང་དུ་མ་བཞག་པར་ཐུགས་བཞེས་གནང་རོགས་ཞུ། ཞུ། ཞེས་ལྷག་བསམ་རྣམ་དག་ཐོག་ལག་གཉིས་ཐལ་མོ་སྦྱར་ནས་ཞུའོ།།།
རིན་ཆེན་རིལ་བུ། ༢༠༡༠/༡༡/༢༥ ཉིན་འདོན་སྤེལ་བྱས། བློ་གྲོས་མཐའ་ཡས་ཟེར་བ་འདིས་ཁ་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་ མདོག་བྱེད་ན་ཡང་།དོན་གྱིས་སྐྱོན་བརྗོད་དང་ངན་བསྒྲགས་ཐང་མང་བྱས་ འདུག ཐེང་འདིར་ཁ་བརྡ་དྲ་ཐོག་དུ་ཡང་ཁོས་བློ་བཟང་སེང་གེ་ལགས་ ཀྱིས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་དཔུང་ཁག་སྒྲིག་ཡོད་པ་ གཞིར་བཞག་བྱས་ནས།དེ་ཁོང་གི་འཚོ་གནས་ཀྱི་ ཆེད་དུ་རེད་ཅེས་ཁ་ཡག་ཁོག་བཙོག་གི་ངན་གཡོ་བྱས་འདུག ཉེ་སྔོན་ཕྱི་ ཟླ་༩བའི་ནང་ཡང་ཁོས་༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་ བ་ཕམ་པ་ཡིན།༽ཞེས་མི་རབས་ཕྱོགས་ཁག་བསྒྲིག་དགོས་མདོག་བྱས་ནས། ལྡོག་ཕྱོགས་ཀྱི་མིས་བློ་བཟང་སེང་གེར་རྒྱབ་སྐྱོར་མི་བྱེད་ཐབས་བྱས་ཡོད། ཁོ་ལ་མི་ནག་པོ་བཟོ་བའི་ཐབས་ལམ་མང་པོ་ཡོད།དཔེར་ན་ལོ་ཤས་སྔོན་ དྲ་མིང་གཞན་གྱི་ཐོག་ནས་སྒོམ་སྡེ་ལྷ་རིམ་པ་ལ་དོལ་རྒྱལ་གྱི་མངོན་རྟོགས་ དང་འབྲེལ་བའི་ངན་བསྒྲགས་བྱེད་མཁན་ཡང་ཁོ་རང་རེད། མ་རྩ་ཁོ་ནི་དོགས་ཟོན་དགོས་སའི་མི་ཞིག་ཡིན་པ་རེད།གང་ཟེར་ན། ཁོ་རྣམ་གྲོལ་གླིང་གི་མཁན་པོའི་མིང་ཐོག་ནས་ཨ་རི་ལ་ཆོས་ཚོགས་མཁན་ པོར་སོང་བ་རེད།ཁོས་ཆོས་ཚོགས་ཀྱི་ཕྱག་ཡོང་སྒོར་མང་པོ་བཟུང་ནས་ལོ་ རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ལ་ རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་དང་།རྒྱ་མོ་ཞིག་ལ་ ལྐོག་ནས་ལུས་འབྲེལ་བྱས་པར་མ་ཟད་མོ་ལ་ཁང་པ་བཟང་བོ་ཞིག་ཉོས་ནས་ རྒྱ་ནང་གི་ཁོའི་རང་ཁྱིམ་བྱས་ཡོད་འདུག ངོ་མ་བཤད་ན་ཁོ་ཨ་རི་ལ་ གཏོང་མཁན་རྣམ་གྲོལ་གླིང་དགོན་པ་ཡིན་ལ་ཆོས་ཚོགས་དེའང་ རྣམ་གྲོལ་གླིང་གི་མིང་ཐོག་ནས་བཙུག་པ་རེད། དེས་ཕྱག་ཡོང་སྒེར་བདག་གིས་རྒྱ་མོར་ཁང་བ་སོགས་ཉོས་ན་ག་འདྲ་འདུག ཨ་རི་དང་།རྒྱ་གར།བོད་ནང་སོགས་ནས་ཡང་སྡོམ་པ་ཡོད་མདོག་གི་མཁན་པོ་བྱས་དང་བྱེད་བཞིན་ཡོད།ཁོ་རྒྱ་ལ་དགའ་བའི་མ་ཚད་ཁོས་ ལུང་འདྲེན་ཞིག་བྱས་ཀྱང་མའོ་འམ་ཏིན་ཡིན་འདུག༼ མའོ་ཙེ་ཏུང་གིས། འཛམ་གླིང་འདི་ང་ཚོའི་རེད་དམ་ཡང་ན་ཁྱོད་ཚོའི་རེད།མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར།༽ཁོས་ལུང་འདྲེན་འདི་ཚོ་ཚིག་འཛིན་ དོགས་སློང་མིན་ལ་ཚད་མར་འཛིན་ཁུལ་རེད།མདོར་ན་ཁོ།ངོ་ལོག་པ་ཀཿ ཐོག་དྲི་མེད་ཞིང་དང་རྒྱ་ནང་ནས་ངན་འབྲེལ་ཚབ་ཆེན་ཡོད།ང་ཚོས་དུས་ ནམ་ཡང་ཁོ་ལ་དོགས་པ་ནན་མོ་བྱེད་དགོས
མ་གཞི་ང་རང་ཆབ་སྲིད་ཐད་ལ་ཉམས་མྱོང་གང་མེད་ལབ་ཆོག་པ་ཡིན། ཡིན་ན་ཡང་ངས་སྐུ་ཞབས་བློ་སེང་ལགས་ཁྱེད་རང་དང་སྐུ་ངོ་འཇུ་ཆེན་མཉམ་དུ་མི་མངོན་པའི་གསང་འབྲེལ་ཇི་ལྟར་ཡིན། ང་བོད་དུ་ཡོད་དུས་དྲན་པ་ཞིག་ལ་འཇུ་ཆེན་་༡༩༧༩་ལོར་རྒྱ་ནག་ཏུ་ཡོང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་མཇལ་བ་དང་། དེ་རྗེས་རྒྱ་གར་དུ་ལོག་རྗེས་པཎ་ཆེན་རིན་པོ་ཆེ་བླ་མ་མ་རེད་ཅེས་་ལབ་པའི་གནས་ཚུལ་ཡོངས་གྲགས་སུ་ཆགས་ཡོད་འོ་ན་ད་ལྟ་བར་དམ་ཉམས་དེས་བོད་པའི་སྤྱི་ཚོགས་ལ་གང་བྱས་ཡོད། འཆི་ནས་དམྱལ་སྐྱེ་བར་གདོན་མི་བཟའ།
ཨ་ཡོའའའའའའའའའའ། བློ་གྲོས་མཐའ་ཡས། ད་ཁྱོད་ཀྱི་གདོང་སྤགས་དམར་ཞུ་བྱས་འདུག་ཀ ཨ་ཁ་ཁ་གངས་ཅན་བླ་མ་རྒྱ་བོའི་དང་འགྲན་བསྡུར་བྱེད་ཀྱི་ཡོད་དམ། གོང་གི་མཆན་ཨང་ ༢༨པ་དེ་གཅིག་ཀློག་དང་། དེའི་ནང་དུ་ཡིག་ནོར་མང་པོ་འདུག ཁྱོད་ཀྱིས་ཞུ་དག་ཅིག་གཏོགས་རྒྱུའི་ལས་ཀ་འདི་ཁྱོད་ལ་སྤྲད་པ་ཡིན། ཧཧཧ
སྐུ་ངོ་བཀྲ་ཤིས་དབང་འདུས་བཀའ་ཁྲི་ལ་མ་བཞེངས་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིད་ཡིན་ཡིན་པ་འདྲ་བོ་རེད།
༄༅། །ཟམ་གདོང་བླ་མས་ལོ་༡༠་རིང་ལ་བོད་གཞུང་བུ་ལོན་གི་འོག་ནས་བཏོན་ཡོད་རེད། ད་གཙང་མ་ཆགས་ཡོད་རེད། ད་ཡང་བསྐྱར་རྐུན་མའི་ཤོག་བཀའ་ཁྲིར་སླེབས་ན་བོད་གཞུང་སྤྲང་པོ་ཆགས་རྒྱུ་རེད་ལ། རྩིས་ཁྲ་ནག་པོ་བཟོ་ཡི་རེད། མ་གཞི་བཀྲས་མཐོང་བཀའ་ཁྲི་མ་འཇོན་ནས། ཁུངས་མ་འཁྱོལ་ནས། ཨ་རི་ལ་བྲོས། ད་ཡང་རྐུན་མ་རྒྱག་ག་སླེབས་ཡིན་གྱི་རེད།
ངས་བཀའ་ཁྲིའི་འོས་མི་ ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་ བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་ བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད། བློ་བཟང་སེང་གེ་ལགས་ དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་ མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་ འདུག ལྡི་ལི་མན་ཇུ་ཁྲི་ལི་ སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་ སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་ འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
དྲ་ཐོག་འདི་ན། གོ་བ་མེད་པའི་གླང་རྒན་རྐྱང་རྐྱང་འཛོམས་ནི་ཨེ་ཡོད། ཡང་ན་རྐང་བཙུགས་ནས་མི་གཞན་དག་ནག་པོ་བཟོ་བཞིན་ཡོད་པ་རེད་དམ། དཀོན་མཆོག་མཁྱེན། ང་ནི་མཆན་འདི་དག་ཀློག་གིན་ཀློག་གིན། དྲ་ཐོག་གི་མི་འདི་དག་ལ་ཞེ་མེར་ལངས་ཀྱི་འདུག སྐད་ཆ་དྲང་པོ་དང་བདེན་པ་བཤད་མཁན་ཆེས་ཉུང་ལ། ལོག་འགྲེལ་རྐྱང་རྐྱང་རྒྱག་གི་འདུག ངོ་མ་གོང་ས་མཆོག་མེད་ཚེ་བོད་པ་ཚོར་རེ་བ་ཡོད་ས་མ་རེད་དཱ།
ཧཧཧཧ་ད་ཡིན་ན་དགོད་མོ་གཏིང་ནས་ཤོར་སོང་།།བཀའ་ཤག་གིས་བཀྲས་མཐོང་བསྟན་རྣམ་གྱི་གསལ་བཤད་དེ་བོད་ཀྱི་གཏམ་དཔེར་《མདོང་དགོང་མནའ་མས་སྟུག་དྲི་བཏང་བ་དེ་ང་ཡིན་》ཞེས་ཟེར་བ་དང་གཅིག་པ་རེད།བཀྲས་མཐོང་ཚང་བཀའ་བློན་ཁྲི་པའི་སྐབས་གཞུང་དངུལ་ཁ་་མ་འདུམ་པའི་དངུལ་དེ་དག་མེས་ཚིགས་པ་རེད།གནམ་ལ་ཕུར་བ་རེད།ས་ལ་འཛུལ་བ་རེད།གཞུང་དངུལ་ཁ་མ་འདུམ་པའི་རྒྱུ་མཚན་གང་ཡོད་དམ།
དྲ་གྲོགས་ལགས་ཁྱེད་ཚོའི་མིག་དབང་ལ་ཕྱོགས་རིས་སམ་གཞན་གྱིས་དཔལ་འབྱོར་གྱི་བསླུས་མེད་ན། བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ འདི་ལ་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
ད་ཅིག་དཀའ་གི་ཡ། སྒོར་མོ་འབུམ་དགུའི་རྙོག་དྲ་འདིས་བཀྲས་མཐོང་ཤི་སོང་རུང་བརླ་བདེ་རུ་འཇུག་ས་མ་རེད། གང་ན་བཀྲས་མཐོང་གི་མིང་ཡོད་ན་དེ་ན་སྒོར་མོའི་གླེང་གཞི་དེ་ཐོན་འདུག གླེང་ཕྱོགས་གཅིག་ཐོན་ཚར་ན་དེ་ནས་གཙང་མ་བཟོ་ཐུབ་རྒྱུ་དཀའ་ནི་རེད། གསར་འགྱུར་དང་པོ་དེ་སྟོབས་ཅན་དང་གཉིས་པ་དེས་ནུས་པ་དེ་ཙམ་ཐོན་གྱི་མེད་པ་འཇིག་རྟེན་གྱི་དཔེ་རེད། ད་ཡང་བསྐྱར་བཀའ་ཁྲི་ལ་གཅིག་སྡོད་དང་དེ་ནས་འབུམ་བཅོ་བརྒྱད་ཀྱི་སྔོན་རྩིས་དང་འགྲོ་སོང་ཁ་འདུམ་མི་ཐུབ་ན་ཐང་ཡ།
བཀྲས་མཏོང་གིས་སྒོར་མོ་ཟས་ཡོད་སོགས་ཀྱི་སྐོར་ལ་ཁོང་གིས་ད་ལོའི་དྷ་སའི་ཟློས་གར་ཁང་ནས་ཀྱང་ཁ་གསལ་གྱིས་གསལ་བཤད་གནང་སོང་། སྐབས་དེར་ཡང་བོད་མིའི་རང་དབང་གསར་ཤོག་ཐོག་གཙང་བཟོས་བྱས་ཡོད་པ་དང་། བོད་གཞུང་གི་རྩིས་ཞིབ་ལས་ཁུངས་དང་སྐབས་དེའི་བོད་མིའི་རང་དབང་གི་ལས་བྱེད་ད་ལྟ་ད་དུང་གངས་སྐྱིད་དུ་ཡོད་པས་རྣམ་པ་ཚོ་ཕེབས་ཏེ་སྐད་ཆ་དྲིས་ན་འགྲིག་གི་རེད་སོགས་གསལ་བོར་གསུངས་སོང་མོད། ད་དུང་ཡང་ལ་ཤོས་ཀྱི་དེར་ཡིད་མ་ཆེས་པས་ཡིན་ནམ། ཡང་ན་དོ་སྣང་མ་གནང་བ་ཡིན། ཡང་ན་ཅི་ཡང་མ་ཐོས་མ་ཚོར་བ་ཡིན་ནམ། གང་ལྟར་སྒོར་མོའི་དོན་དག་དེ་འདྲ་རེད་འདུག་ལ། འདིར་ཡང་བོད་གཞུང་བཀའ་ཤག་གིས་གསལ་བཤད་གནང་འདུག་ན། ད་དུང་དོགས་པ་སངས་མེད་མཁན་འདྲ་ཨེ་ཡོད་ན་བསམ་གི ང་ནི་དོགས་པ་རྣམ་རྟོགས་གང་ཡང་མེད་མཁན་གྱི་གྲས་ཡིན་ནོ།།
གཅན་བཟོད་རྒྱམ་ནས་གསུངས་པ་ལྟར་རེད། བཀྲས་མཐོང་གིས་གཞུལ་དངུལ་ལྐོག་ཟས་བྱས་ཡོད་མེད་སྐོར་དེ་གསལ་པོ་གསལ་རྐྱང་ཆགས་ཟིན་པ་ཞིག་རེད་འདུག ད་དུང་དེའི་སྐོར་གླེང་རིན་ཆོད་པའི་རྒྱུ་མཚན་རྣམ་དག་གང་ཡང་མི་འདུག མུ་མཐུད་ནས་དེའི་སྐོར་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཁོང་བཀའ་བློན་གྱི་གོ་གནས་སུ་འགྲོ་བར་མི་འདོད་པ་ཙམ་མིན་ནམ། བཀྲས་མཐོང་གིས་ལས་གནས་བཞེས་སྐབས་སུ་གཞུང་གི་སྒོར་མོ་འགྲོ་སོང་ཁ་མི་མཐུན་པ་བྱུང་ཡོད་ནའང་། དེ་བཀྲས་མཐོང་གིས་ལྐོག་ཟས་བྱས་པ་གང་ནས་རྟོགས་ཐུབ། གལ་སྲིད་ཁོང་གི་ལྐོག་ཟས་བྱས་པའི་བདེན་དཔང་ཡོད་ན་གནས་ཚུལ་གསལ་པོ་གསལ་རྐྱང་བཟོ་དགོས་ངེས་རེད། གནས་ཚུལ་དང་རྒྱུ་མཚན་གསལ་པོ་བརྗོད་རྒྱུ་མེད་ན་དེའི་སྐབས་གཞུང་དངུལ་འགྲོ་སོང་ཁ་མཐུན་པ་བྱུང་བ་རེད་ཟེར་བ་ཙམ་ཞིག་སྐབས་དེའི་མགོ་གཙོས་ཟས་པ་གང་ནས་རྟོགས་ཐུབ། དཔེར་ན་དགོན་པ་ཆེན་པོ་ཞིག་གི་འགྲོ་སོང་ཁ་མི་མཐུན་པ་བྱུང་ན་བསྟན་བདག་དེས་ལྐོག་ཟ་བྱས་པ་རེད་ཅེས་བརྗོད་པ་དང་མི་མཚུངས་སམ། ཡང་ན་སྐབས་དེའི་འགྲོ་སོང་ཁ་མི་མཐུན་པའི་དངུལ་དེ་དག་བཀྲས་མཐོང་གཅིག་པུས་བེད་སྤྱོད་བྱ་དགོས་པའི་དངུལ་རིགས་ཤིག་ཡིན་ནམ། གང་ལྟར་ངས་དེའི་སྐོར་གསལ་པོ་ཤེས་མེད། དེར་བརྟེན་གནས་ཚུལ་གསལ་པོ་བཀོད་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།།
བཀྲས་མཏོང་གིས་སྒོར་མོ་ཟས་ཡོད་སོགས་ཀྱི་སྐོར་ལ་གོང་གི་བཀའ་ཤག་གི་ཡི་གེ་དེས་ཁ་གསལ་བའི་གསལ་བཤད་ཞིག་ཐུབ་མི་འདུག་པས་དེ་ལས་གསལ་ཙམ་ཞིག་གནང་རོག
དྲ་གྲོགས་རྣམ་པ་
ཁོང་གི་གསལ་བཤད་གནང་སྟངས་སོགས་ལ་བལྟས་ན་ཁོང་གིས་དངུལ་ཟོས་པའི་དཔང་རྟགས་ཁུང་འཕེལ་ཡིག་ཐོག་ཏུ་མེད་པ་དེ་གསལ་བོ་རེད། ཇི་སྲིད་ནག་ཅན་དུ་ཁྲིམས་ཐག་མ་ཆོད་པ་དེ་སྲིད་དུ་དོ་བདག་ནག་མེད་དུ་བརྩི་དགོས་པ་བཞིན་ཁོང་གིས་དངུལ་ཟས་མེད་པར་བརྩི་དགོས་པར་འདུག
མདོར་བསྡུས་ན་འདིའི་སྐོར་ངའི་བསམ་ཚུལ་ནི་ངས་གང་ཡང་ཤེས་ཀྱི་མེད་ཅེས་པ་དེ་ཡིན། ཚོར་བའི་འཆར་སྒོ་ལ་ཡང་ཁོང་གིས་དེ་ཙམ་ཟས་ཡོད་སྲིད་དམ་སྙམ་པ་ཞིག་འདུག ཁ་ཉིན་ཨ་རི་ན་ཁོང་གིས་གསལ་བཤད་གནང་བ་ལྟར་ན་འདི་ Budget deficit ཙམ་ཡིན་པར་གསུང་བྱུང་། འདི་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་པས་འདི་ཙམ་ཞིག་ལ་གནས་ཚུལ་དེ་འདྲ་ལང་མི་སྲིད་པ་ཡིན་སྙམ། གང་ལྟར་གནད་དོན་ཞིག་ཡོད་པ་འདྲ་བོ་ཞིག་ཀྱང་ཚོར་གྱིན་འདུག Budget deficit ཟེར་བ་དེ་འགྲོ་སོང་ཁ་མ་མཐུན་པ་ཙམ་ལ་གོ་རྒྱུ་མ་རེད། གཞུང་གིས་ལོ་གཅིག་གི་འཆར་གཞི་འགོད་པའི་སྐབས་སུ་སྒྲུབ་དགོས་པའི་ལས་འཆར་གྱི་འགྲོ་སོང་ལས་ཚུར་ཡོང་འབབ་ཆེ་བ་ལ་གོ་བ་རེད། གནས་ཚུལ་འདི་ནི་ལོ་སྔོན་མ་དཔལ་འབྱོར་ཉམས་ཉེས་སྐབས་ཛ་དྲག་གིས་མ་བྱས་འཐུ་མེད་ཀྱི་རིགས་ཀྱི་སྐབས་ལྟ་བུ་གནས་སྟངས་དམིགས་བསལ་བའི་འོག་ཏུ་འབྱུང་བ་ལས་གཞན་ཡོང་དོན་ཆེར་མེད། གང་ལགས་ཤེ་ན་འོང་འབབ་ལ་བལྟས་ལས་འཆར་བསྒྲིག་དགོས་པས་འདི་འདྲའི་ཧེ་བག་ཅིག་ཡོང་དོན་ཆེར་མེད་པ་ལྟ་བུ་ཡིན། Budget deficit ཡི་སྐད་ཆ་འདི་ད་བར་དུ་མ་བྱུང་བ་དང་འདི་ཙམ་སྟབས་བདེ་ཞིག་ཡིན་པ་ལས་ཀྱང་དོགས་པ་ལངས་བ་ལྟར་བྱུང་། གང་ལྟར་འདི་དག་ནི་བདག་གི་འཆར་སྒོ་ཙམ་ལས་གཞན་ཡང་མེད།
ད་སྔོན་ཕན་ཆོད་བཀྲ་མཐོང་གི་དངུལ་གཞུང་དངུལ་ཟོས་པའི་སྐོར་ལ་མང་ཚོགས་ནང་མང་པོ་གླེང་སོང་། འོན་ཀྱང་ངས་དེ་ཙམ་ཡིད་ཆེས་བྱས་མེད། ཕལ་ཆེར་ཟོས་ཡོད་རྒྱུ་མ་རེད་བསམ་བྱུང་། ད་ལན་བཀའ་ཤག་གི་གསལ་བཤད་ཡི་གེ་དེ་མཐོང་མཚམས། གཞི་ནས་རྩིས་ཁྲ་ཁམས་གཙང་མ་གྲུབ་པར་གསལ་པོ་ཞིག་རེད། གང་ཡིན་ཟེར་ན་གསལ་བཤད་ཡི་ཆ་ནང་གསལ་ཤོག་བོད་མིའི་རང་དབང་ཁ་འཕངས་པ་ཙམ་ལས་དོན་ཐོག་ཡིད་རྟོན་ཐུབ་པའི་གོ་བདེ་ཉན་གསལ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པ་འདི་ཧང་སང་དགོས་པ་ཞིག་རེད།
གནས་དོན་དེའི་ཐད་གསལ་བཤད་མེད་སྟབས་ང་མིན་ཁོ་རེད། ཁོ་མ་རེད་ཁང་ཐོག་ཕྱིན་སོང་ཟེར་བའི་དཔེ་ལྟར་ད་ལྟའི་བཀའ་ཤག་ངོས་ནས་འགན་ཁུར་ཐུབ་པའི་གསལ་བཤད་དོན་ལྡན་ཞིག་མ་རྙེད་ཚེ་གསལ་ཤོག་བོད་མིའི་རང་དབང་ལ་ཞལ་འཕངས་པ་ཞིག་རེད་འདུག
ད་ཡིན་ན་མང་ཚོགས་ཚོས་ཡང་བསྐྱར་འདི་གླེང་ནས་མ་སྡོད་རོགས།
རྐུ་མ་ངོ་ཤེས་ནས་རྐུན་ཁས་ལེན་བཞིན་དུ་ཡང་བསྐྱར་འདིའི་ཐད་བསྐྱར་བསྡབ་ཡང་བསྡབ་བྱེད་བསྡད་ཡ་ཞིག་མི་འདུག
དེ་ལས་ཕྱོགས་གཞན་ཞིག་ནས་བཤད་ན་དགའ།
བཀྲས་མཐོང་བཀའ་བློན་འགྲོ་རྒྱུ་ལ་འདོད་པ་ཡོད་མཁན་ཚོས་སྐབས་དེ་དུས་ཁོ་རང་དང་ནང་མི་ཚང་མ་ཨ་རིའི་མི་ཁུང་རེད་མ་ཚར་དུས་འགྲོ་སོང་དང་དངུལ་གྱི་ཐད་དཀའ་ངལ་ཆེ་སྟབས་དེ་ལྟར་ལས་ཀ་ཞིག་བྱེད་དགོས་ཐུག་པ་རེད། ད་ལྟ་ཁོ་རང་དང་ནང་མིའི་ཚང་མ་ཨ་རི་སླེབས་ནས་རང་གི་རྐང་པ་སྒང་ལ་ལངས་ཚར་དུས་མ་འོངས་པར་བཀའ་ཁྲིར་ཕེབས་ན་དེ་ལྟར་གནང་གི་མ་རེད་ཅེས་ལབ་ན་འཚམས་ཤོས་རེད།
བཀྲས་མཐོང་བཀའ་བློན་འགྲོ་རྒྱུ་ལ་འདོད་པ་མེད་མཁན་ཚོས་ཁོང་གི་སྔ་མ་བཀའ་བློན་སྐབས་སྤྱི་རྒྱུ་འབུམ་དགུ་ཟོས་ཟིན་པ་རེད། ཡང་བསྐྱར་བཀའ་ཁྲིར་ཐོབ་ན་ངན་པ་ལང་ཤོར་བྱེད་ནས་མུ་མཐུད་སྤྱི་རྒྱུ་སྒེར་བདག་སོགས་ལས་ཀ་རབས་དང་རིམ་པ་ལས་སྲིད་པ་རེད་ཅེས་ལབ་དགོས་པ་རེད།
དེ་གཉིས་ལས་གཞན་མང་པོ་བཤད་ན་དུས་ཚོད་གྲོན་བརླགས་འགྲོ་རྫས་ལས་གཞན་མ་མཆིས།
བཀའ་ཤག་གི་གསལ་བཤད་གནང་བ་ཐུགས་རྗེ་ཆེ། སྔོན་མ་ང་ལ་ཡིད་ཆས་དེ་ཙམ་མེད། འོན་ཀྱང་ཁོ་བཀའ་ཁྲིའི་སྐབས་སྒོར་འབུམ་གཅིག་རྩིས་མ་གཙང་བར་བཤད་པ་དེ་དངོས་འབྲེལ་ཡིན་པ་ད་ལྟ་བཀའ་ཤག་གིས་གསལ་བཤད་གནང་ཚེ་གཞི་ནས་ཡིད་ཆས་རྙེད་སོང་། ད་ཁོ་ཡག་པོ་མེད་པ་གཏན་ཁེལ་བ་རེད་ཡ།
ནོར་བཅོས་་སྒོར་འབུམ་དགུ།
རྐུ་མ་རྐུ་མཁན་གི་ང་རྐུ་མ་ཡིན་ངས་རྐུས་པ་ཡིན་ནམ་ཡང་ལབ་གི་མ་རེད་། གང་ལྟར་གཞུང་དངུལ་ཟས་མེད་ན་ཡང་དངུལ་རྩིས་ཁ་མི་མཐུན་པ་དེ་ཁོ་རང་གི་ལས་འགན་ཡག་པོ་མ་སྒྲུབ་པ་དེ་གསལ་པོ་རེད་། དེ་དང་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་ནས་བར་ཚམས་བཞག་ནས་སྒེར་དོན་ཆེད་ཕྱིན་པ་དེ་ཡང་བློ་ཕམ་སྐྱེས་གཞི་ཞིག་རེད་འདུག།
བཀྲས་མཐོང་གིས་དངུལ་ལྐོག་ཟ་བྱས་མིན་འདུག བདེན་པ་རེད་འདུག དངུལ་ཟོས་འདུག་ཟེར་མཁན་འཇམ་དབྱངས་ནོར་བུ་དང་ཨ་མྱེས་རྨ་ཆེན་ཞིབ་འཇུག་གི་ལས་བྱེད་བཀྲིས་ཚེ་རིང་རེད། ཁོང་ཚོ་སྒེར་གྱི་དགའ་སྡུག་གི་འཚོར་བའི་ཐོག་ནས་ཉེས་འགེལ་བྱས་པ་རེད། རྗེས་མ་བཀྲིས་ཚེ་རིང་གིས་བཟོད་གསོལ་བྱས་འདུག ངུས་བྱས་ནོངས་པ་བཤགས་འདུག འཇམ་དབྱངས་ནོར་བུས་ཁོང་གི་དྲ་རྒྱའི་སྟེང་ལ་བྲིས་འདུག ནོར་འཁྲུལ་ཁས་ལེན་བྱས་འདུག
བཀྲིས་ཚེ་རིང་དང་འཇམ་ནོར་གྱི་ནོར་འཛོལ་དེ་བོད་མི་དམངས་དང་རྒྱལ་བ་རིན་པོ་ཆེར་དཀའ་ངལ་བསབ་མི་ཐུབ་པ་སྤྲད་ཡོད། གཞུང་ལ་དངུལ་མང་པོའི་འགྲོ་སོང་གྱོང་ཕོག་ཡོད།
ད་གསལ་བོ་བཟོ་དགོས་པ་མ་རེད། ག་དུས་ཡིན་ན་ཡང་ར་འཕྲོད་ཡ་ཡོད་པ་མ་རེད། བོད་གཞུང་བཀའ་ཤག་གི་བཀའ་ཡིན་ན་ཡང་མི་སྤྱིར་བཏང་བ་ཞིག་གི་བསམ་བློ་སྐད་ཆ་ལས་གདེངས་འཇོག་བྱེད་ཀྱི་མེད་པ་འདིས། ང་ཚོ་སྤྱི་ཚོགས་གི་ཁ་ཕྱོགས་གཅིག་སྟོན་གྱི་ཡོད་པ་རེད། ད་མང་པོ་གསལ་བྱེད་གནང་དགོས་པ་མ་རེད། ལྷག་པར་དུ་བཀའ་ཤག་ནས་གསལ་བྱེད་གནང་དགོས་པ་མ་རེད། བོད་གཞུང་བཀའ་ཤག་གསལ་བཤད་བྱེད་མཁན་མ་རེད། བོད་གཞུང་བཀའ་ཤག་ནི་བཀའ་གནང་མཁན་རེད། བཀའ་དང་གསུངས་སྐད་ཆ་འདི་ཚོར་ཕྱི་རྒྱལ་ཁབ་ཁག་ལ་ཡིན་ན་ཡང་ཁྱད་པར་ཡོད་པ་རེད། དེ་ག་རང་ཡིན། འཇམ་ནོར་འདི་ཨ་ཁུ་ཁྲོ་ཐུང་ལྟ་བུ་ཞིག་རེད། མགོ་ཚོས་པ་ལ་ནི་ཕྱི་ཚོས་ནང་ཚོས་ཞིག་རེད། འདིས་དངུལ་ཟོས་མེད་པ་ཤེས་ཀྱི་ཡོད་པ་རེད། ཡིན་ན་ཡང་ནག་པོ་བཟོ་སྟངས་ཞིག་རེད།
བཀའ་དྲུང་ཡིག་ཚང་ཡིན་ན་ཡང་མི་སྒེར་བ་ཞིག་ལ་འདི་ལྟར་གསལ་བྱེད་གནང་གི་བསྡད་པ་ཡིན་ན་འགྲིག་གི་མ་རེད། འདིའི་རིགས་ལ། བསྟན་འཛིན་རྣམ་རྒྱལ་ཡིན་ན་ཡང་བཀའ་ཤག་ལ་མཛད་དཀའ་མ་བཟོ་རོགས་ཀྱིས། གལ་ཏེ་དཀར་བོ་བྱེད་དགོས་ན་དེ་དུས་༡༩༩༥ ལོའི་རྙོག་གླེང་སྐབས་སུ་དཀར་བོ་བྱེད་དགོས་པ་རེད། ད་སྐབས་དུས་ཡུན་རྒྱུན་རིང་སོང་ཞིང་། ལས་བྱེད་རྣམས་ཀྱང་རྗེས་བོ་རྒྱབ་མ་ཟིན་ན་ཡང་དེའི་སྐབས་ཀྱི་རྙོག་དྲ་དེའི་གསལ་བྱེད་རྩིས་ཞིབ་དཔང་རྟགས་མཉམ་སྦྱར་མ་གནང་བར། དེའི་སྐབས་ཀྱི་ཚགས་པར་མཉམ་སྦྱར་གནང་ནས་ཅང་ཕན་སྲིད་ཀྱི་མ་རེད། དེ་ལས་བོད་གཞུང་བཀའ་ཤག་ནི་བོད་གཞུང་བཀའ་ཤག་རེད། མི་སྒེར་བ་ཞིག་གི་རྙོག་དྲ་ཆུང་ཆུང་ཞིག་ལ་རེད་དང་མ་རེད་ཟེར་ས་ག་ལ་ཡིན་བསམ།
བཀའ་ཤག་གི་བཀའ་ཡིག་དེ་ལས་བཀྲས་མཐོང་གིས་གཞུང་དངུལ་ལྐོག་བཟའ་བྱས་མེད་པ་གསལ་བོར་ཤེས་སོང་། ཐུགས་རྗེ་ཆེ། བཀའ་ཁྲི་ལ་ཐོབ་མིན་དེ་ད་དུང་བོད་མི་མང་གི་འོས་ཤོག་ལ་བལྟ་དགོས་པ་རེད།
གལ་ཏེ་བསྟན་རྣམ་ལ་དཀར་འདོན་དགོས་ན་རྩིས་ཞིབ་ལས་ཁུངས་གི་རྩིས་གཙང་པའི་རྩིས་ཁྲ་ཁྱེར་ནས་བོད་གཞུང་ཁྲིམས་ཁང་ནས་ཐག་གཅོད་དང་དེ་ནས་དཀར་འདོན་གནང་འཐུས་བསམ་མོད། ད་གང་ཤེས།
གཞོན་ནུ་ཟླ་མེད་གི་གསུང་པ་དེ་བདེན་པ་མཐོང་སོང།
གཞོན་ནུ་ཟླ་མེད་དང་རྒྱ་གྲམ་དམར་པོ་རྣམ་པ་གཉིས་ལ་བསལ་བཤད་ཐུང་ངུ་ཞིག་བྱེད་རྒྱུ་ཡིན།
གཞོན་ནུ་ཟླ་མེད་ཟེར་བ་དེས་༼གལ་ཏེ་དཀར་བོ་བྱེད་དགོས་ན་དེ་དུས་༡༩༩༥ ལོའི་རྙོག་གླེང་སྐབས་སུ་དཀར་བོ་བྱེད་དགོས་པ་རེད། ད་སྐབས་དུས་ཡུན་རྒྱུན་རིང་སོང་ཞིང་།༽ཞེས་བྲིས་འདུག་དེ་ནི་དངོས་ཡོད་དང་མི་མཐུན་པའི་ཚིག་སྙུག་ཅིག་རེད། བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ལྟོས་དང་གོང་གི་ཁྱེད་ཚིག་གྲུབ་དེ་ཚིག་སྙུག་ཡིན་པ་ངེས་ཤེས་རྙེད་ཐུབ།
རྒྱ་གྲམ་དམར་པོ་ཟེར་བ་དེར་ལན་དེས་འཐུས་པ་ཡིན་ན།
བཀྲས་མཐོང་མི་རབས་མི་རྒྱུད་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་འདྲེན་ཞུས་པ་གང་ཡང་བྱུང་མེད། བཀྲ་ཤིས་མཐོང་སྨོན་རྒྱལ་དབང་དང་པོ་ཡིས། །བསྔགས་པའི་ཁ་རག་བཀྲས་མཐོང་བཞེས་པ་ནས། །བུ་རྒོད་སྟག་སེང་ཁ་བའི་མཛེས་རྒྱན་ལས། །བླུན་རྒན་ཝ་མོ་འདྲ་བ་འབྱུང་མྱོང་་མེད།
བཀྲས་མཐོང་ལ་བཀའ་ཁྲི་མ་འཐོབ་ནའང་། ཞྭ་མོ་ནག་པོ་དེ་འབུད་སོང་སྙམས། ཁོང་བྱས་རྗེས་ཆེན་པོ་རེད། སྤྱི་སེམས་ཆེན་པོ་རེད། མི་འཇོན་པོ་རེད། བསམ་བློ་གྲུང་པོ་རེད། གོང་ལ་བརྩི་བཀུར་ཆེན་པོ་རེད། འོག་ལ་བྱམས་སེམས་ཆེན་པོ་རེད། རང་དང་མཉམ་པར་མཐུན་སྒྲིལ་ཆེན་པོ་རེད། བསམ་བློ་གཙང་མ་རེད། སྤྱོད་པ་དྲང་པོ་རེད། བྱས་རྗེས་ཆེན་པོ་རེད། རྒྱལ་བའི་སྤྱན་གསལ་རེད། བུ་མོའི་སེམས་ཤོར་ས་རེད། ད་དུང་རྒྱ་གུང་ཁྲན་འཇིགས་ས་རེད།
ད་གོང་གི་ལྡོག་སྒྲ་དེ་ལ་མི་སུའི་མིང་བརྒྱབ་ན་འཚམ་པ་འདུག ང་རང་འཚམ་ཤོས་རེད་འདུག
དྲ་གྲོགས་རྣམ་པ། བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
བཀྲས་མཐོང་བསྟན་རྣམ་ལགས། དངུལ་བཟོས་ནག་ཉེས་མེད་ཙང་སླར་ཡང་བཀའ་ཁྲིར་ལངས་ཕོད་པ་རེད་སྙམ།
བཀའ་ཤག་ལ་སྙན་གསན་དང་རེ་བསྐུལ་ཞུས་པ་གཞིར་བཟུང་། བཀའ་ཤག་ངོས་ནས་ཀྱང་དཀར་འདོན་གཙང་སེལ་བྱེད་འདོད་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་ནའང་། ཚག་པར་ཞིག་ལ་ཁ་གཡར་བ་ཙམ་ལས་གཞན་ཁུང་གསལ་ར་འཕྲོད་ཀྱིས་རྒྱུ་མཚན་གང་ཡང་མ་རྙེད་པ་འདིས་ཅི་མཚོན་གྱི་འདུག ངས་བསམ་ན་མཐའ་གཅིག་ཏུ་རྩིས་ཁྲ་ཁམས་གཙང་མེད་པ་ལ་ཐེ་ཚོམ་དགོས་པ་མི་འདུག འོན་ཀྱང་དེ་སྔོན་ཕན་ཆོད་ཁོང་གི་ལོ་མང་རིང་གཞུང་ལ་ཞབས་ཞུ་བྱས་པ་ལ་ང་ཚོས་བསྔགས་བརྗོད་ཞུ་དགོས། ད་དུང་ཡང་ཁོང་ལ་བསམ་བློ་གསར་པ་དང་གོ་བ་གསར་པ་འདྲ་རྙེད་ཡོད་ན་ང་ཚོས་བཀའ་ཁྲི་འདེམས་ཡང་མ་འགྲིགས་པ་མེད། རེད་དེ་ཁོང་ལ་ནག་ཐིགས་ཤིག་ཕོག་ཟིན་པ་རེད། ད་དེ་སུས་ཀྱང་གཙང་མ་བཟོ་ཐུབ་ཐབས་བྲལ། དེ་ལས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ད་ང་ཚོར་བཀའ་ཁྲིའི་འོས་མི་གྲགས་ཆེ་ཤོས་བློ་སེང་དང་བཀྲས་མཐོང་གཉིས་ལས་མེད་པའི་སྐབས་འདིར། བཀྲས་མཐོང་ལ་ལྐོག་བཟས་ནག་ཉེས་གཡོག བློ་སེང་ལ་དཔུང་སྒྲིག་གི་ནག་ཉེས་གཡོག་བཞག་ན། ད་བཀའ་ཁྲིར་སུ་འདེམས་དགོས་པ་རེད།
བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་འདོན་བཞིན་པའི་ཚགས་པར་དེར་ཡིད་ཆེས་ཆ་འཇོག་བྱེད་ས་མི་འགྲོ་ན། ད་སུ་ལ་ཆ་འཇོག་བྱེད་དགོས་སམ། གྲོགས་པོ་ཚོས་བསམ་བློ་གཏོང་དགོས་འདུག བཀའ་ཁྲིར་འདམས་དང་མ་འདམས་སོ་སོའི་ཐོབ་ཐང་རེད། ཡིན་ན་ཡང་། མི་བྱས་ཅན་ལ་ཞ་མོ་ནག་པོ་གཡོག་གང་ཐུབ་ཀྱིས་གཏན་དུ་ལངས་རྒྱུ་མེད་པར་བཟོས་ན་དེ་ཅང་འགྲིག་གི་ཨ་ཡོད་ན།
བཀྲིས་མཐོང་གཙང་མར་བཟོས་པ་དེས་བཀྲིས་མཐོང་རྩོག་པ་བཟོས་པ་རེད། བཀའ་ཤག་གིས་སེམས་བཟང་ངམ་བསམ་ངན་གང་ཡིན་ཀྱང་། བཀྲིས་མཐོང་ལ་ཉོག་བཤད་ཀྱིས་ཉོག་གཏམ་མང་པོ་བསྣན་ཡོད་པས། ད་ནས་ཉོག་བཤད་ནང་བཀྲིས་མཐོང་ཡང་སྐྱར་ཟུག་པ་རེད། ཡ་ཁོ་རེ།
བཤད་ནས་ཉན་རྒྱུ་མེད་པ་ནི། སེམས་ཅན་དུད་འགྲོ་ལས་ཐབས་སྐྱོ་བ་མ་རེད་དམ།
ད་ང་ཁ་བརྡའི་དྲྭ་ཚིག་འདི་ལ་ཞེད་ཀྱི་འདུག དངོས་གནས་ཞེད་ཀྱི་འདུག གང་ཡིན་ཟེར་ན་རྒྱ་དམར་གཞུང་ནས་བཙན་བྱོལ་དུ་བེད་སྤྱོད་གཏོང་རྒྱུ་མི་མང་པོ་ཞིག་བཏང་ཡོད་པ་གསལ་པོར་རེད། དེ་བྱས་དུས་ང་ཚོ་བཙན་བྱོལ་དུ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་ནང་ཕན་ཚུན་དབྱེན་དཀྲུག་བྱས་ནས་ནང་མི་འགྲིགས་པ་ཞིག་བཟོ་རྒྱུའི་ཆ་གཞི་གཏན་གཏན་དགྲ་ལ་ཡོད་རེད། དེ་ན་དེང་སངས་ཁ་བརྡའི་དྲྭ་ཚིག་སོགས་ངོ་རིས་ངོ་མ་སྟོན་མི་དགོས་པའི་དྲྭ་རྒྱ་ནང་དུ་མི་སུ་ཞིག་དབུ་འཕངས་མཐོ་ནས་དེ་ལ་མར་རྡོག་བརྫིས་གཏོང་ཐབས་ཀྱི་ལས་འགུལ་དང་གཏམ་འཆལ་མང་དག་ཞིག་སྒྲོ་འདོགས་དང་སྐུར་འདེབས་ཐོག་ནས་བྱས་དང་བྱེད་བཞིན་འདུག དེས་ན་གནས་ཚུལ་འདི་དག་རྒྱ་དམར་གཞུང་དང་ངན་པ་ལག་འབྲེལ་གྱིས་ལས་འགུལ་འཆར་གཞི་ལྡན་པ་ཞིག་ཡིན་པ་ལ་དོགས་གཞི་ཆེན་པོ་འདུག་པས། དྲྭ་བདག་ཚོས་འདི་ཐོག་ལས་སྟངས་འཛིན་ཞིག་མ་བྱས་ན་དམངས་གཙོ་རེད་ཟེར་ནས་གཏམ་འཆལ་ཁུང་མེད་དུ་མ་ཞིག་ཡང་ཡང་སྤེལ་བཅུག་ན། ནམ་ཞིག་བཙན་བྱོལ་གཞུང་དང་། ཚོགས་པ་བྱེ་བྲག་པ། དེ་བཞིན་དུ་གཞུང་གི་ལས་བྱེད་དང་སྒེར་པའི་ཤེས་ཡོན་པ་དང་། འཇོན་ཐང་ཅན། འབྱོར་ལྡན་དང་། ལྷག་བསམ་ཅན་གང་འདྲ་ཞིག་ཡོད་ནའང་ཡིད་ཐང་བཅུག་པ་ལ་ཐེ་ཚོམ་མི་འདུག་པས། ངེས་པར་དུ་ཡང་ན་རང་གི་ངོ་གདོང་གསལ་པོར་སྟོན་པའི་པར་རིས་མེད་པར་མཆན་འབྲི་མི་བཅུག་པའམ། ཡང་ནས་དཔང་རྟགས་ཁུང་ལྡན་མེད་པར་མི་གཞན་ལ་སྐྱོན་འཛུགས་ཀྱི་གཏམ་འཆལ་སྤེལ་མི་བཅུག་པར་གཙང་བསུབ་བྱེད་དགོས་གལ་ཅན་དུ་མཐོང་བས། སྣང་ཆུང་དུ་མ་བཞག་པར་ཐུགས་བཞེས་གནང་རོགས་ཞུ། ཞུ།
ཞེས་ལྷག་བསམ་རྣམ་དག་ཐོག་ལག་གཉིས་ཐལ་མོ་སྦྱར་ནས་ཞུའོ།།།
ངོ་མ་ཇ་མ་ནི་ཇ་མ་རང་རེད། ཐབ་ཀྱི་སྐོར་མ་གཏོགས་གང་ཡང་ཤེས་ཀྱི་ཡོད་ས་མ་རེད།
བདེན་པ་ནི་ནམ་བདེན་པ་ཡིན།
རིན་ཆེན་རིལ་བུ།
༢༠༡༠/༡༡/༢༥ ཉིན་འདོན་སྤེལ་བྱས། བློ་གྲོས་མཐའ་ཡས་ཟེར་བ་འདིས་ཁ་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་
མདོག་བྱེད་ན་ཡང་།དོན་གྱིས་སྐྱོན་བརྗོད་དང་ངན་བསྒྲགས་ཐང་མང་བྱས་
འདུག ཐེང་འདིར་ཁ་བརྡ་དྲ་ཐོག་དུ་ཡང་ཁོས་བློ་བཟང་སེང་གེ་ལགས་
ཀྱིས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་བྱས་ཏེ་དཔུང་ཁག་སྒྲིག་ཡོད་པ་
གཞིར་བཞག་བྱས་ནས།དེ་ཁོང་གི་འཚོ་གནས་ཀྱི་
ཆེད་དུ་རེད་ཅེས་ཁ་ཡག་ཁོག་བཙོག་གི་ངན་གཡོ་བྱས་འདུག ཉེ་སྔོན་ཕྱི་
ཟླ་༩བའི་ནང་ཡང་ཁོས་༼བློ་བཟང་སེང་གེ་ཕམ་ན་བོད་ཀྱི་མི་རབས་གསར་
བ་ཕམ་པ་ཡིན།༽ཞེས་མི་རབས་ཕྱོགས་ཁག་བསྒྲིག་དགོས་མདོག་བྱས་ནས།
ལྡོག་ཕྱོགས་ཀྱི་མིས་བློ་བཟང་སེང་གེར་རྒྱབ་སྐྱོར་མི་བྱེད་ཐབས་བྱས་ཡོད།
ཁོ་ལ་མི་ནག་པོ་བཟོ་བའི་ཐབས་ལམ་མང་པོ་ཡོད།དཔེར་ན་ལོ་ཤས་སྔོན་
དྲ་མིང་གཞན་གྱི་ཐོག་ནས་སྒོམ་སྡེ་ལྷ་རིམ་པ་ལ་དོལ་རྒྱལ་གྱི་མངོན་རྟོགས་
དང་འབྲེལ་བའི་ངན་བསྒྲགས་བྱེད་མཁན་ཡང་ཁོ་རང་རེད།
མ་རྩ་ཁོ་ནི་དོགས་ཟོན་དགོས་སའི་མི་ཞིག་ཡིན་པ་རེད།གང་ཟེར་ན།
ཁོ་རྣམ་གྲོལ་གླིང་གི་མཁན་པོའི་མིང་ཐོག་ནས་ཨ་རི་ལ་ཆོས་ཚོགས་མཁན་
པོར་སོང་བ་རེད།ཁོས་ཆོས་ཚོགས་ཀྱི་ཕྱག་ཡོང་སྒོར་མང་པོ་བཟུང་ནས་ལོ་
རྟག་པར་རྒྱ་ནག་ནང་ལ་ཕར་འགྲོ་ཚུར་འོང་མང་པོ་བྱེད་ཀྱིན་ཡོད་ལ་
རྒྱ་ནག་དཔོན་རིགས་མཐོ་ཁག་དང་འབྲེལ་བ་ཡོད་པ་དང་།རྒྱ་མོ་ཞིག་ལ་
ལྐོག་ནས་ལུས་འབྲེལ་བྱས་པར་མ་ཟད་མོ་ལ་ཁང་པ་བཟང་བོ་ཞིག་ཉོས་ནས་
རྒྱ་ནང་གི་ཁོའི་རང་ཁྱིམ་བྱས་ཡོད་འདུག ངོ་མ་བཤད་ན་ཁོ་ཨ་རི་ལ་
གཏོང་མཁན་རྣམ་གྲོལ་གླིང་དགོན་པ་ཡིན་ལ་ཆོས་ཚོགས་དེའང་
རྣམ་གྲོལ་གླིང་གི་མིང་ཐོག་ནས་བཙུག་པ་རེད། དེས་ཕྱག་ཡོང་སྒེར་བདག་གིས་རྒྱ་མོར་ཁང་བ་སོགས་ཉོས་ན་ག་འདྲ་འདུག
ཨ་རི་དང་།རྒྱ་གར།བོད་ནང་སོགས་ནས་ཡང་སྡོམ་པ་ཡོད་མདོག་གི་མཁན་པོ་བྱས་དང་བྱེད་བཞིན་ཡོད།ཁོ་རྒྱ་ལ་དགའ་བའི་མ་ཚད་ཁོས་
ལུང་འདྲེན་ཞིག་བྱས་ཀྱང་མའོ་འམ་ཏིན་ཡིན་འདུག༼ མའོ་ཙེ་ཏུང་གིས། འཛམ་གླིང་འདི་ང་ཚོའི་རེད་དམ་ཡང་ན་ཁྱོད་ཚོའི་རེད།མཐར་གཏུགས་ན་ཁྱོད་ཚོས་རེད་ཅེས་བཤད་མྱོང་བ་ལྟར།༽ཁོས་ལུང་འདྲེན་འདི་ཚོ་ཚིག་འཛིན་
དོགས་སློང་མིན་ལ་ཚད་མར་འཛིན་ཁུལ་རེད།མདོར་ན་ཁོ།ངོ་ལོག་པ་ཀཿ
ཐོག་དྲི་མེད་ཞིང་དང་རྒྱ་ནང་ནས་ངན་འབྲེལ་ཚབ་ཆེན་ཡོད།ང་ཚོས་དུས་
ནམ་ཡང་ཁོ་ལ་དོགས་པ་ནན་མོ་བྱེད་དགོས
མ་གཞི་ང་རང་ཆབ་སྲིད་ཐད་ལ་ཉམས་མྱོང་གང་མེད་ལབ་ཆོག་པ་ཡིན། ཡིན་ན་ཡང་ངས་སྐུ་ཞབས་བློ་སེང་ལགས་ཁྱེད་རང་དང་སྐུ་ངོ་འཇུ་ཆེན་མཉམ་དུ་མི་མངོན་པའི་གསང་འབྲེལ་ཇི་ལྟར་ཡིན། ང་བོད་དུ་ཡོད་དུས་དྲན་པ་ཞིག་ལ་འཇུ་ཆེན་་༡༩༧༩་ལོར་རྒྱ་ནག་ཏུ་ཡོང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་མཇལ་བ་དང་། དེ་རྗེས་རྒྱ་གར་དུ་ལོག་རྗེས་པཎ་ཆེན་རིན་པོ་ཆེ་བླ་མ་མ་རེད་ཅེས་་ལབ་པའི་གནས་ཚུལ་ཡོངས་གྲགས་སུ་ཆགས་ཡོད་འོ་ན་ད་ལྟ་བར་དམ་ཉམས་དེས་བོད་པའི་སྤྱི་ཚོགས་ལ་གང་བྱས་ཡོད། འཆི་ནས་དམྱལ་སྐྱེ་བར་གདོན་མི་བཟའ།
ཨ་ཡོའའའའའའའའའའ། བློ་གྲོས་མཐའ་ཡས། ད་ཁྱོད་ཀྱི་གདོང་སྤགས་དམར་ཞུ་བྱས་འདུག་ཀ ཨ་ཁ་ཁ་གངས་ཅན་བླ་མ་རྒྱ་བོའི་དང་འགྲན་བསྡུར་བྱེད་ཀྱི་ཡོད་དམ། གོང་གི་མཆན་ཨང་ ༢༨པ་དེ་གཅིག་ཀློག་དང་། དེའི་ནང་དུ་ཡིག་ནོར་མང་པོ་འདུག ཁྱོད་ཀྱིས་ཞུ་དག་ཅིག་གཏོགས་རྒྱུའི་ལས་ཀ་འདི་ཁྱོད་ལ་སྤྲད་པ་ཡིན། ཧཧཧ
སྐུ་ངོ་བཀྲ་ཤིས་དབང་འདུས་བཀའ་ཁྲི་ལ་མ་བཞེངས་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིད་ཡིན་ཡིན་པ་འདྲ་བོ་རེད།
༄༅། །ཟམ་གདོང་བླ་མས་ལོ་༡༠་རིང་ལ་བོད་གཞུང་བུ་ལོན་གི་འོག་ནས་བཏོན་ཡོད་རེད། ད་གཙང་མ་ཆགས་ཡོད་རེད།
ད་ཡང་བསྐྱར་རྐུན་མའི་ཤོག་བཀའ་ཁྲིར་སླེབས་ན་བོད་གཞུང་སྤྲང་པོ་ཆགས་རྒྱུ་རེད་ལ། རྩིས་ཁྲ་ནག་པོ་བཟོ་ཡི་རེད། མ་གཞི་བཀྲས་མཐོང་བཀའ་ཁྲི་མ་འཇོན་ནས། ཁུངས་མ་འཁྱོལ་ནས། ཨ་རི་ལ་བྲོས། ད་ཡང་རྐུན་མ་རྒྱག་ག་སླེབས་ཡིན་གྱི་རེད།
ངས་བཀའ་ཁྲིའི་འོས་མི་ ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་ བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་ བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་ དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་ མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་ འདུག
ལྡི་ལི་མན་ཇུ་ཁྲི་ལི་ སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་ སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་ འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
དྲ་ཐོག་འདི་ན། གོ་བ་མེད་པའི་གླང་རྒན་རྐྱང་རྐྱང་འཛོམས་ནི་ཨེ་ཡོད། ཡང་ན་རྐང་བཙུགས་ནས་མི་གཞན་དག་ནག་པོ་བཟོ་བཞིན་ཡོད་པ་རེད་དམ། དཀོན་མཆོག་མཁྱེན། ང་ནི་མཆན་འདི་དག་ཀློག་གིན་ཀློག་གིན། དྲ་ཐོག་གི་མི་འདི་དག་ལ་ཞེ་མེར་ལངས་ཀྱི་འདུག སྐད་ཆ་དྲང་པོ་དང་བདེན་པ་བཤད་མཁན་ཆེས་ཉུང་ལ། ལོག་འགྲེལ་རྐྱང་རྐྱང་རྒྱག་གི་འདུག ངོ་མ་གོང་ས་མཆོག་མེད་ཚེ་བོད་པ་ཚོར་རེ་བ་ཡོད་ས་མ་རེད་དཱ།
ཧཧཧཧ་ད་ཡིན་ན་དགོད་མོ་གཏིང་ནས་ཤོར་སོང་།།བཀའ་ཤག་གིས་བཀྲས་མཐོང་བསྟན་རྣམ་གྱི་གསལ་བཤད་དེ་བོད་ཀྱི་གཏམ་དཔེར་《མདོང་དགོང་མནའ་མས་སྟུག་དྲི་བཏང་བ་དེ་ང་ཡིན་》ཞེས་ཟེར་བ་དང་གཅིག་པ་རེད།བཀྲས་མཐོང་ཚང་བཀའ་བློན་ཁྲི་པའི་སྐབས་གཞུང་དངུལ་ཁ་་མ་འདུམ་པའི་དངུལ་དེ་དག་མེས་ཚིགས་པ་རེད།གནམ་ལ་ཕུར་བ་རེད།ས་ལ་འཛུལ་བ་རེད།གཞུང་དངུལ་ཁ་མ་འདུམ་པའི་རྒྱུ་མཚན་གང་ཡོད་དམ།
དྲ་གྲོགས་ལགས་ཁྱེད་ཚོའི་མིག་དབང་ལ་ཕྱོགས་རིས་སམ་གཞན་གྱིས་དཔལ་འབྱོར་གྱི་བསླུས་མེད་ན།
བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ འདི་ལ་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།