བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།སྐུ་ཚེ་དེ་བོད་མི་རིགས་ལ་ཕུལ་ཞིངཕྱགས་རྗེ་དེ་བོད་སྤྱི་ཚོགས་ལ་འཐིམ་པས་མི་སྣརླབས་ཆེན་ཞིག་ཡིན།ཁོང་གིས་ཆུང་དུས་ནས་རྡོར་གླིང་དུ་སློབ་གྲྭར་འགྲིམས་ཞིང་བོད་དབྱིན་ཧིན་གསུམ་ལ་སྦྱང་བ་ཕུད་དུ་་ཕྱིན་པ་མཛད་།
བཙན་བྱོལ་བོད་མིའི་སློབ་གྲ་ཐོག་མ་སྟེ། མ་སུ་རུ་དབུ་འཛུག་གནང་སྐབས་དབྱིན་ཡིག་དགེ་རྒན་དང་། ཕྱི་རྒྱལ་རོགས་སྐྱོར་ཚོགས་པ་ཁག་གིས་སྐད་བསྒྱུར་གནང་བ་སོགས། བསྟན་འཛིན་བཀྲས་མཐོང་ལགས་།རང་ལོ་༡༠་པས་ཐོག་ནས་བཟུང་མི་རིགས་འདིས་སྐྱིད་སྡུག་གི་ཁུར་བོ་མཉམ་ཁུར།
༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དང་ཡིག་བསྒྱུར་བ་གནང༌།
༡༩༦༨ལོར་ཁོང་མི་གསུམ་གྱིས་མི་དམང་གི་གོ་རྟོགས་དང་ཤེས་ཡོན་འཕྲོད་བསྟེན་ཡར་རྒྱས་ལ་དགོང་ནས་། “ཤེས་བྱ་”ཞེས་དུས་དེབ་ཐོག་མར་བཏོན།
ལོ་འགའ་རྗེས་སུ་དུས་དེབ་དེས་སྤྱི་ཚོགས་ལ་ཕན་ཐོན་མི་ཉུང་བ་ཞིག་ཡོང་གི་ཡོད་པར་བསྟེན། དུས་དེབ་དེ་གཞུང་འབྲེལ་གནང་བ་དང་།ཆབས་ཅིག་དབྱིན་ཇིས་གསར་ཤོག་”བོད་གནས་མཉམ་ཞིབས་”གྱི་་རྩོམ་སྒྲིག་པས་འགན་བཞེས།
༡༩༧༠བོད་མི་ཡོང་ཆོ་ཁའི་ཕྱོགས་ལྷུང་ཏུ་མ་སོང་བར་ལྡོག་རྩ་གཅིག་བསྒྲིལ་ལ་དགོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་ཏུ་བཙུག་པ་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གནང༌།
༡༩༧༣ ལོར་ཨ་རིའི་སྲིད་འཛིན་Nixon་རྒྱ་ནང་ལ་ཕེབས་ནས་། ཨ་རི་དང་རྒྱ་ནག་གཞུང་གི་འབྲེལ་ལམ་དམ་དུ་ཕྱིན་སྟབས། བོད་དོན་ནུས་མེད་དུ་གྱུར་བ་ཆབས་ཅིག་ཨ་རི་བོད་ཀྱི་དོན་གཅོད་ཁང་དེ་ཡང་སྒོ་རྒྱག་ལ་ཉེ་བ་སྐབས། ཨ་རི་བོད་ཀྱི་དོན་གཅོད་ལས་ཚབས་ཏུ་ཕེབས་ཏེ་། བོད་ཀྱི་ཐེབས་རྩ་དང་། པོ་ཏ་ལ་དཔར་སྐྲུན་ཁང་། ནེའུ་ཡོག་ཏུ་སུམ་དུས་དང་པོ་ཚུགས་པ།
ལྷགས་པར་དུ་༡༩༧༩་ལོར་གོང་ས་མཆོག་ཨ་རིས་ནང་གདན་འདྲེན་ཞུས་ནས། ཆིབས་སྒྱུར་ཐོག་མར་གནང་དེས་། བོདབསྟན་པ་ཆབས་སྲིད་ཀྱི་མེ་རོ་སླར་ནས་གསོས་།
༡༩༨༠ ལོར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་འགན་བཞེས་ཐོག་བོད་དུ་ཕེབས། པེ་ཅིང་གི་མགོ་ཁྲིད་མི་སྣ་ཁག་མང་པོ་ཞིག་ལ་ཐུག་འཕྲད་དང་། ལྷགས་པར་པཎ་ཆེན་སྐུ་གོང་མར་འཇལ་འཕྲད་གནང་། སྐུ་ཚབས་དང་པོ་མ་ཕེབས་སའི་ས་གནས་ཁག་གང་མང་ཞིག་ལ་ཕེབས་ཏེ། གཞི་ལུས་བོད་རིགས་སྤུན་ཟླ་མི་དམངས་ལ་ཐུགས་འཕྲད་དང་། ཁོང་ཚོའི་སེམས་ནང་གི་དཀའ་སྡུག་ལ་རྒྱུས་ལོན་གནང་།
༡༩༨༧ ཨ་རིའི་ནང་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ཐུགས་འགན་བཞེས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིས་བོད་ཀྱི་རླུང་འཕྲིན་གསར་འཛུག་གནང་། དེ་དང་ཆབས་ཅིག། ཨ་མེ་རི་ཀར་བོད་པའི་ནང་མི་༡༠༠༠ ཞིག་སྐྱབས་བཅོལ་ཏུ་བླང་བ་སོགས།
བྱང་ཨ་རི་ནང་བོད་ཀྱི་ལས་དོན་དང་འབྲེལ་བའི་ཕྱག་ལས་ཤུགས་ཆེ་གནང་།
༡༩༩༠ གོང་ས་མཆོག་གིས་ཐུགས་དགོང་ལྟར་། དམང་གཙོ་ཚད་ལྡན་གྱིས་སྒོ་ནས་མི་དམང་གིས། བཀའ་བློན་ཏུ་ཐད་ཀར་འོས་འདེམས་གནང་ཏེ་། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་དང་ནང་སྲིད་བཀའ་བློན་གནང་། དེ་དང་ཆབས་ཅིག་བཀའ་བློན་ཁྲི་བའི་ཐུགས་འགན་བཞེས་།
༡༩༩༥ ལོར་ཨ་རིར་གནས་སྤོས་གནང་དེ། སེ་ཊན་ཕོ་ཊི་གི་མཐོ་སློབ་ནང་བོད་ཀྱི་རྒྱལ་རབས་ དགེ་རྒན་ཆེན་མོའི་ཕྱགས་ལས་གནང་། བོད་ནང་ལོ་བདུན་གྱི་གློག་བརྙན་གྱི་སློབ་སྟོན་པ་དང་། ྋགོང་ས་མཆོག་གི་བཞེད་དོན་གསུམ་དར་ཁྱབས་གཙོ་བཟུང་ཐོགྋགོང་ས་མཆོག་གི་ཐེབས་རྩ་གསར་འཛུགས་དང་ཚོགས་གཙོའི་ཐུགས་འགན་བཞེས།
སེ་ཊན་ཕོ་ཊི་མཐོ་སློབ་ནང་ཚན་རིགས་པས་ཀླད་པའི་དབང་རྩ་རྒྱུ་ཕྱོགས་དང་ནང་ཆོས་རིགས་པས་སེམས་ཀྱི་་མཉམ་ཞིབས་སྡེ་ཚན་གསར་འཛུགས་གནང་མཁན་དང་། འབྲེལ་འཐུད་པས་ཐུགས་འགན་གཞེས་བཞིན་པ་བཅས་སོ།།
མཐའ་དོན་དུ་། ད་ནི་ང་ཚོ་རང་དབང་གི་ལུང་པར་ཡོད་པས་བོད་མི་སྤུན་ཟླ་དག་གིས་བོད་བཙན་བྱོལ་སྤྱི་ཚོགས་ཀྱི་འདས་ཟིན་པས་ཀྱག་ཀྱོག་གི་ལོ་རྒྱུས་ལ་ཕྱིར་མིག་ནན་པོ་ཞིག་ལྟོས་ནས་སང་ཉིན་གྱི་འདེམ་ཁ་དེ་མ་ནོར་བ་ཞིག་གནང་རྒྱུ་ནི། རང་ཉིད་བོད་རིགས་ཞིག་ཡིན་པས་སྤྱི་ལས་འགན་དང་།བོད་ནང་གི་ཕ་མ་སྤུན་ཆེད་དང་ཨ་ནེ་ཨ་ཁུ་དག་གིས་རེ་བས་མིག་ཟུང་ང་ཚོ་མི་རེ་རེ་ལ་གཏད་ཡོད་པས་སྒེར་གྱིས་འགན་དབང་ཞིག་ཡིན་པས་། རི་བོང་ཅལ་འགྲོག་གིས་སྒྲུང་ལ་མི་ཕེབས་རྒྱུ་ནི་ང་རང་མི་བུ་སྒེར་བ་ཞིག་གིས་རེ་བ་ཉག་གཅིག་ཡིན།
དགུང་ལོ་ཅུང་བགྲེས་དྲག་འདུག་མ་གཏོགས་ལོ་རྒྱུས་དང་ཤེས་ཚད་ཡག་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད། ཡང་གཅིག་བཤད་ན་སྐུ་ངོ་ལ་འཇོན་ཐང་ཡོད་པ་དེས་མི་དམངས་ལ་ཕུལ་ཚར་བ་རེད། དེ་ལས་གཞོན་སྐྱེས་ཤིག་ལ་གོ་སྐབས་ཕུལ་ན་་་་་་་་་་་་་་
སྙིང་རྗེ། ས་མཐའ་ཞིག་ནས་མི་ཚེ་ཧྲིལ་པོ་བོད་པའི་སྤྱི་དོན་ལ་ཕུལ་མཁན་འདི་ཚོ་བཀའ་དྲིན་ཆེ་གི་ཡ། དངོས་གནས་འཇོན་པོ་ཡང་རེད། ལྷག་བསམ་རྣམ་དག་ཀྱང་རེད། ཕྱི་རབས་པ་ཚོས་འདི་ཚོའི་བཀའ་དྲིན་བརྗེད་མི་རུང་། འོན་ཀྱང་ལོ་རྗེས་མའི་བཀའ་ཁྲིའི་ཕྱོགས་ནས་བཤད་ན་རྡ་གཞོན་སྐྱེས་་་་་་་་་་་་་་་་་་་་་བློ་བཟང་སེང་གེ་་་་་་་་་་་་་
ཨོ་ལེ་ཡ། ལ་ལས་རང་གི་སྤྱི་ཚོགས་འདིའི་གནས་སྟང་ངོ་མ་དེ་ངོས་མ་ཟིན་པར་། ལུས་མི་ཡུལ་བཞག་ནས། མགོ་ལྷ་ཡུལ་འདོག་པ་འདི་ཡང་མཚར་བོ་རེད་། ཎེ་ཟན་མན་དྷ་ལ། མི་རིགས་དཀར་ནག་གྱི་འཐབ་རྩོད་། ཨ་རིས་མི་རིགས་པོའི་སྲིད་འཛིན། རྒྱ་གར་གྱི་གྷན་དྺི་རྗེ་། ་་་་་
ལོ་རྗེས་མས་བཀའ་ཁྲིའི་ཕྱོགས་ནས་བཤད་ན་་་་་་་་་་་་་་་་་་་་་་་་་་་་་་་དམག་པ་ལོ་གཞོན་ཞིག་ལེན་རྒྱ་ཡིན་པ་འདྲ་།
ཨོ་ལེ་ཡ། ལ་ལས་རང་གི་སྤྱི་ཚོགས་འདིའི་གནས་སྟང་ངོ་མ་དེ་ངོས་མ་ཟིན་པར་། ལུས་མི་ཡུལ་བཞག་ནས། མགོ་ལྷ་ཡུལ་འདོག་པ་འདི་ཡང་མཚར་བོ་རེད་། ཎེ་ཟན་མན་དྷ་ལ། མི་རིགས་དཀར་ནག་གྱི་འཐབ་རྩོད་། ཨ་རིས་མི་རིགས་པོའི་སྲིད་འཛིན། རྒྱ་གར་གྱི་གྷན་དྺི་རྗེ་། ་་་་་
ལོ་རྗེས་མས་བཀའ་ཁྲིའི་ཕྱོགས་ནས་བཤད་ན་་་་་་་་་་་་་་་་་་་་་་་་་་་་་་་དམག་པ་ལོ་གཞོན་ཞིག་ལེན་རྒྱ་ཡིན་པ་འདྲ་།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཡང་བསྐྱར་ཐེངས་གཅིག་ཟེ་བར་གོ་རྒྱུ་ཞིག་འདུག་ཏེ་་་་་་་་་་་་་་་་་་་
ཁོ་རང་གི་བཀའ་སློབ་གནང་བའི་སྐབས། མ་འོང་པར་མཁས་ལེན་བྱེད་མི་ཐུབས་པ་དང་། མཁས་ལེན་མང་གྲགས་ན་དངོས་ཡོད་དང་མཐུན་མིན་བཅས་དོག་པ་རྣམས་རྟོགས་ཁོ་ན་ལས། དངས་འདོད་དང་། སྤོབ་པ། གདེང་ཁེལ་བའི་བཀའ་མོལ་མ་གནང་བར་རྟེན། ལོ་རྒྱུས་དང་བྱས་རྗེས་ལེགས་ཀྱང་། ང་རང་ངོས་ནས་དེའི་སྔོན་ནས་རེ་བ་ཡོད། ཡིན་ན་འང་། ད་ཆ་ངའི་རེ་བ་ཟད་སོང་ངོ་།། །
།ངས་སེམས་ཐག་གཙང་བཅས་ཀྱིས་བློ་བཟང་སིང་གེ་རང་འདེམས་རྒྱུ་ཡིན།།
འཕན་པོ་བསྟན་དར་པས།
ངས་བལྟས་ན། ཡག་ཤོས་རྒྱ་རི་སྒྲོལ་མ་རེད།
ཡ་དྲ་གྲོགས་ཚོ་
ངས་ཁྱེད་ཚོར་དྲན་སྐུལ་ཞིག་བྱེད་ན་སེམས་བྱུང་།དངོས་གནས་ཁྱེད་ཚོ་བཙན་བྱོལ་གྱི་དམངས་གཙོར་ལམ་ལུགས་དེ་བེམ་པོ་ལྟ་བུར་གྱུར་འདུག་ལ་སྲོག་གི་དབང་བོ་ངོ་མ་དེ་ད་དུང་ཞུགས་མི་འདུག།ཡིན་ནའང་ཁྱེད་ཚོས་མགོ་བོ་འཕྲེད་དུ་འཁོར་ཏེ་མུ་མཐུད་དེ་བེམ་པོ་དེ་ལ་སྲུང་སྐྱོང་བྱེད་ཀྱིན་འདུག།བེམ་པོ་དེ་ལ་སྲོག་དུས་ནམ་ཡང་ཞུགས་ཐབས་མེད།གང་ཡིན་ཟེར་ན་ཁྱེད་ཚོའི་ཁྲོད་ན་བེམ་པོ་དེ་ལ་སྨན་བཅོས་བྱེད་ཤེས་མཁན་གྱི་མི་གཅིག་ལས་མི་འདུག་མི་གཅིག་པུ་དེ་ཁྱེད་ཚོ་རྨོངས་དད་པ་དག་གིས་མིག་ལམ་དུ་ངོས་འཛིན་བྱེད་ཐུབ་ཀྱི་མེད།
ངས་བསམ་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་གང་ཡག་ཡག་རེད། བློ་ཟང་སེང་གེ་ནི་ཤེས་ཡོན་ཡོད་ཀྱང་མི་གསར་པ་ཞིག་རེད། ཨ་རིས་ཨོ་བྷ་མ་སྲིད་འཛིན་དུ་བདམས་ནང་བཞིན་རེད། ལོ་གཅིག་འགོར་མ་འགོར་གྱི་དེང་སྐབས། གཞི་ནས་ཨོ་བྷ་མས་ནོར་འཁྲུལ་བཟོ་གི་ཡོད་རབས་དང་རེ་བ་མེད་ཚུལ་གྱི་གཏམ་གླེང་མང་པོ་ཡོང་གི་འདུག་གཱ རྒྱ་རི་སྒྲོལ་མ་དང་ཊི་ཊི་ཨ་མ་ཟེར་བ་གཉིས་ལ་མི་སེམས་འགུག་པའི་ཐབས་གཅིག་རང་གཅིག་ཡོད་པ་རེད། དེནི་སྐད་ཆ་མགོ་བཙུགས་མ་ཐག་ནས་ངུ་སྐད་ཤོར་བ་དེ་རེད། དེ་མིན་པའི་སྐད་ཆ་ཉན་སྤྲོ་ལ་དོན་དང་ལྡན་པ་ཞིག་ནམ་བཤད་མྱོང་ཡོད་པ་རེད།
རེད། དངོས་གནས་སྦྲ་ནག་བཤད་པ་རྐྱང་ཉན་ན་སེམས་པ་དྲོད་ཁོལ་ཁོལ་བ་ཞིག་བྱུང་། ཁོང་གིས་སྤུ་འཇམ་ཞོལ་ལེ་ཡོད་པའི་རི་བོང་དེ་གླེང་འདུག་མ་གཏོགས་ཁ་ཤོ་བའི་སྐོར་དེ་གླེང་མི་འདུག ད་གང་ལྟར་བཀྲས་མཐོང་གིས་མི་ཚེའི་ལེགས་སྐྱེས་དེ་བོད་པ་ཚང་ལ་ཕུལ་ཟིན་པ་རེད། ཡང་སྐྱར་རྡོ་བཙོས་ན་ཁུ་བ་བུད་ཡ་དང་། ཆུ་སྐོལ་ན་ཞགས་རྩི་དོན་ཡ་ཡོད་པ་དྲན་གི་མེད།
མང་མང་གིས་མདུན་ལ་བལྟ་རོགས། དེ་སྔ་འདས་ཟིན་པ་ལ་ཕྱི་མིག་བགྲད་མི་དགོས། གནམ་ལ་རྡིབས་པ་ལྟ་བུའི་ལོ་རྒྱུས་ཀྱི་གོད་ཆག་གི་ནང་དུ་སུས་ཀྱང་རང་ཉིད་བློས་བཏང་ཡོད་པ་རེད་ལ་དེ་དག་ལ་རྗེས་སུ་ཡི་རངས་དང་གུས་ཞབས་ཞུ་ཡུལ་རེད། ང་ཚོའི་གནད་དོན་དེ་མ་འོངས་པ་རེད། མ་འོངས་པའི་ལས་ཀ་དང་བྱེད་མཁན་རེད། མ་འོངས་པའི་བཀའ་བློན་ཁྲི་པ་རེད། ངའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ཡིན།
དགོངས་པ་ཚོམས་ ངོས་བཤད་ན་མི་རབ་རྒན་པ་ཚོས་བྱས་རྗེས་ལ་རྗེས་སུ་ཡིད་རིང་དང་བསྔགས་བརྗོད་ཡོད།
སྐབས་གསུམ་པའི་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་གི་གནང་ན། མི་རབ་རྒན་ཚོས་ལམ་སྟོན་དང་རོགས་བསྐྱོར་གནང་ནས་ཕྱར་གྲུ་མཉམ་ཁུར་བྱས་ན་༸ གོང་ས་མཆོག་གིས་ཀྱང་བློ་བདེ་བོ་ཤིག་བྱུང་གི་རེད།
ང་རང་ཡང་དེ་འདྲ་ཞིག་ཡིན། བཀྲས་མཐོང་ནི་བོད་མི་མང་ལ་མཚོན་ན་དྲིན་ཆེན་ཞིག་རེད། ཡིན་ཡང་ཁོ་མུ་མཐུད་དུ་བཀལ་ཁྲི་ལ་འོས་ཤོག་བླུགས་འདོད་མེད། གང་ཡིན་ཟེར་ན་ང་ཚོ་བོད་མི་མང་ག་དུས་ཡིན་ཡང་མི་གཅིག་ཁོ་ནའི་བཀའ་དྲིན་འོག་འཚོ་མི་ནུས། ངོ་ཚོ་ལ་འཇོན་ཐང་ཅན་གྱི་མི་གསར་བ་དགོས་པ་མ་ང་ཚོས་འཚོལ་དགོས། གཅིག་རག་མ་ཁོ་ནས་ཡིན་ཚིམ་མི་རུང།
ང་རང་ཡང་དེ་འདྲ་ཞིག་ཡིན། བཀྲས་མཐོང་ནི་བོད་མི་མང་ལ་མཚོན་ན་དྲིན་ཆེན་ཞིག་རེད། ཡིན་ཡང་ཁོ་མུ་མཐུད་དུ་བཀལ་ཁྲི་ལ་འོས་ཤོག་བླུགས་འདོད་མེད། གང་ཡིན་ཟེར་ན་ང་ཚོ་བོད་མི་མང་ག་དུས་ཡིན་ཡང་མི་གཅིག་ཁོ་ནའི་བཀའ་དྲིན་འོག་འཚོ་མི་ནུས། ངོ་ཚོ་ལ་འཇོན་ཐང་ཅན་གྱི་མི་གསར་བ་དགོས་པ་མ་ཟད་ང་ཚོས་ངེས་བར་དུ་འཚོལ་དགོས། གཅིག་རག་མ་ཁོ་ནས་ཡིད་ཚིམ་མི་རུང།
བཀྲས་མཐོང་བསྟན་རྣམ་མཆོག་གིས་དེ་སྔོན་ཕྱག་ལས་གནང་བར་རྗེས་སུ་ཡི་རངས་ཡོད། འོན་ཀྱང་དེ་སྔོན་ཕྱག་ལས་གནང་བ་ང་ཚོས་མཐོང་ཟིན་པ་རེད། ད་དམིགས་གསལ་ལས་ཀ་འགྲུབ་པའི་རེ་བ་མེད། དེ་ལས་ལོ་ལོན་རྣམས་བཀའ་ཁྲིའི་རྐུབ་སྟེགས་སྟེང་འཚང་ཁ་མི་གནང་བར་བོད་ཀྱི་ན་གཞོན་རྔ་བ་ཚེ་རྒྱམ་དང་། བློ་བཟང་སེང་གེ་གཉིས་ལ་གང་རུང་ལ་འོས་བབ་འདུག ངས་ནི་ཁོང་གཉིས་གང་རུང་ལ་འོས་བླུགས་ཐག་ཆོད་ཡིན།
བློ་བཟང་སེང་གེ་ལ་བླུག་རོགས་གནང་། མི་རབས་གསར་བའི་འགོ་འཁྲིད་རན་ཡོད་ མི་རབས་གསར་བ་རྣམས་ཡར་ལང་ནས་བློ་བཟང་སེང་གེ་ལ་་འོས་བླུག་གི་ཤོག དབུས་ཀྱིབོད་ཀྱི་་འགོ་འཁྲིད་རྣམས་ང་ཕོད་ངག་དབང་འཇིགས་མེད་བཞིན་་ཡིན་ཡིད་ཆེས་མ་བྱ་རོགས། དབུས་ཀྱི་འགོ་འཁྲིད་ཚང་མ་ལ་ཟེར་གྱི་མེད་ཡང་། སྐུ་དྲག་མང་ཆེ་ཤས་ལ་ཟེར་གྱི་ཡོད་
བཀྲས་མཐོང་བསྟན་རྣམ་ད་་་་་་་་་ དབུ་མཛད་ལ་བཞག་དུས་རང་བཞིན་གྱིས་ངུས་བ་རེད། ཡང་བསྐྱར་བཞག་ནའང་ཡང་བསྐྱར་ངུ་གི་རེད། ཁོ་རང་མཚན་སྙན་ལ་དགའ་མཁན་ཞིག་ལས་མ་འདས།
དེ་ལས་སེང་གེ་ཡག་པོ་རེད་བསམ།
བཀྲས་མཐོང་ལགས་དངོས་གནས་བྱས་རྗེས་ཆེ་ལ་ལྷག་བསམ་རྣམ་དག་ཅིག་ཡིན་པ་གསལ་པོ་རེད་
འོན་ཀྱང་ད་ཆར་དུས་ཚོད་གཉེན་འཕྲང་དང་གོང་ས་མཆོག་གི་བཀའ་དགོངས་བཞིན་གཞོན་སྐྱེས་ཤིག་བཀའ་ཁྲི་སླེབས་ཐུབ་ན་དགེ་མཚན་ཆེ་བར་མཐོང་བས་བཙན་བྱོལ་བ་ཕྱོགས་རིས་དང་འཐེན་འཁྱེར་སྤང་ལ་འོས་ཤོག་ཚད་ལྡན་བླུགས་རོགས
ཁ་རུ་ཁ་ཐུག་གི་བཤད་ན་༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་མི་ལོ་དྲུག་ཅུ་ལ་བུ་ཕྲུག་མང་པོ་ཞིག་གསོ་སྐྱོང་བྱས་བ་རེད།ཡིན་ནའང་སློབ་མ་ཚོས་སློབ་ཆེན་འགྲིམ་དུས་སྤྲོད་པ་སྡུག་ཏུ་སྡུག་ཏུ་ཕྱིན་ནས་རྗེས་སུ་ཕ་མ་ཚོས་སྒོར་མོ་འབུམ་ཕྲག་ཁ་ཤས་སྤྲད་དེ་ཕྱི་རྒྱལ་དུ་བཏང་།
ཕྱི་རྒྱལ་དུ་སླེབས་ཚེ་ཁོ་ཚོའི་སྣང་བ་ལ་ལྷ་ཡུལ་དུ་སླེབས་པ་ནང་ལྟར་ཚོར་སྣང་ཞིག་བྱུང་ཚོར་སྣང་དེ་དབང་གིས་སློབ་སྦྱོང་མ་བྱས་པར་སྒྲོ་ལོའི་བྲན་གཡོག་ཏུ་ཚུད་མི་ཁ་ཤས་ཀྱིས་ས་དེ་གར་ཁྲིམས་འགལ་གྱི་བྱ་ངན་ཡང་མང་པོ་བསགས་འདུག།
༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་ལོ་ངོ་དྲུག་ཅུ་རིང་ལ་སོ་སྐྱོང་བྱས་བའི་སློབ་བུ་མང་པོའི་ཁྲོད་ན་སྔོན་མ་བོད་པའི་སྤྱི་ཚོགས་སུ་བྱུང་མྱོང་མེད་པའི་སྨྱག་མ་བཞིན་འབུར་དུ་ཐོན་པ་དང་འབུམ་རམས་པའི་ཕྱག་འཁྱེར་ཐོབ་མཁན་ངེས་དོན་གྱི་མཁས་དབང་ཆེན་པོ་བློ་བཟང་སེངྒེ་གཅིག་པུ་ཡིན་པ་ང་ཚོའི་མིག་ལམ་དུ་དངོས་སུ་མཐོང་ཐུབ་པ་དེ་རེད།འོ་ད་ཁོང་འབྱུང་འགྱུར་བཀའ་ཁྲིར་མི་གདམ་ན་སུ་གདམ།།
ཁ་རུ་ཁ་ཐུག་གི་བཤད་ན་༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་མི་ལོ་དྲུག་ཅུ་ལ་བུ་ཕྲུག་མང་པོ་ཞིག་གསོ་སྐྱོང་བྱས་བ་རེད།ཡིན་ནའང་སློབ་མ་ཚོས་སློབ་ཆེན་འགྲིམ་དུས་སྤྱོད་པ་སྡུག་ཏུ་སྡུག་ཏུ་ཕྱིན་ནས་རྗེས་སུ་ཕ་མ་ཚོས་སྒོར་མོ་འབུམ་ཕྲག་ཁ་ཤས་སྤྲད་དེ་ཕྱི་རྒྱལ་དུ་བཏང་།
ཕྱི་རྒྱལ་དུ་སླེབས་ཚེ་ཁོ་ཚོའི་སྣང་བ་ལ་ལྷ་ཡུལ་དུ་སླེབས་པ་ནང་ལྟར་ཚོར་སྣང་ཞིག་བྱུང་ཚོར་སྣང་དེ་དབང་གིས་སློབ་སྦྱོང་མ་བྱས་པར་སྒྲོ་ལོའི་བྲན་གཡོག་ཏུ་ཚུད་མི་ཁ་ཤས་ཀྱིས་ས་དེ་གར་ཁྲིམས་འགལ་གྱི་བྱ་ངན་ཡང་མང་པོ་བསགས་འདུག།
༸གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གིས་ལོ་ངོ་དྲུག་ཅུ་རིང་ལ་སོ་སྐྱོང་བྱས་བའི་སློབ་བུ་མང་པོའི་ཁྲོད་ན་སྔོན་མ་བོད་པའི་སྤྱི་ཚོགས་སུ་བྱུང་མྱོང་མེད་པའི་སྨྱག་མ་བཞིན་འབུར་དུ་ཐོན་པ་དང་འབུམ་རམས་པའི་ཕྱག་འཁྱེར་ཐོབ་མཁན་ངེས་དོན་གྱི་མཁས་དབང་ཆེན་པོ་བློ་བཟང་སེངྒེ་གཅིག་པུ་ཡིན་པ་ང་ཚོའི་མིག་ལམ་དུ་དངོས་སུ་མཐོང་ཐུབ་པ་དེ་རེད།འོ་ད་ཁོང་འབྱུང་འགྱུར་བཀའ་ཁྲིར་མི་གདམ་ན་སུ་གདམ།།
བསྟན་རྣམ་ལགས་མི་ཕྱག་རྗེས་ཅན་ཞིག་རེད། སྤེན་ཚེ་ལགས་རྒྱལ་བའི་བཀའ་དང་མི་བརྒལ་ཟེར། རྒྱ་སྒྲོལ་ལགས་མི་ཉམས་མྱོང་ཅན་ཞིག་རེད། བློ་སེང་ལགས་གསར་གཏོད་ཅན་ཞིག་ཡིན་ཟེར། ལྔ་པ་ཞིག་གིས་་་་་་་་་
སྐུ་ངོ་བཀྲས་མཐོང་གི་ད་བར་ཕྱག་ལས་གནང་བ་ཡག་པོ་རེད་། ཡིན་ན་འང་ད་ལྟའི་དུས་ཚོད་འདིར་བཀའ་ཁྲིར་འོས་པོ་མི་འདུག་ཁོང་གི་ནུས་པ་ཆ་ཚང་བཏོན་ཚར་བ་རེད་། དེ་ལས་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ལ་རེ་བ་བཅོལ་ན་དེས་ཏན་ཏན་ཕན་ཐོག་ཆེ་གི་རེད་ལ་གཞོན་སྐྱེས་ཤེས་ཡོན་པ་ཞིག་ལ་ཐོབ་ན་ད་ལྟ་སློབ་གྲ་འགྲིམ་བཞིན་པའི་སློབ་ཕྲུག་ཚོར་དམིགས་ཡུལ་ཞིག་འདུག་བསམ་པའི་སེམས་ཤུགས་སྐྱེས་ངེས་རེད་མ་ཟད་རྒྱ་ནག་ལ་ཡང་ལེན་འདེབས་ཅིག་རག་པ་རེད།་་་་་་་་་་
བཀྲས་མཐོང་ཡག་པོ་རེད། མི་ཚེགང་པོར་བོད་གཞུང་ལ་ཞབས་ཕྱི་ཞུས་འདུག འོན་ཀྱང་ད་ཐེངས་བློ་སེང་ལ་གོ་སྐབས་སྤྲད་ན་ལེགས། ཁོང་གིས་འཇོན་གྱི་རེད་ལ་༧གོང་ས་མཆོག་གི་བཀའ་དགོངས་ལའང།༼བྱུང་ན་ལོ་གཞོན་ཞིག་དང་དེ་མིན་ན་རབ་ཏུ་བུད་མེད་ཞིག་དགོས་ཟེར་བ་བཞིན་རེདྲ༽ ད་ཐེངས་བློ་སེང་ལ་འོས་བླུགས་ཀྱང་ཡིན། ངའི་འོས་ཤོག་བློ་སེང་གིས་འཕྲོ་བརླག་མ་གཏོང་བའི་རེ་བ་ཡོད། རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བར་ངེས།
བརྒྱ་ཆེའི་སྤུན་ཟླ་རྣམ་པ་ཚོ་བོད་མི་རིགས་ཀྱི་ལས་དབང་ལ་སེམས་ཤུགས་ཅུང་ཙམ་རེ་ཡོད་ན་ད་ལྟ་ང་ཚོར་དགོས་འཁོ་ཆེ་བའི་མཁས་དབང་བློ་བཟང་སེང་གེ་འདེམས་རོགས་གནོང་འདི་ནི་མི་རིགས་ལ་བཅང་བའི་བརྩེ་བ་མཚོན་བྱེད་ཡིན།
ད་ལན་འོས་ཤོག་འཐོར་འགྲོ་རྒྱུ་་ཉག་གཅིག་རེད་ བཀའ་བློན་ཁྲི་པ་ལ་ལངས་མཁན་མང་པོ་རེད་ དེའི་ནང་ནས་འོས་མི་འདོན་མཁན་ཡང་མང་པོ་རེད་ ཉེ་འཆར་དབུས་གཙང་ཆོལ་ཁའི་འོས་མི་བཀའ་ཟུར་བཀྲིས་དབང་འདུད་ལགས་དང་ཆུ་བཞི་སྒང་དྲུག་གི་བཏོན་པའི་བློ་བཟང་སྦྱིན་པ་ལགས་གཉིས་ཀྱང་ལངས་རྒྱུ་ཡིན་ཅེས་ཞལ་བཞེས་གནང་ཡོད་ས་རེད་ དེ་གཉིས་དབར་ལ་ཁ་འཐོར་འགྲོ་རྒྱུ་ཉག་གཅིག་རེད་ གང་ཡིན་ཟེར་འོས་འཕེན་པ་མང་ཆེ་བས་ཆོལ་ཁའི་འོས་མི་ལ་བླུགས་ཀྱི་ཡོད་པ་རེད་གཞི་སྒྲུབ་པ་དང་བག་ཆགས་ཡོད་པ་རེད་
ཐུགས་ཕམ་པ་ཞིག་ལ་བློ་བཟང་སེང་གེ་ཆོལ་ཁ་སུས་ཀྱང་བཏོན་པ་གོ་ས་མ་སོང་ འོན་ཀྱང་རྒྱབ་སྐྱོར་བ་གང་མཚམས་ཡོད་པ་འདྲ་ དེས་ཀྱང་འོས་ཤོག་ཁ་འཐོར་འགྲོ་བ་གཅིག་རེད་
དེ་ནས་རྒྱ་རི་སྒྲོལ་མ་དང་སྤེན་པ་ཚེ་རིང་གཉིས་ལ་ཡང་བླུགས་མཁན་ཁ་ཤས་ཡོང་རྒྱུ་རེད་
བསྟན་འཛིན་རྣམ་རྒྱལ་སྐད་གྲགས་ཆེ་ཡང་མིང་ཆད་ངན་པས་རྐྱེན་གྱིས་བླུགས་མཁན་ཉུང་ཤས་ལས་ཡོང་ས་མ་རེད་
འདུག་སེ་བལྟས་ན་བཀྲིས་དབང་འདུད་ལ་བླུགས་མཁན་ཤུགས་ཆེན་པོ་རེད་ ལོ་ན་རྒན་གྲས་མང་ཆེ་བས་ཁོང་ལ་ངར་ངར་ཤུགས་ཤུགས་ཀྱི་རྒྱབ་སྐྱོར་དང་སྐུལ་མ་བྱེད་ཀྱི་འདུག་
དེ་འདྲ་སོང་ཙང་འོས་ཤོག་བརྒྱ་ཆ་མང་མོས་ཐོབ་མཁན་རག་ཡོང་མི་ཡོང་ཐེ་ཚོམ་རེད་
ཨ་མདོ་བ་ཚོས་རྔ་བ་ཚེ་རྒྱམ་ལ་བླུགས་རྒྱུ་ཡིན་ཟེར་ སྟོད་པ་ཚོས་སྐལ་བཟང་སྒོ་དྲུག་པ་ལ་བླུགས་རྒྱུ་རེད་ ད་ག་རེ་ཆགས་ས་རེད་ འགྲོ་གྲོན་ཆེན་པོ་གཏོང་བའི་འོས་བསྡུ་ཐེངས་ཁ་ཤས་བྱེད་དགོས་ཆགས་ས་རེད་
དོན་དམ་ཐོག་བཀའ་བློན་ཁྲི་པ་སུ་གཅིག་སླེབས་ཀྱང་འགྱུར་བ་ཆེན་པོ་གང་ཡང་ཐོན་རྒྱུ་ཡོང་བཟོ་མི་འདུག་་དེ་ལས་བརྟན་པ་བྱས་ནས་བཀའ་བློན་བཀྲིས་དབང་འདུད་ལ་བླུགས་ན་མང་མོས་ཨེ་ཐོབ་གཅིག་བལྟ་ས་ཡོང་ས་རེད་ ང་རང་ངོས་ནས་ཁོང་ལ་བླུགས་རྒྱུ་བྱས་པ་ཡིན་ རྒྱལ་བ་རིན་པོ་དགུང་ན་བགྲེས་པའི་དུས་འདིར་ཟང་ང་ཟིང་ངེ་ཞེ་དྲག་མེད་ན་ཡག་ས་རེད་ གང་བརྟན་བརྟན་བྱས་ན་ཁོང་གི་སྐུའི་གཟི་བྱིན་དེ་མུ་མཐུད་བོད་མི་རིགས་ལ་ཁྱབ་རྒྱུ་རེད་ དེ་མིན་མི་རང་ཚུགས་མེད་པ་དང་ཉམས་མྱོང་མེད་མཁན་དེ་འདྲས་ག་རེ་བྱས་ཡོང་མི་ཡོང་ཉེན་ཁ་ཆེན་པོ་རེད་ སོ་སོའི་མིང་དང་ཉེ་དུའི་འཚོ་བ་ལ་བལྟས་ནས་སྡོད་ས་རེད་
བོད་ཀྱི་གནས་སྟངས་ལ་གསོན་ཤུགས་ཤིག་སླེབས་ན་ཅི་མ་རུང་ བློ་སེང་ཁྱེད་ལ་བར་ཆད་མི་ཡོང་བ་ཤོག་།
རྒྱ་ནག་གི་ཁྲིམས་ལ་ཡོད་པའི་རང་སྐྱོང་དེ་དགོས་ཡོད་ཟེར་གི་ཡོད་དུས་ད་ཁྲིམས་ཐོག་ནས་རྩོད་ཡ་དེ་རེད་ དེ་ལྟར་ཡིན་དུས་ མི་བུ་བློ་སེང་ལ་རན་པ་ཞིག་སུ་འདུག་། སྐུ་མཁྱེན་མ་འཕྱུག་པ་ཞིག་གནང་རོགས་།
It,s very glad to know the news.
I will vote kalon tri pa to Lobsang Singe la.
He is the only one at this time.
Jigwang
རྒྱ་ནག་གི་ཁྲིམས་ནང་ལ་ཡོད་པའི་རང་སྐྱོང་ཅེས་པ་དེ་བོད་རང་སྐྱོང་ལྗོངས་ལ་མ་གཏོགས་གོ་གི་ཡོག་མ་རེད་ བློ་སེང་ལགས་ཁམས་པ་སྤོབས་པ་ལྡན་པ་ཞིག་རེད་ ཁོང་གིས་ནམ་ཡང་ཕ་ཡུལ་ལི་ཐང་གློད་གཏོང་གི་མ་རེད་ ཁྱེད་སེམས་ཁྲལ་མ་བྱོས་
ད་ལྟའི་བར་དུ་བཀའ་བློན་ཁྲི་བའི་སྐོར་ལ་ཡིག་ཆུང་མང་པོ་ཀློག་མྱོང་མོད། སྲིད་པ་རྡོ་རྗེས་བཤད་པ་དེ་ནང་བཞིན་གྱི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་གནད་མཁྱེན་པ་ཞིག་རྩ་ནས་མཐོང་མ་མྱོང་། སྲིད་པ་རྡོ་རྗེས་བཤད་པ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད།
སྦྲ་ནག་ཚང་གིས་བྲིས་པ་འདིའི་ནང་དུ་འབྲེལ་སྒྲ་སྦྱར་དགོས་ས་མང་པོ་ལ་བྱེད་སྒྲ་སྦྱར་བ་འདིས་གོ་ནོར་ཐེབས་ཉེན་འདུག རྗེས་མ་ནས་བརྡ་སྤྲོད་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་འབྲི་གལ་ཆེ།
བཀྲ་་་ས་མཐོང་ལ་ཉམས་མྱོང་དང་བྱས་རྗེས་ཡོད་ཀྱང། ཁོའི་བཀའ་མོལ་གནང་སྟངས་ལ་བལྟས་ན་བོད་གཞུང་གི་ལས་དོན་རྣམས་རྒྱུན་སྐྱོང་དང་འཆར་ཅན་ཙམ་གནང་འཆར་ལས་ལེགས་བཅོས་གཏོང་འཆར་ཅི་ཡང་མེད་པའི་བཟོ་འདྲ་ཞིག་འདུག དེ་འདྲ་ཡིན་ན་ཁོང་བཀའ་ཁྲིར་བཞུགས་ནས་ཕན་ཐོགས་ཡོང་ས་མ་རེད། ད་ལྟ་ང་ཚོ་ཛ་དྲག་གི་སྐབས་འདིར་༸གོང་ས་མཆོག་དང་བོད་གཞུང་གི་སྲིད་བྱུས་འདི་རྒྱུན་སྐྱོང་ཐོག་ཡར་རྒྱས་དང་ལེགས་བཅོས་ཤུགས་ཆེ་ཙམ་བཏང་སྟེ་ནུས་པ་སྔར་ལས་ལྷག་པ་ཞིག་ཐོན་ཐབས་བྱེད་དགོས། དེ་ལ་སྤེན་པ་ཚེ་རིང་ལེགས་པ་འདུག བློ་བཟང་སེང་གེ་ཤེས་ཡོན་ཡག་པོ་ཡོད་ནའང་ཉམས་མྱོང་མེད་པའི་ཐོག་ལོ་གཞོན་གྱི་སྣང་བ་ཁྱེར་ཏེ་འུར་རླུང་གི་ནང་འགྲོ་ཉེན་འདུག དེ་བས་ད་ལྟ་ཁོང་སྤྱི་འཐུས་སམ་བཀའ་ཤག་ནང་ཚུར་ཕེབས་ཏེ་ཉམས་མྱོང་བསགས་ན་རྗེས་མ་གོ་སྐབས་ཡོད་ཡོད་པ་རེད། རྒྱ་རི་སྒྲོལ་མ་ནི་སེམས་ཤུགས་ཆེ་མདོག་གིས་ངུ་རྒྱུ་མ་གཏོགས་གཞན་ཅང་འཇོན་ས་མ་རེད།
སྔོན་མ་ང་ཚོ་བོད་པ་ཚང་མ་སྐུ་དྲག་གི་ལག་ནས་ཕམ་ཁ་ཉོས་ནས་བཙན་བྱོལ་ལ་ཡོང་དགོས་བྱུང་བ་རེད། སྐུ་དྲག་རྣམས་ཀྱིས་བོད་པ་བཙན་བྱོལ་དུ་འགྲོ་དགོས་བ་བཟོས་བ་རེད། ད་ངས་བཙན་བྱོས་བོད་གཞུང་འདི་ཡང་སྐུ་དྲག་གི་ལག་ནས་འཐོར་དུ་མི་འཇུག་ཁོ་ཐག་ཡིན། སྐུ་དྲག་ལམ་ལུགས་རྩ་རྫོགས་བྱེད་་་་་་་ སྐུ་དྲག་ལམ་ལུགས་རྩ་རྫོགས་བྱེད་་་་་་་་་་ སྐུ་དྲག་ལམ་ལུགས་རྩ་རྫོགས་བྱེད་་་་་
ལོང་ཤོག ལོང་ཤོག བློ་བཟང་སེང་གེ་ལོང་ཤོག མ་འོངས་བཀའ་བློན་ཁྲི་པར་ཕེབས་ཤོག
མི་དགོས། མི་དགོས། བཀྲེས་མཐོང་མི་དགོས། ཁྱེད་ཀྱི་གཞུང་དངུལ་ལྐོག་ཟས་བྱས་པ་སུ་ཡི་ཕྱི་སྟོན་བྱས་མྱོང་མེད། དེ་ལས་ཁྱེད་རང་ཨ་རིའི་རྒྱལ་འོག་རྒན་ཕོག་ཟས་ན་ཏག་ཏག་རེད།
དེ་མིན་བཤད་ན་རྒྱ་རི་སྒྲོལ་མའི་སེམས་ཤུགས་ལ། ནུས་པ་ཐོན་མེད་བོད་ཀྱི་སྤྱི་འཐུས་མང་བྱས། མི་ཚོགས་མང་པོའི་ཁྲོད་དུ་བཤད་རྒྱུར་ཁྱེད་ཀྱི་ངུ་སྐད་ཁོ་ན་མ་གཏོགས། བྱས་རྒྱས་འདི་འདུག་ཟེར་ནས་བཤད་མཁན་སུ་ཡང་མི་
འདུག
རིམ་དུ་བརྗོད་ན་སྤེན་པ་ཚེ་རིང་། ད་ལྟའི་ལས་གནས་འཇུག་བསྡུས་མ་བྱས། མ་འོངས་བཀའ་བློ་འདུག་རྒྱུ་རེད། ཧ་ཧ་ཧ་རྒད་མོ་ཤོར་བའི་གཏམ་ཞིག ཁྱེད་ནི་ན་ནང་ཚོགས་གཙོར་ཕེབས་གསར། སྤྱི་འཐུས་ཚོགས་ཆེན་བྱས་རྗེ་དེ། བོད་མི་ཕྱི་ནང་ཡོངས་སུ་སྐྱོ་བ་སྐྱེས། དེ་བས་བཤད་ན། ད་ལྟའི་བཀའ་ཁྲི་ཁྱེད་གཉིས་འབྲེལ་བ་བསྟན་ཟབ་ཡོད། དགེ་སློབ་གཉིས་ཀྱི་ལམ་གཞི་བསྐྱོད་ན་སྔར་དང་གཅིག་མཚུང་ལས་མ་གཏོགས། བོད་ཀྱི་བཙན་པོར་བྱས་རྗེ་གསར་པ་ག་ལ་ཡོང་། དེ་བས་ཁྱེད་རང་སྤྱི་འཐུས་ཚོགས་གཙོ་ཏག་ཏག་རེད།
བློ་བཟང་སེང་གེས་ཁ་སང་དགོང་མོ་ཟློས་གར་ལ་སྐད་ཆ་ཐོག་མ་བཤད་དུས་་ཡི་རངས་ཧ་ཅང་སྐྱེས་བྱུང་། སྐད་ཆ་ཧ་ཅང་མཁས་ཤིང་རྣ་ལ་སྙན་པོ་ཡང་ཞེ་དྲག་འདུག་མོད། ངའི་བློར་ཕལ་ཆེར་ཁོང་བཀའ་ཁྲིར་འོས་ཤོས་ལྟ་བུ་སྣང་བྱུང་། དེ་ནས་ཡང་སླར་དུ་ཁོང་ཉན་དུ་གཟའ་སྤེན་པའི་སྔ་དྲོ་ཟློས་གར་དུ་ཕྱིན་པ་ཡིན། དེ་སྐབས་སུ་མདོར་ན། གཏམ་གསར་པ་གཅིག་ཀྱང་ཁོང་ལ་བཤད་རྒྱུ་མིན་འདུག་ལ། ད་དུང་དྲི་བ་ཁ་ཤས་ལ་ལན་འདེབས་མེད་པར་ཀྱག་ཀྱོག་བྱས་ཏེ་གཡོལ་གནང་སོང་། དེ་ལས་ལྡོག་སྟེ་སྐུ་ངོ་བཀྲས་མཐོང་ལགས་ཀྱི་ལན་འདེབས་རེ་རེར་བསམ་བློ་བཏང་རྒྱུ་འདུག་ལ། མཐའ་དག་དྲང་པོའི་ནུས་པ་ལྡན་ལ་ཧ་ཅང་གི་དངོས་ཡོད་དང་མཐུན་པ་འབའ་ཞིག་དུ་མཆིས། ད་དུང་ཁོང་གིས་རི་རབ་ལྟ་བུའི་ཉམས་མྱོང་དེས་ང་ལ་ཡིད་ཆེས་བློས་སྐྱེལ་གྱི་བསམ་བློ་ཞིག་སྤྲད་བྱུང་། ངས་བྱེད་ན་དོན་དངོས་ཐོག་བཀྲས་མཐོང་ལས་འོས་པ་མིན་འདུག བློ་སེང་ལགས་ནི་ལྟས་མོ་ཆེན་མོ་ཙམ་ཞིག་རེད་དེ། བཀའ་ཁྲིར་ཁོང་ཕེབས་ན་བོད་ལ་རེ་བ་མིན་འདུག
༸ཐུགས་རྗེ་ཆེན་པོས་བོད་མི་མང་གཉིད་ལས་དཀྲོག་རོགས།
ཁ་སྔོན་གྱི་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་སོགས་བརྒྱུད་ནས་མི་མང་གིས་ཤེས་པའི་དོན་དག་གཅིག་ནི། བློ་བཟང་སེང་གེས་མི་མང་དང་ལྷག་པར་དུ་གཞོན་སྐྱེས་དག་ལ་འུར་བརྒྱངས་ནས་རང་ལ་འོས་ཐོབ་ཐབས་བྱེད་བཞིན་པ་དང་། བཀྲས་མཐོང་བསྟན་རྣམ་ཉམས་མྱོང་དང་འཇོན་ཐང་མི་གཤིས་གང་ཐད་ནས་ཐེངས་རྗེས་མའི་བཀའ་ཁྲིར་འཚམ་ཤོས་ཡིན་པ་དེ་རེད།
ཁ་སྔོན་གྱི་བཀའ་ཁྲིའི་སྐོར་གྱི་བགྲོ་གླེང་སོགས་བརྒྱུད་ནས་མི་མང་གིས་ཤེས་པའི་དོན་དག་གཅིག་ནི། བློ་བཟང་སེང་གེས་མི་མང་དང་ལྷག་པར་དུ་གཞོན་སྐྱེས་དག་ལ་འུར་བརྒྱངས་ནས་རང་ལ་འོས་ཐོབ་ཐབས་བྱེད་བཞིན་པ་དང་། བཀྲས་མཐོང་བསྟན་རྣམ་ཉམས་མྱོང་དང་འཇོན་ཐང་མི་གཤིས་གང་ཐད་ནས་ཐེངས་རྗེས་མའི་བཀའ་ཁྲིར་འཚམ་ཤོས་ཡིན་པ་དེ་རེད།
ང་ཚོ་དམངས་ཚོགས་ལ་འོས་ཤིང་འཚམ་པའི་བཀའ་བློན་ཁྲི་བ་ནི་བློ་བཟང་སེངྒེ་གཅིག་པུ་ལས་གཞན་གང་ཡང་མེད།བཀྲས་མཐོང་དང་རྒྱ་རི་གཉིས་ལ་སྐུ་དྲག་གི་ནད་རྙིང་དེ་ཡོད་ཙང་ཁྱོན་ནས་ང་ཚོའི་བཀའ་བློན་ཁྲི་བར་མི་ཌྷའོས་པ་ཚང་མའི་ཤེས་པར་གྱིས།ང་ཚོར་རང་དབང་ག་ཁ་དང་དམངས་གཙོའི་མིག་ཟུང་ཡོད་བཞིན་དུ་ད་དུང་སྐུ་དྲག་ཚོས་དམངས་ཚོའི་གཉའ་རུ་གཞོན་དུ་གཞིག་ན་ག་ལ་འགྲིག།བློ་བཟང་སེངྒེ་ལྟ་བུར་མི་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་དངོས་གནས་མིག་ལོང་བ་ཞིག་མིན་ན་ཁོང་འབྱུང་འགྱུར་གྱི་བཀའ་ཁྲིར་གདམ་གྱི་རེད་དངོས་གནས་རྣ་འོན་པ་ཞིག་མིན་ན་ཁོང་གི་གསུང་བཤད་དེ་ཚོ་ཐོས་ཡོད་ཀྱི་རེད།
ང་ཚོ་དམངས་ཚོགས་ལ་འོས་ཤིང་འཚམ་པའི་བཀའ་བློན་ཁྲི་བ་ནི་བློ་བཟང་སེངྒེ་གཅིག་པུ་ལས་གཞན་གང་ཡང་མེད།བཀྲས་མཐོང་དང་རྒྱ་རི་གཉིས་ལ་སྐུ་དྲག་གི་ནད་རྙིང་དེ་ཡོད་ཙང་ཁྱོན་ནས་ང་ཚོའི་བཀའ་བློན་ཁྲི་བར་མི་ཌྷའོས་པ་ཚང་མའི་ཤེས་པར་གྱིས།ང་ཚོར་རང་དབང་གི་ཁ་དང་དམངས་གཙོའི་མིག་ཟུང་ཡོད་བཞིན་དུ་ད་དུང་སྐུ་དྲག་ཚོས་དམངས་ཚོའི་གཉའ་རུ་གཞོན་དུ་གཞིག་ན་ག་ལ་འགྲིག།བློ་བཟང་སེངྒེ་ལྟ་བུར་མི་ཤེས་ཡོན་ཅན་དང་ལ་རྒྱ་ཅན་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་དངོས་གནས་མིག་ལོང་བ་ཞིག་མིན་ན་ཁོང་འབྱུང་འགྱུར་གྱི་བཀའ་ཁྲིར་གདམ་གྱི་རེད་དངོས་གནས་རྣ་འོན་པ་ཞིག་མིན་ན་ཁོང་གི་གསུང་བཤད་དེ་ཚོ་ཐོས་ཡོད་ཀྱི་རེད།
ཆོས་དབྱིངས་སྒྲོལ་མ་ལགས་ཀྱིས་གསུང་བ་དེ་བདེན་པ་རེད།སྐུ་དྲག་ཚོས་དམངས་ཚོགས་ཀྱི་གཉའ་རུ་ཞོན་པ་ལ་དགའ་བོ་ཞེ་དྲག་ཡོད་པ་རེད།ངའི་རྨོ་ལགས་དང་སྤོ་ལགས་གཉིས་ཡང་སྡོན་མ་སྐུ་དྲག་ཚོ་གཉའ་རུ་འཁུར་མཁན་གྱི་བྲན་གཡོག་གཙོ་བོའི་གྲས་སུ་རེད་འདུག།ད་རེས་དངོས་གནས་བཀའ་ཁྲིའི་འོས་མི་ནང་དུ་གངས་རི་བཞིན་དུ་དཀར་བ་ཇོ་མོ་གླང་མ་བཞིན་དུ་མཐོ་བ་བློ་བཟང་སེངྒེ་ཁོ་ན་ལས་མི་འདུག།
བཀྲས་མཐོང་ཁོང་རང་བཀའ་བློན་བླངས་པ་དེ་ཡག་པོ་རེད། ངས་ཁོང་ལ་བསྔགས་བརྗོད་ཡོད། འོས་ཀྱང་ཁོང་ལ་ངོ་ཚ་མེད་པ་དེ་ལ་ངས་སྐྱོན་བརྗོད་ཡོད། སྔོན་མ་བྱས་མ་མྱོང་བ་མ་རེད། སྔོན་མ་བྱས་པའི་སྐབས་མཐར་མ་འཁྱོངས་པ་ཐོན་དགོས་བྱུང་བ་དེ་གནས་ཚུལ་ག་ལ་ཐུག་འདུག་དྲི་ན་ཤེས། མ་ཟད་སྐཔས་དེར་ཡིན་ལུགས་ཚུལ་མཐུན་བྱས་ནས་དགོངས་ཞུ་བཏང་མེད་པའི་སྐད་ཆ་ཞིག་ཀྱང་ཡོད་པས། དེ་དོན་ལ་གནས་པ་ཡིན་ན་བོད་གཞུང་དམངས་གཉིས་ལ་གདངས་རྒྱག་མཁན་ཞིག་མེད་པ་གསལ་པོ་རེད། དེ་ལྟ་བུའི་མི་ཞིག་སླར་ཡང་བཀའ་ཁྲི་འོས་སམ། ཡང་ཡོངས་གྲགས་ལ་གཞུང་དངུལ་ལྐོག་ཟས་བྱས་པ་ཡང་ཡོངས་གྲགས་མ་རེད་དམ། བཤད་སྙོགས་ཡོད་པའི་མི་འདི་ལ་རྒྱབ་སྐྱོར་བྱེད་མཁན་དེ་དག་ལ་བོད་མི་རིགས་ལ་ཤ་ཚ་ག་ཚོད་ཡོད་མེད་ཤེས་ནུས། ད་རིང་ངས་གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་བྱེད་ནས་རྒྱ་ཆེན་མི་མང་ལ་ལག་སོར་ཐལ་མོར་སྦྱར་ནས་བོད་སྤྱིར་ལ་བསམ་བློ་གཏོང་རོགས་ཞེས་ཞུ་རྒྱུ་ཡིན། བཀའ་བློན་ཁྲི་པ་ཟེར་བ་འདི་རྩེད་མོ་རྩེད་བྱ་འདྲ་པོ་ཞིག་དང་། ཕྱོགས་འཐེན་བྱ་རྒྱུའི་དངོས་པོ་ཞིག་དེ་ལས་ཀྱང་ག་ལ་ཡིན།
བློ་བཟང་སེང་གེ་བློ་རིག་བཀྲ་བ་ཀུན་གསལ་རེད།།
བཀྲ་ཤིས་རྣམ་རྒྱལ་ཉམ་མྱོང་ཡོད་པ་ཡིན་ན་ཆོག།
སྤེན་པ་ཚེ་རིང་བཤད་སྟངས་ཡག་པ་ཚང་མས་ཤེས།།
རྒྱ་རི་སྒྲོལ་མ་འཇོན་ཐང་ཡོད་པ་རྒན་པས་ཤེས།།
བློ་བཟང་སེང་གེ་ན་གཞོན་ཡིན་པ་བལྟས་ན་མཐོང་།།
བཀྲ་ཤིས་རྣམ་རྒྱལ་མཐར་མ་འཁྱོང་བ་ཡོངས་གྲགས་རེད།།
རྒྱ་རི་སྒྲོལ་མར་བློ་རྒྱ་ཆུང་བ་བདེན་པ་རེད།།
སྤེན་པ་ཚེ་རིང་མགོ་གནོན་ནུས་པའི་སྤོབས་པ་མེད།།
གཞོན་ནུ་ཟླ་མེད་ལགས་ཐུགས་རྗེ་ཆེ་ སྤྱིར་སྟངས་བློ་བཟང་སེང་གེ་ཡག་པོ་ཡོག་རེད་ འོན་ཀྱང་བསམ་བློ་ཞིབ་ཏུ་བཏང་ན་ཁོང་ལྟ་བུ་འདེམས་རྒྱུར་བཙན་བྱོལ་བོད་མིའི་འོས་འཕེན་པའི་བསོད་ནམས་དང་སྐལ་བར་བསྐོས་ཡོག་མ་རེད་ ཆོས་དབྱངས་སྒྲོལ་མ་དང་དབང་མོ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ཡོད་དེ་ ལོ་གཞོན་པའི་གསར་བརྗེའི་བློ་སྟོབས་དེ་ལས་དོན་དངོས་ཀྱི་མང་ཚོགས་ཀྱི་གནས་སྟངས་དེའི་ཐག་གཅོད་གནང་གི་རེད་ བདེན་པ་རེད་ ལོ་ན་གཞོན་པ་མང་པོ་འོས་འཕེན་པའི་ལོ་ཚད་ཟིན་ཡོག་རེད་ འོན་ཀྱང་ག་ཚོད་ཅིག་འོས་དངོས་སུ་བླུགས་དུ་ཕེབས་ཀྱི་རེད་ སྔོན་གྱི་གྲངས་ཚད་ལ་བལྟས་ན་སྔོན་འགྲོའི་འོས་བསྡུ་ནས་དངོས་གཞིའི་དངོས་འོས་བསྡུ་བར་བརྒྱ་ཆ་་༥༠་ཙམ་ཟགས་འགྲོ་གི་ཡོག་རེད་ དེ་འདྲ་ཡིན་དུས་དངོས་གཞིའི་འོས་བསྡུ་ལ་བླུགས་མཁན་རྒན་གྲས་ཚོ་ཆགས་རྒྱུ་རེད་ དགའ་ནས་སྡུག་ནས་རྒན་གྲས་ཚོས་སྲིད་དོན་ནི་ཆོལ་ཁའི་སྟེང་གཞི་ཆགས་པ་མ་གཏོགས་བོད་དོན་དང་གནད་དོན་གཞན་གྱི་ཐོག་ཆགས་ཡོག་མ་རེད་ དེ་འདྲ་ཡིན་དུས་སྤྱི་འཐུས་ནང་སྔ་ཕྱིའི་འབྱུང་རིམས་དང་ཁྲི་ཟུར་འཇུ་ཆེན་གྱི་གནང་བབས་བཅས་ལ་འོས་འཕེན་པ་ཕྱོགས་བསྡོམས་མང་ཆེ་བ་དབུས་གཙང་བ་ཚོས་ཐུགས་ཕམ་དུ་བཅུག་ཡོད་པ་རེད་ དེ་འདྲ་ཡིན་དུས་ངས་གོང་དུ་ཞུས་པ་བཞིན་ད་ལན་བཀའ་ཁྲི་དེ་བཀའ་ཟུར་བཀྲིས་དབང་འདུད་ལ་བླུགས་རྒྱུ་ཉག་གཅིག་རེད་ ཁམས་པ་སྐབས་འཚོལ་བ་དང་སྐུ་དྲག་རིང་ལུགས་གསར་པ་འདི་ཚོ་ག་ལེར་ནུབ་འགྲོ་གི་ཡོག་རེད་ ཁོང་ཚོས་རྒྱབ་སྐྱོར་བ་གསང་བ་ཆེན་མོ་ནས་ག་ལེར་ནུབ་འགྲོ་གི་ཡོག་རེད་ ༧གོང་ས་ཡིད་བཞིན་ནོར་བུའི་ཉི་འོད་དེ་ད་དུང་ནུབ་ཡོག་མ་རེད་
དགོངས་དག་ངས་གོང་དུ་བསྟན་འཛིན་དང་། བཀྲ་ཤིས་གཉིས། ཡིག་ནོར་ཤོར་འདུག།
དགེ་སློང་བཀའ་ཁྲི་དང་ཕོ་གསར་བཀའ་ཁྲིའི་བར་ལ་བུད་མེད་བཀའ་ཁྲི་གཅིག་གི་མཚམས་སྦྱར་བྱུང་ན་མི་མཛེས་སམ།
འདི་ན་རིག་གནས་གསར་རྗེའི་སྐབས་ཀྱི་སྐད་ཆ་དྲོན་པོ་ཚོ་འདུག
ཆེན་པོ་མར་ཕབ། ཉམ་ཆུང་ཡར་ལངས་དགོས་ཟེར་བ་འདི་རེད།
ངའི་ངོར་སྐུ་དྲག་འཇོན་པ་ཞིག་དང་ཉམ་ཆུང་མི་འཇོན་པ་ཞིག་ཡོད་ན་སྐུ་དྲག་འཇོན་པ་དེ་འདེམས་རྒྱུ་ཡིན།
སྤྱིར་བཙན་བྱོལ་ནང་སྐུུ་དྲག་དང་སྐུ་དྲག་མིན་པའི་དབྱེ་བ་གང་ཡང་མེད། ང་ཚོ་དམངས་གཙོའི་གཞུང་འོག་ལ་ཡོད། དེ་བས་ན་བོད་ལ་ལྷག་བསམ་དང་། ཤེས་ཚད་འཇོན་སྟངས་བཅས་སུ་ལ་མང་བ་ཡོད་ན་དེ་ལ་འོས་བླུགས་རོགས།
ད་ལྟའི་བཀའ་ཁྲིའི་འོས་མི་ཚང་མ་བོད་པ་རེད། དེ་མ་བརྗེད་པ་གནང་རོགས།
རིག་གནས་གསར་རྗེ་གཉིས་པ་མི་དགོས། ཡར་ལོངས་བོད་མི་རྣམས།
བོད་རྒྱལ་ལོ།།
བོད་མིའི་སྐྱིད་སྡུག་མཉམ་མྱོུང་སྲིད་ན་རྒྱལ་གྱུར་ཅིག།།།།།།
ཀི་ཀི་་སྭ་སྭ་ལྷ་རྒྱལ་ལོ།།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་ཕེབས་ན། བོད་ནང་གི་མི་ལ་དཀའ་ངལ་ཆེན་པོ་གཉིས་འཕྲད་སྲིད།
གཅིག རྒྱ་མིས་བོད་ཕྱི་ལོག་ལ་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྩིས་དང་། བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་རོ་ལངས་རྒྱག་རྩིས་ཟེར་བ་འདི་བདེན་མཐར་འགྲོ་བའི་ཉེན་མཁའ་འདུག
གཉིས། རྒྱ་མིས་བཙན་བྱོལ་བོད་གཞུང་ཟེར་བ་འདི་མི་ཚང་གསུམ་གྱིས་དབང་དུ་འདུས་ཡོད་ཟེར་བ་དེ་ཡང་བདེན་ཤས་ལ་འགྲོ། མི་ཚང་གསུམ་དེ་གཅིག་ཡབ་གཞིས་ཚང་དང་། གཉིས་རྒྱ་རི་ཚང་། གསུམ་བཀྲས་མཐོང་ཚང་གསུམ་ལ་གོ།
གུས་མོའི་རེ་བར། ད་རེས་ཀྱི་བཀའ་བློན་ཁྲི་པ་དེ། ལོ་ཆུང་། ཤེས་བྱོན་གཉིས་ལྡན། ཁྱིམ་ཚང་ཕལ་པ་ཞིག་གི་མི་ཞིག་བྱུང་ན། བོད་ནང་གི་མི་ལ་སེམས་ཤུགས་སྤོར་ཐུབ། རྟག་པར་བླ་མའི་སྤྲུལ་སྐུ་ཞིག་དང་སྐུ་དྲག་གི་སྲས་ཞིག་གིས་བཀའ་ཤག་དེ་སྐྱོང་བསྡད་ན། སྐྱུག་བྲོ་གི་འདུག
ག་དུས་ཡིན་ནའི་བཀའ་ཤག་དང་སྐུ་དྲག་གཉིས་ཁ་བྲལ་མི་ཐུབ་པ་དང་། སྤྲུལ་སྐུ་དང་བཀའ་བློན་གཉིས་ཁ་བྲལ་མ་ཐུབ་པ་འདིས་བོད་འདི་རུལ་བ་རེད། ད་གསོ་དགོས་ན། ཁྲག་གསར་པ་ཞིག་དང་མི་རབས་གསར་པ་ཞིག བསམ་བློ་གསར་པ་ཞིག་གིས་གསོ་དགོས།
གངས་དཀར་ལྷ་མོ
ཁྱེད་རང་བཤད་ཏག་ཏག་རེད། དངོས་མ་རེད།
གངས་དཀར་ལྷ་མོ
ཁྱེད་རང་བཤད་པ་ཏག་ཏག་རེད། དངོས་མ་རེད།
མེ་ཏོག་དཀར་པོ་ལགས་ཁྱེད་རང་གཅིག་པུ་ངོར་ན་སྐུ་དྲག་ཡིན་མིན་གྱི་སྣང་བ་ཡོད་ཀྱི་མ་རེད་དྲང་བོར་བཤད་ན་བཀྲས་མཐོང་དང་རྒྱ་རི་གཉིས་ཀྱི་སེམས་སུ་སྐུ་དྲག་གི་བག་ཆགས་མཐུག་པོ་ཡོད་ལ་ཁོ་གཉིས་ཀྱི་ལུས་སྟེང་ན་སྐུ་དྲག་གི་ཟུངས་ཁྲག་རྒྱག་བཞིན་ཡོད་པ་དེ་ཤེས་པར་གྱིས་དང་གཙོ་བོ་དེ་མི་མང་གི་ཆེད་དུ་ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་ཆེད་དུ་བསམ་བློ་ཡག་པོ་གཏོང་དགོས་པ་དེ་གལ་ཆེའོ།
འདི་ནའང་གྲལ་རིམ་འཐའ་རྩོད་པ་འགའ་ཤས་འདུག་།
ཁོང་ཚོའི་དུས་ནམ་ཡིན་ཡང་གྲལ་རིམ་འཐབ་རྩོད་ཀྱི་བསམ་པའི་འཁྱེར་སྟངས་དོར་ཐུབ་ཀྱིན་མི་འདུག་།
ཞིབ་དཔྱོད་བྱོས་དང་།དངོས་གནས་ཡ་མཚན་རེད་།
གོང་དུ་ཁ་ཤས་གཅིག་གིས་ང་ལ་གཅིག་བཤད་སོང་།
དང་པོ་ང་ཚོས་སྐུ་དྲག་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་བཟུང་དགོས་སམ།
གཉིས་པ་ད་ལྟ་ང་ཚོས་སྐུ་དྲག་དང་སྐུ་དྲག་ཟེར་ནས་འབར་ས་དེ་ཚོ་ཕལ་ཆེར་ཡུལ་གྱར་དུ་སྐྱེས་པའམ་བོད་དུ་སྐྱེས་ནའང་དཀའ་སྐྱིད་སྡུག་བོད་མི་བྱིངས་ལས་མི་འདྲ་བ་གང་ཡང་མྱོང་མེད། ཚང་མ་གཅིག་པ་རེད།
གསུམ་པ་དཔེར་ན་བཀྲས་མཐོང་ལྟ་བུ་ཞིག་ད་ལྟའི་བར་བོད་པའི་སྤྱི་ཚོགས་ནང་འབུར་ཐོན་དུ་བྱུང་བ་ནི་སྐུ་དྲག་ཡིན་པའི་རྒྱུ་མཚན་གཏན་ནས་མེད། རང་གིས་འཇོན་ནས་བྱུང་བ་ཡིན་སྟབས། སུས་ཀྱང་ཕྲག་དོགས་བྱེད་དགོས་དོན་མེད།
བཞི་པ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་བཤད་པ་ལྟར་ཨ་མའི་བུ་ལ་འཇོན་སྟངས་ཡོད་ན། བཀའ་བློན་ཁྲི་པར་བདག་པོ་མེད་ཅེས་པ་ལྟར་བཙན་བྱོལ་བོད་ཀྱི་རྩ་ཁྲིམས་ནང་གསལ་འོས་ཆོས་ཚང་བའི་གང་ཟག་སུ་ཡང་བཀའ་ཁྲིའི་འོས་གཞིར་ལངས་ཆོག་གི་རེད་ལ་བཀའ་ཁྲི་ཡང་གནང་ཆོག་རེད།
ལྔ་པ་མཐའ་མའི་ཐག་གཅོད་ཁྱེད་དང་ང་གཙོས་བཙན་བྱོལ་རྒྱ་ཆེའི་མི་མང་གིས་གནང་གི་རེད། བཙན་བྱོལ་བོད་མི་ཚང་མར་རྣམ་དཔྱོད་ཡོད་ལ། མིག་གཉིས། རྣམ་བ་གཉིས་ཡོད། ཡོད་པ་དེ་དག་ཚང་མ་བེད་སྤྱོད་གཏོང་བཞིན་པ་རེད།
དྲུག ངའི་ངོར་བཀའ་ཁྲི་སུ་ཕེབས་ནའང་དགའ་བསུ་དང་གུས་བཀུར་ཡོད། ལྷག་པར་བློ་བཟང་སེང་གེ་འོས་པོ་མཐོང་གི་འདུག ཡིན་ནའང་སུ་ཞིག་བཀའ་ཁྲིར་སླེབས་ཀྱང་ང་ཚོས་རེ་བ་ལྟར་གྱི་འགྱུར་བ་ཆེན་པོ་གཏན་ནས་མི་འགྲོ་བ་ངས་ཐག་གཅོད་ནས་བཤད་ཐུབ་གི་འདུག
བདུན་པར། རེ་བ་ལོས་དགོས་ཏེ་ཡིན་ནའང་རེ་བ་ཆེ་ས་གྲ་སྒྲིག་སྡུག་སའི་དཔེ་ལྟར་ང་ཚོས་བཀའ་ཁྲི་གསར་པ་ཞིག་དང་དེས་ཀྱང་འགྱུར་ལྡོག་ཤུགས་གཏོང་ཐུབ་པའི་རེ་བ་ཆེན་པོ་དེ་འདྲ་ཁོང་ཚོ་སུས་ཀྱང་འགྲུབ་ཁག་པོ་རེད་གནང་ཁག་པོ་རེད།
བརྒྱད་པ། སྐུ་དྲག་ལམ་ལུགས་ཡོངས་སུ་འཇུག་སྒྲིལ་ཟིན་པ་རེད། དེང་སང་སུ་འཇོན་རེད་མ་གཏོགས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱབ་ཟེར་བ་རྒྱ་མིའི་རྗེས་ཟློས་མ་གནང་རོགས།
དེ་ལྟར་རྒྱ་མིས་ཟེར་ཚད་ང་ཚོས་སྐྱོན་སྤོང་བྱེད་དགོས་ན་རྒྱ་མིས་རྣམ་པ་ཀུན་ཏུ་ཏ་ལའི་བླ་མས་དབང་ཆ་སྒེར་འཛིན་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་བོད་གཞུང་མེད་པ་སོགས་ང་ཚོས་ཁས་ལེན་ཐུབ་བམ།
དགུ་པ། དེང་སང་སྐུ་དྲག བླ་མ། གྲ་པ། ཆོས་ལུགས་བཅས་ལ་དགག་པ་རྒྱབ་ན་མཁས་པའམ་གསར་ཐོན་གྲས་སུ་མཐོང་མཁན་མང་པོ་འདུག་མོད་ང་ནི་དེར་གཏོགས་མེད་དོ།
བཅུ་པ། བོད་རྒྱལ་ལོ། བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག
བློ་བཟང་སེངྒེ་ལགས་ཀྱི་བཀའ་མོས་ལ་དཔྱད་པ་ཞིག་བྱས་པ་ཡིན་ན་མགོ་འདྲེན་དང་ལྟ་སྒོ་ཡོད་མཁན་དག་ལ་མཁེ་བཟང་ཆེ་བཞིན་ཁེས་མེད་ཉམས་ཆུང་བའི་མི་མང་ནི་ག་རེ་བྱས་ཀྱང་བྱས་གསུང་གི་འདུག
ཁོང་གི་བསྒྲུབ་བྱ་གསུམ་གསུང་ཡོད་པའི་དང་པོ་ནི་རབ་གསུམ་རབ་ལ་བྱུང་ན་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་འབད་པ་བྱ་རྒྱུ་ཡིན་ཟེར་བ་བལྟ་བུ་ནི་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་འཕེབས་ལྟར་བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་རྒྱབ་བསྐྱོར་ཐོབ་རེའི་དམིགས་ཡུལ་བཅངས་བ་ལས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་མིན་པ་གསལ་པོ་རེད།
གཉིས་པ་ནི་ཁོང་གི་གསར་བཏོད་བཞེས་པ་དེ་ཡང་དེང་དུས་ཀྱི་གཞོན་ནུ་ཆབ་སྲིད་ཀྱི་ཁ་ཕྱོགས་བོར་བའི་གང་དྲན་ལག་ཏུ་ལེན་པ་མི་རིགས་དང་རིགས་གནས་མི་སེམས་པ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་འཕེལ་དང་འཕེལ་བཞིན་པ་དེ་དག་གི་འདོད་བློར་བསྟུན་ནས་གསུང་པ་ལས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་མིན།
གསུམ་པ་རང་མགོ་རང་ཐོན་ཞེས་པ་དེ་ནི་དངོས་གནས་ཁོང་གི་ལོ་མང་རིང་དཀའ་དཔྱད་འབད་པ་དུ་མས་བསགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་གང་ལ་ཞེ་ན་ད་བར་མི་ལོ་དུ་མའི་རིང་ལངས་ཕྱོགས་འདི་བཟུང་ནས་ཨ་རིར་བཞུགས་པ་ནི་ཀུན་གྱི་མཁྱེན་གསལ་མ་རེད་པས། ཧཧ
ཡ་ད་ཡིན་ན་། ལན་ཞིག་རྒྱག་གི་ཡིན།
གོང་དུ་ཚང་མས་ ནུས་བ་དང་འཇོན་ཐང་ཕུལ་ཚར་བ་རེད་། ཟེར་པ་དེ་ལ་གོ་དོན་ཅི་ཡང་མི་འདུག། ཕྱགས་ལས་ག་ཚད་མང་པོ་ཞིག་
གནང་བ་དེ་ཚོད་ཀྱི་་མཉམ་མྱོང་དང་འབྲེལ་བ་ཆེ་རུ་འགྲོ་བཞིན་ཡོད་ལ་། མཉམ་མྱོང་དང་འབྲེལ་བ་ག་ཚད་ཆེ་རུ་སོང་བ་དེ་ཙམ་གྱི་
ནུས་བ་དང་འཇོན་ཐང་ཡང་ཆེ་རུ་འགྲོ་གི་ཡོད་པ་དེས་གོ་རིམ་དེ་ཤེས་བར་། དེ་གཅིག་ཡིན། དུ་དུང་ཕལ་ཆེ་བཤད་སྲོལ་ལ་ལྟོས་ན་། སྤྱི་ཚོགས་ནང་ཕྱགས་
མང་པོ་ཕུལ་ཚར་བ་དེས་མིའི་ནུས་བ་རྫོག་གི་ཡོདཔས་འབྲེལ་འདྲ་བོ་ཞིག་རྒྱག་གིན་འདུག། འོ་ན་གོང་ས་མཆོག་གི་ནུས་བ་ཡོང་སུ་རྗོགས་ཚར་ཡོད་ངེས་རེད་། དེ་བསམ་བློ་གཏོང་།
སྤྱི་ཚོགས་ནང་གི་ནད་རྙིང་དེ་དག་སློང་ནས་རང་རིགས། ཤ་དང་རུས་བས་རྒྱུན་གཅིག་པ་དག་གི་པར་ལ འགའ་ཟླ་བཟོ་མཁན་འགའ་རེ་ཡང་ཡོང་གི་འདུག། དེས་ལན་དུ་ངས་མང་བོ་མི་བཤད་། གོང་དེར་། མེ་ཏོག་དཀར་པོ་ནས་མཆན་༤༤་ནང་གནང་འདུག།
གཞན་པས་གནས་ཚུལ་ཞིག་དུ་ཚང་མས་ལོ་ཆུང་ཆུང་ཞེས་ངུ་ཟུག་་གི་བྲང་ལ་རྡོང་གིན་འདུག། ཐོག་མར་དེས་དགོས་པ་ཞིག་བཞག་དང་། དེ་ནས་ལོ་ཡི་ཚད་འཛིན་ག་ནས་ཡིན། ད་དུང་མི་ཧམ་བཤད་པ་འགས་གོང་ས་མཆོག་ལོ་གཞོན་ཞིག་དགོས་བར་གསུང་སོགས་ནི་ཁོང་གི་བཀའ་སློབ་ལ་
གོ་བ་ཟློག་སྟེ་གཡག་ཞར་གྱིས་རྩྭ་ཟ་བསྟང་རེད་།
རང་མགོ་རང་ཐོན། དང་རང་མགོ་གང་ཐོན་གཉིས་ལ་ཁྱད་པར་གེ་རེ་ཡོད་པ་རེད་།
ལྷག་བསམ་ཅན་དང་མི་འཇོན་པོ་རེད། རྗེས་སུ་ཡི་རང་ཡོད།
སྲིད་པ་རྡོ་རྗེས་་་་་་་་་་་་་་་་་རྒྱ་ནག་གི་ཁྲིམས་ནང་ལ་ཡོད་པའི་རང་སྐྱོང་ཅེས་པ་དེ་བོད་རང་སྐྱོང་ལྗོངས་ལ་མ་གཏོགས་གོ་གི་ཡོག་མ་རེད་ བློ་སེང་ལགས་ཁམས་པ་སྤོབས་པ་ལྡན་པ་ཞིག་རེད་ ཁོང་གིས་ནམ་ཡང་ཕ་ཡུལ་ལི་ཐང་གློད་གཏོང་གི་མ་རེད་ ཁྱེད་སེམས་ཁྲལ་མ་བྱོས་ སྲིད་པ་རྡོ་རྗེ་ནས་་་་་་་་་་་་་་་་་་་་་་་་་་་་་་་་། འདི་འདྲ་ཞིག་བྲིས་འདུག་པ་ནི་བློ་ཕམ་ཤིན་དུ་ནས་ཆེ་བ་ཞིག་རེད། དྲ་གྲོག་རྣམས་པ་ཚོས་ཐུག་སྣང་བྱུང་ཡོད་འགྲོ་་་་་་་་་་་་་་་་མི་འདིའི་རིག་ད་དུང་ཡང་སྤྱི་ཚོགས་རྙིང་པའི་དྲི་མ་བསྡད་ཡོད་པ་དང་། བོད་མིའི་སྤྱི་ཚོགས་གཏོར་བཤིགས་དང་ཆོལ་གསུམ་ཆིག་སྒྲིལ་ལ་གཏོིར་བཤིགས། ཡོང་རྫོགས་བོད་ལྗོངས་དང་ཆོལ་གསུམ་བོད་མི་༧གསུང་བར་རྒྱབ་སྟོད་གྱི་གཏམ་ངན་འདི་དག་ཐོང་སྐབས་བཟོད་ཐབས་མེད་པར་དགག་ལན་བྱེད་རྒྱུ་ཡིན།། ཁྱོད་ད་དུང་ཕ་ཡུལ་གྱི་འདུ་ཤེས་མ་ཏོག་རྒྱལ་ཁབ་དང་མི་རིག་གི་འདུ་ཤེས་མེད་པ་ནི། ངས་ཉེ་ཆར་བྲིས་པའི་རྩོམ་ནས་ཁྱོད་ལ་འདི་ལྟར་་་་་་་་་་་་་ འདུ་ཤེས་མེད་པའི་མི་དེ་བ་གླང་འདྲ།། རང་རིགས་འཇིག་ལ་ཉེ་ཡང་ཚོར་བ་མེད།།
བཟའ་འཐུང་འབའ་ཞིག་རྣམ་གཡེང་ཁོ་ནའི་ངང་།། མི་ཚེ་དོན་མེད་ཟད་པར་ཡིད་རེ་སྐྱོ།།
བཙན་པོའི་དྲིན་ལས་རང་བཙན་རྒྱལ་ཁབ་འདི།། རྒྱ་དམར་གཤན་པས་བཟུང་བས་ཡིད་རེ་སྐྱོ།།
དཔའ་བོ་དཔའ་མོའི་ལོ་རྒྱུས་རྫོགས་ལ་ཉེ།། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་འདུ་ཤེས་བསྐྱེད།།
དུས་རབ་ཉེར་གཅིག་བོད་མིའི་སྤྱི་ཚོགས་ནང་།། སྐད་ཡིག་བེད་སྤྱོད་མི་བྱེད་ཡིད་རེ་སྐྱོ།།
རང་རིགས་འཇིག་ལ་ཉེ་བའི་དུས་རབ་འདིར།། བོད་མིའི་བླ་སྲོག་བསྐྱོབ་པའི་འདུ་ཤེས་བསྐྱེད
འཕན་པོ་བསྟན་དར་པས་བྲེལ་ཟིང་ངང་ཁྱོད་ལ་སྤྲེང།། ཡིག་ལན་གནང་རོག་ཞུ།། །།
འཕན་པོ་བསྟན་དར་པས་བློ་བཟང་སེང་གེ་ལགས་རྒྱུས་གང་ཙམ་ཡོད་པས། ཁྱོད་ཀྱི་བཤད་པའི་རང་འདོད་འདི་མ་ཡིན་པར་དྲང་ཚུགས་ལྡན་པའི་མི་ཞིག་རེད་མ་ཏོག ཁྱོད་ཀྱི་བཤད་པའི་མི་དེ་མ་རེད་བཞེས།་་་་་་་་་་་་་་་་་དྲ་གྲོགས་རྣམས་པས་མཁྱེན་ཤག་ལ་ངས་སྤོ་བ་མཐོ་པོའི་ངང་། ཡང་དུ་གསལ་བཤད་ཞུ་རྒྱུ་ཡིན།།
དྲ་གྲོག་རྣམས་ནས་བསམ་ཚུལ་གསུང་རོག་གནང་། འདི་རིག་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་པ་མཁྱེན་གསལ་རེད།།
ཁྱེད་ཀྱི་མཆན་བུ་འདིར་ལན་འདེབས་རྒྱུའི་དགོས་དབང་མིན་འདུག་སྟེ་ཁྱེད་རང་དེ་འདྲའི་དྲན་འཕྲུལ་ཞིག་འདུག་པས་སྙིང་རེ་རྗེ་ ངོས་ཀྱི་མཆན་བུ་དེ་གནད་དོན་གྱི་སྟེང་ནས་མ་བལྟས་པར་རང་སྣང་གི་གཙོ་འདོན་བྱས་སྟེ་གནད་དོན་གྱི་གཞི་ལས་སྒྲོལ་ཏེ་སྡིག་པ་མིག་བཙུམ་གྱི་ཁྱད་གསོད་བྱེད་བབས་འདི་སྤྱོད་ལྡན་གྱི་བྱ་སྤྱོད་ཞིག་ག་ལ་ཡིན་
ངས་བཤད་པ་འདི་དེ་འདྲའི་རྫབ་ཆེན་པོ་ཡིན་ཚེ་དྲ་བ་འདིར་བློ་ལྡན་དུ་མ་ཡོད་པ་རྣམས་ནས་ད་བར་ཐེར་འདོན་མ་གནང་བར་ཁྱེད་རང་རི་བོང་ཅལ་འདྲོགས་བྱེད་དགོས་དོན་གང་ཡང་མེད་ མ་གཞི་ནས་ངོས་ཀྱི་མཆན་བུ་སྔོན་མ་རྣམས་མ་བཀླགས་པར་དེ་མ་ཐག་མི་དཀར་པོར་ཞ་མོ་ནག་པོ་གཡོགས་རྩིས་བྱེད་པ་འདི་དམར་སྲུང་དམག་གི་བྱེད་བབས་མ་རེད་པས་ ཁྱེད་རང་ལ་ད་དུང་རྩ་ངན་དེ་ལྷག་ཡོད་པ་འདྲ་ མ་གཞི་ནས་བཙན་བྱོལ་ནང་གནད་དོན་གང་དྲན་པ་རྣམས་གསང་པོར་བཤད་དགོས་པ་ལས་ང་ཚོ་དམར་ཤོག་ཚོགས་པའི་འོག་ལ་ནི་བསྡད་མེད་ ལྷག་པར་དུ་དྲ་བའི་ཐོག་གནད་དོན་ཇི་མ་ཇི་བཞིན་གླེང་འདོད་ན་སྨྱུག་མིང་བེད་སྤྱད་ན་ལེགས་པོ་ཡོད་རེད་ དེ་མིན་མ་ཡིན་ཡིན་མདོག་གི་སྲིད་དོན་གྱི་དགོས་མཁོ་ཞིག་འོག་རྡོག་རྩ་གཅིག་བསྒྲིལ་ཅེས་མ་ཎི་འདྲེན་འདྲེན་བྱ་རྒྱུ་དེ་རང་རེད་ དོན་དངོས་ཐོག་རང་གི་རང་ལ་སྤྱད་པ་ཟབ་མོ་གཅིག་གྱིས་དང་ཆབ་སྲིད་ཀྱི་གདེངས་ཆའི་ཐོག་ཆོལ་ཁ་དང་ཆོས་ལུགས་ཀྱི་གནད་དོན་དེ་ལས་ཡོག་མ་རེད་ འདི་ཚོ་བོད་པ་རྒྱལ་ཞེན་པ་ཚོས་གླེང་དགོས་པ་ལས་ཚུར་དགྲའི་ཁ་ནས་གོ་ཡོང་དུས་ངོ་ཚ་པོ་མིན་འདུག་གས་ དུས་རབས་ཉི་ཤུ་རྩ་གཅིག་ཕར་ཚོད་རེད་ འདི་ལྟར་ཡིད་ལ་འཇོག་ མི་ལ་བ་གླང་མ་ཟེར་ ཚིག་རྩུབ་རེད་
སྲིད་པ་རྡོ་རྗེ་ལགས། ཁྱིད་ཀྱིས་གསུང་བ་ལྟར་ཁྱེད་མི་དཀར་པོར་ངས་ཞ་མོ་ནག་པོ་གཡོགས་ཀྱང་ཁྱེད་འདྲའི་གྱོན་གྱི་མ་རེད་ལ། ཁྱེད་ནས་གསུང་གསལ་རི་བོང་ཅལ་འདྲོགས་ཟེར་བའང་བདེན་པ་མ་ཡིན། ངས་དོན་སྙིང་ལ་དཔྱད་ཏེ་ཁྱེད་ལ་ལན་འདེབས་བྱས་པ་ལས་། སྡིག་པ་མིག་བཙུམ་གྱི་ཁྱད་གསོད་བྱེད་པ་དང་། དམར་སྲུང་དམག་གི་བྱ་སྤྱོད་ནི་ག་ལ་ཡིན། ད་དུང་ཁྱེད་ནས་གསུང་གསལ་་་་ རང་སྣང་གི་གཙོ་འདོན་བྱས་སྟེ་གནད་དོན་གྱི་གཞི་ལས་སྒྲོལ་ཏེ་གསུང་བ་ཡང་། རང་སྣང་གི་འཚོར་བ་ངོ་མ་ཡིན་ལ་རང་གི་གོ་བ་ཡང་སྔོན་དུ་ལན་འདེབས་བྱས་པ་བཞིན་ཡིན། ཁྱེད་ཀྱི་གནད་དོན་གྱི་གཞི་ངོ་མ་ག་རེ་ཡིན་ནམ།་་་་་་་་་་་་་་་་་་་་རང་ཉིད་ཀྱིས་འཚོར་བ་ལས་འགལ་ཡོད་དམ།་་་་་་ཧ་ཧ་ཧ་ད་དུང་ཁྱེད་ཀྱིས་་་་་་་་་་་་་་་ལྷག་པར་དུ་དྲ་བའི་ཐོག་གནད་དོན་ཇི་མ་ཇི་བཞིན་གླེང་འདོད་ན་སྨྱུག་མིང་བེད་སྤྱད་ན་ལེགས་པོ་ཡོད་རེད་གསུང་བ་ནི་བེདན་པ་ཞིག་མ་ཡིན་བསམ ་་་་་་་་་སྨྱུག་མིང་ཡིན་ཡང་རུང་རྫུན་མིང་ཡིན་ནའང་འདྲ་གང་ལྟར་ཁྱིད་ཀྱི་མིང་ངོ་མ་མ་ཡིན་པར་རྟེན་གང་བསམ་གང་འདོད་འབྲི་རྒྱུར་སྣང་མེད་བྱེད་ཀྱི་ཡོད་པ་ནི་ཐོང་ཆོས་སུ་གྱུར། ཡིན་ནའང་དྲ་ངོས་འདི་ང་ཚོ་དྲ་གྲོགས་ཅིག་པོར་བདག་པ་མ་ཡིན་ཡིན་པར་བོད་ཕྱི་ནང་གང་ས་ནས་མཐོང་ཐུབ་པའི་མེ་ལོང་ཞིག་ཡིན་ཁར་ཡིད་ཟབས་གནང་དགོས་པ་ཡིན། ང་རང་གི་མིང་། འཕན་པོ་བསྟན་དར་ཟེར་བ་ནི་དངོས་མིང་ཞིག་ཡིན་ལ་བསམ་ཕོད་པ་དང་བཤད་ཕོད་པ་བརྗོད་ཕོད་པ་ཞིག་ཡིན། ཁྱེད་ལ་དགག་ལན་བྲིས་པ་དེར་རྒྱུ་མཚན་དང་ལྡན་ཡོད་སྙམ། ད་དུང་ཁྱེད་རང་། ང་ངོ་ཤེས་དགོས་ན་ youtube ནང་འཕན་པོ་བསྟན་དར་བཞེས་བྲིས་ན་མཐོང་ཐུབ། ཁྱེད་ཀྱིས་་་་་་་་་་་་་་་་་་་མ་གཞི་ནས་བཙན་བྱོལ་ནང་གནད་དོན་གང་དྲན་པ་རྣམས་གསང་པོར་བཤད་དགོས་པ་ལས་་་་་་་གསུང་བ་འདིས་་་་་་ཁྱོད་ཀྱི་ཡིད་ལ་བརྣགས་པའི་འདོད་དོན་གསུང་པ་ཡིན་ཤས་ཆེ། ངས་ཀྱང་ང་བོད་འབངས་ཞིག་ཡིན་པའི་ཆ་ནས་དམངས་གཙོ་དང་། རང་དབང་། འདྲ་མཉམས། སྨྲ་བྲཇོད་ཀྱི་ཐོབས་ཐང་ལོང་སུ་སྤྱད་ནས། བོད་ཡིག་མཛུབས་སྣོན་སྦྱོངས་ལྟར་བྱེད་ཞོར་ལ་ཁྱེད་གང་ཟག་གཅིག་ལ་ལན་འདེབས་པ་ནི་མ་ཚམས་པ་དང་མ་འགྲིག་པ་ཨ་ཡོད་དྲན། ཁྱེད་ནས་བདག་ལ་སླབ་བྱ་གནང་བར་ཐུགས་རྗེ་ཆེ། འདི་ལྟར་ཡིད་ལ་འཇོག་ མི་ལ་བ་གླང་མ་ཟེར་ཚིག་རྩུབ་རེད་གསུང་བར་། ཡང་དུ་གཟིགས་དང་ཁྱེད་རོ་ མ་མཐོང་གོང་ནས་ངུ་མི་དགོས་། ཁྱེད་རང་བོད་ཡིག་མཁས་དྲག་ནས་དོན་མ་གོ་བ་ཡིན་ས་རེད། ང་ནི་བོད་ཡིག་ཡག་པོ་ཤེས་ཀྱི་མེད།
འདི་ངའི་བསམ་ཚུལ་ཞིག་རེད་ལ་གནས་ཚུལ་འདི་རིག་མེད་པ་ཡང་མ་ཡིན་ནོ། ཡང་དུ་གཟིགས་དང་།
འདུ་ཤེས་མེད་པའི་མི་དེ་བ་གླང་འདྲ།། རང་རིགས་འཇིག་ལ་ཉེ་ཡང་ཚོར་བ་མེད།།
བཟའ་འཐུང་འབའ་ཞིག་རྣམ་གཡེང་ཁོ་ནའི་ངང་།། མི་ཚེ་དོན་མེད་ཟད་པར་ཡིད་རེ་སྐྱོ།།
འཕན་པོ་བསྟན་དར་ངོ་མས།། །།
བསྟན་དར་བཤད་པའི་སྐད་ཆ་ཤིན་ཏུ་བདེན།། ཁྱོད་ཀྱིས་བརྗོད་པའི་གཏམ་དེར་རྒྱབ་སྐྱོར་ཡོད།།
ཁྱོད་ནི་ངོ་མ་བསམ་བཤད་བྱས་ཕོད་པའི།། བོད་མི་ཁྲོད་ན་ཁྱོད་འདྲ་རེ་གཉིས་ཙམ།།
བསྟན་དར་བཤད་པའི་སྐད་ཆ་ཤིན་ཏུ་བདེན།།
ཁྱོད་ཀྱིས་བརྗོད་པའི་གཏམ་དེར་རྒྱབ་སྐྱོར་ཡོད།།
ཁྱོད་ནི་ངོ་མ་བསམ་བཤད་བྱས་ཕོད་པའི།།
བོད་མི་ཁྲོད་ན་ཁྱོད་འདྲ་རེ་གཉིས་ཙམ།།
གཏམ་འཁྱམས་རིགས་ལ་གསུན་འབྱེན་ཡང་དག་རེ།།
མ་བྱས་ངན་ལང་ཤོར་བའི་སྐྱེས་པོ་འགའ།།
དྲ་ཐོག་གང་བྱུང་བཤད་པའི་འཆལ་གཏམ་དེ།།
རྒོལ་བར་ནུས་པ་དོན་གྱི་དཔའ་བོ་ཡིན།།
བོད་མི་མང་གི་ཁྲག་དང་དངུལ་ཆུ་ལས་གྲུབ་པའི་ཧེན་སྒོར་འབུམ་དགུ་དེ་གཏེ་བོ་བཀྲ་མཐོང་གིས་བསམ་བཞིན་ལྐོག་ཟ་རོལ་སྲུང་བྱས་པ་རེད་ད་དུང་མི་འདི་བཀའ་ཁྲིའི་འོས་གཞི་ལང་པ་འདི་ངོ་མ་ངོ་ཚ་རྒྱུ་མེད་པ་ཞིག་ལོས་ཡིན།
ཡང་ཅིག་བྱས་ནས་སྔར་བྱས་འགྱོད་གཤགས་བྱ་བའི་གོ་སྐབས་རི་རྩལ་བ་ཡིན་ཤས་ཆེ།
ཨོ་ཨོ་དེ་འདྲ་རྩ་བ་ནས་ཡིན་མི་སྲིད་ཕལ་ཆེར་འབུམ་དགུ་དེ་རྫོགས་པ་ཡིན་འདྲོ།
ཨོ་དེ་འདྲ་བཤད་ན་དངོས་ནས་ཡག་པོ་མི་འདུག་ཏོགས་ཙམ་ཐལ་ཆེ་སོང་།
མཆན་༦༠༽ཤ་རུས་གཅིག་པ་ལགས།
ཧིན་སྒོར་འབུམ་དགུའི་སྐོར་དེར་དང་པོ་ཁྱེད་ཀྱིས་ངེད་ཚོར་གནས་ཚུལ་གསལ་པོ་ཞིག་གསུང་རོགས། ངས་དེ་སྔོན་མ་གཅིག་གོ་མྱོང་ཡང་གསལ་པོ་མི་འདྲན། གལ་ཏེ་ངོ་མ་བཀྲས་མཐོང་ནས་དངུལ་ལྐོག་བཟས་་བྱས་ཡོད་ན་དེ་འཐེར་འདོན་བྱ་འོས། དེ་མིན། གནས་ཚུལ་དེ་བདེན་པ་མ་ཡིན་ནའང་ངེས་པར་དུ་གཙང་མ་བཟོ་དགོས་པ་འདི་ངེད་ཚོ་དྲང་བདེན་པའི་རྗེས་སུ་རྒྱུག་མཁན་གྱི་ལས་འགན་ཞིག་རེད།
མཐར་དངོས་ཡོད་ཀྱི་བདེན་པ་གསལ་སྟོན་བྱ་རྒྱུ་འདི་ང་ཚོ་རྒན་པ་རྣམས་ཀྱི་ལས་འགན་རེད།
ཐུགས་རྗེ་ཆེ།
xxxxxxxxx
ང་ནི་བློ་བཟང་སེང་གེ་རང་འདེམས་རྒྱུ་ཡིན་ནོ།
རང་ཉིད་ནས་བློ་བཟང་སེང་གེ་ལགསུ་ཚིག་བཅད་འདི་ཕུལ་པ་ཡིན།།
།༄༅།། བློ་རྒྱ་ཡངས་པོས་བཀའ་ཁྲི་བྱེད་པ་ལ།།
བཟང་པོའི་ལྟ་སྤྱོད་མ་ཧ་གན་ངྷི་བཞིན།།
སེང་གེའི་གཡུ་རལ་གངས་རིའི་རྩེ་ནས་ངོམས།།
གེ་གསར་རྒྱལ་པོའི་བཞིན་དུ་དགྲ་བོ་བཏུལ།།
ལགས་སོ་གསུང་ཡང་རྣམ་དཔྱོད་རང་གིས་སྟོན།།
སུ་ལ་མི་སྨོན་བོད་མིའི་བདེན་དོན་སྒྲུབ།།
ཕུལ་བ་འདི་ལས་ལྷག་པ་ག་ན་ཡོད།།
འཕན་པོ་བསྟན་དར་ལགས།
ཁྱོད་ཀྱིས་སྲིད་པ་རྡོ་རྗེ་ལ་སྐྱོན་བརྗོད་བྱས་འདུག་ཀྱང་། དོན་དངོས་ཐོག་ཁྱོད་རང་འདྲ་བའི་མི་དེ་དག་བོད་ཡིག་ཡིག་ངོ་ཤེས་ཙམ་གྱིས་དགག་པ་བྱེད་པ་ནི་རྒོད་བྲོ་བའི་གནད་ཅིག་མ་རེད་དམ། ཡིན་ན་ཡང་ཁྱོད་ཀྱི་སེམས་ཤུགས་ལ་བསྔགས་བརྗོད་ཡོད། གཞན་ཡང་ཁྱོད་ཕྱོགས་འཁྱེར་མེད་མདོག་གིས་བློ་བཟང་སེང་གེ་ཞེས་མ་ནི་བགྲང་བགྲང་གྲང་བ་དེ་ཁྱོད་རང་གི་མི་མང་དཀྱིལ་ལ་ཟློས་གར་གྱི་འཁྲབ་སྟོན་ཞིག་མ་རེད་དམ། ཁྱོད་ལ་ཆོལ་ཁ་ཞེན་ཆགས་ཡོད་པ་ང་དང་བཅས་པའི་གྲོགས་པོ་ཚང་མ་ཤེས་ཀྱིན་རེད། ཡང་མིན་ན་ཁྱོད་ཕྱི་རྒྱལ་སླེབས་ནས་ཕྱོགས་ཞེན་མེད་པའི་མི་ཡག་པོ་ཞིག་ཆག་ཡོད་པའི་རེ་བ་ཡོད། དེ་ཡིན་ན་ཁྱོད་ལ་བཀྲ་ཤིས་བདེ་ལེགས་ཡོད། མ་འོངས་པར་ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་བྱེད། བརྡ་དག་སྙན་གསུམ་ལེགས་པར་སྦྱངས་ཏེ་དྲ་ཐོག་ལ་ཕེབས་ན་ང་ཚོ་ཚང་མས་ཁྱོད་ལ་ཕེབས་བསྲུ་ཟབ་རྒྱས་ཡོད། བཀྲ་ཤིས་བདེ་ལེགས།
དྲྭ་གྲོགས་ཚོ། ཐུགས་སེམས་ཡག་པོ་བཞེས་རོགས། བློ་བཟང་སེང་གེ་ལགས་ལྟ་བུའི་ཆེད་ལས་པ་ང་ཚོ་གཞོན་སྐྱེས་ནང་ཡོད་པ་དཔེ་རེད། འོན་ཀྱང་བཀའ་ཁྲིར་འོས་པ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཉག་ཅིག་རེད།
གཟབ་གཟབ་མ་བྱེད་ན་ཉམས་མྱོང་རྩ་ནས་མེད་པའི་བློ་བཟང་སེང་གེ་བཀའ་ཁྲི་ཆག་ན་༼བྱིས་པའི་ལས་ལ་རྟུག་དྲི་ཁ་༽་ཟེར་བ་དང་མཚུངས་པར་འགྱུར་སྲིད།
བཀྲ་མཐོང་སྔོན་མ་་བཀའ་སློན་ལས་ཐོག་ནས་དགོངས་ཞུ་བྱས་ནས་འགྲོ་དགོས་པའི་རྒྱུ་མཚན་ག་རེ་རེད་འཇོན་ཐང་དང་ཉམ་མྱོང་ཡོད་ན་དེ་དུས་མ་ངོམས་པ་ག་རེ་རེད།
ད་ལྟ་དངོས་གནས་ཤེས་འཇོན་གཉིས་ལྡན་ཅན་གྱི་གང་ཟག་ན་ཆུང་པ་བློ་བཟང་སེང་གེ་ལྟ་བུ་ལ་གོ་སྐབས་དེ་འབུལ་དགོས་ངེས་རེད་ལ།
མི་མང་གིས་གདམས་ཚུལ་མ་ནོར་བ་བྱ་དགོས་པའི་འབོད་བསྐུར་ཞུ་རྒྱུ་ཡིན།
འཇིགས་མེད་འབྱུང་གནས་ཀྱིས་ཐག་སྣེ་འཐེན་བཞིན་པའི་འདྲ་གཟུགས་རྒྱ་རི་སྒྲོལ་མ།
ལ་དྭགས་ནས་ཡིན་པའི་བཀྲ་ཤིས་སྟོབས་རྒྱལ་ཞེས་པ་ཞིག་གིས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པའི་རྣམ་པ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དངོས་སུ་མཐོང་རྒྱུ་ཡོད་པ་དང་། དེའི་རྒྱབ་ལྗོངས་ཀྱི་སྒྲུང་སྙན་པོ་རེ་ཡང་སྤྱི་ཚོགས་ནང་གོ་རྒྱུ་འདུག བཀྲ་ཤིས་སྟོབས་རྒྱལ་ཞེས་རྒྱ་རི་སྒྲོལ་མ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་དེ། རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས་ལགས་ཀྱི་གྲོགས་པོ་དང་སྒེར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་ཞིག་ཡིན་འདུག
སྔོན་མ་ལ་དྭགས་ཀྱི་སེང་གེ་གཙང་པོའི་འགྲམ་དུ་ཡོད་པའི་བརྒྱ་ཤོག་ཅིག་ཆུའི་ཉེན་ཁ་ཡོད་ཚུལ་བརྟེན་ནས་གནས་སྤོས་བྱེད་པའི་སྐབས། འཇིགས་མེད་འབྱུང་གནས་ལགས་བྲག་གཡབ་བསོད་ནམས་སྟོབས་རྒྱལ་གྱིས་དབུ་ཁྲིད་པའི་ལ་ལུ་པྲ་ས་ཏར་གྲགས་པའི་བཀའ་ཤག་གི་སྐབས་སུ། སྒྲིག་འགལ་གྱིས་ནང་སྲིད་དྲུང་ཆེ་རུ་གནས་སྤོས་བྱས་ཡོད་པ་དང་། སྐབས་དེ་དུས་འཇིགས་མེད་འབྱུང་གནས་ཀྱིས་བཀྲ་ཤིས་སྟོབས་རྒྱལ་ལ་ཁང་པ་དེ་དག་རྒྱག་རྒྱུའི་ཉམས་མྱོང་མེད་བཞིན་དུ་ལས་འཆར་དེ་ཁོང་ལ་བོག་མར་བཏང་འདུག རྗེས་སུ་ཐོག་མའི་འཆར་གཞི་ལྟར་བྱུང་མེད་པས། ས་གནས་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཅིག་གིས་བཀའ་ཤག་ལ་སྙན་གསན་ཞུས་ཀྱང་། ལ་ལུ་པྲ་ས་ཏར་གྲགས་པའི་བཀའ་ཤག་གིས་ཐག་གཅོད་གང་ཡང་བྱས་མེད་པ་རེད།
དེའི་རྗེས་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་ཕེབས་པའི་རྗེས་སུ་འཇིགས་མེད་འབྱུང་གནས་ལགས་དྲུང་ཆེར་བསྐོ་སྟངས་དང་སྒྲིག་མཐུན་བྱུང་མེད་པ་དང་། གོང་གསལ་ལས་འཆར་དེ་ཚད་ལྡན་བྱུང་མེད་པས་གནས་རིམ་ཕབས་པའི་གནས་ཚུལ་བྱུང་ཡོད་འདུག གནད་དོན་འདི་དག་གིས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་ཅེ་ན་འཇིགས་མེད་འབྱུང་གནས་ལགས་དང་། བཀྲ་ཤིས་སྟོབས་རྒྱལ་གྱི་འབྲེལ་བ་མཚོན་གྱི་ཡོད་པ་རེད།
འཇིགས་མེད་འབྱུང་གནས་ཀྱིས་ཕྱི་ཚུལ་དུ་བཀའ་བློན་ཁྲི་པ་པདྨ་འབྱུང་གནས་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མདོག་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཁོང་གི་བཀའ་བློན་ཁྲི་པ་དེ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཡིན་པ་ཧ་ཅང་གསལ་པོ་ཡིན་འདུག དེའི་རྒྱུ་མཚན་ཉེ་བའི་ཆར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལྷོ་ཕྱོགས་སུ་ཕེབས་པའི་སྐབས། བྷེང་ལོར་ནས་སྣེ་ལེན་ཞུ་མཁན་རྒྱ་རི་བུ་ཕྲུག་ལགས་ཡིན་པ་དང་། བྷེལ་ཀོབ་ནས་སྣེ་ལེན་བྱེད་མཁན་གཙོ་བོ་འཇིགས་མེད་འབྱུང་གནས་ལགས་ཡིན་འདུག དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་པར་གདན་འདྲེན་ཞུ་མཁན་བཅས་གྲ་སྒྲིག་ཚང་མ་ཞུ་མཁན་རྩིས་དྲུང་ཟུར་པ་འཇིགས་མེད་འབྱུང་གནས་ལགས་ཡིན་པ་རེད། དེ་ཙམ་དུ་མ་ཟད་ཧུན་སོར་གཞིས་ཆགས་སུ་གདན་འདྲེན་ཞུས་ནས་མི་མང་ལ་གསུང་བཤད་གནང་རྒྱུའི་གྲ་སྒྲིག་བྱེད་མཁན་ཚང་མ་འཇིགས་མེད་འབྱུང་གནས་ལགས་རེད། དེར་བརྟེན་ཁོང་གིས་བཀའ་བློན་ཁྲི་པ་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་པ་རེད། སྤྱིར་མི་སོ་སོས་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་མིན་དེ་རང་དབང་ཡིན་སྟབས་སུ་གཅིག་ལ་བྱུས་གཏོགས་མེད་ཀྱང་། བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་བྱེད་སྟངས་ལ་བལྟས་ན་དེ་ཁ་ཙམ་གྱི་རྒྱབ་སྐྱོར་ཡིན་དང་། དོན་གྱིས་རྒྱབ་སྐྱོར་ཡིན་ཧ་ཅང་གསལ་པོ་རེད་འདུག
རྒྱ་རི་སྒྲོལ་མ་མཆོག་བུད་མེད་འཇོན་ཐང་དང་ཤེས་ཡོན་ཅན་ཞིག་ཡིན་མོད། ད་ལྟའི་ཆར་ཁོང་ཚོའི་བེད་སྤྱོད་ཀྱི་ལག་ཆར་གྱུར་ཡོད་པ་ཧ་ཅང་གསལ་པོ་རེད། འཇིགས་མེད་འབྱུང་གནས་ལགས་ཀྱིས་བཀྲས་མཐོང་ལ་འོས་འཐོབ་ཆེད། དེའི་ཁ་གཏད་ཆེ་ཤོས་མཁས་དབང་བློ་བཟང་སེང་གེའི་འོས་ཤོག་ཁ་འཐོར་དུ་གཏོང་རྒྱུའི་ནུས་པ་ཆེ་ཤོས་རྒྱ་རི་སྒྲོལ་མ་ཡོད་པ་ཤེས་ནས་བཀྲ་ཤིས་སྟོབས་རྒྱལ་ལགས་བེད་སྤྱོད་ཐེངས་གཅིག་བྱས་འདུག་པ་དང་། རྒྱ་རི་སྒྲོལ་མས་སྐད་ཆ་དེ་དངོས་གནས་ཡིན་ཤག་བྱས་པ་ཞིག་རེད།
ད་ལོ་རྒྱ་རི་སྒྲོལ་མ་སྤྱི་འཐུས་སུ་ལང་གི་མིན་ཞེས་ཁྱབ་བསྒྲགས་གནང་ཟིན་པ་རེད། བཀའ་ཁྲིར་སླེབས་ཀྱི་མིན་པ་ཧ་ཅང་གསལ་པོ་ཆགས་ཟིན་པ་རེད། འོན་ཀྱང་མོ་ལ་རེ་བ་ཆེ་ཤོས་དེ་བཀའ་བློན་ཁྲི་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་སླེབས་སོང་ན་བཀའ་བློན་ཞིག་ཏུ་བསྐོ་རྒྱུ་དེ་རེད། གལ་སྲིད་དེ་མ་བསྐོས་ན་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་ལྟ་བུ་གང་ཡང་མེད་པ་ཞིག་ཏུ་གྱུར་པ་རེད། རྒྱ་རི་སྒྲོལ་མ་གཉིད་སད་ནས་སྤྱི་འཐུས་སུ་ལང་རྒྱུ་དེ་གལ་ཆེན་པོ་རེད། བློ་བཟང་སེང་གེ་ལ་ཕན་གནོད་ཆེན་པོ་བྱེད་ཐུབ་མིན་གང་ལྟར་ཡང་། མོ་རང་རྗེས་མ་སྤྱི་འཐུས་ཚོགས་གཙོའམ། ཚོགས་གཞོན་གང་རུང་ཞིག་ཏུ་འཁོད་རྒྱུ་ཡིན་པ་གསལ་པོ་རེད། དེར་བརྟེན་ད་རེས་ཀྱི་འཁྲབ་སྟོན་འདིའི་ནང་དུ་ང་ཚོའི་སྲིད་དོན་པ་ཆེ་ཤོས་ཡིན་པ་ཁོང་ཡང་མགོ་སྐོར་ཆེན་པོ་ཞིག་ཐེབས་འདུག
བཀྲ་ཤིས་སྟོབས་རྒྱལ་གྱིས་རྒྱ་རི་སྒྲོལ་མའི་འོས་ཤོག་ཁྱབ་བསྒྲགས་བྱེད་པའི་སྐབས་སུ་བེད་སྤྱོད་བྱ་རྒྱུའི་མི་དེ་ཡབ་ཆེན་པ་སངས་ཚེ་དབང་ཟེར་བ་དེ་རེད། དེ་ལ་བརྟེན་ནས་དབུས་གཙང་མི་མང་གིས་རྒྱ་རི་སྒྲོལ་མ་རྣམ་རྟོག་ལང་པ་ལས་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་ཡོད་པ་མ་རེད། མདོ་སྟོད་པ་ཁག་ཅིག་གིས་ཁོང་ཏྲེ་ཧོར་གཟིག་རྒྱབ་སྤྲུལ་སྐུའི་ཡབ་ཆེན་ཡིན་སྟབས་ཁོང་ལ་མཐོང་དང་ཆ་འཇོག་ཅུང་ཙམ་ཡོད་པ་རེད། མི་བེད་སྤྱོད་བྱ་རྒྱུ་འདྲ་མིན་ཡོད་ཀྱང་ཡབ་ཆེན་པ་སངས་ཚེ་དབང་བེད་སྤྱོད་བྱས་པ་དེ་དངོས་གནས་འཁྲབ་མཁས་པོ་རེད། ཧང་སངས་དགོས་པ་ཞིག་རེད། རྩིས་ཞིབ་དྲུང་ཟུར་འཇིགས་མེད་འབྱུང་གནས་ལགས་ད་ལོ་དབུས་གཙང་སྤྱི་འཐུས་སུ་སླེབས་རྒྱུ་ཡིན་པའང་ཧ་ཅང་གསལ་པོ་ཡིན་ཚུལ་བརྗོད་མཁན་འདུག དངོས་གནས་བཤད་ན་རྒྱ་རི་སྒྲོལ་མ་མགོ་སྐོར་ཆེན་པོ་ཞིག་ཐེབས་འདུག ལས་འགུལ་སྤེལ་མཁན་དུ་ཡབ་ཆེན་པ་སངས་ཚེ་དབང་བེད་སྤྱོད་བཏང་བས། ཡབ་ཆེན་པ་སངས་ཚེ་དབང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ལགས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ཡིན་ཚུལ་གྱིས་ཁྲིམས་གཏུགས་བྱས་ནས་ཕམ་དུ་འཇུག་མཁན་དེ་རེད། ཟླ་བ་ཚེ་རིང་གི་ཕྱོགས་གཏོགས་དབུས་གཙང་དབུས་རྒྱུན་རྣམ་པ་བཅས་ཀྱིས་སྣང་བར་གཏན་ནས་མི་འགྲོ་བ་བ་མ་ཟད། དབུས་གཙང་མི་མང་གི་སྣང་བར་ཡང་གཏན་ནས་མི་འགྲོ་བས་འདི་ཚོ་སྲིད་དོན་འཁྲབ་སྟངས་ཧ་ཅང་མཁས་པོ་ཞིག་རེད།།
༄༅།། གངས་ལྗོངས་བདེན་མཐར་གསལ་བའི་ཐབས་ཀྱི་མཆོག། རྒྱ་ཆེར་བོད་མི་ཡོངས་ཀྱིས་འགན་བཞེས་ཏེ།། སྤྱི་དོན་སྣ་གཅིག་ཕྱིར་ཡང་རང་དོན་རིགས།། རྩྭ་ལྟར་དོར་བར་ནུས་ན་དཀའ་བ་མེད།།
སེམས་འཁུར་བླངས་ཞེས་བརྒྱ་འབོད་སྟོང་ཡང་།། དོན་ལ་ལང་ཕྱོགས་ཙམ་ཡང་མ་ཤེས་ན།།
ཁ་སྟོང་སྒྲོགས་པ་ཙམ་གྱིས་འབོད་སྒྲ་དེ།། ངོ་མཚར་སྐྱེ་བའི་འབོད་ཚིག་མ་ཡིན་ནོ།།
ལང་ཕྱོགས་འགྱུར་མེད་བརྟན་པོས་བཟུང་ན་ཡང།། ཐབས་ལམ་གང་ཡང་མི་འཚོལ་གཞུང་ཕྱོགས་ལ།།
རྩ་དོན་དོར་བའི་སྐྱོན་བརྗོད་བྱས་པ་དེས།། བྱས་རྗེས་གང་ཡང་མེད་པའི་སྒྲོགས་འདོགས་ཡིན།།
བཀའ་ཁྲི་ས་ཡ་དྲུག་གི་ཆེད་ཡིན་ཡང་།། བཙན་འབྱོལ་ཆོལ་གསུམ་ངེད་མང་ཁྱོད་ཉུང་གིས།།
གྲངས་ལ་དབྱེ་བ་འབྱེད་པའི་ངང་ཚུལ་དེས།། ཆབ་སྲིད་གོ་རྟོགས་མེད་པའི་རང་རྟགས་ཡིན།།
ང་དགུ་གསུམ་པའི་བཅུ་གཉིས་བུད་མེད་ཀྱིས།། རྩ་བའི་ལང་ཕྱོགས་དོར་བའི་དེང་སང་གི།
བུད་མེད་ཚོགས་པས་དགོས་པའི་མི་རིགས་འགན།། མ་ཁུར་མི་དགོས་ཐོབ་ཐང་རྩོད་པ་མཚར།།
གཉིས་ཕན་དབུ་མའི་ལམ་གྱི་གོ་བ་དེ།། མཐོ་དམའ་བར་འཚམས་མེད་པར་ཤེས་དགོས་ཞིང་།།
དབུ་མ་ཤེས་པར་མཐའ་གཉིས་གོ་དགོས་ཀྱང་།། མཐའ་གཉིས་གོ་བའི་སྐྱེ་བོ་ཤིན་ཏུ་དཀོན།།
སི་ཏྲ་སི་པན་འཆིངས་ཡིག་དོན་ཚན་དེ།། ནུས་མེད་ཕྱིན་པར་༧རྒྱལ་བའི་བཀའ་བསྩལ་ཀྱང་།།
ད་ལྟའི་དུས་ཀྱི་དབུ་མའི་ལམ་མཆོག་དང་། གཅིག་ཏུ་བསྲེ་བ་བོད་མི ་ཁྲོད་ན་མང་།།
༡ རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་དང་།། ཁ་བྲལ་མི་འགྲོ་དེ་མཐའ་གཅིག་དང་།།
༢ ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་པོ་འདི།། འགྱུར་མེད་རང་འཇགས་གནས་པ་མཐའ་གཅིག་ཡིན།།
མཐའ་འདི་གཉིས་དང་བྲལ་བའི་ཆོལ་ཁ་གསུམ།། རྩམ་ཟས་བོད་མི ཡོངས་ལ་མིང་དང་དོན།།
མཚུངས་པའི་རང་སྐྱོང་མཚན་དང་ལྡན་པ་ཞིག། བྱུང་ན་དེ་ནི རྒྱ་བོད་གཉིས་ཕན་ཡིན།།
མདོར་ན་དཔྱོད་ལྡན་རིགས་པ་སྨྲ་བ་དང་།། ཤེས་ལྡན་རིག་པའི་གནས་ལ་མཁས་ཀྱང་ཆོག།
འཇོན་ཐང་ལྡན་པའི་གྲགས་ཅན་སུ་ཡིན་ཡང་།། རང་རིགས་ཆབ་སྲིད་གནས་ལ་ཐུགས་སྣང་མཛོད།།
རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་དང་།། ཁ་བྲལ་མི་འགྲོ་བ་དེ་མཐའ་གཅིག་དང་།། ཞེས་པའི་སྐབས་སུ་བ་ཆད་འདུག་དགོངས་དག།
ཆབ་སྲིད་གནད་དོན་ཤེས་པའི་བློ་མི་ལྡན་
ལོ་རྒྱུས་སྙིང་པོ་ཁོང་དུ་ཆུད་མེད་དེ་
ནག་ཁུང་ནང་དུ་འབར་མོ་རྒྱག་ལགས་པས་
སྲིད་དོན་དཔྱད་པོ་དེ་ཚོར་ཡ་རེ་མཚན་
བོད་ཡིག་བརྡ་དག་མི་ཤེས་ཞིང་
བགྲོ་གླེང་བྱེད་པའི་བཟོད་སེམས་མེད་
རང་བློ་ཡོངས་སུ་འཕྲུལ་བྱས་ནས་
གླེན་རྟགས་སྔོ་ལོ་འཕྱར་བ་དགོད་རེ་བྲོ་
བློ་སེང་བློ་སེང་ཟེར་བཞིན་གཡམ་རྒྱུགས་བྱེད་
དོན་དམ་འཇུ་ཆེན་ཕྱོགས་གཏོགས་འོས་མི་ཡིན་
མི་འདི་ཁྲི་པར་འཁོད་འགྱུར་ན་
༧སྐྱབས་མགོན་ཆེན་པོའི་སྲིད་ལ་གནོད་
བཀྲས་མཐོང་ཟེར་བའི་མིང་ཆད་ཅན་
རྒྱ་རིའི་ཕྱོགས་གཏོགས་གདོན་མི་ཟ་
མི་འདིའི་སྲིད་ལུགས་ཡོད་ཚད་དེ་
གཞན་གྱིས་ཟེར་དབང་དུ་འགྲོ་ཤས་ཆེ་
དེ་ལས་རང་ཚུགས་རང་གི་ཟིན་པ་དང་
སྲིད་ཀྱི་བྱ་བར་ཐོགས་པ་མེད་འགྱུར་བས་
སྐུ་ངོ་ཆེན་པོ་༧རྒྱལ་བའི་ཕྱག་གཡས་པ་
བཀྲིས་དབང་འདུད་མཆོག་ལ་འོས་འཕེན་རོགས་
བཀའ་བློན་ཆེན་པོར་ཐོབ་ཙ་ན་
ཐོབ་དང་དབང་ཆར་རྔམས་པ་ཡི་
རྩ་དོན་རྡུལ་དུ་རློག་མཁན་དག་
མ་ལུས་འཇོམས་མཛད་བོད་ལ་དཀར་
བྱེས་འབྱོར་བོད་མིའི་བསོད་ནམས་འཕེལ་
དམངས་གཙོའི་རྒྱལ་དར་མཁའ་ལ་འགྲེངས་
༧རྒྱལ་བའི་དགོངས་གཞི་སྒྲུབ་པ་དང་
སྐལ་ལྡན་འགྲོ་བར་ཞི་བསིལ་འབྱུང་ །།
༡ བཀྲས་མཐོང་འདི། འདས་པའི་བྱས་རྗེས། འཛིན་སྐྱོང་གི་ཉམས་མྱོང་། རྒྱལ་སྤྱིའི་ཐོག་འབྲེལ་ལམ་སོགས་ལ་གཞན་རྣམས་ལས་ལྷག་པར་འདོད། ངས་ཁོང་ལ་རྒྱབ་སྐྱོར་ཞུ་ས་གཙོ་བོ་ཞིག་དེ་ལ་བརྟེན་ནས་ཡིན།
༢ སྤེན་པ་ཚེ་རིང་འདི། ཁོང་གིས་བཀའ་ཤག་སྔོན་མའི་སྐབས་ནས་ཕུགས་རྒྱང་རིང་བའི་འཆར་གཞི་བཏིང་བཞག་པ་དེ་ཚོ་དེ་མུར་གཡུག་བཞག་ན་མི་འགྲིག་པར་རྗེས་སྐྱོང་མཁན་ཞིག་དགོས་པས་བཀའ་ཁྲིའི་འོས་མིར་བཞེངས་པ་ཡིན་ཟེར། དེ་ཡང་ངོ་མ་གནད་འགག་ཆེན་པོ་ཞིག་རེད། ལྷག་པར། ཁོང་ནས་ཚང་མའི་ནུས་པ་གཅིག་ཏུ་སྤུངས་དགོས་པ་དང་། ཁོང་གི་ནུས་པ་ནི་གོང་འོག་བར་གསུམ་ཚང་མར་འབྲེལ་འདྲིས་ཡག་པོ་ཡོད་པས་གོང་འོག་བར་གསུམ་གྱི་ནུས་པ་གཅིག་ཏུ་སྤུངས་ཐུབ་པའི་ནུས་པ་ཡོད་པའི་སྐོར་གདེང་ཚོད་ཡོད་པའི་སྒོ་ནས་གསུངས་སོང་བ་དེ་ངས་ཁོང་ལ་རྒྱབ་སྐྱོར་ཞུ་བའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། གཞན་ཞིག་ནི། བཀའ་བློན་བུད་མེད་གསུམ་ངེས་པར་བསྐོ་གི་ཡིན་ཟེར་བ་དེའང་གནད་འགག་ཅིག་རེད། དེའི་ནང་ད་ལྟའི་བཀའ་ཁྲིའི་འགྲན་རྩོད་ནང་ཡོད་པའི་རྒྱ་རི་སྒྲོལ་མ་ཏན་ཏན་ཡོང་གི་རེད་བསམ།
༣ རྒྱ་རི་སྒྲོལ་མ་འདི། རྒྱ་གར་ནང་གི་འབྲེལ་བ་དང་གཞིས་ཆགས་སྲ་བརྟན་སོགས་ལ་གཞན་གྱི་འོས་མི་དག་ལས་ནུས་པ་ཐལ་བ་ཞིག་ཡོད་པ་ལྟ་བུར་མཐོང་། དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་གི་ཉམས་ཐག་སྐྱོ་བོ་དང་བདག་མེད་རྣམས་ཀྱི་བེ་སྡུག་ལ་སེམས་གཏིང་ནས་དོ་ཁུར་གནང་གི་ཡོད་པའི་རྟགས་དངོས་སུ་མཐོང་རྒྱུ་འདུག སེམས་ཤུགས་ཆེ་ཆུང་དེ་མཐོང་རྒྱུ་མེད་ཀྱང་། ཁོང་ཚོའི་སེམས་ཤུགས་ཆེ་ཆུང་ལ་འོས་ཤིག་འཕེན་དགོས་ན་ངས་རྒྱ་རི་སྒྲོལ་མར་འོས་འཕེན་ས་རེད།
༤ བློ་བཟང་སེང་གེ། ཁོང་གི་ཁྱད་ཆོས་གཙོ་བོ་དེ། ཤེས་ཚད་ཀྱི་ཐོག་ནས་རེད། ལྷག་པར་དུ་ཁྲིམས་ཀྱི་ཤེས་ཚད་ལ་བརྟེན་ནས་རེད། དེ་ལས་གཞན་དམིགས་བསལ་གྱི་ནུས་པ་གང་ཡང་མཐོང་མ་སོང་སྟེ། བཀའ་ཁྲིའི་འགྲན་རྩོད་ཀྱི་ལས་འགུལ་དེ་ཚ་ཚ་འུར་འུར་ངང་སྤེལ་སོང་བས་རང་རང་གི་འགན་གང་ཡིན་པ་དེ་གང་ཐུབ་ཅི་ཐུབ་ཀྱིས་སྒྲུབ་པར་བརྩོན་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
མདོར་དེད་ན། ཕྱོགས་ཁ་ཤས་ནས་བལྟས་ཡོང་ན་ད་རུང་བཀའ་ཁྲིའི་རྐུབ་སྟེགས་ཏེ་བསྟན་རྣམ་གྱི་རྐུབ་ནས་ལས་སླ་པོར་འདོན་ཐུབ་ཀྱི་མི་འདུག་ཀྱང་། གོང་གསལ་གྱི་གཞོན་སྐྱེས་རེ་བ་ཅན་དེ་ཚོའང་སེམས་ནས་ལས་སླ་པོར་ཅི་ལ་འདོར་ཐུབ། དེ་ཡིན་ན་ལོ་གཞོན་རེ་བ་ཅན་ཁོང་ཚོའང་བཀའ་བློན་རེར་བསྐོས་པ་ཡིན་ན། འབྱུང་འགྱུར་གྱི་ལོ་རེ་ཟུང་ནང་ཁོང་ཚོ་རེ་རེའི་འཇོན་ཐང་དང་ནུས་པ་ཅི་ཡོད་སྤྱི་ཚོགས་ནང་གསལ་བོ་ཆགས་རྒྱུ་ཡིན་པ་རེད། དེས་ན་རྗེས་མའི་བཀའ་ཁྲི་དེ་ང་ཚོས་ལོ་གཞོན་ཞིག་འདེམས་ཐུབ་རྒྱུ་ཡིན་པ་དང་། དེ་ཡང་ལོ་གཞོན་ཉམས་མྱོང་དང་འཇོན་ཐང་སོགས་གང་ཐད་ནས་ཡིད་ཆེས་འཁེལ་ཐུབ་པ་ཞིག་འདེམས་ཐུབ་གི་རེད་འདོད།
འདི་དག་ནི། ད་སྔ་བགྲོ་གླེང་གི་ཡུལ་དུ་གྱུར་བ་དག་ལས་གཙོ་ཆེ་བ་བཞིའི་སྐོར་རོབ་ཙམ་གླེང་བ་ཡིན། བཀའ་ཁྲི་གཞན་པ་ཅང་འཚོལ་རྒྱུ་མེད་སོང་བ་རེད་དམ།
ཁ་ཞེན་གཉིས་མེད་ལགས། ཁྱེད་སྐུ་ཁམས་བཟང།
ཁ་ཞེན་གཉིས་མེད་ཟེར་བའི་དྲ་གྲོགས་ལགས།།
དོན་གྱིས་ཁ་ཞེན་གཉིས་མེད་མ་ཡིན་པར།།
མིང་རྫུན་བེད་སྤྱོད་བྱས་པས་རྟོགས་པར་སླག།
དེའི་ཕྱིར་ཁྱོད་ཀྱིས་མིང་དེ་བརྗེས་ན་ལེགས།།
བཙན་པོ་དྲན་གསོའི་གཞས་དེ་གོ་ཨེ་མྱོང།།
བྷོ་ཌོའི་ཕོ་ཉའི་བརྙན་འཕྲིན་མཐོང་མྱོང་ངམ།།
བསྟན་དར་པ་ཡིས་ཐང་ག་མཇལ་ཡོད་དམ།།
དེ་གསུམ་མ་ཤེས་བསྟན་དར་ག་ལ་ཤེས།།
ཁྱོད་ཀྱིས་ང་ལ་སློབ་སྟོན་གནང་ན་ཡང་།།
ཁྱོད་ཉིད་ངའི་སྐོར་མི་ཤེས་ཐག་གིས་ཆོད།།
ང་ལ་ཡི་གེ་མི་ཤེས་ཟེར་བ་ཡང་།།
དོན་མེད་སྲིད་རྡོར་རྒྱབ་རྩ་ལང་པ་ཙམ།།
རྒོད་བྲོ་ཟེར་ཡང་རང་གིས་རང་ལ་ལྟོས།།
ལེགས་པར་བརྟགས་ན་རྒོད་བྲོ་སུ་ཡིན་ཤེས།།
ཏྲི་ཏྲི་རྨིས་ལྟས་སྤྲེའུ་རྣམ་ཐར་དེ།།
ཁྱོད་ཀྱིས་གོ་མྱོང་མེད་ན་ངས་བཤད་ཆོག།
ཆོལ་གསུམ་ཆིག་སྒྲིལ་འདུ་ཤེས་དྲན་བསྐུལ་ལ།།
ཁྱོད་ཀྱིས་ལེགས་པར་བལྟ་ན་བསྟན་དར་ལ།།
ཕྱོགས་འཁྱེར་ཡོད་མེད་རྟོགས་པ་དཀའ་བ་མིན།།
དེ་ཕྱིར་ཁྱོད་ཀྱིས་མུན་ནང་མདའ་མ་འཕངས།།
ཁྱོད་ཀྱིས་ཆབ་སྲིད་ཟེར་བའི་གནས་དོན་དེ།།
ཁྱོད་ལ་དྲི་མ་ཙམ་ཡང་གོས་མི་འདུག།།
བློ་བཟང་སེང་གེ་ཟེར་ནས་དྲ་རྒྱའི་ཐོག།
དྲིལ་སྒྲགས་བྱས་པ་གཞན་གྱིས་ཤེས་པའི་ཆེད།།
ཁྱོད་ཀྱིས་ཟློས་གར་འཁྲབ་འདུག་ཟེར་བ་ཡང།།
ཟློས་གར་མ་ཡིན་དངོས་སུ་སྟོན་པ་ཡིན།།
ད་དུང་ང་ལ་གོ་སྐབས་ཐོབ་གྱུར་ན།།
བློ་སེང་འབའ་ཞིག་གྱོན་ནས་འཁྲབ་དགོས་བསམ།།
བསྟན་འཛིན་དར་རྒྱས་ཟེར་བའི་བཙན་པོའི་བུ།།
ས་ཕྱོགས་གང་དུ་སོང་ཡང་འགྱུར་བ་མེད།།
སྲོང་བཙན་སྒམ་པོའི་ཁྲག་རྒྱུན་གཙང་མ་དེ།།
ང་ལ་མ་གཏོགས་ཁྱོད་ལ་ག་ལ་ཡོད།།
མི་ངས་དྲ་ཐོག་འདི་ལ་ཡོང་དགོས་དོན།།
ལེགས་བཤད་བློ་སྐྱེས་བཟང་པོ་འཐོབ་ཕྱིར་དང་།།
མཁས་པར་འགྲན་པའི་ཕྱིར་དུ་ཡོང་བ་མིན།།
མི་རིགས་བླ་སྲོག་སྐྱོབས་ཕྱིར་ཡོང་བ་ལས།།
འཕན་པོ་བསྟན་དར་པས།།
བཀྲ་ཤིས་བདེ་ལེགས་ you too.
ཁ་ཞེན་གཉིས་མེད་ལགས། སྐུ་ཁམས་བཟང།།
ཁ་ཞེན་གཉིས་མེད་ཟེར་བའི་དྲ་གྲོགས་ལགས།།
དོན་གྱིས་ཁ་ཞེན་གཉིས་མེད་མ་ཡིན་པར།།
མིང་རྫུན་བེད་སྤྱོད་བྱས་པས་རྟོགས་པར་སླག།
དེའི་ཕྱིར་ཁྱོད་ཀྱིས་མིང་དེ་བརྗེས་ན་ལེགས།།
བཙན་པོ་དྲན་གསོའི་གཞས་དེ་གོ་ཨེ་མྱོང།།
བྷོ་ཌོའི་ཕོ་ཉའི་བརྙན་འཕྲིན་མཐོང་མྱོང་ངམ།།
བསྟན་དར་པ་ཡིས་ཐང་ག་མཇལ་ཡོད་དམ།།
དེ་གསུམ་མ་ཤེས་བསྟན་དར་ག་ལ་ཤེས།།
ཁྱོད་ཀྱིས་ང་ལ་སློབ་སྟོན་གནང་ན་ཡང་།།
ཁྱོད་ཉིད་ངའི་སྐོར་མི་ཤེས་ཐག་གིས་ཆོད།།
ང་ལ་ཡི་གེ་མི་ཤེས་ཟེར་བ་ཡང་།།
དོན་མེད་སྲིད་རྡོར་རྒྱབ་རྩ་ལང་པ་ཙམ།།
རྒོད་བྲོ་ཟེར་ཡང་རང་གིས་རང་ལ་ལྟོས།།
ལེགས་པར་བརྟགས་ན་རྒོད་བྲོ་སུ་ཡིན་ཤེས།།
ཏྲི་ཏྲི་རྨིས་ལྟས་སྤྲེའུ་རྣམ་ཐར་དེ།།
ཁྱོད་ཀྱིས་གོ་མྱོང་མེད་ན་ངས་བཤད་ཆོག།
ཆོལ་གསུམ་ཆིག་སྒྲིལ་འདུ་ཤེས་དྲན་བསྐུལ་ལ།།
ཁྱོད་ཀྱིས་ལེགས་པར་བལྟ་ན་བསྟན་དར་ལ།།
ཕྱོགས་འཁྱེར་ཡོད་མེད་རྟོགས་པ་དཀའ་བ་མིན།།
དེ་ཕྱིར་ཁྱོད་ཀྱིས་མུན་ནང་མདའ་མ་འཕངས།།
ཁྱོད་ཀྱིས་ཆབ་སྲིད་ཟེར་བའི་གནས་དོན་དེ།།
ཁྱོད་ལ་དྲི་མ་ཙམ་ཡང་གོས་མི་འདུག།།
བློ་བཟང་སེང་གེ་ཟེར་ནས་དྲ་རྒྱའི་ཐོག།
དྲིལ་སྒྲགས་བྱས་པ་གཞན་གྱིས་ཤེས་པའི་ཆེད།།
ཁྱོད་ཀྱིས་ཟློས་གར་འཁྲབ་འདུག་ཟེར་བ་ཡང།།
ཟློས་གར་མ་ཡིན་དངོས་སུ་སྟོན་པ་ཡིན།།
ད་དུང་ང་ལ་གོ་སྐབས་ཐོབ་གྱུར་ན།།
བློ་སེང་འབའ་ཞིག་གྱོན་ནས་འཁྲབ་དགོས་བསམ།།
བསྟན་འཛིན་དར་རྒྱས་ཟེར་བའི་བཙན་པོའི་བུ།།
ས་ཕྱོགས་གང་དུ་སོང་ཡང་འགྱུར་བ་མེད།།
སྲོང་བཙན་སྒམ་པོའི་ཁྲག་རྒྱུན་གཙང་མ་དེ།།
ང་ལ་མ་གཏོགས་ཁྱོད་ལ་ག་ལ་ཡོད།།
མི་ངས་དྲ་ཐོག་འདི་ལ་ཡོང་དགོས་དོན།།
ལེགས་བཤད་བློ་སྐྱེས་བཟང་པོ་འཐོབ་ཕྱིར་དང་།། མི་རིགས་བླ་སྲོག་སྐྱོབས་ཕྱིར་ཡོང་བ་ལས།།
མཁས་པར་འགྲན་པའི་ཕྱིར་དུ་ཡོང་བ་མིན།།
ད་ངའི་དུས་ཚོད་རིན་ཆེན་འདི་རྫོགས་སོང་ངོ།། །།
འཕན་པོ་བསྟན་དར་པས།།
བཀྲ་ཤིས་བདེ་ལེགས་ you too.
བསྟན་འཛིན་རྣམ་རྒྱལ་བསྟན་པ་དར་ནས་ཡོད།།
ཁོང་ལ་མ་རྩ་དབུས་གཙང་ཞེན་ཁོག་ཡོད།།
བཀའ་བློན་ཁྲི་པ་ཁོང་ལས་གཞན་པ་མེད།།
ནང་ཁུལ་འཐེན་ཁྱེར་ཆེ་བའི་ཉེན་ཁ་ཡོད།།
བློ་བཟང་སེང་གེར་བློ་གྲོས་ལྡན་ན་ཡང་།།
མི་ཆེན་དཔོན་ཆེན་དཔུང་གི་ཤོག་ཁག་མེད།།
ལྷག་བསམ་ཤེས་ཡོན་ཅན་ཚོས་བཀུར་ནའང་།།
བཀའ་ཁྲིའི་རེ་བ་ད་ལྟ་ཧ་ཅང་ཕྲ།།
རྒྱ་རི་སྒྲོལ་མར་འབྲེལ་འདྲེས་མང་བ་དང་།།
ངུ་མ་དགོད་ཀྱི་གསུང་བཤད་སྙན་ན་ཡང་།།
ལོ་འདིར་རླུང་རྟག་ཆག་པའི་སྒང་ཡིན་པས།།
ཁོང་ཡང་བཀའ་ཁྲིར་འཁོད་འདོད་རྨི་ལམ་ཡིན།།
སྤེན་པ་ཚེ་རིང་འཁྲབ་སྟོན་མཁས་པ་དང་།།
ཤེས་ཡོན་འཇོན་ཐང་ཕྱོགས་ནས་མི་དམན་ཡང་།།
སྲིད་དོན་པ་ཡིས་ཕྱོགས་ཞེན་ཐེངས་གཅིག་གིས།།
ཐེངས་འདིའི་རྒྱལ་ཁ་ཁོང་ལ་རེ་བ་མེད།།
བློ་བཟང་སྦྱིན་པ་མཁས་མཛངས་ལྡན་པ་དང་།།
ཤེས་ཡོན་འཇོན་ཐང་ཕྱོགས་ནས་འཛོམས་ཡོད་ཀྱང་།།
དབུས་པས་ཞེན་ཁོག་དགོས་པའི་བར་གསེང་ནས།།
ཁོང་ཡང་ཐེངས་འདིར་འཐོབ་པའི་རེ་བ་མེད།།
བཀྲ་ཤིས་དབང་འདུས་རེ་བ་ཆེ་ནའང་།།
ལངས་དང་མི་ལངས་ཐེ་ཚོམ་སྣ་ཚོགས་ཀྱིས།།
བསྟན་འཛིན་རྣམ་རྒྱལ་སྔོན་ལ་ཤོར་བ་འདིས།།
ཁོང་ཡང་ལོ་འདིར་འཐོབ་རྒྱུའི་རེ་བ་མེད།།
བསོད་ནམས་སྟོབས་རྒྱལ་རྟའུ་བློ་དཔལ་དང་།།
ཕུར་པུ་རྡོ་རྗེ་ཨ་ཅག་གངས་ལྷ་སོགས།།
བཀའ་ཁྲིའི་རྨི་ལམ་མང་པོ་བཏང་ནའང་།།
གཉིད་ལས་སད་དུས་ས་ལ་བརྡབ་པ་མཐོང་།།
༄། མི་རབས་རྒན་པ་དག་ལ་གུས་ཞབས་ཡོད། ལྷག་པར་དུ་བོད་མི་རིགས་འདི་གཉའ་ཕྲ་བའི་སྐབས་ཀྱི་ཕྱག་ལས་གནང་མཁན་ཚང་མ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་སྐབས་ཁྱེད་རྣམས་པའི་ཕྱག་ལས་གནང་བའི་འབྲས་བུ་འདི་ཡི་དཀའ་དྲིན་གྱི་ང་ཚོའི་མང་གཙོ་ཡང་དག་པ་འདི་རེད། ཁྱེད་རྣམས་པས་མི་རབས་གསར་པ་རྩིས་སྤྲོད་བྱེད་པའི་དུས་ལ་སླེབས་འདུག་སྙམ་ གང་ཡིན་ཟེར་ན་ ཁྱེད་རྒན་རབས་དག་གི་དགོངས་ལོའི་བབ་དང་ལྷག་པར་དུ་མི་རབས་གསར་པའི་ནང་ཤེས་འཇོན་གཉིས་ལྡན་ཅན་མང་པོ་ཞིག་ཐོན་ཡོང་གི་འདུག་ཁོང་ཚོ་ངེས་པར་གོ་སྐབས་གནང་དགོས་ཀྱི་འདུག་སྙམ། དེ་རེད་དམ་མ་རེད་རྣམས་ཚོའི་གཟིགས་དགོས་ཡོད་དོ།
ཁ་སང་བློ་བཟང་སེང་གེས་གཞོན་སྐྱེས་མང་མང་ཞིག་གི་བདུན་དུ་ད་ལྟའི་བཀའ་ཁྲིའི་སྲིད་ཇུས་མང་པོ་སྲོལ་རྒྱུན་ལ་ལྟོས་ཆེ་བས་སྒྱུར་བཅོས་མང་པོ་དགོས་ཚུལ་གླེང་།དེ་རིང་གྲྭ་སའི་ནང་དུ་བློ་བཟང་སེང་གེས་ཟམ་གདོང་བླའི་སྲིད་ཇུས་ཐམས་ཅད་ཡག་རབ་དང་ལེགས་ལེགས་གླེང་སོང་།སང་ཉིན་ཅི་ཞིག་གླེང་ངམ།
མི་རབས་གསར་པ་དང་ན་གཞོན་གྱི་མིང་ཐོག་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་འདུག་པ་དེ་ཚོ་ཡང་བཟན་བྱོལ་སྤྱི་ཚོགས་དཀྲུག་མཁན་གྱི་མི་རྒན་པ་མང་པོ་དང་འབྲེལ་བ་འདུག་ཟེར།ད་ནི་ཕྱིས་དྲག་སོང་ངས་འདི་ཚོ་ཤེས་པ་ངོ་མ་ཕྱིས་དྲག་སོང་།
དྲྭ་གྲོགས་ཚོ་ང་ཚོ་སྤྱི་ཚོགས་ནང་ལབ་གླིང་ཞིག་ལ་བཀའ་ཟུར་བཀྲ་མཐོང་ལགས་ཀྱི་ལྐོག་ཟ་བྱས་པའི་གཞུང་དངུལ་སྒེར་ཟས་བྱས་པའི་གྲངས་འབོར་དེ་འབུམ་དགུ་མིན་པ་འབུམ་དགུ་བཅུ་རེད་ཟེར་མཁན་ཁ་ཤས་ཡོད་ཚོད་འདུག་པའི་དེའི་སྐོར་ལ་རྒྱུན་སྔ་ཡོད་མཁན་ཡོད་ན་གསལ་བཤད་ཅིག་ཞུ་རོགས་གནང་་ཞཱུ་རྒྱུ་ཡིན།
ཨོ་སི་ཀྲི་ལི་ཡའི། སི་ནི་དང་མེལ་སྦོམ་གཉིས་ནས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཀྱི་བསམ་དོན་དེ་འགྲུབ་སོང། བློ་སེང་ལ་འོས་༦༥ དང་ བཀྲེས་མཐོང་ལ ༣༩་ སྤེན་པ་ཚེ་རིང་ལ་༢༠ དེ་མིན་ ༢་དང་ ༣་བཅས་རེད། མེལ་སྦོམ་ནས་བློ་སེང་ལ ༣༥ བཀྲེས་མཐོང་ལ་༢༨ རེད་འདུག།
sorry / i can’t write in Tibetan now. Today Nepales Police arested some of Tbetan from Jorpati, boudha. Nepal. Due to Kalon Voting /
ལྷ་སྨོན་ལགས་ཀྱིས་ཇི་སྐད་གསུངས་པ་ཡི།།
གཏམ་གྱི་དོན་ལ་གོ་རྒྱུ་འདུག་ནའང།།
བཀའ་ཁྲིར་གང་ཟག་ཞིག་ནི་དགོས་ངེས་པས།།
གཞན་གྱིས་མ་རྙེད་པ་ཞིག་སྐུ་ཉིད།།
སྟོན་རྒྱུ་ཡོད་དམ་ལན་ཞིག་གསུངས།།
ལྷག་བསམ་ལགས་ས་གནས་ཆེ་ཁག་དྷ་ས་དང་མོན་གྷོ། དྷེ་ར་དྷུན་ཕྱོགས། ཀོ་ལི་གྷལ། ཧུན་སོར་ལྡི་ལི། དྷལ་ཧོར་སོགས་ནས་བློ་བཟང་སེང་གེ་རྦད་དེ་ཐོབ་འདུག བསྟན་འཛིན་རྣམ་རྒྱལ་དང་ཁོང་གཉིས་ལ་བརྒྱ་ཆ་ལྔ་བཅུ་ལྷག་གི་ཁྱད་པར་ཡོད་འདུག ཕྱི་རྒྱལ་ཁག་ནས་གང་ཤེས། བལ་ཡུལ་གྱི་གནས་སྟངས་མཁྱེན་གསལ་རེད། རྒྱ་གར་གྱི་ས་ཆ་ཁག་ནས་བློ་བཟང་སེང་གེ་ལྡབ་ལོག་གིས་མང་བ་བླུག་འདུག་པས། ཁ་གཏད་མེད་པའི་བཀའ་བློན་ཁྲི་པ་ཆགས་རྒྱུའི་རེ་བ་ཟེར་དགོས་ནའང་འདྲ། ཉེན་ཁ་ཟེར་དགོས་ནའང་ཡོད་ས་རེད། དེ་ཚོ་ངས་གསལ་པོ་གོ་སོང་། ལ་དྭགས་ནས་བློ་བཟང་སེང་གེ་མང་ཤོས་རེད་ཟེར་གྱི་འདུག་ཀྱང་བདེན་པ་རང་ཡིན་མིན་ཤེས་མ་སོང་། གཞན་དག་ནས་གྲངས་ཀ་གསལ་པོ་ཤེས་སོང་ཡང་། གནས་སྐབས་འགོད་དགོས་པ་མ་མཐོང་། གོང་དུ་བསོད་ནམས་ཚེ་རིང་ལགས་ཀྱིས་བསྡོམས་ཚིག་ཡག་པོ་ཞིག་བཀོད་གནང་འདུག་ཀྱང་། དོན་དངོས་དེ་ལས་ལྡོག་སྟེ་བློ་བཟང་སེང་གེ་ལ་རྒྱལ་ཁབ་ཐོབ་པ་དེ་ཁོང་གི་ཚོད་དཔག་ནོར་སོང་བ་རེད།
བློ་བཟང་སེང་གེར་ཐོབ་ན་དགའ་བསུ་ཞུ་གི་ཡོད། འོན་ཀྱང་འོས་འཕང་མ་ཐག་སུ་ལ་མང་བ་ཐོབ་ཡོད་མེད་སུས་མངོན་ཤེས་ཀྱིས་གཟིགས་པ་རེད་དམ། དེ་ལ་ཡིད་ཆེས་འཕེར་བའི་རྒྱུ་མཚན་བདེན་པ་ག་རེ་ཡོད་དམ། མི་ཚོས་སུ་ལ་འོས་འཕང་པ་དྲང་པོ་བཤད་ཀྱི་མི་འདུག སུ་ལ་འཕང་ཡིན་ཟེར་ནས་འདྲི་མཁན་བྱུང་ན་མི་དེའི་ཁམས་དང་མཐུན་པ་ལྟར་བཤད་ཀྱི་འདུག དཔེར་ན་ངའི་མི་གཅིག་ལ་མིང་འབྲི་རོགས་བྱས་པ་ཡིན། ཁོས་ནང་ནས་བཀྲས་མཐོང་གི་མིང་འབྲི་བཅུག་སོང་། ཕྱི་ལོགས་སུ་སླེབས་ནས་མི་རེ་གཉིས་ཀྱིས་སུ་ལ་འོས་བླུགས་ཡིན་ནམ་ཟེར་ནས་སྐད་ཆ་དྲིས་སོང་། ཁོས་མི་དེ་དང་སྒེར་གྱི་འབྲེལ་བར་དོ་ཕོག་མི་ཡོང་ཆེད་འདྲི་མཁན་དེའི་འདོད་པར་ཚོད་དཔག་བྱས་ཏེ་བློ་བཟང་སེང་གེར་འཕང་བ་ཡིན་ལབ་སོང་། དག་དག་ཁོས་ལན་དེས་འདྲ་མཁན་གྱི་འདོད་པ་ཁེངས་པ་འདྲ་བོ་མཐོང་སོང་། མི་ཚོས་གང་བཤད་པ་ལ་ཉན་རྒྱུ་མི་འདུག རྩིས་བརྒྱག་བརྒྱག་བར་དུ་འདྲ་མི་འདྲ་མ་བཤད་ན་་་་་་་་་་་་་་་་་་
འོན་ཀྱང་དངོས་གཞི་འོས་འདེམས་བྱས་མེད་པས་མཐའ་གཅིག་ཏུ་སུ་བཀའ་ཁྲིར་འཁོད་མིན་ཤོད་དཀའ།།
བབས་ལྷིང་གིས་སྐད་ཆ་ཤོད་དང་། གྲངས་ཀ་སུས་རྒྱབ་པ་རེད། འོས་བསྡུ་ལྷན་ཁང་གིས་གསལ་བཤད་གནང་ཟིན་ནམ།
i think that dr.lobsang senge is extemely suitable for next kalontripa2011.
ལྷ་སྨོན་ལྷ་ཡི་ལུང་གནང་བ་ཡིན་ནམ་གང་ལྟར་བཀྲིས་པའི་གཏམ་བཟང་ཞིག་བཤོད་རྒྱུ་འདུག་བཀའ་ཁྲི་མཁས་དབང་བློ་་བཟང་སེང་གེ་ཐོབ་ན་ངོ་མ་དགོས་རྒྱུ་དེ་རེད་མོད།འོན་ལྟ་ཁ་ཚོན་གཅོད་སྔ་དྲགས་པ་མེ་་འདྲོ་བསམ།
ངས་ཕ་ཡུལ་དྲ་ཐོག་ནས་བཀའ་བློན་འོས་མི་བཞིས་བགྲོ་གླེང་བྱེད་བཞིན་པ་མཐོང་བའི་སྐབས་སུ་ཁོང་གིས་གནང་སྟངས་ལས་འཆར་གཞི་ཡང་མེད་པའི་ཚོར་སྣང་ཕྱིན་སོང་།
ལྷ་སྐུ་རྙིང་པ་ཞིག་ལ་འབྲེལ་བཤད་གསར་བ་དེ་འདྲ་མང་པོ་རང་ཨེ་དགོས་སམ། བཀྲིས་མཐོང་སྔོན་གྱི་བཀའ་བློན་ལས་ཐོག་སྐབས་སུ་བཙན་བྱོལ་བོད་གཞུང་ལས་ཁོ་རང་གི་ནང་མི་གཙོ་ཆེ་བ་དང་། དེང་སང་གསར་དུ་རྣམ་དཔྱོད་གསར་པ་རབ་དང་རིམ་པ་བསྟན་ཡོང་བ་ནི་ཁྱད་འཚར་རེད།
སྤྱིར་རྒྱལ་ཁབ་ཞིག་གི་གཙོ་འཛིན་གྱིས་གཙོ་འཛིན་ལས་ཐོག་སྐབས་སུ་རང་གི་མི་ཚང་གི་ཆེད་དུ་གཙོ་འཛིན་ལས་གནས་གཡུག་པ་ཡིན་ན། ཁོ་བོས་ནང་མིའི་ཆེད་དུ་རང་གི་རྒྱལ་ཁབ་བློས་ཟིན་པ་རེད། རང་གི་ནང་མི་ལས་རང་གི་རྒྱལ་ཁབ་མ་དགོས་པ་རེད། ཚང་མས་དགོངས་པ་བཞེས་རོགས་གནང་དང་།