(བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིའི་འོས་དམིགས་སུ་ངས་རྒྱབ་སྐྱོར་བྱེད་དགོས་དོན་ཅི།)
བསྟན་པ་དར་རྒྱས་སྒབ་ཤི (ཁ་ཎ་སྒྲ)
ཉེ་དུས་ང་རང་གྲོགས་པོ་དང་། གཉེན་ཚན། བོད་རིགས་རྣམ་པ་ལྷན་བཀའ་མོལ་རིམ་པ་ཞུསཔར་བཀའ་ཁྲི་འོས་དམིགས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་དངོས་ཡོད་སྐོར་མང་ཆེ་བས་གོ་རྟོགས་དེ་ཙམ་མེད་པའི་དོ་སྣང་ཆེན་པོ་བྱུང་། བོད་མི་འགས་ཤེས་རྟོགས་སུ་ཁོང་བཙན་བྱོལ་བོད་གཞུང་ནང་ལོ་མང་ཞབས་ཞུ་གནང་མྱོང་ཡོད་པ་རེད་བཅས་དང་། ཡང་གོ་རྟོགས་གང་ཙམ་ཡོད་པའི་མང་དག་ཞིག་གིས་ཁོང་ལས་འཆར་འདྲ་མིན་ནང་མཉམ་བཞུགས་གནང་མྱོང་ཡོད་པར་ངོ་འཛིན་ཞུ་ཡི་ཡོད་ནའང་། གང་ལྟར་ཁོང་གི་མཛད་འཕྲིན་ངོ་མ་དང་ཁོང་གི་ལས་གཟུགས་དངོས་ཡོད་ཇི་འདྲ་ཞིག་ཡིན་མིན་སྐོར་དངོས་གསལ་ཤེས་རྟོགས་ཡོད་པའི་མི་སྣ་མཇལ་དཀའ་བ་འདུག
ཆ་ཤས་འདིའི་དམིགས་ཡུལ་གཙོ་བོ་ནི་ངའི་འོས་དམིགསསྐོར་མང་ཚོགས་ལ་ངོ་སྤྲོད་གསལ་པོ་བྱེད་རྒྱུ་དེ་ཡིན། བཀྲེས་མཐོང་ལགས་ནི་མི་བཟང་ཞིང་། རང་ཉིད་ཀྱི་གྲུབ་འབྲས་བཟང་པོ་ཇི་སྙད་ཞིག་ཡོད་པ་དེའི་སྐོར་གཞན་ལ་སྤོབ་པ་ངང་གསལ་བཤད་གནང་རྒྱུ་ཐུགས་འདོད་ནམ་ཡང་མེད་པའི་གཤིས་སྤྱོད་དེ་འདྲ་ཞིག་ལ་བརྟེན། ཁོང་ཉིད་ལ་འཇགས་པའི་ཉམས་མྱོང་དང་། དྲང་བདེན། ཕུགས་བསམ། དབུ་ཁྲིད་ཆོས་ཉིད་ལྡན་པ་ཞིག་ཡོད་སྐོར་མི་ཚོས་ཤེས་རྟོགས་མེད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཉག་ཕྲ་བའི་དེང་དུས་ཀྱི་གནས་བབས་འདིར་གུས་པས་ཅི་ཕྱིར་བཀྲེས་མཐོང་ལགས་བཀའ་ཁྲིའི་འོས་དམིགས་ཐོག་རྒྱབ་སྐྱོར་ཞུས་པ་ཡིན། ཕྱོགས་གཅིག་ལ་དྲག་པོ་རྒྱ་ནག་གི་རྒྱལ་སྤྱི་སྟེང་རང་ངོམ་ཤུགས་ཆེ་དང་། ཕྱོགས་གཞན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆབ་སྲིད་ནས་སྐུ་གྲེས་ཡོལ་ཕེབས་འཆར་ཡིན་པ་རེད། དངོས་ཡོད་ཞིག་ན་༸གོང་ས་མཆོག་དགུང་ལོ་ ༧༦ ལ་ཕེབས་ཡོད་པ་དང་། དེ་ཡང་ཡོང་རྒྱུ་ལོ་ལྔ་འམ་དྲུག་ནང་ཛ་དྲག་གི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་སྲི་པ་རེད། ད་ལྟའི་དུས་ཚོད་འདི་ཉམས་མྱོང་གསོག་རྒྱུ་དུས་སྐབས་ཤིག་མིན། ད་ལྟའི་དུས་ཚོད་འདིར་གང་ཟག་ཉམས་མྱོང་ཅན། དྲང་བདེན་དང་། ཕུགས་བསམ་ལྡན་པ་ཞིག་མཁོ་བ་ཡིན། དེར་བརྟེན་ང་ཚོར་ར་འཕྲོད་པའི་དབུ་ཁྲིད་ཞིག་དགོས་པ་རེད།
བསྟན་འཇིན་རྣམ་རྒྱལ་བཀྲེས་མཐོང་ལགས་ལོ་ངོ་ཆུང་དུས་ནས་གཞུང་ཞབས་ཁོངས་ཛུལ་བཞུགས་ཀྱིས་ཤེས་རིག་ལས་ཁུངས་སུ་དྲུང་ཡིག་དང་སྐད་འགྱུར་གྱི་ཕྱག་ལས་གནང་། ངའི་སྔོན་ནས་བརྗེད་པ་ཞིག་ལ་ཁོང་གི་མི་ཚེའི་བྱས་རྗེས་དང་རང་རེའི་མི་ཚེ་མཉམ་འགྲན་ཚེས་ཁོང་དངོས་གནས་མི་སྣ་འཇོན་པོ་ཞིག་ཡིན་པ་ངོས་འཛིན་ཐུབ། ཁོང་དགུང་ལོ་བཅུ་དགུ་ཡིན་སྐབས་ཤེས་བྱ་རྩོམ་སྒྲིག་གསར་བཙུགས་གནང་མཁན་གྱི་རྒྱུན་ལས་ཡིན། ཤེས་བྱ་རྩོམ་སྒྲིག་དེ་ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་གི་རྙན་གྲགས་ཅན་གྱི་གསར་ཤོག་ཞིག་ཆགས་པ་དང་ད་ལྟའང་སྤྱི་ཚོགས་ནང་གནས་བཞིན་ཡོད། དགུང་ལོ་ ༢༢ ལ་སླེབས་སྐབས་ཁོང་དང་གཞན་མི་གསུམ་ནས་བོད་ཀྱི་གཞོན་ནུ་ཚོགས་པ་ཐོག་མར་འགོ་བཙུགས་གནང་ཡོད་པ་དང་། ད་ལྟའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཞིག་ཡིན་པ་དང་། ད་ལྟ་འང་བཙན་བྱོལ་སྤྱི་ཚོགས་ནང་གནས་ཡོད། ཁོང་གི་འགོ་ཁྲིད་ཀྱི་ཁྱད་ཆོས་དང་འཇོན་ཐང་ལ་བརྟེན་ཁོང་དགུང་ལོ་ ༢༤ ཡིན་སྐབས་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་ལས་ཚབ་ཏུ་བསྐོས་ཡོད་། སྐབས་དེར་བོད་པའི་ལོ་རྒྱུས་ཡོ་ལངས་ཞིག་ཏུ་ཨ་རི་ནས་རྒྱ་ནག་མཉམ་འབྲེལ་བ་གཟབ་ཏུ་གཏོང་ཞིང་བོད་ཐོག་དཔལ་འབྱོར་རོགས་རམ་མཚམས་འཇོག་གནང་ཡོད་། སྐབས་དེར་ཨ་རི་ནི་འུ་ཡོག་དུ་བོད་མི་ ༢༠ ནས་ ༣༠ ཙམ་མ་གཏོགས་མེད་པ་དང་ཕྱི་རྒྱལ་རོགས་ཚོགས་ཏོག་ཙམ་ལས་མེད་། ད་ལྟའི་ནང་བཞིན་རྒྱབ་སྐྱོར་བྱ་རྒྱུ་ལས་བོད་མི་ངོ་རྒོལ་བ་ཚོར་བཀག་འདོམས་ཀྱང་ཨ་རི་ནང་བྱས་ཡོད། གཉན་འཕྲང་ཅན་གྱི་ཉག་ཕྲ་བ་དང་རྙོག་གླེང་སྐབས་དེར་ཁོང་གི་ཐོག་མར་ (TIPA) བོད་ཀྱི་ཟློས་གར་ཚོགས་པ་ཕྱི་རྒྱལ་ཡུལ་གྲུར་ཟློས་གར་འཁྲབ་སྟོན་ཆེད་ ༡༩༧༥།༧༦ ནང་བསྐྱོད་ཐུབ་པ་བྱུང་ཡོད་། དེ་ལས་གཞན་ཧ་ལས་བ་ཞིག་ལ་ཁོང་གིས་༧གོང་ས་མཆོག་ཐོག་མར་ཨ་རིར་གདན་ཞུ་ཐུབ་པ་དང་དེ་ལ་བརྟེན་ཨ་རི་གཞུང་དང་མི་མང་ནས་བོད་དོན་ཐོག་གི་བློ་གསར་སྐྱེས་ཏེ་བསམ་བློ་འགྱུར་ཐུབ་ཡོད་། ཁོང་གུང་ལོ་ ༣༢ སླེབས་སྐབས་དམིགས་སུ་བཀར་ཏེ་བོད་རྒྱ་གྲོས་མོལ་ཐེང་གཉིས་པའི་སྐབས་སྐུ་ཚབ་ཏུ་བསྐོས་གཞག་བསྩལ་ཏེ་ཕེབས་པ་དང་། དེ་སྐབས་པན་ཆེན་རིན་པོ་ཆེ་སྐུ་གོང་མ་དང་མཉམ་མཇལ་འཕྲད་གནང་ཡོད་། དེ་རྗེས་ ༡༩༨༧ ལོར་ཁོང་༸གོང་ས་མཆོག་དམིགས་བསལ་སྐུ་ཚབ་ཏུ་ཨ་རི་ལྦ་ཤིང་ཀྲོན་ (Washington D.C) ནང་ཕྱག་ལས་གནང་ཡོད་། ཁོང་ནས་པོ་ཏ་ལ་དཔར་ཁང་གསར་འཛུགས་དང་། ཨ་རི་དང་བོད་ཀྱི་ཚོགས་ཆུང་། ཨ་རི་ཐེབ་རྩ། (Fulbright scholarship) ཕུལ་བྷ་ར་ཡི་ཀྲི་སློབ་ཡོན་རོཌ་ཚོཌ། རྒྱལ་སྤྱིའི་བོད་དོན་ལས་འགྲུལ་ཚོགས་པ། (ICT) ཨ་རི་བོད་མི་ ༡༠༠༠ གནས་སྤོས་བཅས་ཀྱི་ལས་འགུལ་ནང་མཉམ་བཞུགས་གནང་ཡོད་། ཁོང་བཀའ་ཤག་ནང་གི་ཕྱག་ལས་མ་གནང་གོང་རང་གཞུང་གི་ལྷན་ཁང་ཁག་ཚང་མར་ཞབས་ཞུ་གནང་ཡོད་། ཁོང་གི་བཙན་བྱོལ་སྤྱི་ཚོགས་ནང་ལས་འགུལ་གསར་པ་མང་པོ་ཞིག་འགོ་བཙུགས་པ་དང་ལས་འགུལ་དེ་རྣམས་མང་ཆེ་བ་ད་ལྟ་ཡང་སྤྱི་ཚོགས་ནང་རླབས་ཆེན་ཞིག་ཏུ་འགྱུར་ཡོད་། ཁོང་ཤེས་ཡོན་ཙམ་མིན་པར་མ་འོངས་ལས་འཆར་བཀོད་ཐུབ་མཁན་དང་འགོ་ཁྲིད་ཀྱི་འཇོན་ཐང་ཚད་མཐོ་བོ་ཡོད་པ་མངོན་ཐུབ།
འདས་པའི་ལོ་ངོ་བཞི་བཅུའི་རིང་ལ་ཁོང་བོད་གཞུང་དང་། བོད་དོན་ཆེད་ཞབས་ཞུ་ལྷོད་མེད་ཞུས་ཡོད་པ་དང་། ད་དུང་ཡང་ཁོང་མཁས་དབང་ལས་གནས་ཐོག་(Stanford university)མཐོ་རིམ་སློབ་གྲྭར་བོད་དོན་ཐད་ཕྱག་ལས་གནང་མུས་ཐོག་བརྒྱའི་ཚོགས་ཆུང་གི་ཚོགས་མི་ཡང་རེད། ཁོང་ལ་རྒྱབ་སྐྱོར་ཞུས་དགོས་དོན་ནི་ཁོང་བོད་གཞུང་དང་བོད་དོན་ཆེད་ཕྱག་ལས་ལོ་མང་གནང་མྱོང་ཡོད་པའི་ཉམས་མྱོང་ཚད་ལྡན་ཡོད་པ་གཅིག་པུ་ལ་བརྟེན་ནས་མ་ཡིན་པ། ཉག་ཕྲ་བའི་ད་ལྟའི་དུས་སྐབས་འདིར་ངེས་མཁོ་ཁོང་ལ་འཇགས་པའི་ཕྱི་འབྲེལ་གྱི་རྒྱུ་སྩལ། དྲང་བདེན་དང་། ཕུགས་བསམ། ཡོན་ཏན་ཅན་དང་དབུ་ཁྲིད་ཆོས་ཉིད་ལྡན་པ་བཅས་དགོས་རྒྱུ་བཅས་ལ་བརྟེན་ནས་ཡིན། བྱ་བ་ཅི་འདྲ་ཞིག་ཡིན་ཀྱང་ལྕོགས་པའི་བསམ་ཕྱོགས་བཟང་པོ་ཞིག་ཡོད་པ་དང་། དཔེར་ན། ཁོང་ལ་ཤིང་ཏོག་གམ་བུ་ར་ཡོད་དུས་ཁོང་གི་གམ་བུ་ར་དེ་ལས་ཁུ་བ་གཅིག་པུ་བཟོས་པ་ཙམ་མ་ཡིན་པ་ཐུམ་པོ་རྒྱབ་ཏེ་གཞན་ལ་འགྲེམས་སྤེལ་བྱས་ཏེ་ལམ་ལྷོང་ཅན་གྱི་བཟོ་གྲྭ་ཡང་བཟོས་ཐུབ་ཡོད། ཁོང་ནི་བོད་དང་ལས་སྣེ་ཆེད་འོས་པ་ཞིག་ལ་བརྟེན་ངས་སླར་ཡང་བཀའ་ཁྲིའི་འོས་དམིགས་ཐོག་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
མཆན། ཁོང་ནི་ཨ་རི་རྒྱང་བསྲིང་རླུང་འཕྲིན་ཁང་ནང་ voa བོད་སྐད་སྡེ་ཚན་ངོ་སྤྲོད་གནང་མཁན་ཐོག་མ་གྲས་ཡིན་པ་མ་ཟད། The Dalai Lama Foundation དང་Missing Peace Arts Exhibit ཚོགས་པ་བཅས་ཀྱི་གསར་འཙུགས་ཚོགས་མི་བཅས་ཡིན།
དབྱིན་ཡིག་ནང་ཡོད་པའི་མ་ཡིག་ནས་ཕབ་སྒྱུར་ཞུས་པས་དེར་རྩ་འཛིན་ཡོད་པ་ཞུ།
བསྟན་པ་དར་རྒྱས་ལགས།
རྒྱ་མིས་”བཙན་བྱོལ་ནང་གི་ཁ་བྲལ་རིང་ལུགས་པ་དག་གིས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྩིས་དང་། ད་ལྟའི་ཡུལ་གྱར་སྲིད་གཞུང་དེ་མི་ཚང་གསུམ་གྱིས་འཛིན་སྐྱོང་འོག་གནས་ཡོད་།”ཅེས་པ་འདིར་ཡ་ལན་སྤྲད་སྟངས་འདི་ཡང་སྐྱར་སྔོན་མ་བཀའ་བློན་བྱས་མྱོང་བ། སྐུ་དྲག་གི་བུ་རྒྱུད་གཅིག་ཁྲིད་ཡོང་ནས་འདི་ཡིན་ཟེར་ན་རྒྱུ་མཚན་མིན་འདུག་གོ
གལ་ཏེ་ཉམས་མྱོང་དང་འཇོན་ཐང་གཅིག་པོ་རྒྱུ་མཚན་དུ་བཀོད་ན། སྤྱིའི་ཕྱིར་གཟམ་སྟོང་རིན་པོ་ཆེ་རང་འཇགས་བཀའ་ཁྲིར་མི་འདེམས་སམ། ཁོང་ལ་ཡང་འཇོན་ཐང་དང་ཉམས་མྱོང་དུ་མ་ཡོད་ཕྱིར།
ཚངས་དབྱངས་ལགས་ངས་བསམ་པ་ཚང་མ་ཁྱེད་རང་གི་བྲིས་འདུག་། མཁས་དབང་བློ་བཟང་སེང་གེ་བཀའ་ཁྲི་ཐོབ་པར་ཤོག་། མི་རབས་གསར་པ་རྒྱལ་རྒྱུར་ཅིག་། བོད་རྒྱལ་ལོ།
བཙན་བྱོལ་སྤྱི་ཚོགས་ནང་དུ་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་སར་གྲགས་གནམ་གྲགས་རེད། ཁོང་གིས་གང་བྱས་པ་དང་གང་འཇོན་པ་མ་ཤེས་མཁན་མི་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དུ་ཕལ་ཆེ་ཡོད་ཀྱི་མ་རེད།
རེ་གཉིས་ཡོད་པ་རྣམས་ལ་ཁྱེད་ཀྱིས་གསལ་བཤད་ཅི་ཙམ་བྱས་ཀྱང་དོ་སྣང་བྱེད་ཀྱི་མ་རེད། ཁྱེད་ཀྱི་རྩོམ་ཡིག་འདིས་བཀྲ་མཐོང་བསྟན་རྣམ་འོས་ཐོབ་པའི་ཕན་ཐོགས་ཡོང་གི་མ་རེད།
མའོ་ཀྲུང་ཞིའི་ཡིས་ལན་གཅིག་ཕམ་པ་རྒྱལ་ཁའི་རྩ་བ་རེད་ཞེས་གསུངས་ཡོད་རེད། དེ་བརྟེན་བཀྲ་མཐོང་སྔོན་མ་བཀའ་ཁྲི་ལས་ཐོག་ཡིན་དུས་བརྩི་ཁྲ་ཁ་མ་ཐུག་པ་དང་ལས་ཡུན་མཇུག་སྒྲིལ་མ་ཐུབ་པ་དེ་ཚོ་ཉམས་མྱོང་གི་བསླབ་བྱ་ལེན་ནས་གསར་གཏོད་ཀྱི་རིག་གནས་འདི་དང་འདི་ཡིན་ཞེས་སྤྱི་ཚོགས་ནང་དུ་ཁྱབ་བསྒྲགས་བྱེད་ཐུབ་ན་འོས་རེ་གཉིས་མང་རེ་རག་ཐུབ་པའི་རེ་བ་ཙམ་མཐོང་།
བློ་བཟང་སེང་གེ་ཡིས་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་དང་རྩ་དོན་གསུམ་གསར་གཏོད་ཀྱི་ཐོག་ནས་བཀའ་ཁྲི་ལངས་པ་འདིས་བོད་རྒྱ་ཆེ་དམངས་ཀྱིས་གུས་བཀུར་དང་འོས་མང་ཤོས་སྤྲད་ཡོད་རེད།
བཀྲ་མཐོང་བསྟན་རྣམ་ལགས་ཀྱིས་འདི་དང་འདི་མིན་ཅི་ཡང་མེད་པས་མི་དམངས་ཀྱིས་གང་ལ་བརྟེན་ནས་འོས་སྤྲོད་དགོས་སམ། བོད་རྒྱལ་ལོ།
བསྟན་པ་དར་རྒྱས་ལགས་ཀྱི་བཤད་པར་རྒྱུ་མཚན་ངེས་ཅན་ཞིག་འདུག མི་མང་པོ་ཞིག་ཁྲོན་པའི་ནང་གི་སྦལ་པ་རང་རེད། ཁོ་ཚོ་ཁྲོན་པའི་སྦལ་པ་དང་ལུང་ཁུག་ནང་གི་མི་རང་རེད། སྐུ་དྲག་ཡིན་ན་གང་ཡོད་པ་རེད། འཇིག་རྟེན་ཆགས་ཚུལ་དང་ཤེས་རིག་འཕེལ་ཚུལ། འཛམ་གླིང་གི་བྱུང་རབས་སོགས་ལ་རྒྱུས་མངའ་རྩ་བ་ནས་མེད་པའི་རང་གི་དེ་ཉིད་སྟོན་པ་ཙམ་དུ་ཟད་དོ།། འཛམ་གླིང་དུ་འགྲོ་བ་མི་རིགས་བྱུང་བ་ནས་བཟུང་གྲལ་རིམ་གྱི་དབྱེ་བ་བྱུང་ཡོད་ལ་། དེ་ནི་སྤྱི་ཚོགས་འཕོ་འགྱུར་གྱི་བརྒྱུད་རིམ་དང་དགོས་དབང་གིས་ཡིན། འཛམ་གླིང་གི་མི་སྡེ་ཆེ་ཆུང་མཐའ་དག་ལ་སྐུ་དྲག་གི་བྱུང་བ་ཡོད་ལ་ཁོ་ཚོས་གནས་བབ་ངེས་ཅན་ཞིག་ཀྱང་ཟིན་ཡོད། རྒྱལ་ཁབ་གཞན་གྱི་སྐུ་དྲག་དང་བོད་པའི་སྐུ་དྲག་དབར་བསྡུར་བ་ཞིག་བྱས་ཚེ། བོད་ཀྱི་སྐུ་དྲག་རྣམས་ལྷ་གསོན་པ་རང་རེད། དེ་ནི་ཁོ་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པས་སོ།། རྒྱ་མིས་བཤད་པར་ཡིད་ཆེས་བྱེད་མཁན་གྱི་མི་འདི་ཚོའི་བསམ་སྤྱོད་ཤེས་གསུམ་གང་འདྲ་ཞིག་ཡོད་མེད་མ་བཤད་ཀྱང་ཚོད་དཔག་ཐུབ་ཐུབ་པ་རེད། མའོ་ཙེ་ཏུང་གིས་རང་དང་འདྲ་བའི་སྤྲང་པོ་ཚང་མར་ངན་སྐུལ་བྱས་ཏེ་སྤྲང་པོ་ཁྱུ་དང་ཁྱུ་བྱས་ཏེ་ནང་འཁྲུགས་སྡེ་གཟར་བླངས་ཏེ། ཆོས་བྱེད་མི་སྣ་དང་མཐོ་རིམ་མི་སྣས་གཙོས་རང་ཚུགས་ཟིན་ཐུབ་པའི་སྐྱེ་བོ་མཐའ་དག་ཉམས་ཉེས་སུ་བཏང་བའི་འཇུག་འབྲས་ནི། ཉེས་མེད་མི་སེར་ས་ཡ་བཞི་བཅུ་ནས་བརྒྱད་ཅུའི་བར་དམར་གསོད་བཏང་བ་དང་། འཛམ་གླིང་ལོ་རྒྱུས་ཐོག་རིག་གཞུང་རྩ་མེད་བཏང་བའི་སྡིག་ཉེས་ཚབས་ཆེ་ཤོས། འཛམ་གླིང་དུ་མིའི་འགྲོ་བ་ཆགས་པ་ནས་བཟུང་གོད་ཆགས་དང་གྱོང་གུན་ཚབས་ཆེ་ཤོས་དེ་ཡིན། འདི་ནི་སྐུ་དྲག་དང་འབྱོར་ལྡན་པར་ཕྲག་དོག་དང་སྡང་ཟུགས་བྱས་པའི་འབྲས་བུ་རེད། ངས་ལྟས་ན་དབུལ་པོ་དང་ཤེས་ཡོན་མེད་པ། དེ་བཞིན་སྤྲང་པོའི་ཁྱུ་ཚོགས་འདི་ཚོ་ཕུང་བྱེད་ཀྱི་རྒྱུའི་གཙོ་བོ་ཞིག་རེད། མ་གཞི་ནས་སོ་སོས་མ་འཇོན་པ་རེད་མ་གཏོགས་སུས་ཁོ་ཚོ་སྤྲང་པོ་བྱེད་དུ་བཅུག་པ་རས། སུས་ཁོ་ཚོར་ཤེས་ཡོན་མ་སྦྱོང་ཞེས་བཤད་པ་རེད། འོ་ན་མི་ཚང་མ་སྤྲང་པོ་དང་ཤེས་ཡོན་མེད་མཁན་བྱེད་དགོས་པ་རེད་དམ། ཨ་ཁ། འདི་འདྲའི་ཡ་མཚན་ལ། མིར་སྐྱེས་ཕྱིན་ཆད་ཚང་མར་རྐང་ལག་བཞི་དང་། ཁ་མིག་སོགས་དབང་པོ་གཅིག་མཚུངས་ཡོད། གང་ལྟར་སོ་སོས་མ་འཇོན་པ་འདི་ཕུང་བྱེད་ཀྱི་གཙོ་བོ་ཡིན། ད་ལྟའི་རྒྱ་ནག་ལ་ལྟོས་དང་། སྐུ་དྲག་མེད་པའི་སྤྱི་ཚོགས་འདི་གང་འདྲ་ཞིག་འདུག འདི་ཁྱེད་ཚོས་ཡིད་སྨོན་བྱེད་ས་དང་བོད་ཀྱི་སྐུ་དྲག་ལ་ངན་སྨྲས་སྡང་ཟུགས་བྱེད་སའི་དཔེ་མཚོན་ཡག་ཤོས་ཤིག་རེད། གང་ལྟར་ཁྱེད་ཚོའི་བློ་ཕུགས་གང་ལ་གཏོད་འདུག་ལེགས་པར་སོམས། ང་སྐུ་དྲག་མིན་ལ་སྤྲང་་པོ་ཤེས་མེད་ཀྱང་མིན། དེ་ལྟར་ནའང་ངའི་རྒྱུད་ལ་ཡིན་ལུགས་རྣམ་པར་དཔྱོད་པའི་ཤེས་རབ་ཡོད། དེ་འདྲ་སོང་ཙང་ངས་མའོ་ཙེ་ཏུང་གི་ངན་སྨྲས་ལ་ཡིད་ཆེས་ནམ་ཡང་བྱེད་མི་སྲིད། ཁྱེད་ཚོས་བྱས་ན་ང་ཚོ་གཅིག་འོག་གཅིག་གིས་མ་འདུས་པའི་སྤྲང་པོའི་ཁྱུ་ཚོགས། ནམ་ཡང་འཁྲུག་བརྩོད་དང་ཁ་མི་བྲལ་མཁན་ཞིག་བྱེད་དགོས་སམ། ཀ་ཡེ་སྤྲང་ཚོགས་སྨྲ་བ་ཉུང་ལ་བྱ་སྤྱོད་གཟོབས།
བཀྲས་མཐོང་བསྟན་རྣམ་ལགས་བཀའ་ཁྲི་ཐོབ་པར་ཤོག །
ང་ཚོ་ལ་བཀའ་ཁྲི་མེད་པས་མ་རེད། ང་ཚོར་རྒྱ་ནག་གིས་ཁ་ཡ་མ་བྱས་པས་རེད། སྐད་འདི་སུས་གོ་ན་ཕན་ཚུན་བཤད་རྒྱུ་མཁྱེན།
རབ་འབྱམས་པ་ཁྱོད་ལ་སྨོན་ལམ་བརྒྱབ་རྒྱུ་ལས་དྲགས་པ་མི་འདུག་པས། རྒྱུ་མཚན་བཤད་དགོས་པ་རེད། ཚུལ་གསུམ་བཀོད་དགོས་པ་རེད། གནད་ལུགས་བཤད་དགོས་པ་རེད།
གཞན་འགའ་རེའི་སྨོན་ལམ་བརྒྱབ་འགའ་རེའི་དམའ་འབོད་བྱས། བྱ་ཆུང་རང་རེད།
ཚང་དབྱངས་ལགས་ ང་ནི་ད་ལྟ་བར་བར་གནས་པ་ཞིག་ཡིན འོན་ཀྱང་ཁྱེད་རང་གི་གསུང་པ་དེ་དང་ ཁྱེད་རང་དང་ལྟ་བ་གཅིག་པ་ཡིན་པ་ཚོར་ངའི་བསམ་ཚུལ་ཞིག་ཞུས་ན་ སྐུ་དྲག་གི་ལམ་ལུགས་དེ་མེད་པ་ཆག་ནས་ལོ་ངོ་ལྔ་བཅུ་ཕྱིན་ཚར་བ་རེད་ ད་དུང་ཁོང་ཚོའི་མི་རྒྱུད་དང་བུ་ཚར་སྡང་ཟུག་དང་བརྡུངས་སྡེག་གཏང་བ་ནི་
་ལོ་རབས་ལྔ་བཅུ་དྲུག་བཅུའི་ནང་་སེ་ཏ་ལེང་དང་མོའོ་རྩེ་ཏུང་གི་དམར་པོའི་བལྟ་བ་གཙོ་བོ་དེ་རེད་
ལྷག་པར་དུ་ཨ་རི་སོགས་དམངས་གཙོའི་རྒྱལ་ཁག་གི་ནང་རིགས་རྒྱུད་དང་མི་རྒྱུད་ལ་མཐོང་ཆུང་བྱས་པ་དང་རིགས་རྒྱུད་ཀྱི་རྒྱུ་མཚན་བཤད་པ་ནི་ཁྲིམས་དང་མི་མཐུན་པ་ཞིག་རེད ད་དུང་གཟམ་སྟོང་རེན་པོ་ཆེའི་སྐོར་ལ་ཞུད་ན་ཁོང་གི་བཀའ་ཁྲི་ཐེངས་གཉིས་གནང་ཚར་བས་ དམར་ཤོག་ལུང་པའི་ནང་མི་གཅིག་གི་དབང་ཆ་ཐེངས་མང་འཛིན་ཆོག་ཀྱང
དམངས་གཅོའི་རྩ་ཁྲིམས་ནང་བཀའ་ཁྲི་འམ་སྲེད་འཛིན་ཐེངས་གཉིས་མ་གཏོགས་བྱེད་མི་ཆོག
འཇིག་མེད་ལགས།
ཁྱེད་རང་གིས་ངའི་མཆན་འདིའི་ནང་གི་གལ་ཆེའི་ཆ་ཤས་གཅིག་སྟེ། རྒྱ་མིར་ཡ་ལན་སྤྲོད་སྟངས་སྐོར་དེ་ལ་གདངས་བརྒྱབ་ནས་བསམ་བློ་བཏང་མིན་འདུག ང་རང་སྐུ་དྲག་ལ་སྡང་བ་མིན། ང་རང་སྡང་ས་འདི་ངེད་ཚོའི་སྤྱི་ཚོགས་ནང་ལ་མི་རབས་གསར་པ་དང་མ་འོངས་པའི་བོད་མིའི་འགོ་ཁྲིད་ཀྱི་ལམ་བུ་དེ་ལ་བསམ་བློ་མ་བཏང་བར་སླ་བཅོས་དང་སྟབས་བདེ་ཁོ་ནར་བསམ་བློ་བཏང་བ་འདིར་མི་དགའ་བའི་རྣམ་པ་སྟོན་བཞིན་ལགས། རྒྱ་མིའི་སྐྱོན་བརྗོད་འདི་ལ་བསམ་བློ་མ་བཏང་རང་བཏང་རེད། རྒྱུ་མཚན་ནི། ཁོས་བོད་ནང་གི་མི་རབས་གསར་པ་ཚོའི་ཀླད་པར་དཀྲུ་བཞིན་ཡོད།
རྟག་པར་ཟ་ཆོག་ཆོག་གཅིག་དང་ཐུང་ཆོག་ཆོག་གཅིག་ལ་བསམ་བློ་མ་བཏང་བར། སྐྱེ་སྲིང་གི་གོ་སྐབས་དང་མ་འོངས་པའི་མདུན་ལམ་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེ་རེད་སྙམ།
ཉམས་མྱོང་གཅིག་པུར་བལྟས་ནས་བཀའ་ཁྲི་བདམ་ན། ཟམ་སྟོང་རིན་པོ་ཆེ་མི་འགྲིག་པ་མིན་འདུག ཁྱེད་ཀྱིས་གསུངས་པ་བཞིན་ཁོང་བཀའ་ཁྲི་གནང་ཟིན་ན། བསྟན་འཛིན་རྣམ་རྒྱལ་ཡང་སྔོན་མ་བཀའ་ཁྲི་གནང་ཟིན་པ་རེད། རྒྱུ་མཚན་གཅིག་པ་མ་རེད་པས།
ཅོ་ཉི་མ་ལགས། ངས་ཁྱོད་རང་གི་དགའ་ས་ལ་གནོད་པའི་ཆེ་དུ་མིན་པར། བོད་མིའི་ལས་བྱེད་རྙིང་པ་ཞིག་སྐྱིད་པོ་ཡོངས་བ་ཤོག་ལབ་པ་མཚུངས་པས་ངའི་སྨོན་ལམ་གྱི་རང་དབང་ཡང་མ་འཕྲོག་རོགས་གནང་། ཐུགས་རྗེ་གཟིགས།
རབ་འབྱམས་པ་ལགས་་་་ཁྱེད་རྫུན་བཤད་ཀྱི་ཡོད་པས། བཀྲ་མཐོང་བསྟན་རྣམ་སྐྱིད་པོ་ཡོང་བ་ཤོག་ཞེས་ལབ་མི་འདུག་ཨ། བཀའ་ཁྲི་ཐོབ་པ་ཤོག་ཞེས་སྨོན་ལམ་བརྒྱབ་འདུག ངོ་མ་གེ་རེ་རེད།xxxxxxxxxxxxxxxxxxxx
ཁ་བརྡ་ཚང་་་་་ཁྱེད་ཚང་གིས་ངའི་མཆན་ཕྱེད་ཁ་བསུབས་མདོག་མདོག་བྱས་ནས་ང་དང་ཀརྡོ་རབ་འབྱམས་པ་གཉིས་བར་དུ་དཀྲིགས་ཤིང་རྒྱབ་ཀྱི་ཡོད་དམ། ངའི་་་ཀུ་རེ་ཡིན་ཞེས་བྲིས་པ་ཀྱང་བསུབས་འདུག འདི་འདྲ་བྱས་ན་རབ་འབྱམས་པའི་ག་རེ་དྲན་གྱི་རེད། ཅོ་རིའི་སྡུག་སྐྱ་ཞེན་པོ་ཞིག་བྲིས་ནས་ཁ་བརྡ་ཚང་གིས་བསུབས་འདུག་བསམ་གྱི་མ་རེད་པས། རབ་འབྱམས་པ་ལགས་ངའི་ཁྱེད་ལ་སྡུག་པའི་སྐད་གང་ཡང་བྲིས་མེད། ཡིད་ཆེས་བྱོས།
ཅོ་རི་ཉི་མ་ལགས། གང་ཡང་གནང་བགྱིད་མ་རེད། བློ་བདེ་པོའི་ངང་ལ་བགྲོ་གླེང་གྱིས། མཇལ་ཡོང་།
གཙོ་བོ་རང་གི་དོན་དག་འཁྱོངས་དགོས་པ་རེད། རྒྱ་ནག་གི་གང་ཟེར་ལ་འགྱུར་བ་རེ་བཏང་བསྡད་ན་འགྱུར་བ་གཏོང་ཚོད་ཡོད་པ་མ་རེད།
དེས་ན་ཧུའུ་ཆིན་ཐོ་འདེམས་པ་ཡིན་ན་རྒྱ་མིས་ཅང་ཟེར་ནི་མ་རེད། ང་ཚོས་དགྲ་ལ་འཕྱར་རྒྱུ་དང་གཉེན་ལ་ངོམ་རྒྱུ་ཞིག་ཡོད་པ་དེ། བཀྲ་ཁྲི་མི་མང་གིས་ཐད་ཀར་འདེམས་པ་དེ་རེད་མ་གཏོགས། སྐུ་དྲག་ཡིན་མིན་དང་རྒན་གཞོན་གྱི་ཁྱད་པར་མ་རེད།
ཤེས་འཇོན་ལྷག་བསམ་ཉམས་མྱོང་ཅན་གྱི་མི་ཞིག་ཡོད་ན་མི་ཚང་གཉིས་སམ་གསུམ། ཐ་ན་མི་ཚང་གཅིག་གི་དབང་འོག་ལྷུང་ནའང་འགྲིག་གི་རེད། དེ་མི་མང་གིས་འདེམས་པ་ཞིག་ཡིན་ཕྱིན། རྒྱ་གཞུང་གི་བརྗོད་བབ་ལ་ལྟ་གིན་ལྟ་གིན་བཀའ་ཁྲི་འདེམས་དགོས་ན་ད་ཐད་ཀར་ཧུའ་ཅིན་ཐོ་འདེམས་ཤོག
གཞོན་ནུ་ཟླ་མེད་དང་མདའ་ཚན་གཉིས་ལ་རིག་པ་ཞིག་གཏོང་འདོད་བྱུང་།
རྒྱ་མིར་མ་བསྟུན་པར་བོད་དོན་སྒྲུབ་ཐབས་ཤིག་ཨེ་ཡོད། དབུ་མའི་ལམ་བདམས་པ་འདི་རྒྱ་མིས་རང་བཙན་ཁས་ལེན་མ་བྱས་སྟབས་ཡིན་པ་ལས། བོད་པའི་མངོན་འདོད་བཞིན་བགྱིད་པ་མ་ཡིན་པཱ།
ཧུའ་ཅིན་ཐོ་འདེམས་པ་ལས་ཝུན་ཅྰའོ་བདམས་ན་ཡག་ག་མི་འདུག་གེ ཡང་ན། བཀའ་ཁྲི་གཉིས་ཡོད་པ་བྱས་ན། ཧ་ཧ།
གོང་གི་རྩོམ་དེས་བཀྲས་མཐོང་ངོ་སྤྲོད་ཡག་པོ་གནང་འདུག ངོ་སྤྲོད་ཡག་པོ་གནང་འདུག་ཟེར་བའི་རྒྱུ་མཚན་ནི། འུད་ཤོད་ཀྱིན་ཤོད་ཀྱིན། མགོར་འདོགས་ཀྱིན་འདོགས་ཀྱིན་ངོ་སྤྲོད་བྱས་མི་འདུག་ཟེར་གི་ཡོད། ཡག་པོ་བྲིས་འདུག བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད།
མཐར་ཕྱིན་སློབ་མ་གསར་བར་ཡང་ཐེངས་དང་པོར་གཞུང་ཁོངས་སུ་ལས་གནས་འདེམས་སྟངས་ནོར་མིན་ལ་མ་ལྟོས་པར་བསྔག་བརྗོད་ཡོད།
ད་མགོ་ཚོས་མི་ཐུབ་པ་ཞིག་ནི། ཁོང་གི་ཤེས་པ་ནི་ཁྲིམས་རེད། འཇོན་ཐང་ཡང་ཁྲིམས་ཀྱི་ཐོག་ལ་རེད། དེ་དང་འབྲེལ་བའི་བོད་གཞུང་གི་ལས་གནས་ཤིག་འཐོབ་པར་བརྩོན་ནས་གཞུང་མང་ལ་ཞབས་ཞུ་བྱ་རྒྱུ་ལས་ལྡོག་སྟེ་ལམ་སང་རྒྱ་གཞུང་གི་ ་་མཆོང་སྐྱོད་ཆེན་པོ་་ ཡི་རྗེས་སུ་ཞུགས་ནས་ལམ་སང་མཆོང་ཐེངས་གཅིག་གིས་བཀའ་ཁྲིའི་རྐུབ་བཀྱག་སྟེང་མཆོང་འདོད་པའི་ཧམ་སེམས་ཆེན་པོ་འདིས་ང་ཚོར་འགྲེལ་བཤད་ག་འདྲ་ཞིག་རྒྱག་གི་ཡོད་མེད་ལ་ད་རུང་བརྟག་དགོས་ཀྱི་འདུག
མི་ཆེན་དཔོན་རྒྱུད་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་འཛིན་པ་འདི་ནི་དམངས་གཙོའི་རྒྱལ་ཁབ་ཨ་རི་ལ་ཡང་འདུག་ག སྦུ་ཞི་ཕ་བུ་གཉིས་དང་ཁི་ལོན་ཀྲོན་བཟའ་ཟླ་གཉིས་ལྟ་བུ།
ཤེས་རབ་ཀྱིས་རང་གིས་དྲི་བ་ཞིག་བཏང་། དེ་ལ་ལན་ཡང་རང་ཉིད་ཀྱིས་བརྒྱབ་འདུག་པས་དེ་ལ་ལན་འདེབས་པའི་ངལ་བ་བྱེད་གི་མིན། ངས་གོང་དུ་བཀའ་ཁྲི་འདེམས་སྟངས་སྐོར་ལ་བཤད་ཡོད། རྒྱ་གཞུང་ལ་བསྟུན་དགོས་པ་ཡིན་ན། ངེད་ཚོའི་བཀའ་ཁྲིར་སུ་བསྐོ་དགོས་ཀྱི་འདུག་ཟེར་ནས་ཁོ་ཚོར་དྲི་བ་བཏང་བ་ཡིན་ན་ཡག་པོ་རེད། དེ་མིན་ན་བཀའ་ཁྲིའི་འོས་གཞི་འདོན་རྒྱུའི་དབང་ཚད་རྒྱ་གཞུང་ལ་ཁྲིམས་ཐོག་ནས་ཕུལ་བ་ཡིན་ན་རྒྱ་གཞུང་ཡང་དགའ་ནས་བོད་པ་འདི་ཚོ་ཡག་པོ་འདུག་ཟེར་ནས་ང་ཚོར་ཚད་མཐོའི་རང་སྐྱོང་ལྗོངས་ཟེར་བ་དེའང་ལམ་སང་སྟེར་ན་ཐང་།
ཅོ་རི་ཉི་མ་སོགས་པས་འདི་ཐེངས་གཅིག་ཉོན་དང་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན༽དེ་ནས་བསམ་ཚུལ་གསར་བ་ཞིག་ཐོབ་ངེས་ཡིན། དྲ་རྒྱའི་ཁ་བྱང་། http://www.khabdha.org/?p=13559
གྲོགས་པ་ཚོ་ཡིད་གཟབ་བྱོས། ན་ནིངས་དཔུང་ཁག་བསྒྲིགས་ནས་གྲོས་ཚོགས་ཁ་བྲལ་དུ་བཏང་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་སླེབས་ན་བཀའ་བློ་ཁ་བྲལ་ལ་གཏོང་མི་ཡོང་སྙམ་ནས་ཞེད་ཀྱི་འདུག
དྲ་གྲོགས་ཚོ། སྔ་དྲོ་བདེ་ལེགས། ཆེས་གསར་དུ་ཐོན་པའི་གནས་ཚུལ་ལ་གཞིགས་ན། བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་ཀྱིས་ཁོ་རང་བཀའ་ཁྲིར་འཁོད་རྗེས་བཀའ་ཤག་ནང་འཐེན་རྒྱུ་ཡིན་ཞེས་སྔ་རྗེས་སུ་མི་བཅོ་ལྔ་ཏག་ཏག་ལ་ཁས་བླངས་ཟིན་འདུག མ་ཟད་མི་ཚང་གཅིག་ནས་མི་གཉིས་ལ་ཁས་བླངས་པའང་བྱུང་འདུག ད་ཆ་ང་ཚོ་གང་འདྲ་བྱ་དགོས་རས། བཀའ་ལོན་དྲུག་གིས་མི་ཚད་བཅོ་དང་ཁོ་རང་བསྡོམས་པས་བཅུ་དྲུག་རེད། གནས་ཚུལ་འདི་ང་ལ་དངོས་སུ་དོ་བདག་གིས་ཤོད་མཁན་མ་བྱུང་ཡང་། ངའི་གྲོགས་པོ་ཞིག་གི་གྲོགས་པོ་ལ་བློ་བཟང་སེང་གེས་བཀའ་བློན་དུ་འཇོག་རྒྱུ་དངོས་སུ་ཁས་བླངས་བྱུང་ཞེས་བཤད་འདུག ཡིད་གཟབ་བྱོས། མི་འདི་རིགས་ཀྱིས་གོ་ས་ཁོ་ན་དོན་དུ་གཉེར་བ་ལས་བོད་སྤྱི་པའི་བདེ་རྩར་བསམ་བློ་གཏོང་དཀའ་བར་འདུག ད་དུང་དཔྱད་པ་མང་ཙམ་དང་བསམ་བློ་མང་ཙམ་གཏོང། གཡམ་རྒྱུགས་དང་འཐེན་འཁྱེར་ཉུང་ཙམ་བྱོས། ད་བདེ་མོ། ཞོགས་པའི་གསར་འགྱུར་མཚམས་འདི་ནས་འཇོག་ན་འདོད་ཀི།
མི་ཅོ་ལྔ་བཀའ་བློན་ནང་དུ་འཐེན་ཡ་སུ་སུ་རེད་འདུག་གམ
བསམ་གཞིགས།
བློ་སེང་གིས་བཀའ་བློན་ལ་སྐོས་པའི་སྐད་ཆ་དེ་ཚོ་དཔང་པོ་བསྟན་ནས་ཤོད་དགོས། ཁྱོད་ཀྱི་གྲོགས་པོའི་མིང་དང་ག་དུས་བཤད་པ་སོགས་བརྗོད་དགོས། དེ་མིན་བསམ་གཞིགས་ཁྱེད་ཀྱང་ཉིན་ཞིག་ཆལ་གཏམ་དེ་ཚོའི་འོག་ལ་གནོན་གྱི་རེད། དཔེར་ན། འོ་ངའི་གྲོགས་པོ་ཞིག་གིས་བསམ་གཞིགས་ཟེར་མཁན་དེ་ཤུགས་ལྡན་སྟེན་མཁན་གཙོ་བོ་ཞིག་དང་། ཁོང་རྒྱ་མིའི་ཉུལ་མ་ཡང་རེད་འདུག ངའི་གྲོགས་པོས་ཁོང་རྒྱ་མིའི་གཞུང་ཚབ་ཀྱི་ལས་བྱེད་པ་ཐུག་ནས། དངུལ་ལེན་པ་མཐོང་འདུག་ཟེར་ན། ཀློག་པ་པོ་རྣམས་ཀྱི་སེམས་ལ་གང་དགོངས། བསམ་གཞིགས་ཁྱེད་རང་གི་སེམས་ལ་ཅི་འཁོར།
རྒྱུ་མཚན་དང་དཔང་པོ་མེད་པར། གྲོགས་པོས་འདི་ཟེར་གྲོགས་མོས་འདི་ཟེར་ཞེས་འཆལ་གཏམ་ཤ་སྟག་སྤེལ་ན་དགོས་པ་འདུག་གམ།
གལ་ཏེ་གྲོགས་པོས་ངོ་མ་འདི་འདྲ་ཟེར་ན། གྲོགས་པོའི་མིང་། ཁོང་ག་པར་ལས་ཀ་བྱེད་མིན་སོགས་ཤོད་དང་ང་ཚོས་ཁོང་བཙལ་ནས་སྐད་ཆ་འདྲིས། བདེན་མིང་བཤེར་ན་འགྲིག
དེ་མིན་འདིར་ཡོང་ནས་བོད་པ་ནང་ཁུལ་དཀྲུག་ཤིང་དང་དབྱེན་སྦྱོར་ཁོ་ན་སྤེལ་ན། ཁ་བརྡའི་ཁྲིམས་དང་འགལ་བས། ངེད་ཚོ་མཆན་འགོད་པ་ཐམས་བཅད་ཀྱིས་ཁྱེད་ལ་ངོ་རྒོལ་བྱེད་དོ།
ཁྱེད་ཀྱིས་འདིར་ཁུངས་ལུང་མེད་པའི་སྐད་ཆ་འདི་ཁྱེར་ཡོང་དུས། ངའི་སེམས་ལ་རྣམ་རྟོག་གཅིག་བསླེབས་སོང་། རྣམ་རྟོག་འདི་གང་རེད་ཟེར་ན། ཁྱེད་ལ་དམིགས་ཡུལ་ཞིག་འདུག དམིགས་ཡུལ་འདི་གང་རེད་ཟེར་ན། བོད་པའི་རྩ་དོན་ལ་གཏོར་གཤིག་གཏོང་བའི་དམིགས་ཡུལ་ཞིག་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཅི་ཟེར་ན། ཁྱེད་བོད་ཆོལ་ཁ་གསུམ་གྱི་ཚོགས་པའི་བོད་མིའི་སྤྱི་ཚོགས་འདིར་མི་དགའ་བས་སོ། དེ་ལྟར་མི་དགའ་བ་བྱེད་དགོས་པའི་རྒྱུ་མཚན་ཅི་ཟེར་ན། ཁྱེད་ལ་བོད་མི་རིགས་འདི་ལ་སྡང་སེམས་བྱེད་མཁན་གྱི་གཞུང་ངམ་ཚོགས་པ་ཞིག་གི་ལས་འགན་སྤྲོད་ཡོད་ཤས་ཆེ། བོད་མི་རིགས་འདི་རྩ་མེད་གཏོང་བར་འདོད་མཁན་གྱི་གཞུང་གཅིག་ནི་རྒྱ་ནག་གི་གཞུང་དེ་རེད། བྱས་ན་ཁྱེད་ལ་རྒྱ་ནག་གཞུང་ནས་འདིར་བཏང་ནས་བོད་མིའི་མཐུན་སྒྲིལ་རྩ་མེད་གཏོང་བར་ལས་འགན་སྤྲོད་ཡོད་དམ་ཟེར་ན། ང་ལ་དཔང་པོ་མེད། ཡིན་ནའང་ཁྱེད་ཀྱིས་དཔང་རྟགས་མེད་པའི་འཆལ་གཏམ་འདི་ལྟར་སྤེལ་སྐབས་རྣམ་རྟོགས་འདི་ཡང་མངོན་གསུམ་རྗེས་དཔག་གིས་འདེད་ནས་ཤར་གྱི་འདུག
ད་ཁྱེད་ཀྱིས་ངའི་རྣམ་རྟོགས་འདི་རྣམ་རྟོགས་ཡིན་པ་ལས་དཔང་པོ་མེད་པ་ཡིན་པའི་ཁུངས་ཞིག་སྐྱེལ་རོགས།
ཐུགས་རྗེ་ཆེ།
ཤེས་ལྡན་པ་ཤེས་རབ་ལགས། ཁྱེད་ཀྱིས་གསུངས་པར་རྒྱུ་མཚན་ལྡན་འདུག དགོངས་པ་ཡག་པོ་བཞེས་ཏེ་ལན་རྒྱག་དགོས། ངས་བཤད་པར་ཡིད་ཆེས་བྱེད་དགོས་ཞེས་བཤད་འདུག་གམ། ངས་དེ་ལྟར་ནམ་ཡང་ཤོད་མི་སྲིད། ངས་བཤད་པ་ནི་བརྟག་དཔྱད་མང་ཙམ་བྱེད་དགོས་པ་དང་གཡམ་རྒྱུགས་མ་བྱེད་ཅེས་བཤད་ཡོད། དེ་འདྲ་སོང་ཙང་ཁྱེད་ཀྱིས་ངས་བཤད་པའི་རྗེས་སུ་འབྲངས་ཏེ་ལམ་སེང་གཡམ་རྒྱུགས་བྱེད་རྒྱུ་མེད། བརྟག་ན་དོན་དངོས་གསལ་བར་འགྱུར་རོ། །གལ་ཏེ་ངས་བཤད་པ་བཞིན་དོན་ལ་གནས་མེད་ན་ལེགས་འདུག དེ་ང་ཚོར་དགོས་རྒྱུ་དེ་རེད། མ་ཟད་ང་ག་རེ་ཡིན་དང་མིན་ཁྱེད་རང་གིས་བསམ་འདོད་པ་ལྟར་བྱོས་ཤིག ལྷག་དོན་ངས་བཤད་པར་ཡིད་རྟོན་བྱེད་དང་མི་བྱེད་ཁྱེད་རང་གི་རང་དབང་རེད། ད་འདི་མོ་ཙམ་ཡིན།
བོད་ནས་སླེབས་པའི་བཀའ་བློན་ནི་དགའ་ལྡན་གྲྭ་བག་གྲོ་རེད།
བུད་མེད་བཀའ་བློན་གཉིས་ནི་གཅིག་རྡ་ས་ནས་རེད་གཞན་པ་དེ་ད་ལྟ་ཕྱི་རྒྱལ་ལ་ཡོད་རེད།
ངས་བཀའ་བློན་བཅུ་དྲུག་ཚང་མ་མི་ཤེས
ངས་བཀྲས་མཐོང་བསྟན་རྣམ་ལགས་སུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཁོང་ནི་དྲང་པོ་ཞིག་རེད། བློ་སེང་འུར་ཤོབ་ཤོད་རྒྱུར་དགའ་བོ་མེད། འཇོན་ཐང་ཅན་ཞིག་ཀྱང་རེད།
བློ་སེང་གིས་བོད་ནས་སླེབས་པའི་མི་ཞིག་ཀྱང་བཀའ་བློན་དུ་འདེམས་རྒྱུ་ཡིན་ཞེས་པའི་བོད་ནས་ཕེབས་པའི་བཀའ་བློན་ནི་དགའ་ལྡན་གྲྭ་བག་གྲོ་ལགས་རེད།
དེ་མིན་བུད་མེད་ཡོད་པ་ཞེས་པའི་བུད་མེད་གཅིག་ནི་ད་ལྡ་སྤྱི་འཐུས་ལས་ཐོག་པ་ཞིག་རེད། བུད་མེད་གཞན་པ་དེ་ད་ལྟ་ཕྱི་རྒྱལ་ལ་འཚོ་སྡོད་བྱེད་ཀྱི་ཡོད་རེད།
ད་དུང་ངས་ཁོང་གིས་བཀའ་བློན་གཞན་པ་སུ་སུ་ཡིན་མིན་ངས་ཞིབ་འཇུག་བྱེད་བཞིན་ཡོད།
རྗེས་སུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
བོད་ཀྱི་སྐུ་དྲག་ཞེས་པ་འདི་ས་སྐྱའི་དབོན་བརྒྱུད་ནས་ ༡༩༥༩ བར་གྱི་ཡག་ཉེས་ཀྱི་ལོ་རྒྱུས་རིང་པོ་ཞིག་ལས། ༥༩སྔོན་ཙམ་གྱི་སྐུ་དྲག་དང་དེའི་རྗེས་ཀྱི་སྐུ་དྲག་ཞེས་དམོད་པ་ནི། རང་རིགས་ཀྱི་འགོ་གཙོ་ཚོར་ཕྱྭ་དམོད་ཙམ་ལས་གཞན་ཕན་ཐོགས་གང་ཡང་ཡོད་མ་རེད། སྐྱོན་ཡོད་པ་ཙམ་གྱིས་ཕྱྭ་དམོད་བྱ་འོས་ན། ཁོང་དག་རྒྱ་ཡིས་བཙོན་འཇུག་བྱས་པ་ཡང་དགའ་འོས་པའི་གནས་སུ་ཐལ་བས། བཟོད་སྲན་དང་བོད་དོན་ཕུག་རྒྱང་རིང་པོའི་བསམ་བློ་གཏོང་དགོས་པའི་དུས་ཚོད་རེད། དེ་ཡིན་ཙང་བསྟན་རྣམ་ལགས་སམ་བཀྲ་དབང་ལགས་གང་རུང་ཞིག་ད་ལོའི་བཀའ་བློན་དུ་འཁོད་དགོས་འདུག
གལ་སྲིད་བློ་སེང་ལགས། བཀའ་འཁོད་ན་མི་འོས་པ་ག་ལ་ཡིན། འོན་ཀྱང་། སྐྱོན་ཆ་གཉིས་ཡོང་སྲིད་པ་རེད། དང་པོ་ནི། གཞུང་ཞབས་ལས་བྱེད་རྒྱུན་རིང་བྱེད་མཁན་ཚོར་བློ་ཕམ་ཞིག་བྱུང་སྲིད་པ་དང་། གཉིས་པ། ཉམས་མྱོང་མ་འདང་པའི་སྐྱོན་ཕྲན་ཚེགས་ལ་ཉེས་བཙུགས་ཀྱིས་ལོ་ལྔའི་བཀའ་ཁྲི་རྒྱུན་འཁྱོངས་ཐུབ་དཀའ་བའི་གནས་སུ་འགྱུར་སྲིད། ཅོ་རི་ཉི་མ་ལགས་སོགས་ཀྱི་ཆེད་དུ་བྲིས་པ་ཡིན།
དྲ་ཐོག་ནས་མཆན་བུ་འདྲ་མིན་འདེབས་སྟངས་ལ་བལྟས་ན་དམངས་གཙོའི་གོ་རྟོགས་གང་ལ་གང་འཚམ་སད་བསྡད་འདུག་སྙམ་པས་ན། རྒྱ་བློ་བཟང་སང་གེ་དང་བཀྲས་མཐོང་སུ་ཞིག་བཀའ་ཁྲིར་ཕེབས་ཀྱང་མ་འཇོན་པ་དང་། བཀའ་ཁྲིའི་ལོ་དུས་རྫོགས་པའི་འཇོན་ཐང་དེ་མེད་པའི་དུས་སུ། ངེས་པར་དུ་ལོ་ལྔ་བོ་མནར་འགྱངས་བྱེད་མི་དགོས་པར། དམངས་གཙོ་ཁ་བདང་བྱེད་སྤྱད་དེ་བཀའ་ཁྲི་ལས་གནས་དབྱུང་བཏང་སྟེ་བཀའ་ཁྲི་གསར་པ་ཞིག་འདེམས་ཆོག་གི་རེད་སྙམ།
བཀའ་བཀའ་བློན་དང་བཀའ་བློན་བཀའ་ཁྲི་ལ་བཅོས་རོགས་གནང།
འོ། ༣༡པ་དེ་༢༩པའི་དག་བཅོས་མཆན་བུ་ཡིན།
མིག་ལོང་དམིགས་བུ་མེད་པ་བྱེ་བ་སྟོང་ཕྲག་བརྒྱ།།
གནས་འདིར་འཛོམས་ནས་ཅི་ཞིག་གླེང་བར་གྱུར་ན་ཡང་།།
མུན་པའི་ཡུལ་ལ་སྒྲོན་མེའི་རེ་བ་གཅིག་ཀྱང་མི་འདུག་པས།།
ང་རང་སླར་ཡང་དམིགས་བུ་མེད་པའི་འགྲུལ་བཞུད་བྱེད་དགོས་བྱུང།།
རབས་འབྱམས་པ་ལགས།
ཁྱོད་ཀྱིས་ང་ཅོ་རིའི་ཆེད་དུ་བྲིས་པ་ཡིན་གསུངས་འདུག་ཀྱང་ངས་སྐུ་དྲག་བཀའ་ཁྲིར་ཕེབས་ན་མི་འགྲིགས་ལབ་སོང་ངམ། འདྲེ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་བརྒྱབ་ན་ཕན་ཐོགས་ཡོད་རེད་པས།
ང་ཅོ་རི་ཡང་རྒྱ་གོང་ཁྲན་གྱིས་གྲལ་རིམ་འཐབ་བརྩོད་སྐབས་སུ་ས་བདག་པ་ཞེས་འབོད་སའི་མི་ཚང་ཞིག་གི་བུ་ཡིན།
མ་གཞི་ནས་ཁྱོད་ཚོ་བཀྲ་མཐོང་བསྟན་རྣམ་ལ་རྒྱབ་སྐྱོར་བྱས་མཁན་ཚོ་ནི་སྨྱོ་པ་འདྲ་རྐྱང་རྐྱང་རེད་འདུག མིས་མ་ལབ་པའི་གནད་དོན་ལ་གསལ་བཤད་བྱས་ཡོང་གི་འདུག སུ་འགྲོ་སྟངས་རེད་དམ།
ཁྱེད་ཀྱིས་ངའི་སྐུ་དྲག་བཀའ་ཁྲིར་ཕེབས་ན་མི་འགྲིགས་ལབ་ཡོད་པ་དེར་གཅིག་སྟོན་རོགས་ཞུ། སྨྱོ་པ།
ཅོ་རི་ཉི་མ་ལགས་བདག་གི་མཆན་འདི་ལ་བསམ་ཚུལ་ཅི་ཞིག་ཡོད་དམ།
བློ་སེང་གིས་བོད་ནས་ སླེབས་པའི་མི་ཞིག་ཀྱང་བཀའ་བློན་དུ་འདེམས་རྒྱུ་ཡིན་ཞེས་པའི་བོད་ནས་ཕེབས་པའི་ བཀའ་བློན་ནི་དགའ་ལྡན་གྲྭ་བག་གྲོ་ལགས་རེད།
དེ་མིན་བུད་མེད་ཡོད་པ་ ཞེས་པའི་བུད་མེད་གཅིག་ནི་ད་ལྡ་སྤྱི་འཐུས་ལས་ཐོག་པ་ཞིག་རེད། བུད་མེད་གཞན་པ་དེ་ད་ལྟ་ཕྱི་རྒྱལ་ལ་འཚོ་སྡོད་བྱེད་ཀྱི་ཡོད་རེད།
ད་དུང་ངས་ཁོང་གིས་བཀའ་བློན་གཞན་པ་སུ་སུ་ཡིན་མིན་ངས་ཞིབ་འཇུག་བྱེད་བཞིན་ཡོད།
རྗེས་སུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
ཉམས་མྱོང་དང་འཇོན་ཐང་མཁས་ཚད་བཅས་རྒྱུ་མཚན་དུ་བཀོད་ན། སྐུ་དྲག་རྒྱུད་འཛིན་པ་བཀྲས་མཐོང་ཡག མི་མང་གིས་བཀའ་ཁྲི་བསམ་བློ་ཡར་རྒྱས་ཅན་དགོས་ན་བློ་སེང་བཟང་། དཔེར་ན། ཉམས་མྱོང་གང་ཡང་མེད་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ད་སྔ་ཨ་རི་མགོ་རྟིང་སློག་མེད་པ་མཐོང་གསལ་རེད།
བོད་གཞུང་བཀའ་ཤག་ཐུགས་རྒྱུས་མེད་པའི་མིའི་འར་གཏམ་བཤད་ནས་མི་མང་མགོ་བསྐོར་གཏོང་བཞིན་ཡོད་པ་མ་ཟད་ས་འོག་ཏུ་དར་ཐག་བསྐྲམས་ནས་ཆབ་སྲིད་ཀྱི་འཁྲབ་སྟོན་མང་པོ་བཤམ་དང་ཤོམ་བཞིན་པ་རྣམས་ནས་དགྲ་དགའ་གཉེན་སྡུག་གི་ལས་དོན་མ་སྤེལ་རོགས་གནང་བཞེས་རེ་བ་ཞུ་རྒྱུ་ཡིན། དེ་སྔོན་དངོས་ཡོད་ཀྱི་གནས་ཚུལ་ཅུང་བཤད་ཀྱང་དྲྭ་བདག་ནས་གཙང་སུབ་བྱས་པར་བློ་ཕམ་ཡོད།
བློ་སེང་བཤད་དུས་བློ་སེང་བཟང་ཞིང་བཀྲས་མཐོང་ངན་རབ། བཀྲས་མཐོང་བཤད་དུས་བཀྲས་མཐོང་བཟང་ཞིང་བློ་སེང་ངན་རབ། ད་ག་རེ་རེད་སྒང་ཁའི་དར་ལྕོག་ནང་བཞིན་བརྟན་པོ་མེད་པ། གང་ལྟར་ཁྱེད་ཚོས་གང་བཤད་ཀྱང་བདག་ལ་དབང་བའི་འོས་ཤོག་རྐང་ཅིག་དེ་བློ་སེང་ལ་འབུལ་ནི་ཡིན།
བལ་ཡུལ་ནང་གི་བོད་མའི་སྤྱི་ཚོགས་ནང་ཡ་མཚན་གྱི་གནས་ཚུལ་ཞིག
དེ་སྔ་བལ་ཡུལ་ནང་བོད་པ་བཙན་བྱོལ་བ་དག་ལ་བསྡུ་འཛོམས་རང་དབང་ཅུང་ཡོད་ནའང་། སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་ད་བར་བལ་ཡུལ་ནང་བོད་པ་བཙན་བྱོལ་བ་རྣམས་ལ་བསྡུ་འཛོམས་ཀྱི་རང་དབང་མེད་པ་མ་ཟད་བོད་པའི་མཐུན་མོང་མ་ཡིན་པའི་དུས་དྲན་ཁག་ལ་དྲགས་ཆགས་ཡོངས་སུ་སྤྲས་པའི་བལ་པོའི་ཉེས་རྟོགས་པ་དག་གི་བོད་པ་གནས་སྡོད་བྱེད་པའི་དགོན་པ་གྲྭ་ཚང་སོགས་མཐའ་བསྐོར་ནས་ཕྱི་ལ་མི་གཏོང་བ་སོགས་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ཀྱང་། ཟླ་འདིའི་ཚེས་ཤར་ལ་བལ་ཡུལ་མདོ་སྟོད་མི་མང་གི་བསྡུ་འཛོམས་སྤྲོད་སྐྱིད་ཐུགས་དྲོ་ཟབ་རྒྱས་ཉིན་གསུམ་གཏང་ཡོད་པ་ཡིན། ཡ་མཚན་པ་ཞིག་ལ་བལ་ཡུལ་ཉེས་རྟོགས་པས་བཀའ་རྙོག་གཅིག་ཀྱང་བཤད་མེད། དེ་བས་ཀྱང་ཐུགས་སྤྲོ་དེར་ཤོ་སྦག་རྒྱན་འཛུགས་ཤུགས་ཆེན་བྱས་རྐྱེན་ནེ་སྒོར་འབུམ་བཅོ་ལྔ་བཅུ་དྲུག་ཤོར་བ་བྱུང་ཡོད་པས་དེ་དག་༸གོང་ས་མཆོག་གི་བཀའ་དང་ཡོངས་སུ་འགལ་བ་ཞིག་ཡིན་པས་དེ་དག་ལ་ངེས་པར་ཟབ་དགོས་པ་མ་ཟད། ད་ཆ་བོད་མི་མང་པོའི་སེམས་ནང་དེ་སྔོན་བལ་ཡུལ་བོད་མའི་འོས་ཤོག་ཉེས་རྟོགས་པས་བཙན་འཕྲོག་བྱས་པ་དེ་དོགས་གཞིའི་གནས་སུ་གྱར་ཡོད་པ་དང་། དེ་ཡང་མཆོད་རྟེན་ཁུལ་དུ་བཀའ་བློན་བཀྲས་མཐོང་ལ་རྒྱབ་བསྐྱོར་ཤུགས་ཆེན་ཡོད་ཀྱང་དེ་དག་བཙན་འཕྲོག་བྱས་ཡོད་པས་དེ་ནི་རྟེན་དབང་གི་བྱུང་བ་ཞིག་ཡིན་ནམ་ཡང་ན་ངན་ཇུས་གང་ཞིག་ཡོད་དོགས་འཆར་སྣ་ཚོགས་ཡོངས་བཞིན་ཡོད་པ་ཡིན། དེ་ནི་ཧ་ཅང་དངངས་ཚབ་སྐྱེ་དགོས་པ་ཞིག་ཏུ་གྱུར།
བཟོད་པ་ལགས་ཁྱེད་ཀྱིས་བཤད་པར་རྒྱུ་མཚན་འདུག
ཨ་ཁ། བཀྲས་མཐོང་གི་མགོ་ཐོག་ལ་ཆགས་སྒོ་ལྷུངས་འདུག རྒྱ་ནག་གཞུང་དང་། བལ་ཡུལ་གཞུང་། བོད་རིགས་ཁག་གཅིག་བཅས་ཕྱོགས་གསུམ་ནས་བཀྲས་མཐོང་ལ་སྡང་ཟུག་འདི་འདྲ་བྱེད་ཡས་ཀྱི་ལས་
ངན་པ་གང་ཞིག་བསགས་པ་ཡིན་ནམ། ད་འོ་ན་བཀྲས་མཐོང་གི་ཁ་གཏད་དེ་སྟོབས་ཆེན་པོ་ཞིག་རེད་འདུག དེ་ལས་རིག་པ་དྭངས་གསལ་གྱི་སྒོ་ནས་ཁ་གཏད་ཀྱི་འབྲེལ་ཐག་གི་སྣེ་མོ་དེ་གར་སླེབས་ཞིབ་ཏུ་འཚོལ། །
ཅོ་རི་ཉི་མ་ལགས། ང་དང་པོ་སྨོན་ལམ་རྒྱག་མི་ཆོག་པ་དང་། རྒྱུ་མཚན་ཤོད་ཤོག་ཟེར། རྒྱུ་མཚན་བཤད་ན་ང་སྨྱོ་པ་རེད་ཟེར། ཨ་ཁ་ཁྱོད་འདྲ་བ་ངས་རྙིང་རྗེས་ཡུལ་དང་བཟོད་སྲན་གྱི་དགེ་རྒན་དུ་བསྐོས་ཚར།
ཁྱེད་ཚོས་གི་སེམས་ནང་ལ་ཀ་འདྲ་དྲིན་གྱི་འདུག
ཁ་བརྡ་ཚང་ལགས་རྩོམ་ཡིག་གསར་པ་ཞིག་སྐོར་རོགས་གནང་མ་གཏོགས་ཕལ་ཆེར་རྒོ་བརྒྱབ་ཚར་སོང་།
བསྟན་པ་དར་རྒྱས་སྒབ་ཤི (ཁ་ཎ་སྒྲ)ལགས་གཟིགས་དང་། སྐུ་ངོ་ག་འདྲ་རྫིག་པོ་འདུག ངོ་གནས་ཁྲབ་སྟོན་པ་འདྲ་བོ་འདུག
སྐུ་ངོ་་ལགས་ཀྱི་པར་དེ་རྙིང་པ་བཞག་
འདུག་་དེ་ལ་རྒྱུ་མཚན་གང་ཡོད་དམ
མཆན་ཞིག་བཀོད་ན་འདོད་པས་འགོད་ཐུབ་ཀྱིན་མི་འདུག།
ཀ་ཡེ།
དྲ་གྲོགས་དང་ཀློག་མཁན་རྣམ་པ་ཚོ་བཀྲས་མཐོང་དང་བློ་སེང་གཉིས་བཀའ་ཁྲི་སུས་འབྱོན་ཁོང་གཉིས་ཀྱི་གཏམ་བཤད་ཀྱི་ངག་རྩལ་དང་དྲི་བ་ཡི་ལན་འདེབས། ད་དུང་ཤེས་རབ་རྣམ་འབྱེད་ཀྱི་རྩལ་སུ་བཟང་ལ་བགྲོ་གླེང་དང་བཅའ་འདྲི་སྐབས་ཀྱི་གློག་བརྙན་དང་རླུང་འཕྲིན་ཡོད་ཚད་ལ་ཞིབ་གཟིགས་བྱོས་དང་མཐའ་མའི་འོས་ཤོག་སུ་ལ་བླུག་དགོས་པ་ཁྱོད་ལ་ངེས་ཤེས་ཕུ་ཐག་ཆོད་པའི་ཡིད་ཆེས་བཤའ་མ་ཞིག་བསྟེར་ངེས། དེ་མིན་རང་ཚུགས་དབེན་པའི་དྲང་བདེན་དང་ལྷག་བསམ་དོར་བའི་དཀྲུགས་ཤིང་པ་རེ་ཟུང་གིས་མཆན་བུ་ཁོ་ན་ལ་ལྟོས་དང་ཇི་སྲིད་བར་དུ་ཁྱོད་ལ་ཡིད་ཆེས་དང་གདིང་འཇོག་ཆོག་པའི་བཀའ་ཁྲི་ཞིག་ནམ་ཡང་རྙེད་མི་ཐུབ།། །།
མ་གཞི་ནས་མཆན་བུ་བཀོད་མཁན་རྣམས་ལ་དཔྱད་ཞིབ་གྱིས་དང་དེ་དག་གི་མིའི་སྤུས་ཚད་དང་མི་ལ་ལྡན་དགོས་པ་དྲང་བདེན་དང་ལྷག་བསམ་རྣམ་དཔྱོད་བཅས་ཇི་ཙམ་ཡོད་མེད་དབྱེ་འབྱེད་བྱེད་ཐུབ་པ་མ་ཚད་རང་ཉིད་ལ་ཡང་བསམ་བློ་གཏོང་སྟང་འཕར་མ་ཞིག་མི་སྟེར་བ་མ་ངེས།།
བཀྲ་ཤིས་དབང་འདུས་ཀྱི་བཀའ་སློབ་གནང་བ་དེ་ལ་ཡིད་མོས་ཆེན་པོ་བྱུང།
དུས་བབས་ཀྱི་དྲྭ་རྒྱར་གཟིགས་དང།
ཁོང་ནི་མི་གཤིས་འཇམ་ལ་ལས་ཀ་དུས་ཐོག་ཏུ་གནང་མཁནཞིག་དང་མགོ་བདེ་དྲན་འཕྲུལ་དེ་འདྲ་མི་བྱེད་མཀན་ཞིག་ཏུ་མཐོང་འོས་བླུག་རྒྱུའི་གོ་སྐབས་བྱུང་ཚེ་ཁོང་ལ་འོས་འཕེན་རྒྱུ་ཡིན།
ཐག་བཅད་ཚར།
བཀྲས་མཐོང་གིས་༧སྐྱབས་མགོན་རིན་པོ་ཆེ་ཨ་རིར་གདན་འདྲེན་ཞུས་པ་རེད་ཟེར། ཇི་ལྟར་ཞུས་པ་རོབ་ཙམ་ཤོད། མི་ཚེའི་ནང་གོ་མ་མྱོང༌། དེང་མི་ཁ་ཤས་ཀྱིས་བསྟོད་ཆེ་དྲགས་ནས་བོད་མི་བཙན་བྱོལ་བ་དང་གསར་འབྱོར་རོགས་སྐྱོར་ཚང་མ་ཁོང་བརྒྱུད་ནས་ཐོབ་པ་རེད་ཟེར། བསྟོད་ཆེ་དྲགས་ན་ཟོག་པོར་བཏང་ཡོང༌། ད་དུང་དོགས་འདྲི་ཞིག་ཡོད། དམིགས་སྐུ་ཚབ་གནང་བ་རེད་ཟེར། ད་སྐབས་གཉན་ཕྲན་ཅན་གྱི་དུས་སྐབས་འདིར་༧སྐྱབས་མགོན་རིན་པོ་ཆེས་ཁོང་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་མ་གནང་བ་དེས་ཁོང་ལ་དེ་འཇོན་གྱི་མེད་པའི་རྟགས་མིན་ནམ།
ཤེས་བྱ་རྩོམ་སྒྲིག་པ་གནང་བ་རེད་ཟེར། ཁོང་གི་བོད་ཡིག་གི་རྩོམ་གཅིག་ཀྱང་མཐོང་མྱོང་མེད། ཆེས་སྔ་མོ་ནས་རྩོམ་སྒྲིག་གི་ཕྱག་ལས་གནང་གི་ཡོད་ན་ཁོང་གི་བྲིས་གནང་བའི་བོད་ཡིག་ཕྱག་དེབ་གཅིག་ཀྱང་མཐོང་རྒྱུ་མི་འདུག་པ་གང་ཡིན་ནམ།
ཁྱེད་ཀྱི་འགྲོ་མ་མྱོང་བའི་ས་ཆ་ད་དུང་མང་པོ་ཡོད་རེད།
ཁྱེད་ཀྱི་གོ་མ་མྱོང་བའི་སྐད་ཆ་ཡང་ཤིན་ཏུ་མང་པོ་ཡོད་རེད།
བསྟན་འཛིན་རྣམ་རྒྱལ་ ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་བཞེས་པའི་རིང་ གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་གཞན་ཞིག་བསྒྲུབས་ཡོད་པ་ནི། ༸གོང་ས་མཆོག་ཨ་རིར་ཐེངས་དང་པོའི་འཚམས་གཟིགས་སུ་གདན་འདྲེན་ཞུ་ཐུབ་པ་དང་། གདན་ འདྲེན་ཞུས་པའི་བརྒྱུད་རིམ་ནང་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་རྣམས་ཧ་ཅང་ འཐུས་གཙང་བྱུང་བ་དེ་ཡིན། ཨ་རིའི་གཞུང་ངོས་ནས་རྒྱབ་སྐྱོར་དང་སྐུལ་མ་བྱེད་མིན་ལ་མ་ལྟོས་པར་ཨ་རིའི་ གྲོས་ཚོགས་ཀྱི་འཐུས་མི་(Charlies Rose) གིས་གཙོས་གྲོགས་པོ་རྣམས་དང་ལྷན་དུ་ཕྱག་ལས་བརྩམས་ཡོད། དེ་ཡང་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་དང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག དེ་བཞིན་ནང་པའི་སྡེ་ཁག་གི་ཉམས་མེད་རོགས་སྐྱོར་ལ་བརྟེན། ཁོང་གིས་ལུགས་མཐུན་གྱི་ཐོག་ནས་༸གོང་ས་མཆོག་གི་འཚམས་གཟིགས་གོ་སྒྲིག་གནང་ཡོད།
ཕྱི་ལོ་ ༡༩༦༢ ནས་ ༡༩༦༨ བར་བཙན་བྱོལ་བོད་གཞུང་ལ་སྲི་ཞུ་བ་ཤིན་ཏུ་མཁོ་བའི་སྐབས་ཡིན་པས་ཁོང་གིས་སྤྱི་ལོ་ ༡༩༦༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་སུ་དྲུང་ཡིག་དང་ལོ་ཙྭ་བའི་འགན་འཁུར་བཞེས། ཕྱི་ ལོ་ ༡༩༧༡ ནས་ ༡༩༧༣ བར་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་དྲུང་གཞོན་གྱི་ལས་འགན་བཞེས་ཡོད། ཕྱི་ལོ ༡༩༧༣ ནས་ ༡༩༨༦ བར་ཨ་མི་རི་ཁའི་གྲོང་ཁྱེར་ནེའུ་ཡོག་གི་བོད་གཞུང་དོན་གཅོད་ཁང་དུ་༸གོང་ས་ མཆོག་གི་སྐུ་ཚབ་དོན་གཅོད་ཀྱི་འགན་འཁུར་བཞེས་པའི་མུར། ཕྱི་ལོ་ ༡༩༨༠ ལོར་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་གཉིས་པའི་ཚོགས་གཙོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༦ ནས་ ༡༩༩༣ ལོ་བར་ཨ་རིའི་རྒྱལ་ས་ཝོ་ཤིང་ཀྲོན་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ཡོད།
ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་དམིགས་བསལ་བོད་མི་མང་གྲོས་ཚོགས་ཀྱིས་འདེམས་ཐོན་བྱུང་བའི་བཀའ་བློན་གསུམ་ གྱི་གྲས་ཤིག་ཡིན། དུས་ཡུན་དེའི་རིང་ཁོང་གིས་དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་བཅས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་ཅིང་། ཕྱི་ལོ་ ༡༩༩༤ ནས་ལོ་གཅིག་རིང་བཀའ་བློན་ཁྲི་པའི་འགན་འཁུར་བཞེས།
ཨ་རོགས་དཀོན་མཆོག་ཁྱེད་ལ་དྲི་བ་ཞིག་ཡོད།
བློ་བཟང་སེང་གེའི་ངོ་སྤྲོད་དེབ་སྔོན་དེའི་ནང་ལ་ ༢༠༠༣ ་ལོར་སྔོན་དུས་མི་གང་གིས་གོ་སྒྲིག་བྱ་མ་མྱོང་བ
༸གོང་ས་མཆོག་དང་རྒྱ་ནག་ གི་མཁས་དབང་ ༣༥ ་དབར་མཇལ་འཕྲད་ཀྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་ཅེས་བྲིས་འདུག དེ་འདྲ་ཡིན་ན་༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༠༨ ་ལོ་ནས་བཟུང་སྟེ་དམིགས་བསལ་གྱི་བོད་རྒྱ་མི་རིགས་དབར་འབྲེལ་ལམ་ཡག་པོ་ཡོང་ ཆེད་ཕྱི་རྒྱལ་ཁག་ལ་ཆེད་མངག་སྐུ་ཚབ་བཙུགས་ཡོད་དངོས་ གནས་བློ་བཟང་སེང་གེ་རྒྱ་མིའི་མཁས་དབང་འབྲེལ་ལམ་ཡག་པོ་ཡོད་ན་༸གོང་ས་མཆོག་ གིས་ག་རི་བྱས་ནས་བློ་བཟང་སེང་གེ་་སྐུ་ཚབ་ལ་མི་བཙུགས་པ་ཡིན་ནམ།
བསྟན་རྡོར་ལགས་ཀྱིས་ལགས་ཀྱིས་ཡག་པོ་ཞེ་དྲག་གསུངས་འདུག མདའ་འདི་ནས་བརྒྱབ་སྟེ་མདེའུ་འདི་རུ་ཐོན་སོང་ཟེར་ཡས་ཀྱི་དཔེ་ལྟར་ཐམས་ཅད་ལ་དཔང་རྟགས་འདུག རྟ་ཕོ་བྲེས་ལ་བཏགས་ན་གོང་ཐང་མིས་བརྒྱབ་ཡོང་ཞེས་པ་དངོས་གནས་རེད་འདུག ངས་བཏང་བཏང་བྱུག་བྱུག་ཤོད་མཁན་དེ་ལ་ཡིད་ཆེས་མེད། བྱས་ཡོད་ན་མིས་བཤད་ཡོང་གི་རེད། སོ་སོས་ཤོད་དགོས་ཡས་ཡོད་པ་མ་རེད།
སྦི་སྦི་སི་གསར་འགོད་པ་ཨ་རོགས་བསྟན་རྡོར། དངོས་གནས་བློ་བཟང་སེང་གེ་རྒྱ་མིའི་མཁས་དབང་འབྲེལ་ལམ་ཡག་པོ་ཡོད་ན་༸གོང་ས་མཆོག་ གིས་ག་རི་བྱས་ནས་བློ་བཟང་སེང་གེ་སྐུ་ཚབ་ལ་མི་བཙུགས་པ་ཡིན་ནམ་ཟེར། དྲི་བ་འདི་སུ་ལ་འདྲི་བ་ཡིན། ༸སྐྱབས་མགོན་རིན་པོ་ཆེར་དྲི་བ་ཡིན་དང་བློ་བཟང་སེང་གེ་ལ་འདྲི་བ་ཡིན། བློ་བཟང་སེང་གེ་རྒྱ་དང་འབྲེལ་བ་ཡོད་པ་ངས་བཤད་རྒྱུ་མ་བྱུང༌། མ་གཞི་རྒྱ་དང་འབྲེལ་བ་ཡོད་ཚད་སྐུ་ཚབ་བསྐོ་གི་རེད་སུས་ཟེར། རྒྱ་དང་འབྲེལ་བ་རྒྱལ་ལོ་དོན་གྲུབ་ཆེ་བ་ཡོངས་གྲགས་རེད། ག་རེ་བྱས་ནས་རྒྱ་རི་བསྐོས་པ་ཤེས་ཀྱི་ཡོད་ཤག
སྐུ་ངོ་བཀྲས་མཐོང་༡༩༩༣་ལོའི་བར་སྐུ་ཚབ་བྱས་པ་རེད་ཟེར། ཏག་ཏག་རེད། ༡༩༩༣་ལོར་རྒྱ་བོད་གཉིས་འབྲེལ་བ་ཆད་པ་རེད། སུ་ཡི་མ་འགྲིག་པ་ཡིན་པ་མི་ཤེས། གཅིག་མ་འགྲིག་པ་ཐག་ཆོད་པ་རེད། དེ་ནས་ལོ་བཅུ་ཙམ་གྱི་རྗེས་བཀའ་ཤག་གསར་པ་དང་སྐུ་ཚབ་གསར་པ་དེ་ཚོས་འབྲེལ་བ་བསྐྱར་གསོ་བྱས་འདུག ཁྲིམས་ལུགས་ཀྱིས་ལོ་དུས་རྒྱས་བཅད་མེད་བཞིན་དུ་ལས་ཀ་མ་ཚར་གོང་ནས་ཕྱིར་འབུད་བྱེད་ཡོང་བ་དེས་ག་རེ་མཚོན་པ་རེད།
ཡང་ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་དམིགས་བསལ་བོད་མི་མང་གྲོས་ཚོགས་ཀྱིས་འདེམས་ཐོན་བྱུང་བའི་བཀའ་བློན་གསུམ་གྱི་གྲས་ཤིག་ཡིན། དུས་ཡུན་དེའི་རིང་ཁོང་གིས་དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་བཅས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་ཡོད་ཟེར་བ་དང༌། ཡང་༡༩༨༦ ནས་ ༡༩༩༣ ལོ་བར་ཨ་རིའི་རྒྱལ་ས་ཝོ་ཤིང་ཀྲོན་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་འགན་བཞེས་ཡོད་ཟེར། འོ་ན་ཝོ་ཤིང་ཊོན་དུ་བཞུགས་ནས་དཔལ་འབྱོར་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དྲིལ་བསྒྲགས་ལས་ཁུངས་བཅས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་པ་ཡིན་ནམ། ཝོ་ཤིང་ཏོན་ལ་བཞུགས་ནས་ལྷན་ཁང་གསུམ་གྱི་བཀའ་བློན་གནང་མཁན་ཁོང་སྤྲུལ་པ་འདྲ་པོ་ཡོད་མ་རེད་དམ།
སྐུ་ངོའི་བཀའ་དྲིན་ལས་༸སྐྱབས་མགོན་རིན་པོ་ཆེ་ཨ་རིར་འགྲོ་ཐུབ་པ་རེད་ཟེར། དེ་ལ་ནམ་ཡང་མོས་མཐུན་མེད། ༸སྐྱབས་མགོན་རིན་པོ་ཆེ་ལ་ཡར་བཀའ་དྲིན་ཆེ་བ་ཞིག་ང་ཧང་སང་སོང༌། སྐབས་དེར་དུས་དང་དེ་སྔོན་ནས་ཨ་མི་རི་ཁས་སྐྱབས་མགོན་རིན་པོ་ཆེ་ལ་ལག་པ་ཚུར་གཏོང་བཞིན་ཡོད་རེད། ཁོང་ཨ་རིའི་ཕེབས་པའི་སྐོར་དེ་མཛད་རྣམ་རྙིང་རྗེའི་རོལ་མཚོ་དེབ་བརྒྱད་པ་ནང་བཏོན་འཆར་འདུག དེའི་ནང་ལ་བཀྲས་མཐོང་གིས་བྱས་རབས་བཀོད་མི་འདུག ད་ལྟ་བསྒྲིག་བཞིན་པ་རེད། ཡིད་མ་ཆེས་ན་སྐུ་ངོ་བསོད་ནམས་སྟོབས་རྒྱལ་ལ་བྲིས། མཛད་རྣམ་ཐོན་རྗེས་ངོ་ཚ་པོ་བཟོ་ཡོང༌།
ང་རང་བསྟན་འཛིན་རྣམ་རྒྱལ་ལ་དགའ་པོ་ཡོད། བློ་སེང་ལྟར་འུར་དང་རང་བསྟོད་མི་གནང་བར་མི་གཤིས་འཇམ་པོ་དང་ཁོག་པ་ཆེ་མདོག་ཁ་པོ་འདུག ཡོན་ཏན་དང་ཉམས་མྱོང་ཡོད་ཡོད་རེད། འོན་ཀྱང་ཚད་ལས་བརྒལ་བ་བསྟོད་ན། ཧ་ཅང་བྱམས་པ་ཆེ་དྲགས་ན། །ཐ་མ་འཁོན་གྱི་རྒྱུ་རུ་འགྱུར། །ཧ་ཅང་བསྟོད་པ་ཆེ་དྲགས་ན། །ཕན་པ་ལས་ཀྱང་གནོད་པ་ལྕི། །ཧ་གོ་བ་གྱིས།
རང་ཉིད་ཀྱིས་བཀའ་ ཁྲིའི་འོས་བླུགས་སའི་འོས་མི་དེ་ཇི་ཙམ་མཐོ་བོར་སླེབས་ཡོད་པ་དེའི་ཚོད་ཀྱིས་ རང་ལ་སྤྲོ་སྣང་ཞིག་དང་། དེ་དང་དེའི་ཁ་གཏད་ལྟ་བུ་ཕམ་པར་མཐོང་ཚེ་རང་བཞིན་གྱིས་ཁོང་དགོད་ཅིག་ཡོང་བཞིན་ པ་ནི། དེ་རིང་ཁ་སང་གི་བཙན་བྱོལ་སྤྱི་ཚོགས་ནང་སྐབས་ཐོག་གི་དོ་སྣང་བྱེད་ཡུལ་ཞིག་ ཡིན། འདི་ལྟར་བལྟས་ན། བཙན་བྱོལ་གྱི་གནས་སྟངས་དེ་ཧ་ཅང་ཉམས་ངན་གྱི་གནས་སུ་ལྷུང་ངེས་པ་དང་། འགྲོ་སྲིད་པའི་རྟགས་མཚན་ཁག་ཅིག་ད་ལྟའི་བཀའ་ཁྲིའི་འོས་བསྡུའི་ནང་མངོན་པར་ སླེབས་བཞིན་པ་དེ་ཡིན། ཨ་རིིར་གནས་སྡོད་བློ་བཟང་སེངྒེ་བཀའ་ཁྲིའི་འོས་མིར་ལངས་ནས་རང་གི་མིང་མཐོང་ ཙམ་གྱི་ཆེད། གང་ལ་ཡང་བསམ་ཤེས་མེད་པར། བཀའ་བློན་ཁྲི་པའི་མིང་ཙམ་ལ་འཐམ་ནས་སླེབས་བཞིན་པ་དེར་བོད་རིགས་ན་གཞོན་མང་པོ་ ཞིག་གིས་དགའ་བསུ་བྱེད་པ་ནི། མགོ་སྟོང་གིས་མགོ་སྟོང་བསུས་པ་ལས་གཞན་ཅི་ཡང་མིན་སྟབས། ང་ཚོ་ཀླད་པ་སྟོང་བའི་ལས་འགུལ་དེར་ཡིད་ཐང་ཆད། ངས་ནམ་རྒྱུན་བཙན་བྱོལ་སྤྱི་ཚོགས་འདི་ནས་སྐྱུག་བྲོ་བའི་ཟློས་གར་མང་པོ་ཞིག་ མཐོང་མྱོང་བའི་ལེ་ཚན་ཞིག་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆའི་མང་ཆེ་བ་ནི། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་རྒྱུས་ལོན་གང་ཡང་མེད་པར། ས་གནམ་གཉིས་ཀའི་བར་ནས་ཐལ་རྡུལ་དང་མཉམ་དུ་གུ་ཅོ་སྒྲོག་བཞིན་རླུང་ཐན་ཞིག་གིས་ ཁུར་ནས་འགྲོ་བཞིན་པའི་གནས་སྟངས་དེ་རེད། ངས་ཧ་ཅང་གསལ་ཁ་དོད་པོ་དང་། ལྷག་བསམ་རྣམ་དག་སྒོས་བོད་རིགས་ཚོར་རེ་འབོད་བྱེད་འདོད་པ་ཞིག་ནི། ང་ཚོའི་བསམ་བློའི་གོ་རྟོགས་དང་། ཤེས་ཡོན་གྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་མཁན་ཞིག་དགོས་པ་ལས། ད་ལྟའི་བཀའ་བློན་ཁྲི་པ་ཞིག་གིས་རྒྱ་ནག་གཞུང་གི་ལག་ནས་རང་དབང་རང་བཙན་སོགས་ གང་ཡང་ལེན་མི་ཐུབ་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་སྟབས། ང་ཚོས་མུ་མཐུད་རང་ཉིད་ཀྱི་མི་རིགས་སྲུང་སྐྱོབས་བྱེད་ཐབས་ལ་སྲི་ཞུ་སྒྲུབ་ ཐུབ་མཁན་ཞིག་བཀའ་ཁྲིར་འདེམས་དགོས་པ་ལས། ཀླད་པ་སྟོང་བའི་ཕོ་སར་ཞིག་བཀའ་ཁྲིར་འདེམས་པ་ནི། རང་རེ་མལ་ས་ནས་འཆི་ལམ་དུ་སྙེག་པའི་སྟ་གོན་ངོ་མ་རེད་ཅེས་ཤོད་འདོད་བྱུང་། བློ་བཟང་སེངྒེས་ཆེས་དགོད་བྲོ་བའི་སྐད་ཆ་འདི་ལྟ་བུ་ཞིག་བཤད་ཡོད་དེ། ང་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་ལོན་ཟབ་པོ་ཡོད། གང་ལགས་ཤེ་ན་ངའི་པ་ལགས་དང་། བཟའ་ཟླ་དེ་ཚོ་ཞལ་འདོན་འདོན་རྒྱུར་དགའ་བོ་ཡོད་ཅེས་བཤད་་་་་་སྐད་ཆ་འདིས་ནི་ རྩོད་གླེང་གང་ཡང་མི་དགོས་པའི་ཐོག་ནས་བློ་བཟང་སེངྒེའི་བོད་ཀྱི་ཆོས་དང་རིག་ གཞུང་གི་གོ་རྟོགས་གསལ་འདོན་བྱས་པ་རེད། དེར་བརྟེན་ངས་ནམ་ཡང་རང་ཉིད་བླུན་པོ་ཞིག་ལ་དབུ་ཁྲིད་བླུན་པོ་ཞིག་མི་ཡོང་བར་ རེ་སྒུག་བྱས་ནས་ཡོད།
དྲ་གྲོགས་ཚོའི་སོ་སོའི་བསམ་ཚུལ་ལེགས་པོ་ཞིག་བརྗོད་འདུག་པས་དགའ་བསུ་ཞུ་།།
མ་འོང་བཀའ་ཁྲི་དེ་སུ་ལ་འོས་མིན་བཤད་དཀའ་ན་ཡང་།
ཆོལ་གསུམ་སྤོན་ཟླའི་རེ་འདུན་བྱས་ས་དང་།གོང་༸ས་མཆོག་གིས་ཐུགས་རེ་གནང་བའི་ཤེས་འལོན་གཉིས་ལྡན་གྱི་གཞོན་སྐྱེས་ཤིག་དགོས་གལ་ཅེ་བ་མཐོང་ལགས་།
༸གོང་ས་མཆོག་དང་བོད་མི་མང་གིས་ཐུགས་རེ་གནང་སའི་བཀའ་བློན་ནི་བོད་མི་མང་གི་དོན་དུ་ལས་དོན་གྲུབ་ཐུབ་མཁན་ཞིག་ཡིན་པ་ལས་དཔུང་ཁག་བསྒྲིགས་མཁན་གྱི་མི་ཞིག་ང་ཚོའི་རེ་བ་བཅོལ་ས་དེ་མ་རེད།
བློ་སེང་གིས་དཔུང་ བསྒྲིགས་མ་མྱོང་བ་རེད་ཨེ། སྔོན་མ་ལྡི་ལི་ལ་ཡོད་དུས། དཔུང་བསྒྲིགས་ནས། འཆི་མེད་ཚེ་རིང་ཁོང་ཚོར་དཀའ་ངལ་ག་ཚོད་བཟོས་སོང་། ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་དྲ་ལངས་དུས། ཡང་དཔུང་བསྒྲིགས་ནས་ཆུ་སྒང་གསར་བ་ཟེར་བ་དེའི་ནང་ལས་ཀ་བྱས་སོང་། ཨ་རི་ལ་དམིགས་བསལ་བྱས་ནས་བཏང་དོན་ག་རེ་རེད། ཆབ་སྲིད་འཁྲབ། དཔུང་བསྒྲིགས་པའི་སྟབས་ཀྱིས་བཏང་བ་རེད། ད་ཡང་འདི་ལ་དཔུང་བསྒྲིགས་ཡོང་གི་འདུག་ག
ཁ་ནས་དཔུང་བསྒྲིགས་པར་ཡོང་ཡིན་ཞེས་མངོན་གསལ་དུ་བཤད་ནུས་དུས། ལྐོག་ལ་ག་ཚོད་བྱེད་ཀྱིན་ཡོད་མེད་ཤེས་ཐུབ་བ་ཞིག་རེད།
བློ་སེང་ལ་དྲི་ལན་ གྱི་ཀུན་གླེང་དེ་བརྒྱུད་ཏེ་བསམ་ཡོད་ཅན་གྱི་མི་སྣ་དག་ལ་བསམ་བློ་གཏོང་རྒྱུའི་ གོ་སྐབས་ཤིག་རེད་སྙམ། རྣམ་རྒྱལ་ལགས་ཀྱིས་བློ་སེང་ལ་རྡ་ས་ཆུ་བཞི་སྒང་གི་དྲུང་ཆེ་བྱེད་མྱོང་བའི་ ཉམས་མྱོང་སྐོར་དྲིས་དུས་ལན་ག་རི་རྒྱབ་སོང་ཁྱེད་ཚོས་གསལ་པོ་གཟིགས་ཡོད་ཤག་ རེད། བློ་སེང་ལྡི་ལི་ཆུ་བཞི་སྒང་དྲུག་དང་འབྲེལ་བ་ཡོད་པ་གསལ་པོ་ཆགས་སོང་སྙམ།
དེ་མིན་དེ་སྐོར་ག་བྱས་ཏེ་གསལ་བོ་མི་ཤོད་པའི་རྒྱུ་མཚན་ཅི།
མི་རྗེ་ཟམ་གདོང་ཚང་གིས་
༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་
སེང་གེ་གསུམ་འཛོམས་ཞེས་པའི་རྩོམ་ཐུང་ཞིག་བྲིས་འདུག་དེའི་ནང་གི་སེང་གེ་གསུམ་གྱི་སྐོར་ལ་འབྲེལ་བཤད་རོབ་ཙམ་ཞུས་ན།
སེང་གེ་དང་པོ་ནི།
ཁོ་བར་འོས་ཤོག་ཐོབ་ཆེད་ འཛེམབག་སྤུ་ཙམ་མེད་པར་མི་མང་ལ་མགོ་སྐོར་བཏང་བ་། ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཡང་ ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་ རེ་སྤྲོད་དགོས་རེད་ཞེས་གསུངས་པ་དེ་གཉིས་སྔ་ཕྱི་ནང་འགལ་གྱི་སྐད་རབ་རིམ་པ་ ཤོད་ཀྱི་ཡོད་པ་དང་། དེ་སྔ་ལྡི་ལི་ཆུ་སྒང་གི་དྲུང་ཆེ་ནང་གནང་མྱོང་ཡོད་ཀྱང་ཁོ་བས་དེའི་སྐོར་མི་ མང་ལ་རྩ་བ་ནས་མི་ཤོད་པའི་རྒྱུ་མཚན་དང་ཁོ་བའི་སློབ་སྟོན་པ་གཙོ་བོ་བཀའ་ཟུར་ འཇུ་ཆེན་ཐུབ་བསྟན་ཡིན་བཞིན་ཏུ་ད་དུང་མི་མང་ལ་ཟབ་གདོང་རིན་པོ་ཆེ་ཉིད་ཀྱི་ སློབ་སྟོན་པ་ཞུ་ཡུལ་ཡིན་ཞེས་གསུངས་པ་དེའོ།
སེང་གེ་གཉིས་པ་ནི།
ན་ནིངས་གྲོས་ཚོགས་ནང་ལ་ དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་པ་ལྟར་ སེང་གེ་དེ་བཀའ་ཁྲིར་འོས་ཐོབ་པ་ཡིན་ན་ད་ལོ་ནས་འདི་ངའི་ཕྱོགས་གཏོགས་རེད་བཀའ་ བློན་ལ་འདེམས་རྒྱུ་ཡིན་ཁོ་ལ་ཤེས་འཇོན་ག་ཚོད་ཡོད་ན་ཡང་ངའི་ཕྱོགས་མ་རེད་བཀའ་ བློན་ལ་འདེམས་མིན་ཞེས་དཔུང་ཁག་བསྒྲིགས་རྒྱུ་ཡིན་པ་གཏན་ཁེལ་རེད། རྒྱུ་མཚན་ནི་ཁོ་བས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ ཡིིན༽མི་མང་དང་གཞུང་གི་ལས་བྱེད་མདུན་དུ་དེ་ལྟར་བརྗོད།
སེང་གེ་གསུམ་པ་ནི།
ལྡི་ལི་ཆུ་བཞི་སྒང་དྲུག་ སློབ་སྟོན་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་ལག་འབྲེལ་བྱས་ཏེ་ཡང་བསྐྱར་བོད་ སོག་ལས་ཁུངས་དང་གྲོས་ཆོད་བཞག་ཏེ་༸གོང་ས་མཆོག་དང་རྒྱལ་ཞེན་ཅན་གྱི་མི་སྣ་དག་ ལ་ཚུར་རྒོལ་བྱ་རྒྱུ་དེའོ།
ཉམས་མྱོང་། ལྷག་བསམ། འཇོན་ཐང་།
ཨ་རོགས་ཚོ་བློ་སེང་གི་ སྐད་ཆར་ཉོན་དང་། ༢༠༠༦ བློ་སེང་གི་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་མིར་ཐོན་ཀྱང་ཁོ་བས་དགོངས་པ་བཞུས་ ཡོད། རྒྱུ་མཚན་ནི་ཁོ་བ་བོད་མང་གི་སྤྱི་འཐུས་བྱས་ན་ཁོ་བའི་ལས་ཀ་ཤོར་དོགས་ཀྱི་ཁོ་ བས་སྤྱི་འཐུས་ཀྱི་འོས་ནས་ཕྱིར་འཐེན་བྱས་ཡོད། བོད་པའི་ཁ་དཔེར་ཆོས་བཤད་འཁྲམ་པའི་ཁ་ལ་ཡོད་ཟེར་བ་ལྟར་ཁོ་བས་༼ང་རང་་མ་་ཤི་་ བར་བོད་སྤྱི་པའི་རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་༽ཅེས་ མི་མང་མགོ་སྐོར་གཏོང་གི་ཡོད།
རྣམ་རྒྱལ་ལགས་ཀྱི་དྲི་ བ་ཁག་ལ་ཁོ་བས་ལན་ཐེབས་ཀྱི་མི་འདུག་འདྲེ་ཤར་སྒོར་བཞག་ཏེ་གླུད་ནུབ་སྒོར་བཏང་ ཞེས་པའི་དཔེ་ལྟར་ཁོ་བས་ཏན་ཏན་བོད་པའི་སྐད་ཡིག་གི་ཐོག་ལ་ཀླད་སྟོང་བ་རང་རེད་ འདུག
ཨ་རོགས་ཚོ་བསམ་བློ་ གཏོང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་གཞུང་གི་ཁ་གཏད་ རེད་དམ་ཡང་རྒྱ་དམར་གཞུང་གི་ཁ་གཏད་རེད། བློ་སེང་གིས་གཞོན་ནུ་ལྷན་ཚོགས་འདི་བོད་གཞུང་གི་ཁ་གཏད་རེད་ལབ་སོང་།
༸གོང་ས་མཆོག་གི་རྒྱ་ མི་་དང་མཐུན་འབྲེལ་བྱེད་དགོས་ཞེས་ ༢༠༠༨ ལོར་བོད་ནང་གི་གཟིངས་འཁྲུགས་ཆེན་པོ་ལངས་པའི་རྗེས་སུ་གསུངས་པ་ཞིག་ལས་ ༢༠༠༥ ནང་ལ་རྩ་བ་ནས་མེད་སྐུ་མཁྱེན་རྫུན་མི་ཤོད་རོགས།
ཁོ་བར་དྲི་བ་ཞིག་འདུག་ རྒྱུ་མཚན་གང་གི་ཕྱིར་འཕྲོད་བསྟེན་ཡིན་ན་འཕྲོད་བསྟེན་གྱི་ཐོག་ཉམ་མྱོངས་བསགས་ མྱོང་འདེམས་པའི་དགོས་པའི་རྒྱུ་མཚན་གང།
ག་དུས་ཡིན་ནའང་སྔ་ཕྱི་རྒྱབ་འགལ་རྐྱང་རྐྱང་མི་ཤོད་རོགས་བློ་སེང་།
ད་སྐུ་ངོ་བཞུགས་རོགས། སྔོན་མ་འགན་འཁྲི་ཉུང་བའི་སྐབས་སུ་ལོ་ལྔ་མ་འཁྱོལ་བ་ད་ཁག་པོ་མིན་འདྲོ།
མི་རབས་གསར་རྙིང་དང་སྐུ་དྲག་མི་དྲག་དབྱེ་འབྱེད་མཁན་པ་རྣམ་པ། སོ་མྱུལ་ཡིན་ན་མི་ཤེས། དེ་མིན་ སྨྲ་ཤེས་དོན་གོ་བའི་མིའི་མཚན་ཉིད་ཐོབ་དགོས་ན་མ་མཐར་ཡང་རང་ཚུགས་དགོས་པ་རེད།
༈ བོད་ལ་རང་བཙན་མེད། །བོད་མི་ལ་བཀའ་ཁྲི་མེད། །བཀྲའི་མཐོང་ལ་ཐོབ་མེད། །གཞོན་སྐྱེས་ལ་རེ་བ་མེད། ད་གང་ཡང་མེད་པས་གཉིད་སྐྱིད་པོ་ཞིག་ཁུག་ན་དགའ།
བཀྲའི་མཐོང་ལ་ཐོབ་ཐང་མེད། ཞེས་བསྒྱུར་རོགས་གནང་།
བཀྲས་མཐོང་ལ་ཐོབ་ཐང་མེད་ན་འབྲོང་བུ་སོག་ཚ་ལ་བྱུས་གཏོགས་མེད། ཕན་ཚུན་རྒྱལ་ཕམ་མེད། ཆ་ཡིན།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ངས་རྒྱབ་སྐྱོར་བྱེད་དགོས་དོན་
ཉམས་མྱོང་། ལྷག་བསམ། འཇོན་ཐང་།
དྲ་གྲོགས་རྣམས་པ་ལྷན་རྒྱས་ཚོས་ཞིབ་དཔྱད་ཡག་པོ་ཞིག་གནང་བ་ཡིན་ན།བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འགན་ཁུར་གནང་མྱོང་མཁན་བཀྲིས་མཐོང་གཅིག་པུར་ལས་གཞན་སུ་གང་གི་ཡང་གཞུང་དངུལ་ཁ་མ་འདོམ་བ་དང་རྩིས་ཆད་དེ་འདྲའི་རིགས་བྱུང་མྱོང་མེད་པ་མ་ཟད་གོ་ཐོས་ཙམ་ཡང་ཧ་ལམ་དཀོན་པོ་རེད་ཞེས་བརྗོད་ན་མི་འགྲིག་པ་ཞིག་གཏན་ནས་མེད།སོང་ཙམ་བཀའ་ཟུར་བཀྲིས་མཐོང་ལགས་ཀྱིས་ལྷག་བསམ་དང་སྤྱོད་ལམ་འཇོན་ཐང་ངོ་མ་དེར་ཚང་མས་ཧ་གོ་དོན་གསལ་རེད།ཡ་མཚན་སྐྱེ་དགོས་པ་ཞིག་ལ་བཀྲིས་མཐོང་གཅིག་པུར་དེ་འདྲའི་སྐབས་ཁེལ་དགོས་དོན་ཅི་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ།
ཨོ།དེ་སྔོན་ཋེ་ཝེན་སྲིད་འཛིན་ཟུར་པ་ཁྲིམ་ཧྲི་ཕན་ལ་ཋེ་ཝེན་མི་མང་གིས་དད་གུས་ཆེ་ཤོས་བྱས་སའི་ཋེ་ཝེན་གྱི་བུ་ཞེས་པ་དེས་གཞུང་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་འོག་བཙོན་འཇུག་བཀག་ཉར་བྱེད་སྐབས་ཋེ་ཝེན་མི་མང་ཙམ་མ་ཟད་འཛམ་གླིང་མི་མང་གང་མང་ཞིག་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར་ཡོད་ཀྱང་སྐབས་དེར་ཁྲིམ་ཧྲི་ཕན་ཀྱི་གཡོ་འོག་དུ་ཚུད་པའི་རྒྱབ་སྐྱོར་མི་སྣ་དག་གིས་ཉེས་མེད་དག་སེལ་དང་རྔམ་སྟོན་ཁྲོམ་སྐོར་ལ་སོགས་པ་སྤེལ་ཡོད་པ་མ་ཚད་ཁྲིམ་ཧྲི་ཕན་ཁོ་རང་གིས་ཀྱང་འདྲ་ཆགས་པོས་ཐོག་ཟས་བཅད་ངོ་རྒོལ་ཡང་བྱས་སོང་ཀྱང་།སྐབས་དེར་གཞུང་དངུལ་ལྐོག་ཟ་བྱས་ཡོད་པའི་ར་འཕྲོད་གསལ་པོ་བྱུང་ནས་ཚེ་བཙོན་ཁྲིམས་ཐག་བཅད་པ་དེ་ཚང་མས་སེམས་ལ་ངེས་ཡོད་ཤག་རེད།
དེ་འདྲ་སོང་ཙམ་ལྐོག་ཟ་བྱ་མཁན་དག་གི་ནམ་ཡང་ལྐོག་ཟ་བྱ་རྒྱུ་མ་བྱུང་བའི་འགྲེལ་བརྗོད་དང་ངན་ཁག་གཞན་ལ་གཡོག་པ་ལ་སོགས་པ་འདྲ་མིན་ཞིག་བཤད་པ་ལས་ངོས་ལེན་ཧ་ལམ་དཀོན་པོ་རེད།
གལ་སྲིད་ང་ཚོ་ལའང་རང་དབང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་ན།བཀའ་ཟུར་བཀྲས་མཐོང་ལགས་དེ་ལྟར་ཁྲིམ་ཧྲི་ཕན་ནང་བཞིན་མི་འབྱུང་བའི་ངེས་པར་གང་ཡང་ཡོད་མ་རེད།
ད་དུང་ཡང་བཀའ་ཟུར་བཀྲས་མཐོང་ལགས་ཀྱི་འཇོན་ཐང་ངོ་མ་དེ་ཤེས་བཞིན་དུ་མ་མཐོང་བའི་རྣམ་པ་བསྟོན་དགོས་དོན་གང་ཡིན་ནམ།