ནོར་གླིང་རྟེན་དགེ་ཆེན་མོ་སྤེན་པ་རྡོ་རྗེ།
གཟིམ་ཤག་བཀྲས་མཐོང་པའི་ཡབ་ཆེན་བསོད་ནམས་སྟོབས་འབྱོར་ཞུ་བ་ལ་སྲས་བཞི་ཡོད་པའི་ནང་གི་བསྟན་འཛིན་དགེ་བྱེད་མཆོག་དང༌། བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་ཆུང་བྱིས་པའི་སྤྱོད་ལམ་ལ། ཡབ་ཀྱིས་དཔྱད་པ་མཛད་དེ་གསུངས་པ། བསྟན་འཛིན་དགེ་བྱེད་ཀྱིས་ཚོང་ལས་དང༌། བཟོ་ལས་ཀྱི་འཛིན་སྐྱོང་བྱས་ན་རྦ་ཁུག་འབྱོར་པོ་བཟོ་ཐུབ། ཆུང་བ་བསྟན་འཛིན་རྣམ་རྒྱལ་གྱིས་གཞུང་སྲིད་སྐྱོང་བའི་འགན་ཁུར་མི་སྣ་ཞིག་ཏན་ཏན་ཡོང་ངེས་ཡིན་གསུངས་ཀྱི་ཡོད་པ་ལྟར། ཁོང་སློབ་ལོ་སོན་མ་ཐག་ཏུ་སློབ་ཞུགས་ཀྱི་སློབ་ཚན་ཡོངས་རྫོགས་སྦྱངས་འབྲས་རྩེར་སོན་གྱི་ཕྱག་འཁྱེར་ཨང་དང་པོ་བཞེས་མཁན་ཞིག་ཡིན་པ་དང་དགུང་ལོ་བཅུ་གཉིས་དུས་ནས་མ་སུ་རིའི་སློབ་གྲྭའི་ནང་རང་ཉིད་སློབ་སྦྱོང་གནང་བའི་ཞོར་དུ་འཛིན་གྲྭ་ཆུང་བ་ཚོར་དབྱིན་ཇིའི་སྐད་ཡིག་སོགས་ཀྱི་དགེ་རྒན་གནང་བ་དེ་ནི་རང་གི་མི་རིགས་སུ་ཞབས་འདེགས་བསྒྲུབ་པའི་སྟ་གོན་དེ་ཡིན་པ་རེད། དེ་ནས་སློབ་ཐོན་ཟིན་པ་དང་མང་ཚོགས་ཀྱི་ཁྲོད་དུ། བསྟན་རྣམ་སྐུ་མཆེད་གཉིས་དང༌། ཐུགས་མཐུན་ཕྱག་རོགས་རྒྱ་རི་རིན་པོ་ཆེ་དང༌། སྐུ་ངོ་བསོད་ནམས་སྟོབས་རྒྱལ་བཞི་ནས་དབུ་ཁྲིད་མཛད་དེ་བོད་མིའི་ཆབ་སྲིད་ཀྱི་ཚོགས་པ་སྙན་གྲགས་ཅན་གཞོན་ནུའི་ཚོགས་པ་དང༌། དུས་དེབ་ཟབ་པ་ཤེས་བྱ་དུས་དེབ་གསར་འཛུགས་བསྐྱངས་པ་སོགས་དང༌། དེ་ནས་རང་ལོ་ ༡༨ ཟིན་མ་ཐག་ ༡༩༦༤ ནས་གཞུང་ཞབས་གྲལ་མཐའ་གཞོན་དྲུང་ནས་ཐེག་པ་རིམ་འཛེགས་ཀྱིས་དྲུང་ཆེ་བར་གྱི་སྲི་ཞུ་མི་ལོ་ཧྲིལ་པོ་ ༢༣ ཞུས་རྗེས། ཕྱི་ལོ་ ༡༩༩༠ ལོར་བོད་རྒྱལ་ཡོངས་ཚོགས་ཆེན་བསྐོང་ཚོགས་དང་འབྲེལ། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གང་ཅིའི་དགོས་དབང་དུ་དགོངས་ནས། བཀའ་ཤག་སྐབས་དགུ་པ་དང༌། སྤྱི་འཐུས་སྐབས་བཅུ་པ་གཉིས་ཉིན་གཅིག་ཏུ་ཁུ་བསྡུ་མཛད་ནས། བཀའ་ཤག་སྐབས་ ༡༠ དེ་ཚོགས་ཆེན་དེའི་ཚོགས་མི་ཡོངས་ཀྱིས་མང་མོས་འོས་ཐོན་བཀའ་བློན་ལྷ་ལྕམ་རྗེ་བཙུན་པདམ་མཆོག་དང༌། སྐུ་ངོ་སྐལ་བཟང་ཡེ་ཤེས་མཆོག སྐུ་ངོ་བསྟན་འཛིན་རྣམ་རྒྱལ་གསུམ་འདེམས་ཐོན་གྱིས་བཀའ་ཤག་སྐབས་བཅུ་པའི་ཐུགས་འགན་བཞེས་ཡོད། སྐུ་ངོ་བསྟན་རྣམ་མཆོག་ལོ་ལྔའི་མཛད་འགན་ནང་སྲིད་དང༌། དཔལ་འབྱོར། བདེ་སྲུང་བཅས་ཀྱི་བཀའ་བློན་མཛད་རྗེས་ ༡༩༩༤ ལོ་བཀའ་ཁྲིའི་ཐུགས་འགན་བཞེས་པ་བཅས་ཀྱི་མཛད་རྗེས་ཞིབ་ཆ། གཞོན་ནུ་མཐུན་ཚོགས་ནས་བསྡུ་སྒྲིག་ཞུས་པའི་ཚགས་ཤོག་ཐོག་བཀཽད་པ་ལྟར། ཁོང་གི་མཁྱེན་ཡོན། ཁོང་གི་ལྷག་བསམ། ཁོང་གི་ཉམས་མྱོང༌། ཁོང་གི་མཛད་རྗེས་སོགས་གང་དུ་གཟིགས་ཀྱང་བཀའ་ཁྲིའི་ཆ་རྐྱེན་ཡོངས་སུ་ཚང་བའི་མི་ཆེན་ཞིག་ལ། ཆོས་ཟབ་སར་བདུད་ཟབ་ཀྱི་དཔེ་ལྟར། ཁོང་ལ་གཞུང་དངུལ་སྒོར་འབུམ་ ༧༠༠ ཚང་མིན་མ་ཉེས་ཁ་གཡོག་གིས་རྐྱེན། བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་ཤོག་བརྒྱ་ཆ་བཞི་བཅུ་ལྔ་བཅུ་བར་གྱི་གྱཽང་གུན་དང་མཚན་ཤས་ཕོག་པ་རེད། ཡིན་ནའང་བསམ་བློ་ཞིབ་ཏུ་བཏང་སྐབས་དེ་ནི་བོད་མི་ས་ཡ་དྲུག་གི་སྤྱིའི་གྱོང་ཞིག་ལས། སྐུ་ངོ་བསྟན་རྣམ་ལགས་ཀྱི་སྒེར་གྱོང་གཏན་ནས་མ་ཡིན་པའི་མ་ཉེས་ཉི་མ་སྤྲིན་པའི་འོག་ནས་དྭངས་པའི་དཔེ་ལྟར། སྐུ་ངོ་བསྟན་རྣམ་མཆོག་གི་གསལ་བཤད་དུ་འགྲོ་སོང་གི་འཆར་གཞི་དང༌། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་གནས་སྐབས་ཙམ་དུ་བྱུང་ཡོད། དཔེར་ཆ་གཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ འགྲོ་འཆར་སྒོར་འབུམ་ ༧༠༠ ལག་སོན་མ་ཐུབ་པར་དཀའ་ངལ་འཕྲད་པ་རེད། ཡིན་ནའང༌། ལོ་མཇུག་འགྲོ་འཆར་དང༌། ཡོང་འཆར་གཉིས་ཆ་སྙོམས་བྱུང་ནས། ལོ་དེའི་ལས་འཆར་ཐོག་སྐར་མ་གཅིག་གིས་གནོད་པ་འཕྲད་མེད་པའི་གསལ་བཤད་གནང་ཡོད། གལ་ཏེ་དེ་ལས་ལྡོག་པའི་ཁུངས་སྐྱེལ་ཡོད་ཚེ། བལ་བཞུགས་ཏྲེ་ཧོར་པ་ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་སྦེལ་ཀོབ་ཚོགས་ཆེན་སར། སྐུ་ངོ་བཀྲས་མཐོང་ལགས་ཀྱིས་སྒོར་འབུམ་ཕྲག་དེ་དག་ཟོས་པའི་ཁུངས་སྐྱེལ་བྱ་མཁན་ཞིག་ཡོད་ན། ང་ནས་སྒོར་འབུམ་གསུམ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་གསུངས་ཡོད་པས་ཁོང་སར་སྒོར་འབུམ་གསུམ་བཞེས་སུ་ཕེབས་ཆོག་ཡོད་དོ།།
ཡང་སྐུ་ངོ་བསྟན་རྣམ་མཆོག་ལོ་ལྔ་རྗེས་བཀའ་བློན་དགོངས་ཞུ་དགོས་དོན། སྤྱིར་བཏང་ཞུ་ན་བཀའ་བློན་གྱི་ལས་འགན་ཞོར་དུ་གང་གི་ཨ་ཝ་གཉིས་ལ་སློབ་གྲྭའི་གོ་སྐབས་ཐབས་ཤེས་ཐུབ་ངེས་ཀྱང་ཁོང་གི་གཞུང་དོན་དང༌། སྒེར་དོན་མཉམ་བསྲེས་མ་འོས་པར་གཟིགས་མཁན་སྐུ་ཡ་རབས་ཞིག་ཡིན་པའི་ཆ་ནས། གང་གི་ཨ་ཝ་གཉིས་ཀྱི་སློབ་འཚོལ་གྱི་ཆེད་དུ་གཞུང་ཞབས་དགོངས་ཞུ་མཛད་ནའང༌། ཨ་ཝ་གཉིས་ཀྱི་སློབ་གྲྭའི་གོ་སྐབས་ཐབས་འཚོལ་དང་ཆབས་ཅིག རང་གཞུང་ལ་འཕྲལ་ཕུགས་གཉིས་སྨན་གྱི་ལས་དོན་རླབས་ཆེ་གྲངས་མང་གནང་བ་དེང་སང་ཁོང་གི་རླུང་འཕྲིན་གསུང་སྤར་ནས་གསལ་པོ་མཁྱེན་རྒྱུ་མ་ཟད།མཁྱེན་ལྡན་ཀུན་གྱིས་གཟིགས་ལམ་དུ་ཡོད་པའི་གནད་དོན་ཞིག་ཡིན།
དེ་ལྟ་བུའི་མཁྱེན་དཔྱོད་ཉམས་མྱོང་དང་མཛད་རྗེས་སོགས་ཕུན་སུམ་ཚོགས་པའི་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་ཁྲིར་འོས་འདེམས་ཐུབ་ཚེ། ཁོང་གིས་ཐོག་མར་ྋགོང་ས་སྐྱབས་མགོན་ཆེན་པཽའི་བཀའ་དགོངས་དང་འགལ་བའི་ལས་དོན་ནམ་ཡང་མི་མཛད་པའི་ཡིད་ཆེས་ཞུ་བ་དང་ཆབས་ཅིག ྋགོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་བཀའ་སློབ་གཞི་རྩར་བཟུང་སྟེ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གཙོས་བཀའ་ཤག་རིམ་པ་སྟར་ཆགས་ཀྱི་མཛད་རྗེས། རང་ཁྲིམས་དང་ཡུལ་ཁྲིམས༌། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་སྒྲིག་གང་ལས་མ་འདས་པ། ལོང་བ་སོང་ཡང་འཁོན་ཐོགས་མེད་པ། མཐར་གཏུགས་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དོན་དང་ལྡན་པ་ཞིག་དང་འཕྲད་རྒྱུ་ཡོད་པ་ལམ་ཕྱོགས་དབུ་མ་འདི་ཐོག་ལེགས་སྐྱེས་ཇི་ལྟར་འབུལ་ཐུབ་མིན་མ་ངེས་ཀྱང༌། དེ་ལས་ལྡོག་པའི་ལམ་གསར་མི་གཏོད་པའི་ཡིད་ཆེས་གཙང་མ་ཞུ་ཡུལ་ཞིག་གིས་བཀའ་ཁྲི་གསར་པའི་ཐུགས་འགན་ཐོག་མ་ཕྱག་རོགས་བཀའ་བློན་བདུན་འདེམས་བསྐོ་གནང་ཕྱོགས་ཐོག མང་ཁྲོད་ཀྱི་རེ་འདུན། གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་དང༌། ཡང་སྒོས་གཞོན་སྐྱེས་དང་བཅས་པ་མང་ཚོགས་ཀྱི་ཞེ་འདོད་ལྟར། ན་གཞོན་མཁྱེན་ལྡན་བློ་བཟང་སེང་གེ་ལགས་དང༌། ཁོང་འདྲ་བའི་གཞོན་སྐྱེས་གསུམ་ནས་བཞི་བར་དང༌། སྐུ་ཚེ་ཧྲིལ་པོར་སྲི་ཞུ་མཛད་པའི་གཞུང་ཞབས་མཁྱེན་ཅན་གཉིས་ནས་གསུམ་བར་དང༌། ཕོ་མོ་འདྲ་མཉམ་གྱྀ་མཚོན་དོན་སྐུ་སྐྱེ་མ་མཁྱེན་ལྡན་རེ་གཉིས་བཅས་ཕེབས་ཐུབ་པའི་རེ་བ་ཞུ་རྒྱུ་བཅས་ཡིན།
གལ་ཏེ་བློ་བཟང་སེང་གེ་ལགས་ཕྱག་རོགས་བཀའ་བློན་ཞིག་ཏུ་མ་འཁོད་ཚེ། དེའི་འགོག་རྐྱེན་གང་ནས་འཕྲད་ཀྱང༌། དེའི་མདུན་དུ་གུས་རྒས་པོ་རང་ཉིད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ཞུས་ཏེ། ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལ་དྭང་ལེན་མ་ཞུས་པ་དང༌། གཞོན་སྐྱེས་གཙོ་བོར་གྱུར་པའི་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་རྩིས་མེད་བཏང་བ་སོགས་ཀྱི་ཉེས་འཛུགས་ངོ་རྒོལ་ཞུ་རྒྱུ་ཡིན།
མི་ཡི་སྤུས་ཀ་དགོས་ན་བཀྲ་ཤིས་དབང་འདུས་མཆོག་ཡིན།།
ཤེས་འཇོན་གཟི་བརྗིད་དགོས་ན་བཀྲས་མཐོང་བསྟན་རྣམ་མཆོག་ཡིན།།
ཨ་གསར་འུར་འདྲོགས་དགོས་ན་བློ་བཟང་སེང་གེ་མཆོག་ཡིན།།
བསམ་ཤེས་བོད་ལ་བྱེད་རྒྱུའི་ཡར་ནུར་མར་ནུར་མེད་པ།།
བཀའ་ཁྲིའི་འོས་མི་གསུམ་གྱི་འདོད་པ་གཅིག་པ་ལོས་ཡིན།།
༧རྒྱལ་བའི་དགོངས་གཞི་སྒྲུབ་ན་བཀྲ་ཤིས་དབང་འདུས་ལོས་བཟང་།།
རྒྱལ་སྤྱིའི་མཐོང་ལ་རེ་ན་བཀྲས་མཐོང་བསྟན་རྣམ་ལོས་བཟང་།།
དེང་རབས་གསར་མར་རེ་ན་བློ་བཟང་སེང་གེ་ལོས་བཟང་།།
གཅིག་ལ་བཟང་གསུམ་མ་འཛོམས་བོད་ཀྱི་ལས་འདི་སྐྱོ་བ།
གནའ་བོའི་བསམ་བློའི་ཐོག་ལ་གནད་ཡོད་མི་སྣས་འདོད་པ།།
བཀྲས་མཐོང་བསྟན་རྣམ་ཡིན་པ་གསལ་རུ་གསལ་རུ་འགྲོ་གི།
ཆོས་སྲིད་ཁ་སྟབས་དར་བས་གཞིས་བྱེས་མཉམ་འཛོམས་མེད་ཀྱང་།།
མི་ལ་ཡིད་ཆེས་ཆོག་ས་བཀྲ་ཤིས་དབང་འདུས་རེད་འདུག།
མ་འོངས་ཐེ་ཚོམ་གནས་ནས་ལྟ་རྒྱུའི་ལྟད་མོར་བསམས་ན།།
བློ་བཟང་སེང་གེ་ལས་གཞན་བོད་ལ་ད་ལྟ་མི་འདུག།
༧རྒྱལ་བའི་གསེར་ཞལ་བཞུགས་ཁར་ཟམ་གདོང་འཚོ་ཞིང་བཞུགས་དུས།།
ལོ་རྒྱུས་གསར་བའི་ལེའུ་བོད་ལ་བྱུང་ན་བསམ་ན་བློ་སེང་འདི་ལས་གཞན་མེད།།
འཚེ་བ་ཡིན་མིན་གཉིས་ཀའི་ལམ་དུ་བསྐྱོད་པར་འདོད་ན།།
བཀྲས་མཐོང་བློ་སེང་གཉིས་ཀས་ཅིག་ལ་བསྐྱལ་འགྲོ་བསམ་གི།
བྱང་ཆུང་སྤྱོད་ལ་གནས་ཏེ་སྒྲུབ་པ་ཉམས་ལེན་བྱེད་ན།།
བཀྲ་ཤིས་དབང་འདུས་འདི་ཡིས་སེམས་ཁ་བདེ་རུ་ལོས་བཏང་།།
སྤྱིར་བཏང་བོད་ཀྱི་ཁ་སྟབས་བཀའ་ཁྲིའི་འོས་མིའི་མཚོན་ན།།
མེད་ཀྱང་མི་འཕེན་ལབ་ནས་འདུག་ས་ལས་ལ་མེད་པས།།
ཤོད་རྒྱུར་གཏིང་ནས་སུན་པའི་བཀའ་བློན་ཁྲི་པའི་ཕྱོགས་ལ།།
བར་གསེང་ཇ་ཡི་སྐབས་འདིར་ཚིག་འགའ་ཤར་མར་གཏོར་རོ།།
དོན་མེད་སྐད་ཆ་རེད། ཁྱེད་རང་གིས་དམངས་གཙོའི་གོ་དོན་ཤེས་ཀྱི་ཡོད་དམ། ཤེས་ཀྱི་ཡོད་ན་བློ་སེང་ལ་བཀའ་བློན་ལས་རོགས་བསྐོ་བའི་དབང་ཆ་དེ་བོད་རྒྱ་ཆེའི་མི་དམངས་ལ་ཡོད་པ་རད་མ་གཏོགས་མི་སྒེར་ལ་མེད། དེ་འདྲ་སོང་ཙང་ཁྱེད་རང་ལ་བློ་སེང་དགོས་ན་དགེ་ཕྲུག་ལ་ཉར་སྡོད། ཟངས་རྡུང་བ་འདྲ་ཕན་ཐོགས་ཡོང། མ་གཞི་ནས་ཁྱེད་རང་ཧམ་པ་ཚ་ཐག་ཆོད་འདུག ཁྱེད་རང་ག་རེ་ཡིན་བསམ་གྱི་འདུག་གམ། དེ་ལས་དགེ་ཕྲུག་མང་ཙམ་གསོ་སྐྱོང་བྱས་ཏེ་ཟངས་རྡུང་གི་བསྟན་པ་མ་ཉམས་པ་བྱེད་དགོས།
ཁྱེད་རང་གི་རྗེས་སུ་མང་ཚོགས་ཡོང་བའི་གདེང་ཚོད་གང་ཡོད། གལ་ཏེ་ཁྱེད་རང་གིས་ངོ་རྒོལ་བྱས་ན་ང་ཚོས་ཀྱང་ཁྱེད་རང་ལ་དེ་ལས་ལྷག་པའི་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་བྱེད་རྒྱྱུ་ཡིན། དང་པོ་མགར་བའི་དགེ་ཕྲུག་དེ་ཚོ་འཁྲིད་ནས་ངོ་རྒོལ་རྒྱོབས་ཨང་། ངས་ཀྱང་ངའི་སློབ་ཕྲུག་ཚོ་འཁྲིད་དེ་མགར་བ་ཚོགས་པར་རྒོལ་ལན་སྤྲོད་རྒྱུ་ཡིན།
རྒས་པོའི་བཀའ་མཆིད་ལྷག་བསམ་དག་པོའི་མདངས།།
ལྷ་ཟླ་དཀར་པོའི་རྗེས་སུ་སོང་ནའང་།།
ལམ་ལུགས་རྒས་པོའི་དྲི་མས་སྐྱོམས་པ་འདི།།
རི་ཤོར་ཆུང་མ་འགུག་པའི་ལང་ཚོ་མིན།།
ཡར་ལ་མི་འཕོག་མར་ལ་མི་འགལ་ཞིག།
དཀར་པོའི་སེམས་ཀྱིས་སོར་མོ་བསྒྱུར་འདུག་ཀྱང་།།
བློ་སེང་ཁྲི་ལ་མིན་པའི་དོན་དམ་སྙིང་།།
རྒས་པོའི་ཁོག་ལ་བཅུགས་འདི་ཞེ་རེ་སྐྱོ།།
དེ་བས་འདི་ལ་ཡིད་རྟོན་ཅི་ཙམ་མཆིས།།
མི་ཡི་སྤུས་ཀ་དགོས་ན་བཀྲ་ཤིས་དབང་འདུས་མཆོག་ཡིན།།
ཤེས་འཇོན་གཟི་བརྗིད་དགོས་ན་བཀྲས་མཐོང་བསྟན་རྣམ་མཆོག་ཡིན།།
ཨ་གསར་འུར་འདྲོགས་དགོས་ན་བློ་བཟང་སེང་གེ་མཆོག་ཡིན།།
བསམ་ཤེས་བོད་ལ་བྱེད་རྒྱུའི་ཡར་ནུར་མར་ནུར་མེད་པ།།
བཀའ་ཁྲིའི་འོས་མི་གསུམ་གྱི་འདོད་པ་གཅིག་པ་ལོས་ཡིན།།
༧རྒྱལ་བའི་དགོངས་གཞི་སྒྲུབ་ན་བཀྲ་ཤིས་དབང་འདུས་ལོས་བཟང་།།
རྒྱལ་སྤྱིའི་མཐོང་ལ་རེ་ན་བཀྲས་མཐོང་བསྟན་རྣམ་ལོས་བཟང་།།
དེང་རབས་གསར་མར་རེ་ན་བློ་བཟང་སེང་གེ་ལོས་བཟང་།།
གཅིག་ལ་བཟང་གསུམ་མ་འཛོམས་བོད་ཀྱི་ལས་འདི་སྐྱོ་བ།
གནའ་བོའི་བསམ་བློའི་ཐོག་ལ་གནད་ཡོད་མི་སྣས་འདོད་པ།།
བཀྲས་མཐོང་བསྟན་རྣམ་ཡིན་པ་གསལ་རུ་གསལ་རུ་འགྲོ་གི།
ཆོས་སྲིད་ཁ་སྟབས་དར་བས་གཞིས་བྱེས་མཉམ་འཛོམས་མེད་ཀྱང་།།
མི་ལ་ཡིད་ཆེས་ཆོག་ས་བཀྲ་ཤིས་དབང་འདུས་རེད་འདུག།
མ་འོངས་ཐེ་ཚོམ་གནས་ནས་ལྟ་རྒྱུའི་ལྟད་མོར་བསམས་ན།།
བློ་བཟང་སེང་གེ་ལས་གཞན་བོད་ལ་ད་ལྟ་མི་འདུག།
༧རྒྱལ་བའི་གསེར་ཞལ་བཞུགས་ཁར་ཟམ་གདོང་འཚོ་ཞིང་བཞུགས་དུས།།
ལོ་རྒྱུས་གསར་བའི་ལེའུ་བོད་ལ་བྱུང་ན་བསམ་ན་བློ་སེང་འདི་ལས་གཞན་མེད།།
འཚེ་བ་ཡིན་མིན་གཉིས་ཀའི་ལམ་དུ་བསྐྱོད་པར་འདོད་ན།།
བཀྲས་མཐོང་བློ་སེང་གཉིས་ཀས་ཅིག་ལ་བསྐྱལ་འགྲོ་བསམ་གི།
བྱང་ཆུབ་སྤྱོད་ལ་གནས་ཏེ་སྒྲུབ་པ་ཉམས་ལེན་བྱེད་ན།།
བཀྲ་ཤིས་དབང་འདུས་འདི་ཡིས་སེམས་ཁ་བདེ་རུ་ལོས་བཏང་།།
སྤྱིར་བཏང་བོད་ཀྱི་ཁ་སྟབས་བཀའ་ཁྲིའི་འོས་མིའི་མཚོན་ན།།
མེད་ཀྱང་མི་འཕེན་ལབ་ནས་འདུག་ས་ལས་ལ་མེད་པས།།
ཤོད་རྒྱུར་གཏིང་ནས་སུན་པའི་བཀའ་བློན་ཁྲི་པའི་ཕྱོགས་ལ།།
བར་གསེང་ཇ་ཡི་སྐབས་འདིར་ཚིག་འགའ་ཤར་མར་གཏོར་རོ།།
རྒད་པོ་བླ་མ་དཀོན་མཆོག་ཞིག་གི་བཟོ་འདུག ལྷག་བསམ་ཆེ་པའི་བཟོ་འདུག ཡིན་ན་ཡང་བློ་སེང་གིས་བཀའ་ཁྲི་མ་གཏོགས་བཀའ་བློན་གཞན་མི་དགོས་ཟེར། ད་ཁྱོད་ཀྱིས་སུ་ལ་ངོ་རྒོལ་བྱེད་ཀྱི་ཡིན། ཧཧཧ
འདི་ལ་བོདཔའི་ཐ་སྙད་གང་ཞིག་འབྲི་དགོས་སམ།
Bachelor degree BA
Master degree MA.
སྐབས་འདི་བཤད་མཁན་མང་དྲགས་པས་འདིར་ཁོ་བོས་ཁ་ཞིག་གྲག་འདོད་བྱུང་།
སྐུ་ངོ་མཆོག་གི་ལོ་རྒྱུས་གསེར་ལས་རིན་ཐང་འདུག རྗེས་སུ་ཡི་རངས་ཡོད། འོན་ཀྱང་ད་ནི་ཁོང་ངས་འོས་ཐོབ་པའི་བཀའ་ཁྲི་དེ་མིན། གང་ལགས་ཤེ་ན་གཞན་རྣམས་ཡོངས་སུ་གཡུག་ཞོག ཁོང་གིས་སྔོན་མ་བཙན་བྱོལ་བོད་གཞུང་རྡ་སར་གནས་དང་མ་གནས་ཀྱི་སྐབས་མཚམས་ཉག་ཕྲ་བའི་སྐབས་སུ་བཀའ་བློན་ཁྲི་བ་ཡིན་བཞིན་དུ་ཨ་རིར་ས་ཁང་ཉོས་ནས་དགོངས་པ་ཞུས་ནས་ཕེབས་སོང་བས་དེས་འགྲིག་སོང་། ད་ཐུགས་རྗེ་ཆེ་ཡིན།་དེ་ནི་ང་རང་གི་འོས་ཤོག་གཅིག་པོ་ལ་དབང་ཆ་ང་རང་ཉིད་ལ་ཡོད་པས་ཐག་དེ་བཅད་པ་ཡིན།
ད་ལྟ་རྩོམ་འདི་ལ་མཚོན་ན་”སྐུ་ངོ་བསྟན་རྣམ་མཆོག་གི་གསལ་བཤད་དུ་འགྲོ་སོང་གི་འཆར་གཞི་དང༌། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་གནས་སྐབས་ཙམ་དུ་བྱུང་ཡོད། དཔེར་ཆ་གཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ འགྲོ་འཆར་སྒོར་འབུམ་ ༧༠༠ ལག་སོན་མ་ཐུབ་པར་དཀའ་ངལ་འཕྲད་པ་རེད། ཡིན་ནའང༌། ལོ་མཇུག་འགྲོ་འཆར་དང༌། ཡོང་འཆར་གཉིས་ཆ་སྙོམས་བྱུང་ནས། ལོ་དེའི་ལས་འཆར་ཐོག་སྐར་མ་གཅིག་གིས་གནོད་པ་འཕྲད་མེད་པའི་གསལ་བཤད་གནང་ཡོད།” ཞེས་པ་འདི་ལ་འདིའི་ཚིག་སྒྲིག་སྟངས་ཁོ་རང་གི་ཐོག་ནས་ཀྱང་ཅི་ཞིག་སྦེད་པའི་འབད་བརྩོན་བྱེད་བཞིན་པའི་ཚོར་སྣང་གསལ་མ་གསལ་ཞིག་འགོག་མེད་དུ་སླེབས་ཡོང་གི་འདུག ལར་ནས་འདི་སྐོར་ཁོང་རང་ཉིད་ཀྱིས་འདི་ལྟར་གསལ་བཤད་གནང་བ་ཁོ་བོས་དངོས་སུ་གོ་བྱུང་། དེ་དུས་ཁོ་བོས་སེམས་ན་ལ་དོགས་པ་སྔར་ལས་ཆེ་བར་གྱུར། གང་ལྟར་འདི་འདྲ་ཞིག་ཏུ་ངོ་བོ་བསྒྱུར་ཟིན་བའི་དྲི་མ་རང་བཞིན་གྱིས་འཐུལ་ཡང་གི་འདུག
“སྒེར་དོན་མཉམ་བསྲེས་མ་འོས་པར་གཟིགས་མཁན་སྐུ་ཡ་རབས་ཞིག་ཡིན་པའི་ཆ་ནས། གང་གི་ཨ་ཝ་གཉིས་ཀྱི་སློབ་འཚོལ་གྱི་ཆེད་དུ་གཞུང་ཞབས་དགོངས་ཞུ་མཛད་ནའང༌། ཨ་ཝ་གཉིས་ཀྱི་སློབ་གྲྭའི་གོ་སྐབས་ཐབས་འཚོལ་དང་ཆབས་ཅིག”གསུང་སྟངས་འདི་ལ་ཡང་བྲོ་རྫས་ཀྱིས་བསླད་པའི་ཚོར་བ་ཤུགས་ཆེན་སླེབས་ཡོང་གི་འདུག
“གལ་ཏེ་བློ་བཟང་སེང་གེ་ལགས་ཕྱག་རོགས་བཀའ་བློན་ཞིག་ཏུ་མ་འཁོད་ཚེ། དེའི་འགོག་རྐྱེན་གང་ནས་འཕྲད་ཀྱང༌། དེའི་མདུན་དུ་གུས་རྒས་པོ་རང་ཉིད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ཞུས་ཏེ། ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལ་དྭང་ལེན་མ་ཞུས་པ་དང༌། གཞོན་སྐྱེས་གཙོ་བོར་གྱུར་པའི་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདོད་རྩིས་མེད་བཏང་བ་སོགས་ཀྱི་ཉེས་འཛུགས་ངོ་རྒོལ་ཞུ་རྒྱུ་ཡིན།”ཞེས་པ་འདི་ལས་ནི་དེ་བས་ཀྱང་རྒན་པོ་འདི་ཅི་འདྲའི་ཟོལ་བརྫུ་བ་མགོ་བདེ་དྲན་འཁྲུལ་ཅན་ཞིག་རེད་འདུག་ཨང་སྙམ་པའི་ཚོར་སྣང་སྤྲད་ཡོང་གི་འདུག འདི་དག་ནི་ང་རང་གིས་གོ་བ་ལེན་སྟངས་ཡིན་པས་རྩོམ་པ་པོའི་ཐུགས་ལ་བབས་མེད་ན་དགོངས་དག་ཞུ།
ངས་བཀྲས་མཐོང་ལགས་བཀའ་ཁྲིར་མི་འདེམས་པའི་རྒྱུ་མཚན་ནིཿ ཁོང་གི་སྐུ་ཟླ་བལ་བོ་ཡིན་པ། གཞུང་གི་དངུལ་ཆད་སྐྱོན་སོགས་གཞན་རྣམས་ཡོངས་སུ་གཡུག་ཞོག ཁོང་གིས་སྔོན་མ་བཙན་བྱོལ་བོད་གཞུང་རྡ་སར་གནས་དང་མ་གནས་ཀྱི་སྐབས་མཚམས་ཉག་ཕྲ་བའི་སྐབས་སུ་བཀའ་བློན་ཁྲི་བ་ཡིན་བཞིན་དུ་ཨ་རིར་ས་ཁང་ཉོས་ནས་དགོངས་པ་ཞུས་ནས་ཕེབས་སོང་བས་དེའི་རྒྱུ་མཚན་གྱིས་ཡིན།
ངས་འདི་ལྟར་འབྲི་འདོད་མེད་ཀྱང་ད་སྐབས་ཕྱོགས་ཞེན་གྱིས་སྡིག་པ་མིག་བཙུམ་བྱེད་མཁན་མང་པོ་ཡོད་པའི་སེམས་ཁྲལ་གྱིས་འདི་འབྲི་དགོས་པར་གྱུར།
དམངས་གཙོ་ཚགས་པར་ནང་མཁས་དབང་བཀྲིས་ཚེ་རིང་ལགས་ཀྱི་བྲིས་པའི་འབུམ་དགུ་བའི་མདོ་ཅེས་པའི་ནང་བསྟན་རྣམ་གྱི་སྒོར་འབུམ་དགུ་བར་བཟོས་སམ་ཆད་ལྷག་བྱུང་བ་དེ་གནད་དོན་ངོ་མ་རེད་ གཞུང་དངུལ་ཁ་མ་འདུམ་པ་དེ་གནས་ཚུལ་ཁག་ཁག་རེད་་གང་ལྟར་རྙོག་ཁྲ་རྫོགས་རྒྱུ་མེད་པ་རེད་འདྲ་རེད་
བློ་སེང་ལ་ཆ་བཞག་ན་ཧ་བརཌ་སློབ་གྲ་ནས་ལོ་ལྔ་དགོངས་འཁྲོལ་བྱུང་ཁུལ་གྱི་རྫུམ་གཏམ་ རང་ཉིད་རྒྱ་ནག་ཏུ་རྒྱ་ནག་གཞུང་ཚབ་ཀྱི་སྤྲད་པའི་ཕྱི་སྡོད་རྒྱ་མིའི་པ་སེ་དཀར་པོ་དེ་འཁྱེར་ནས་་༢༠༠་ལོར་པེ་ཅིན་དུ་ཕྱིན་པ་སོགས་སྦས་རྐུང་དང་རྫུན་གཏམ་གཡོལ་ཐབས་བྱས་པ་སོགས་རྙོག་གླེང་རྫོགས་རྒྱུ་མེད་
ནག་ཐིག་གཅིག་ཀྱང་མེད་པའི་བཀའ་འཁྲིའི་འོས་མི་ཚད་ལྡན་དེ་ནི་བཀྲིས་དབང་འདུད་ལགས་ཡིན་པ་རེད་
འཇམ་དཔལ་ཚུལ་ཁྲིམས་ལགས། བཀྲས་མཐོང་བཀའ་བློན་ཁྲི་པ་ནས་དགོངས་པ་ཞུས་པ་དེའི་རྒྱུ་རྐྱེན་སྐོར་ལ། ངས་རྩད་གཅོད་ཡུན་རིང་བྱས་པ་ཡིན། དོན་དངོས་གནས་ཚུལ་ནི་ཁོང་གི་ཕྱོགས་གཏོགས་ཀྱིས་བཤད་མི་ཤེས་པ་ཞིག་རེད། ངས་ཀྱང་ཆ་ཚང་བ་བཤད་མི་ཐུབ། ཁ་ཤས་ཤིག་བཤད།
༡) ཁོང་བཀའ་ཁྲི་ནས་དགོངས་པ་ཞུ་དུས་ལོ་རབས་དགུ་བཅུ་པའི་དཀྱིལ་ཙམ་ལ་ཡིན་པས། ཁྱེད་ཀྱིས་གསུངས་པ་ལྟར་གྱི་བོད་གཞུང་གནས་མ་གནས་ཀྱི་གནས་ཚུལ་དང་ཉེན་ཁ་མེད།
༢) དོན་དངོས་སུ་སྐབས་དེར་ཁོང་ལོ་ན་ཆུང་ཤོས་ཀྱི་བཀའ་བློན་དང་། ལོ་ན་ཆུང་ཤོས་ཀྱི་བཀའ་ཁྲི་ཡིན་ཐོག ༸གོང་ས་མཆོག་གིས་གྲོས་ཚོགས་ཀྱི་གྲུབ་ཆར་འགྱུར་བ་ཤུགས་ཆེ་བཏང་མ་ཐག་རེད། སྤྱི་འཐུས་དང་ལས་ཁུངས་ཁག་གི་དྲུང་ཆེ་མང་ཆེ་བ་ཉམས་མྱོང་དང་ལོ་ན་གཉིས་ཀ་ཆེ་བ་རྐྱང་རེད། བཀྲས་མཐོང་ལ་ཉམས་མྱོང་ཡོད་ཀྱང་། དྲུང་ཆེ་མང་ཆེ་བས་ཁོང་ལོ་ན་ཆུང་བས་མིག་ལམ་དུ་མི་འཇོག་པའི་དཀའ་ངལ་ཡོད། སྐབས་དེའི་དྲུང་ཆེ་ཚོ་ནི་ད་ལྟ་དྲུང་ཆེ་ནང་བཞིན་མ་རེད། མི་རྙིང་པ། ཇུས་ངན་པ་ཤ་སྟག་རེད། དེ་འདྲའི་ཐོག་ནས་དཀའ་ངལ་མང་བོ་འཕྲད་ཡོད།
༣) ལྷག་པར་དུ་བཀའ་ཤག་ནང་གི་བཀའ་བློན་བགྲེས་པ་ཞིག་དང་ཁོང་གི་དབར་ལས་དོན་བྱེད་ཕྱོགས་ལ་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་ཡོད། སྐབས་དེའི་བཀའ་བློན་ཁྲི་པ་ནི་ད་ལྟའི་ཁྲི་པ་ནང་བཞིན་མང་ཚོགས་ཀྱིས་ཐད་འདེམས་བྱས་པ་མ་རེད། དེར་བརྟེན་བཀའ་ཤག་ནང་ལ་དབང་ཤུགས་དེ་ཙམ་ཡོད་མ་རེད། བཀྲས་མཐོང་གིས་ཕྱི་འབྲེལ་ཐོག་ལ་ཤུགས་རྒྱག་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། བཀའ་བློན་བགྲེས་པ་དེས་ཕྱི་འབྲེལ་ལ་ཤུགས་རྒྱག་དགོས་ཀྱང་འགྲོ་སོང་ཆེན་པོ་གཏོང་འདོད་མེད། བཀྲས་མཐོང་གི་ལས་རྒྱུན་ནང་ཕྱི་རྒྱལ་དོན་གཅོད་བཞི་ལྔ་ཞིག་བཙུགས་པ་རེད། དོན་གཅོད་ཁང་མང་བོ་བཙུགས་དུས་འགྲོ་སོང་ཨ་སྒོར་ཐོག་ནས་གཏོང་དགོས་པས། གློ་བུར་དུ་གཞུང་གི་འགྲོ་སོང་འཕར་བ་རེད། དངུལ་རྩིས་ཁ་མ་འདུམ་པའི་རྒྱུ་མཚན་གཙོ་བོ་དེ་རེད། སྐབས་དེར་བཀའ་བློན་བགྲེས་པ་དེས་བཀའ་དྲུང་དང་དཔལ་འབྱོར་དྲུང་ཆེ་ཁ་ལོ་བསྒྱུར་ཏེ། གཞུང་གི་བཀར་འཇུག་མ་དངུལ་ལ་ལག་པ་འཆང་མ་བཅུག་པ་སོགས་བཀྲས་མཐོང་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། དེ་ཚོ་རེ་རེ་ནས་བཤད་དགོས་ན། དེབ་ཆེན་ཞིག་ལོངས་ངེས་རེད།
༤༽ དུས་དེར་ཆུ་བཞི་སྒང་དྲུག་གི་རྙོག་དྲ་དེ་ཡང་ལངས་པ་རེད། བཀྲས་མཐོང་གིས་གནད་དོན་དེར་འཛེམས་ཟོན་མེད་པར་ཁ་གཏད་གཅག་པ་རེད། རྒྱུ་མཚན་དེའི་དབང་གིས་ལི་ཐང་ཨ་དར་ཁོང་ཚོས་ཁོང་ལ་སྡང་སེམས་ཀྱིས་འདྲ་མ་འདྲ་འབྲི་འགོ་བཙུགས་པ་རེད། ཆུ་སྒང་གི་དེབ་དམར་པོ་དེར་ལྟོས་དང་། དེའི་ནང་ནས་དཔྱད་ཤེས་ན་གནད་དོན་མང་བོ་ཤེས་རྒྱུ་འདུག
འདི་ལྟར་སྐབས་དེར་ལོ་ན་གཞོན་པའི་བཀྲས་མཐོང་གིས་ལས་དོན་ཆེན་པོ་ཞིག་རྩོམ་བཞིན་པ་དེར་ཕྱི་ནང་གང་ས་ནས་འགོག་རྐྱེན་བཟོས་པར་བརྟེན། མུ་མཐུད་མདུན་སྐྱོད་བྱེད་པའི་མཐུན་རྐྱེན་ནམ་ལམ་ཁ་བཀའ་ཤག་གི་ནང་དང་། དྲུང་ཆེའི་ཁྲོད་མེད་པ་མཐོང་ནས་དགོངས་པ་ཞུས་པ་རེད། འདི་ཚོ་ནི་དཔེ་མཚོན་ཁ་ཤས་ཡིན།
ཁྱེད་རང་རྣམ་དཔྱོད་ཅན་ཞིག་རེད། བཀྲས་མཐོང་གིས་གཞུང་དངུལ་ཟོས་ན། བཀྲ་ཤིས་དབང་འདུད་ཇི་ལྟར་གཙང་མར་སྡོད་ཐུབ་བམ། བཀྲ་ཤིས་དབང་འདུད་དེ་དུས་ཕྱི་འབྲེལ་བཀའ་བློན་རེད། དེ་ཚོ་ལ་ཞིབ་པར་སོམས་དང་། འཁྱོག་གཏམ་དེ་ཚོའི་འབྱུང་ཁུངས་ཚོད་ཐིག་འོང་།
ད་ཡང་བཀྲས་མཐོང་གི་སྐོར་གནས་ཚུལ་མངོན་པ་གསལ་ཡོང་གི་འདུག་གོ།
མི་རྒན་ཁང་གསར་འདི་འདྲ་ས་མི་འདུག ཀླུ་མཁར་བྱམས་ཀྱི་ཆ་བ་ཆོ་བོ་དང་། དམིགས་གསལ་སྐུ་ཚབ་རྣམས་ཀྱི་ལག་འཁྱེར་བློ་སེང་དང་འདྲ་བར་ཡོད་རེད་བསམ་མཁན་ཚང་མ་ནག་འཚུབ་སེ་བཏང་སོང་།
དངོས་གནས་བཤད་ན་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་དགོས་འདུན་བཏོན་ཆོག་པའི་ཆ་རྐྱེན་གཅིག་རང་ཡོད་པ་ནི་ཁྲིམས་ལུགས་ཤེས་པ་དེ་ག་རང་ཡིན། ད་བཀའ་ཁྲི་ཟེར་དུས་གནད་འགག་མང་པོ་ནས་ལྟ་དགོས་པ་ལྷན་རྒྱས་ནས་དྲན་སྐུལ་གནང་དུས་ང་ལའང་དྲན་རྒྱུ་ཞིག་འདུག
ཁ་སྔོན་བློ་སེང་གིས་མ་འོངས་ལས་འཆར་ཟེར་བའི་དེབ་ཞིག་བཏོན་སོང་། དེ་ལ་རང་ཚོད་ཀྱིས་ཞིབ་ཚགས་མོ་བྱས་ནས་བལྟས་པ་ཡིན། ཆབ་སྲིད་ཀྱི་འཆར་གཞི་ཟེར་རམ་བང་ཞིག་སྒྲིག་པའི་ཟོ་ཡོད་པ་དེ་དག་མི་མང་ལ་ཕུ་རྒྱག་པ་འདྲ་བོ་ཞིག་ལས་དོན་དངོས་ཀྱི་འཆར་སྣང་ཞིག་ཏུ་མཐོང་མ་སོང་། གསར་གཏོད་ཟེར་བ། རང་མགོ་རང་མཐོན་ཟེར་བ། ཆིག་སྒྲིལ་ཟེར་བ་གང་ལའང་གཏད་སོ་འདི་རེད་བསམ་བསམ་ཞིག་མི་འདུག ཆིག་སྒྲིལ་ཟེར་ཞོར་ཆོལ་ཁ་གསུམ་གྱི་སྐུ་ཚབ་བཀའ་ཤག་ནང་ཡོང་དགོས་པ་རེད་ཟེར་ནས་ཁ་ཁར་ཕྱེས་སོང་། གསར་གཏོད་ཟེར་ཞོར་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་སྲིད་ཀྱི་རེད་ཙམ་ཡང་བཤད་མ་སོང་། རང་མགོ་རང་ཐོན་ཟེར་ན་ཁོ་རང་འདྲ་བོ་བྱེད་དགོས་པ་རེད་ཟེར། འོ་ད་ཟམ་གདོང་རིན་པོ་ཆེའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འདྲ་བ་ཞིག་ཀྱང་ཡོང་མི་འདུག རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་ནང་དུ་རང་དབང་དང་དེ་ཡོང་ཐབས། དེ་སྒྲུབ་ཐབས་གསལ་བོ་བཀོད་གནང་ཡོད་པ་རེད། རང་མགོ་རང་ཐོན་ཅི་ལྟར་བྱེད་དགོས་མིན། ཅི་ལྟ་བུ་ཞིག་ལ་རང་མགོ་རང་ཐོན་ཟེར་མིན་སོགས་གཞུང་ལུགས་འདྲ་ཞིག་བརྩམས་གནང་ཡོད་པ་རེད།
གཅིག་གྱུར་གྱིས་བོད་ལ་ཅི་ལྟར་ཕན་ཚུལ་ཆིག་སྒྲིལ་མ་གནང་བའི་ཉེས་པ། ཅི་ལྟར་བྱེད་དགོས་ཚུལ་སོགས་གསུང་ཡོད་པ་རེད། མཁས་དབང་བློ་བཟང་སེང་གེ་ཟེར་ག དེང་རང་རེའི་བོད་ཀྱི་ངེས་དོན་མཁས་དབང་ཟམ་གདོང་རིན་པོ་ཆེས་མཁས་པའི་རྩལ་སྟོན་གནང་ཡོད་རེད། བློ་བཟང་སེང་གེར་སྟོན་རྒྱུ་འདི་ཡིན་ཟེར་རྒྱུ་ཞིག་ད་སྔ་མཐོང་མ་སོང་། མ་གཞི་བཙན་བྱོལ་ནང་གི་མཁས་དབང་ཟེར་ན་སྐྲག་མི་དགོས དེ་སྔོན་སྤོ་ལགས་ཤིག་དང་མཉམ་དུ་བཀའ་མོལ་གནང་བ་ཡིན། ཁོང་གིས་དེང་སང་ཅི་ཟེར་གྱི་ཡོད་རེད། མཁས་དབང་ཟམ་གདོང་རིན་པོ་ཆེ་ཟེར་གྱི་འདུག དོན་ལ་གནས་ཀྱི་འདུག དེ་དང་མཉམ་དུ་མཉམ་དུ་མཁས་དབང་བསྟན་འཛིན་བརྩོན་འགྲུས་ཟེར་གྱི་འདུག ད་མཁས་དབང་ཟེར་ན་ཅི་ཟེར་གྱི་ཡོད་རེད། དེ་སྔ་བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས་ལ་ལྟས་ན་བོད་ཀྱི་རིག་གནས་དར་བའི་སྒང་རེད། ཡིན་ཡང་། མཁས་དབང་གི་མཚན་འབོད་གནང་ས་ཞེ་དྲག་ཉུང་ཉུང་རེད། དེང་སང་ད་ག་རེ་ཡིན་པའི་ཁུལ་རེད་གསུངས་སོང་།
གཞན་བློ་སེང་འདི་ཀུན་སྤྱོད་ངོ་མ་ལེགས་པོ་མི་འདུག དེ་སྔ་VOAནང་དུ་བགྲོ་གླེང་གནང་སྐབས་དྲི་བ་འདྲི་མཁན་ཞིག་གིས་ཁོང་གི་སྙེས་ལགས་བོད་མི་ཡིན་མིན་ཟེར་ནས་དྲི་བ་གནང་སོང་སྟེ་ལན་ཐད་ཀར་བོད་མི་ཡིན་པ་ལ་དོགས་པ་མི་དགོས་ཚུལ་མིན་ཚུལ་མང་པོ་ཞིག་གསུངས་སོང་། ཁོང་ཁྲིམས་ལུགས་ཆེད་སྦྱོང་གནང་མྱོང་མཁན་རེད། བོད་ཀྱི་བཀའ་བློན་ཁྲི་བ་གནང་བར་གཟའ་ཟླ་རིགས་གང་ཡིན་མིན་ལ་འབྲེལ་བ་ཡོད་པ་མ་རེད། གནས་ལུགས་འདི་ཁོང་གིས་མཁྱེན་གྱི་རེད། འདིའི་ཐད་འགྲེལ་བཤད་མ་གནང་བར་བོད་མི་ཡིན་ཚུལ་ལྷོ་ཁ་ཟེར་ཅིག་ནས་ཡིན་རབས་མང་པོ་གསུང་བསྡད་སོང་། འདི་བཀྲས་མཐོང་ལ་གནོད་ཀྱི་ཡོད་ན་གནོད་ཤ་སྟག་འདྲ་ཞིག་རེད། བཀྲས་མཐོང་གི་སྙས་ལགས་བོད་པ་ཞིག་མིན་རབས་འདུག འགན་འཁུར་ལ་དོ་སྣང་མ་བྱས་པ་རེད་བསམ་སོང་།
དེ་ལས་བཀྲས་མཐོང་དྲག་ག བཙན་བྱོལ་བོད་གཞུང་ཡུན་གནས་ཡོང་ཐབས་ཀྱི་འཆར་སྣང་། ཐབས་ལམ། ལས་དོན་བྱེད་ཕྱོགས་གསལ་ཐང་ཐང་འདུག དཔལ་འབྱོར་ཐད་དུའང་འདུ་འགོད་བྱེད་ཐབས་གསལ་བོ་འདུག
ང་བཀྲས་མཐོང་གིས་སྔོན་ཅིག་གནང་བ་རེད་ཟེར་ནས་ཧ་སངས་ཀྱི་མི་འདུག དེང་ག་རེ་གནང་ས་རེད་དེ་ལ་ལྟ་འདོད་འདུག བཀྲས་མཐོང་ལྟ་བུ་ཞིག་ཡིན་ན་ས་ཨ་རིར་སོང་བ་དེ་ནང་མི་སྒེར་གྱི་དཀའ་སེལ་ཆེད་ཡིན་ཟེར་ནས་ཕྱི་གསལ་ནང་གསལ་རེད། ཨ་རིར་ཕེབས་ནས་ཀྱང་བོད་དོན་ཐད་ལས་དོན་མང་པོ་གནང་བ་རེད།
ཁོང་བཀའ་ཁྲིར་མི་འོས་ས་ཞིག་ཡོད་པ་དེ་བཙན་བྱོལ་གྱི་མི་རབས་དང་པོ་ཆགས་ཡོད་ཙང་། བཙལ་བྱོལ་གྱི་དབུ་ཁྲིད་རྣམས་ཡང་འཁོར་བསྐྱར་འཁོར་གྱི་རྣམ་པ་ཞིག་ཡོང་གི་ཡོད་པ་དེ་གཅིག་པོ་རེད། ད་དེ་སྐྱོན་མི་འདུག ཟེར་བའི་ལྟ་ཚུལ་དགོངས་ཚུལ་ཅིག་ཡོད་ན་ཁོང་དྲག་ཤོས་རེད་བསམ་སོང་།
ངེས་བཀྲས་ཐོང་ལ་ཞུ་རྒྱུ་གང་ཡང་མེད། ཁོང་གིས་སྔོན་མ་ཕྱག་ལས་ཡག་པོ་གནང་བ་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡིན་ཡོད། ཡིན་ཡང་ད་ལེན་གྱི་བཀའ་བློན་ཁྲིད་པ་དེ་མཁས་དབང་བློ་བཟང་སེང་གེ་ཡིན་དགོས། གང་ལ་ཞུས་ན་ཁོང་རྒྱལ་སྤྱི་ཁྲིམས་ཐོག་ལ་མཁས་པ་དང༌། དེ་བཞིན་ང་རང་ཚོའི་བོད་ཀྱི་རྩ་དོན་དེ་རྒྱལ་སྤྱིའི་འཁོར་ཡུག་གི་གནས་སྟངས་དང་བསྟུན་ནས་འགྲོ་དགོས་པ་དང༌། ༧གོང་ས་མཆོག་སྐུ་བཞུགས་ཐོག་ངེས་པར་དུ་གཞོན་སྐྱེས་ཞིག་སླེབས་ཐུབ་པ་ཧ་ཅང་གལ་ཆེན་པོ་ཡིན། མ་འོངས་པར་༧གོང་ས་མཆོག་འཚོ་ཞིང་མ་བཞུགས་པའི་སྐབས་གཞོན་སྐྱེས་ཞིག་སླེབས་པ་ཡིན་ན་ཁག་པོ་ཆག་གི་རེད་བསམ་གྱི་འདུག །དེར་བརྟེན་ད་ལེན་གྱི་བཀའ་ཁྲི་དེ་མཁས་ དབང་བློ་སེང་ཡིན་པས་བོད་མི་ཚང་མའི་ཐུགས་བསམ་རྒྱ་ཆེར་མཛད་པར་ཞུ། ཐུགས་རྗེ་ཆེ། བོད་རྒྱལ་ལོ།། །།
འཇམ་ཚུལ་ལགས། གནས་ཚུལ་རྙིང་པ་བསྔོགས་མ་སྡོད། གསལ་པོར་བཤད་ན། སྐབས་དེར་བཀྲས་མཐོང་ས་མ་ཆགས་པ་བཟོ་མཁན་གྱི་བྱེད་གཏེ་གཙོ་བོ་དེ་འཇུ་ཆེན་ཕྱོགས་གཏོགས་རེད། མི་ལོ་ཆུང་ཞིག་དོན་མེད་ལྔ་ལམ་དུ་གཏོང་རྒྱུའི་རྣམ་པ་གསལ་པོ་བསྟན་ཡོད། དེ་འདྲ་སོང་ཙང་དེ་ཚོ་ལ་བསམ་བློ་བཏང་སྟེ་ཐག་ཆོད་པའི་གནས་ཚུལ་མ་རེད།
ངའི་སེམས་ནས་བཀུར་བའི་དྲ་གྲོགས་ཁང་གསར་ལགས།
ཁྱེད་ཀྱི་གསུང་པ་ལ་རྒྱུན་དུ་གུས་བརྩི་དང་ལྕིད་ཁོག་བརྩི་བཞིན་ཡོད། འོན་ཀྱང་དེ་རིང་གནད་དོན་དང་པོ་དེ་ངའི་བཤད་པ་ལྟར་ཡིན་སྙམ། འོན་ཀྱང་ང་ནི་དཔྱད་ཞིབ་པ་ཞིག་མིན་པས་ཁུངས་སྣེ་འདྲ་འདིར་སྟོན་རྒྱུ་མེད། དེ་དུས་ང་རང་དེ་རུ་ཡོད་པའི་དྲན་ཚོད་ཙམ་ཡིན།
གཉིས་པ་ལ་ཁྱེད་ཀྱི་གསུང་པ་ལ་གོ་རྒྱུ་ཡོད་སྲིད་པ་འདྲ་ཡང་། དེ་དུས་ཁོང་དགོངས་པ་ཞུ་དགོས་དོན་ནི་ཁོང་གི་ནང་མིའི་དཀའ་ངལ་ཡིན་ཞེས་ཁོང་རང་གིས་ལོ་སྔོན་མ་ཟློས་གར་ཚོགས་ཁང་དུ་གསུང་སོང་། ཁོ་བོས་དྲ་ཐོག་ནས་ཐད་ཀར་མཉམ་ཞུགས་བྱས་སྐབས་གོ་སོང་།
དངུལ་གྱི་སྐོར་ལ་ང་ལ་དམིགས་བསལ་ཞུ་རྒྱུ་མེད། གང་ལྟར་budgetary deficit སྔོན་རྩིས་མ་ཐིག་པ་ཙམ་ཡིན་ཚུལ་ཉེ་ཆར་གསུང་གི་འདུག དེ་ཡིན་ན་དེ་འདྲའི་རྙོག་དྲ་ལངས་དོན་མི་འདུག་པས་ང་དོགས་པ་ཆེ་རུ་སོང་ཞུ་དོན་དེ་ཙམ་ཡིན་ལགས།
ནོར་གླིང་རྟེན་དགེ་ཆེན་མོ་སྤེན་པ་རྡོ་རྗེ་ལ་ཁྱོད་ཀྱིས་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་འདུག་དེ་པོ་ལ་རྒྱུས་ལོན་ཡག་པོ་ཞིག་བྱེད་ཐུབ་མི་འདུག ཁོ་བཀའ་བློན་ཁྲི་བ་མ་ཐོབ་ན་བཀལ་བློན་ལ་འདུག་མི་སྲིད ཁོ་ལ་དགོས་བ་དེ་བཀའ་བློན་ཁྲི་བའི་གོ་གནས་ལས་གཞན་པ་ཁོས་ཅང་ཤེས་གྱི་མ་རེད
ཁྱོད་ཨུ་ཚུགས་ག་ཚོད་རྒྱག་ཀྱང་ཕན་ཐོབ་ཡོང་དཀའ་རྒྱུ་རེད དེ་ལས་ལས་ཀ་ཡོག་པོ་རེད་བྱོས
རྒད་པོ་སྤེན་པ་རྡོ་རྗེས་བློ་བཟང་སེང་གེ་ལ་བསྟོད་ར་གཏོང་ཞོར་དུ། རྒྱབ་སྐྱོར་ངོ་མ་བྱེད་ས་བཀྲས་མཐོང་རེད། དེ་ཧ་གོ་ཡི་མི་འདུག་གམ། ལྐུགས་པ་ཚོ།
དྲ་གྲོགས་རྣམས་ལ་ཞུ་རྒྱུར།
༡༽ངས་དྲ་ནང་དུ་ཕེབས་པའི་རྩོམ་པ་པོ་དང་མཆན་པ་པོ་ཕལ་ཆེ་བ་ལྷག་བསམ་དང་སེམས་ཤུགས་ལྡན་པ་ཞེ་གཅིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ།མང་ཆེ་བ་ལས་བྲེལ་ཡང་ཆེན་པོ་ཡོད།འོན་ཀྱང་ང་ཚོས་གསར་དུ་སྤེལ་བའི་རྩོམ་རིག་གི་ནང་དོན་ཞིབ་རྒྱས་བཀླགས་འཁོམ་མ་བྱུང་ཡང་།རྩོམ་གྱི་བརྗོད་དོན་དངོས་དང་བསྟན་བྱའི་ནང་དོན་དངོས་དེ་ཤེས་རྟོགས་བྱུང་རྗེས་གཞི་ནས་མཆན་འགོད་སྤེལ་གནང་ན་ཁྱེད་ཀྱི་མཆན་བུ་དེ་ཡང་གནད་ལ་འཁེལ་བ་ཡོང་གི་རེད།དེ་མིན་མཆན་སྤེལ་མཁན་མང་པོ་ཞིག་གིས་དམིགས་ཡུལ་གྱི་རྩོམ་དེའི་བརྗོད་དོན་ངོ་མར་གོ་བ་ལོག་འཁྲུལ་བྱེད་མཁན་མང་པོ་འདུག
༢༽ད་ཐེངས་བོད་ཀྱི་བཟོ་བོའི་སྒྱུ་རྩལ་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་རྟེན་དགེ་ཆེན་མོས་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་ནས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་བཀའ་བློན་ཕྱག་རོགས་དང་།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་ཁྲིར་འོས་བབ་ཡོད་ལུགས་ཀྱི་ཞུ་སྐུལ་གནང་བ་ནི་ཡོངས་སུ་ཡང་དག་པ་དང་།དེར་གུས་པས་ཀྱང་དེ་དེ་བཞིན་དུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
༣༽དྲ་ནང་གི་ཆབ་སྲིད་དཔྱད་རྩོམ་པའི་ཁྱུ་མཆོག་ཁང་གསར་རྡོ་རྗེ་ལགས་ཀྱིས་ལུང་རིགས་ཁུངས་སུ་དྲངས་ནས་བཀྲས་མཐོང་ལ་དག་གསེས་གནང་བ་དེ་ནས་ལྷག་པ་ཞིག་དུང་ལ་དཀར་རྩིའི་རིས་མོ་དང་།ར་ཅོའི་ནང་གི་ལུག་ཅོ་ཞིག་གུས་པས་ཞུ་སྤོབས་བྲལ་སོང་བས་དེར་རྒྱབ་སྐྱོར་དང་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
༤༽བཀྲས་མཐོང་བསྟན་རྣམ་རྒྱལ་མཆོག་དེ་སྔ་ཕྱི་ལོ་༡༩༩༥་ལོར་བཀའ་ཁྲིའི་ལས་འཁུར་གློ་བུར་མཚམས་འཇོག་གནང་ནས་ཨ་རིར་ཕེབས་དོན་ངོ་མ་ནི་གོང་དུ་ཁང་གསར་ལགས་ཀྱིས་དྲངས་པ་ནང་བཞིན་རེད་མོད།
དོན་གྱི་བདག་པོ་སྐུ་ངོ་མཆོག་གིས་གནད་དོན་དེ་ཕྱི་གསལ་ནང་གསལ་གནང་ན་མི་མང་པོ་ཞིག་ལ་དོ་ཕོག་ཐེབས་ནས་བོད་མིའི་ཆིག་སྒྲིལ་ལ་གནོད་གཞི་ཆགས་ན་མི་ལེགས་པར་དགོངས་ནས་སྐབས་དེའི་ལས་དོན་དགོངས་ཞུའི་གནད་དོན་དེ་རང་ཉིད་ཀྱི་ཁྱིམ་ཚང་གི་གནས་ཚུལ་ལ་ཁ་ཕྱོགས་བསྒྱུར་གནང་བའི་བཟང་སྤྱོད་ཀྱི་སྙིང་སྟོབས་ལ་ང་ཚོ་བོད་མི་ཚང་མས་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པ་རེད།