བསྟན་འཛིན་འཇིགས་མེད།
བསྒྱུར་མཁན་དོན་གྲུབ། འཚམས་སློབ་ཟུར།
ང་ཚོས་སྤྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་གྱི་ཉིན་མོ་དེ་རེ་སྒུག་བྱེད་བཞིན་ཡོད། ཉིན་མོ་དེ་ནི་བོད་མི་ཚོས་མ་འོངས་བོད་ཀྱི་བཀའ་བློན་ཁྲི་པ་གདམ་རྒྱུའི་དུས་ཚིགས་ཤིག་ཡིན། ད་ཐེངས་བཀའ་བློན་ཁྲི་པའི་འོས་འདེམས་ནི་བོད་མི་རྒན་གཞོན་བར་གསུམ་གྱི་དོ་སྣང་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་ནི་མཐོང་ཆོས་མྱོང་འགྱུར་ཞིག་ཡིན། ནུས་སྟོབས་ལྡན་ལ་ཕུགས་བསམ་ཆེ་བ་བོད་གཞིས་བྱེེས་གཉིས་ཀྱི་དོ་སྣང་ཤུགས་ཆེ་བྱེད་ཡུལ་འོས་མི་གསུམ་ཡོད་པ་དེ་དག་གི་ཐོག བོད་མི་འཚོ་སྡོད་བྱེད་བཞིན་པའི་ལམ་ཟུར་གྱི་ཇ་ཁང་དང་། གཞིས་ཆགས། དགོན་སྡེ་ཁག་སོགས་ཀྱི་ནང་བགྲོ་གླེང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། ང་ཉེ་ཆར་༧སྐྱབས་མགོན་རིན་པོ་ཆེས་བདུན་ཕྲག་ཅིག་ལྷག་ཆོས་ཀྱི་འཁོར་ལོ་བསྐོར་ཡུལ་གནས་མཚོག་ཝ་ར་ན་སིར་བསྐྱོད་པ་ཡིན། དེའི་སྐབས་སུ་ང་ལ་བོད་ནས་ཕེབས་པའི་བོད་མི་གནས་མཇལ་བ་མང་པོ་ཐུག་འཕྲད་བྱེད་རྒྱུའི་བགོ་བསྐལ་བཟང་པོ་ཞིག་ཐོབ་བྱུང་། ཁོང་ཚོ་ནི་ཡོང་ལ་ཉེ་བའི་བཀའ་ཁྲིའི་འོས་བསྡུའི་ཐོག་ཤེས་རྟོགས་ཟབ་མོ་ཡོད་པ་ཤ་སྟག་རེད། ཡིན་ནའང་བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་སྐོར་ལ་དེ་ཙམ་མཁྱེན་རྟོགས་མི་འདུག དེར་བརྟེན་ངས་འགྲེལ་བཤད་འདི་ལྟར་བརྒྱབ་པ་ཡིན། གཅིག་ནི་ཧར་ཝ་ཀྲི་གཙུག་ལག་སློབ་གྲ་ཆེན་མོའི་མཁས་དབང་གི་གོ་མིང་ཡོད་པ་དང་། གཉིས་པ་ནི་མི་ལོ་ཧྲིལ་པོ་ ༣༥ ལྷག་བོད་གཞུང་ནང་ཕྱག་ལས་གནང་མྱོང་ཡོད་ཅིང་། ད་སྐབས་ཨ་རིའི་སི་ཀྲན་ཌེ་ཕོར་ཌི་མཐོ་སློབ་ནང་སློབ་དཔོན་གྱི་མཚན་གནས་ཡོད་པ། གསུམ་པ་ནི། ལོ་མང་རིང་བོད་གཞུང་གི་ཕྱག་ལས་གནང་མྱོང་བའི་བཀའ་ཟུར་ཞིག་བཅས་གསུམ་རེད་བརྗོད་པ་ཡིན།
དེའི་སྐབས་ངས་སྐད་ཆ་འདི་ལྟར་འགོ་འཛུགས་ཞུས་པ་ཡིན། ང་ནི་མི་ལོ་ཧྲིལ་པོ་ ༣༥ ལྷག་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས། བོད་མི་རིགས་ཐོག་འཁུར་ལྕི་མོ་བཞེས་མྱོང་ཡོད་པའི་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞེས་ཞུས་པ་ཡིན་ དེ་ཡང་ཁོང་ནི་བོད་མི་རིགས་དང་བོད་མིའི་རང་དབང་སླར་གསོའི་ཆེད་ཕུལ་བྱུང་གི་ཕུགས་བསམ་ཡོད་པའི་མི་སྣ་གལ་ཆེ་ཞིག་ཡིན་པ་ངེས་ཤེས་རྙེད་ཐུབ། ང་ཚོས་ཁོང་གི་འདས་པའི་ལོ་རྒྱུས་རིང་མོའི་བྱ་གཞག་དག་ལ་ཕྱིར་མིག་ཅིག་བལྟས་ན། འབྱུང་འགྱུར་ཁོང་གིས་ཇི་འདྲ་གནང་གི་ཡིན་པ་མངོན་དཔགས་བྱ་ཐུབ། དེ་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་མི་གཞན་ལས་ལྷག་པའི་ཁྱད་ཆོས་ཀྱི་མ་ལག་ཅིག་ཡོད་པས། འོས་མི་གཞན་གྱི་ཉམས་མྱོང་དང་ཕུགས་བསམ་ཁོང་ལྟར་ཅོག་ཙེའི་སྟེང་གཤམ་སྟོན་བྱེད་རྒྱུ་མེད་པ་ནི་ཀུན་བལྟས་མེ་ལོང་ཡིན། ཁོང་ནི་ད་ལྟ་བོད་མི་རིགས་ཀྱི་ཆག་འཇིག་ཐོག་འབུར་ཐོན་གྱི་ཕྱག་རྗེས་འཇོག་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བཙན་བྱོལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཞུ་མཁན་གྱི་གྲས་ཤིག་དང་། ༧གོང་ས་མཆོག་ཨ་མེ་རི་ཁར་ཆེས་ཐོག་མའི་འཚམས་གཟིགས་གྲ་སྒྲིག་ཞུས་པ་སོགས་བསམ་ཚེ། འཛམ་གླིང་སྡིངས་ཆའི་སྟེང་བོད་མིའི་འཐབ་རྩོད་མངོན་པར་བྱས་ཡོད། ཨ་མེ་རི་ཁར་བོད་མི་ཆིག་སྟོང་གནས་སྤོས་གནང་བ་དེས། ད་ལྟ་བོད་པའི་རིག་གཞུང་སྲུང་སྐྱོབ་དང་བོད་དང་བལ་ཡུལ་རྒྱ་གར་སོགས་ནང་ཡོད་པའི་ནང་མི་ཚོར་དོན་ཕན་ཆེན་པོ་བྱུང་ཡོད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་འཆར་གཞི་གསར་པ་ཞིག་གི་ཐོག་བསྐྱོད་དེ། ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་བོད་དོན་འཐབ་རྩོད་སྤེལ་རྒྱུ་དང་། བོད་པའི་སྤྱི་ཚོགས་སྲ་བརྟན་གྱི་ལམ་བུར་འཁྲིད་རྒྱུའི་འདུན་པ་ཡོད།
རྒྱ་མིའི་འགོ་ཁྲིད་ཚོ་དང་ལྷན་འབྲེལ་མོལ་གནང་ཕྱོགས་སྐོར་ཞུས་ན། ཁོང་ནི་བདེན་པའི་འབོད་སྒྲ་བསྒྲག་རྒྱུར་འཇིགས་ཞུམ་སྤུ་ཚམ་མེད་པའི་མི་སྣ་ཞིག་ཡིན། ཁོང་ལ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་དུས་དེབ་ཀྱི་བཅར་འདྲི་བྱས་པ་ཞིག་ནང་ཁོང་གིས་ང་ཚོས་ངེས་པར་དུ་བོད་པའི་གནད་དོན་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་དགོས་པ་དང་། དེ་ཡང་བོད་མི་རྣམས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་མ་འོངས་པ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཡོད་པ་རྒྱ་མིས་ཤེས་ཐུབ་པ་དགོས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ཐབས་བྱུས་གསར་པའི་ཐོག་གླེང་སློང་མི་ཉུང་བ་ཞིག་གནང་བ་ཙམ་མ་ཟད། ང་ཚོས་གུ་ཡངས་པའི་སྲིད་བྱུས་འཛིན་ཏེ་རྒྱ་མི་དང་ལྷན་འབྲེལ་མོལ་གནང་གི་ཡོད་པའི་སྐོར་སོགས་གསུངས་སོང་། ཁོང་གིས་སྲིད་བྱུས་དེ་རྒྱུན་འཁྱོངས་བྱེད་དགོས་པ་དང་ལྷན་ང་ཚོའི་བྱ་གཞག་དང་རྩོད་རྙོག་དེའི་ཐོག་བསམ་གཞིགས་བྱ་དགོས་པའི་གནད་དོན་གླེང་སློང་གནང་སོང་། དེར་བརྟེན་ང་ཚོར་ཁོང་ལྟ་བུའི་ཕུགས་རྒྱང་རིང་པའི་དབུ་འཁྲིད་ཅིག་ངེས་པར་དུ་དགོས། ཨོ་བྷ་མ་ཨ་མི་རི་ཀའི་སྲིད་འཛིན་མ་ཆགས་སྔོན་སྤྱི་ཚོགས་ཞབས་ཞུའི་ཐོག་ཕྱག་རྗེས་འཇོག་གནང་ཡོད་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཆི་ཁ་གྷོ་(Chicago) ཡི་གྲོས་ཚོགས་འཐུས་མི་གནང་ཡོད། བེལ་ཁི་ལེ་ཀྲོན་དང་ཇོར་ཇེ་བྷུ་ཤུ་(Bill Clinton and George W. Bush) རྣམ་གཉིས་ཀྱང་ཨར་ཀན་ས་དང་ཀྲེག་ས་(Arkansa and Texa) མངའ་སྡེའི་སྲིད་སྐྱོང་བ་གནང་མྱོང་ཡོད། ཁོང་རྣམ་གཉིས་ཨ་མི་རི་ཀའི་སྲིད་འཛིན་མ་ཆགས་གོང་ཨ་རིའི་མི་སེར་ཚོར་སྟོབས་ཆེན་རྒྱལ་ཁབ་སྐྱོང་ཐུབ་པའི་ཉམས་མྱོང་ཡོད་པ་ཤེས་སུ་བཅུག་ཡོད། ད་ལྟའི་རྒྱ་གར་གྱི་སྲིད་བློན་མཁས་དབང་ (Manmohan Singh) མན་མོ་ཧན་སིང་ལྟ་བུར་ཆ་མཚོན་ན། རྒྱ་གར་ཡུལ་མི་ཚོས་བཀུར་བསྟི་ཧ་ཅང་བྱེད་ཡུལ་ཞིག་དང་ཆབ་སྲིད་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་ལ་ཉམས་མྱོང་ལྟན་པ་ཞིག་ཡིན་དུས། ཁོང་ནི་ཆབ་སྲིད་ཚོགས་པས་འདེམས་ཐོན་པའི་སྲིད་བློན་ཞིག་ཆགས་པ་རེད། ང་ཚོས་ཉམས་མྱོང་ཕུན་སུམ་ཚོགས་པའི་དབུ་ཁྲིད་ཞིག་གདམ་དགོས་དུས་སླ་ཆོས་རྩ་བ་ནས་གནང་རྒྱུ་མེད། དེ་ནི་ང་ཚོར་འཁྲི་བའི་གལ་འགངས་ཆེ་ཤོས་ཀྱི་བྱ་གཞག་ཞིག་ཡིན་པས་ཕུགས་རྒྱངས་རིང་པོའི་མ་འོངས་བོད་ཀྱི་རྩ་དོན་ཐོག་བསམ་གཞིགས་ལེགས་པོ་གནང་སྟེ། ནུས་པ་ལྡན་པའི་བཀའ་ཁྲི་ཞིག་ངེས་པར་དུ་གདམ་གནང་དགོས། བོད་མི་གནམ་བསྟན་སྤྱི་བོ་ཡོངས་ཀྱི་ཧ་གོ་དགོས་པ་ཞིག་ལ་འགོ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་གིས་ཕྱག་ལས་གནང་ན། བོད་མི་རིགས་ལ་ཕན་འབྲས་ག་རེ་ཡོད་པ་ཤེས་ཐུབ་པ་དགོས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་བོདམིའི་འཐབ་རྩོད་དང་སྤྱི་ཚོགས་སྲ་བརྟན་སྐྱོང་ཐུབ་པའི་ཕྱག་རྗེས་དང་ཉམས་མྱོང་ཡོད་པ་ནི། ཀུན་གྱི་འདྲེན་བྱེད་ལམ་དུ་ཤར་དང་འཆར་མུས་ཡིན། ཁོང་དགུང་ལོ་ཆུང་ངུའི་སྐབས་ནས་བཟུང་བོད་གཞུང་ནང་དངོས་སུ་ཕྱག་ལས་གནང་སྟེ། བོད་ཀྱི་འཐབ་རྩོད་དང་མི་རིགས་ཀྱི་ཆེད་ལེགས་སྐྱེས་ཕུལ་ཡོད། ཕྱིས་སུ་ཨ་མེ་རི་ཁར་བཞུགས་པའི་རིང་ལ་ཡང་༧གོང་ས་མཆོག་གི་ཐེབས་རྩ། སེ་ཀྲན་ཕོར་ཀྲི་གཙུག་ལག་སློབ་གྲ་ཆེན་མོའི་ནང་བོད་ཀྱི་རྒྱལ་རབས་སློབ་འཁྲིད་གནང་བ་དང་ལྦལ་བོད་ཀྱི་སྤྱི་མཐུན་ཚོགས་པར་དང་བླངས་ཀྱི་ཕྱག་ལས་དུ་མ་གནང་ཡོད། ངས་ཁོང་གི་འདས་པའི་བོད་སྤྱི་པའི་འཐབ་རྩོད་ཐོག་ཕྱག་ལས་གནང་བ་དག་ལ་ཕྱིར་མིག་ཅིག་བལྟ་དུས། མ་འོངས་པར་ཁོང་ལ་བོད་མི་རིགས་ཀྱི་གནད་དོན་དང་བོད་ཐོག་ཕུགས་བསམ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། རྒྱུ་མཚན་དེ་དག་ལ་བརྟེན་ངས་བལྟས་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་ད་ལྟའི་བོད་མི་ཚོར་བཀའ་བློན་ཁྲི་པ་འོས་ཤོས་སུ་མཐོང་།
ཡག་པོ་འདུག རྒྱབ་སྐྱོར་ཡོད། བཀྲས་མཐོང་ལགས་བཀའ་ཁྲིར་ཕེབས་ཐུབ་པའི་རེ་བ་ཧང་ཅང་ཆེན་པོ་ཡོད།
ང་ནི། ཟབ་གདོང་བླ་མས་བཀའ་ཁྲི་གནང་ཡུན་རིང་དྲགས་པ་དང་། བློ་སེང་སྔོན་འགྲོའི་འོས་མང་ཐོབ་ནས་སྐད་གྲགས་ཆེ་དྲགས་པ་དང་། བཀྲས་མཐོང་བསྟན་རྣམ་བྱས་རྗེས་མང་དྲགས་ནས་ཨ་ཆོག་ཚ་དྲགས་འགྲོ་བྱེད་བགྱིད་འདུག དེ་བས་བཀྲ་ཤིས་དབང་འདུས་ཁུ་སིམ་སིམ་འདི་ལ་རེ་བ་ཆེ་བ་རྒྱབ་ན་ཡག་ས་རེད།
བརྒྱབས་ན་ལ་བཅོས།
བཀྲས་མཐོང་ལྟ་བུར་མཚོན་ན་འདས་པའི་ལོ་རྒྱུས་ནང་བྱས་རྗེས་བཞག་པ་བསྟན་རྒྱུ་ཡོད་པ་ཞིག་དང་། ཆབ་སྲིད་ལ་བྱང་པ་ཆེ་ལ་ཉམས་མྱོང་གིས་ཀློང་རྡོལ་བ། ཕྱོགས་ཞེན་གྱི་དྲིན་མས་དབེན་པ། གཡོ་སྒྱུས་མི་མང་ལ་མགོ་སྐོར་བློ་ཁྲིད་མི་བྱེད་པ། བྱས་པར་བྱས་ཡུས་མེད་ལ། དཀའ་ངལ་ཇི་ཕྲད་ལ་གདོང་ལེན་ཐུབ་ལ། སོགས་ཕུགས་བསམ་ལྡན་པའི་ཆབ་སྲིད་པ་་རྒན་གྲས་ཡིན།
ད་འགྲེལ་བཤད་མང་པོ་རྒྱག་དགོས་མ་རེད། བོད་ཀྱི་སྤྱི་དོན་ཞེས་པ་འདི་གོ་མེད་ཚོར་མེད་ངང་དུས་ཚོད་སྐྱེལ་དགོས་ན་བཀྲ་དབང་ལགས་འདོམས། བོད་ཀྱི་སྤྱི་དོན་ཕར་གཡུག་ཞོག གངས་སྐྱིད་ཀྱི་ར་བ་ཆུང་ངུ་འདིའི་ནང་རྙོག་གྲའི་སྒམ་ཆུང་ཁ་ཕྱེ་དགོས་ན་བློ་སེང་འདོམས། བོད་སྤྱི་ལ་བསམས་སྟེ་བོད་འདི་འོད་ཟེར་ལྡན་པའི་ལམ་དུ་འཁྲིད་དགོས་ན་བཀྲས་མཐོང་འདོམས། འདི་སོ་སོའི་རང་དབང་རེད། ཚང་མ་ལ་ཁྱད་མེད་ན་བཀྲས་མཐོང་དང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོ་ལ་ཡང་ཁྱད་ཡོད་ཀྱི་མ་རེད་སྙམ། ཚང་མས་སྤྱི་དོན་བསམ་ན་གདམ་ཁ་མ་ནོར་བ་བྱེད་དགོས། ཕྱོགས་འཐེན་འདིས་རང་གཞན་ཚང་མ་ཕུང་དུ་འཇུག་རྒྱུ་ཡིན་པ་མ་བརྗེད་པ་གནང་དགོས།
བཀྲས་མཐོང་ལགས་བོད་ཀྱི་བཀའ་ཁྲིར་འཁོད་ཐུབ་ན་དེ་ང་ཚོའི་གཟི་བརྗིད་དང་སྟོབས་ཤུགས་རེད། འོན་ཀྱང་ཨམ་ཕྲུག་ཅོར་ཆུང་འགས་འུར་བརྒྱབ་པ་དང་། ཁམས་རྒན་ཅི་ཡང་ཧ་མི་གོ་བའི་ལུང་ཞེན་ཅན་ཚོས་བཙན་ཤེད་ཚུད་སྤྱད་དེ་བློ་སེང་དྲིལ་བསྒྲིགས་བྱས་པས་སྔོན་འགྲོའི་འོས་ཤོག་མང་པོ་ཁོ་ལ་ཐོབ་སོང་པ་རེད།
བློ་སེང་གི་གདོང་རིས་ངོ་མ་ནི། སྐབས་འཚོལ་མགོ་བདེ། ཆོལ་ཁ་ས་གནས་ཀྱི་ཞེན་ཁོག་ཅན། མི་རིགས་དང་རིག་གཞུང་ལ་ལྷག་བསམ་མེད་མཁན། རང་གི་སྐད་ཡིག་རང་མགོ་མི་ཐོན་པ། རྒྱལ་པ་ཡིན་པོ་ཆེ་ལ་ལངས་ཕྱོགས་དང་དད་མོས་མེད་པ་དེ་རེད། ངོ་མ་དེ་འདྲ་ཞིག་རེད་དང་མ་རེད་གྲོགས་པོ་གཟུར་གནས་ཚོ།
དུས་མི་རིང་བར་ ཕྱི་ ༣ ཚེས་ ༢༠ ཉིན་མོ་འདིར་རང་གི་རྒྱལ་ཁབ་དང་ མི་རིགས་ བོད་མིའི་སྙིང་དུ་བརྣག་པའི་འཕྲལ་ཕུགས་གི་བདེན་དོན་ཐབས་བརྩོད་ལ་སེམས་འཁུར་དང་རྒྱལ་ཞེན་ཆེ་ཞིང་རྣམ་སྤྱོད་མཁས་པའི་བྱེས་འབྱོར་བོད་མི་བརྒྱ་ཆ་མཐོན་པོའི་མང་མོས་ཀྱི་མངོན་འདོད་དང་དགའ་འདེམས་ཡོད་པའི་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེངྒེ་མཆོག་སེང་ཁྲིའི་སྟེང་དུ་གཟི་བརྗིད་ལྡན་པའི་ངང་མཁོད་རྒྱུ་གདོན་མི་གཟའ་ལ་ མཁས་དབང་ཁོང་གི་རྒྱལ་ཁ་ནི་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཁ་དང་ བོད་མཆོལ་གསུམ་མི་རིགས་ཀྱི་རྒྱལ་ཁ་ བོད་དོན་བདེན་པའི་ཐབས་བརྩོད་ཀྱི་ནུས་ཤུགས་རྣོ་ངར་ཆེ་བའི་ངང་གྲུབས་འབྲས་མྱུར་དུ་སྨིན་ཐུབ་ལེའི་རྒྱལ་ཁ་ཞིག་ཀྱང་རེད་ལ་ བཀའ་ཁྲི་འདེམས་ནོར་མེད་པ་དེ་བོད་མི་མང་གི་རྣམ་སྤྱོད་མཁས་པའི་རྒྱལ་ཁ་ཞིག་ཀྱར་ཡིན་ལི་རེད་ བོད་རྒྱལ་ལོ་ བོད་མི་རིགས་རྒྱལ་ལོ་ སེངྒེའི་དབང་ཐང་རྒྱལ་ལོ་།།
རང་བཙན་ལྡེའུ་ལགས་ཁྱེད་ཀྱི་གསུངས་པའི་ “བློ་སེངས་ཀྱི་་རྒྱལ་ཁ་ནི་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཁ་དང་ བོད་མཆོལ་གསུམ་མི་རིགས་ཀྱི་རྒྱལ་ཁ་” འདི་ནི་རིགས་པའི་གཞུང་ལུགས་དང་ཡོངས་སུ་འགལ་བའི་བསམ་ཚུལ་ཅིག་རེད ་གལ་ཏེ་བློ་སེངས་བཀའ་བློན་ཆགས་པ་ཡིན་ན་བོད་
ཀྱི་རྒྱལ་རབས་ལོ་རྒྱུས་ནང་ ཕྱིར་སྡོད་རྒྱ་མིའི་ལག་ཁྱེར་དགོས་མཁོ་གང་ཡང་མེད་པར་དང་དུ་བླང་པའི་བཀའ་བློན་ཁྲི་པ་ཐོག་མ་དེ་ཆགས་པའི་མ་ཚད་ རྒྱ་མོ་ཞིག་གིས་དཔལ་འབྱོར་གྱི་རྒྱབ་རྟེན་ཆ་ཚང་ཕུལ་ཡུལ་གྱི་བཀའ་བློན་ཁྲི་པ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད་ དེ་ནི་བོད་མི་དམངས་
ཀྱི་རྒྱལ་ཁ་ག་ན་ཡིན་ རྒྱ་གུང་ཕྲན་་ལ་དགོས་རྒྱུའི་རྒྱལ་ཁ་ཞིག་ལོས་ཡིན་ ཕྱིར་སྡོད་རྒྱ་མི་ངོས་ལེན་བྱས་པའི་བཀའ་ཁྲི་ཞིག་བྱུང་རྗེས་ རང་བཙན་
གྱི་སྐད་ཆ་དེ་དུས་དེ་ནས་རྫོགས་པ་དང་ དབུ་མའི་ལམ་གྱི་བགྲོ་གླེང་དེ་ལ་ཡང་ནུས་པ་གཏན་ནས་མེད་པ་ཆགས་པ་རེད་ ཁྱེད་ཀྱི་མཚན་རང་བཙན་
དང་ གསུངས་པའི་དོན་གཉིས་རྒྱབ་འགལ་རེད་འདུག་ ཨ་རོགས་ བོད་ཀྱི་རྩ་དོན་ལ་ཐུག་དུས་ ལུང་མཚན་གྱི་ཞེན་འགོག་དང་ཕྱོགས་ཞེན་དེ་རྩ་བ་ནས་བྱེད་མི་ཉེན་
གྲ་གྲོགས་ཚོ་མ་འདས་སྤྲུལ་སྐུའི་སྐོར་ལ་བསམ་ཚུལ་གང་ཡོད། བློ་སེང་ནས་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ངོས་འཛིན་ཞུ་དགོས་པ་དང་། དེ་ཡང་༧གོང་ས་མཆོག་རང་ནས་མ་འདས་སྤྲུལ་སྐུ་དེ་ལ་སློབ་སྟོན་གནང་དགོས་པའི་བསམ་ཚུལ་སྟོན་བཞིན་པར་དམིགས་ཡུལ་གང་ཡིན་ནམ།
སྤངས་སྤོས། (བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས་སྨད་ཤེས་མཁན་ཞིག་གིས་སྨད་ན་བཟང་།)
བཀྲས་མཐོང་ལྟ་བུར་མཚོན་ན་འདས་པའི་ལོ་རྒྱུས་ནང་བྱས་རྗེས་བཞག་པ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དཀའ་ངལ་ཇི་ཕྲད་ལ་གདོང་ལེན་ཐུབ་ལ། (སྔོན་གྱི་བཀའ་བློན་ལས་འཁུར་བཞག་ནས་ཨ་རི་ལ་བྲོས་སོང་བ་དེ་དཀའ་ངལ་ལ་གདོང་ལེན་དེ་ལྟར་ཐུབ་པ་ཡིན་ནམ།) སོགས་ཕུགས་བསམ་ལྡན་པའི་ཆབ་སྲིད་པ་་རྒན་གྲས་ཡིན།(ཁ་ནས་ནང་མི་ལ་དཀའ་ངལ་ཡོད་པ་ཁ་གཡར་ནས་དོན་དངོས་སུ་ཆུ་སྒང་གི་དཀའ་རྙོག་ལ་སྐྲག་ནས་རི་བྲོས་མཁན་ལ་ཕུགས་བསམ་ལྡན་པའི་ཆབ་སྲིད་པ་རྒན་གྲས་སུ་བརྩི་རུང་ངམ། དེ་བཞིན་བཀྲས་མཐོང་ནི་བློ་ཁོག་མེད་པའི་མི་སྡར་མ་ཞིག་ཡིན་པས་བོད་མི་མང་གིས་ཁོ་ལ་ཡིད་མ་ཆས་ན་བཟང་། )
བཀྲས་མཐོང་ལ་བསྟོད་པ་རྒྱབ་མཁན་ཚོ་བསམ་བློ་ག་འདྲ་བཏང་གི་ཡོད་ཧ་གོ་མི་འདུག །ཁོང་སྔོན་མ་བཀའ་ཁྲི་སྐབས་ཀྱི་ལས་ཀ་ཡག་ས་ཚང་མ་དྲིལ་བསྒྲགས་བྱས་ནས་སྡུག་ས་ཡོངས་རྫོགས་རྫུན་མ་ཟེར་ནས་གང་ཐུབ་གསང་བ་བྱེད་བཞིན་འདི་ཟབ་ཟབ་མ་བྱས་ན་ང་ཚོ་བོད་མི་དམངས་གཡོ་རྒྱུ་འོག་ཏུ་ཚུད་ཉེན་འདུག །ཁོང་སྔོན་མ་བཀའ་ཁྲི་བྱས་ནས་ལས་ཀ་མཐའ་མ་འཁྱོལ་བ་རེད་ ད་ལྟ་ཁོང་བཀའ་ཁྲི་ཆགས་ན་སྔོན་མ་ནང་བཞིན་རང་རེད།
ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བོད་ལྕགས་ཡོས་གནམ་ལོ་གསར་དུ་བཞད་པའི་བཀྲིས་པའི་རྟེན་འབྱུང་དགའ་སྟོན་འཚམས་འདྲིའི་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབས་ཅིག མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་ཅིང་། རླབས་ཆེན་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ། རིང་པོར་མ་ཐོགས་པར་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་༸ཞབས་ཀྱི་པདྨོ་མངོན་པར་བཀོད་པའི་སྐལ་བཟང་གི་ཉིན་མོ་མྱུར་དུ་འཆར་བའི་སྨོན་འདུན་གྲངས་མེད་ཞུ།
དྲ་གྲོངས་རྣམས་ཀྱིས་གཙོས་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་འབངས་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་བདེ་ལེགས་ཞུ།
ད་ནི་ལྕགས་སྟག་ལོའི་ཟླ་བ་མཐའ་མ་སྟེ་བོད་ཟླ་བཅུ་གཉིས་པ། ཉི་མ་མཐའ་མ་སྟེ་ཚེས་༣༠ ཉིན། དུས་ཚོད་མཐའ་མ་སྟེ་ཕྱི་དྲོའི་ཆུ་ཚོད་བཅུ་གཉིས་པ་རེད། སྐད་ཅིག་གི་རིང་ལ་ལོ་རྙིང་པ་དེ་མི་དམིགས་པའི་དབྱིངས་སུ་ཐིམ་ནས་འགྲོ དེ་དང་མཉམ་དུ་བདག་གི་འདྲེན་མཆོག་དམ་པ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༧ གོང་ས་མཆོག་གི་གསང་གསུམ་ཚུལ་བསྟན་གྱི་མཚན་མ་མི་དམིགས་པའི་དབྱིངས་སུ་ཐིམ་ནས། སྐད་ཅིག་གིས་གནམ་ལོ་གསར་བ་སྟེ། རབ་གནས་ལྕགས་ཡོས་ལོ་ཤར་བ་དང་མཉམ་དུ། འཛམ་གླིང་གི་མི་ཡི་ཉི་མ་མཆོག་གང་དེའི་གསང་གསུམ་སྐུ་ཚེ་རྟག་བརྟན་གྱི་ངོ་བོར་ཤར་ནས། འཕྲིན་ལས་འོད་ཀྱིས་ས་སྟེང་ཡོངས་སུ་ཁྱབ་པར་གྱུར་ཅིང་། དེའི་འོད་ཀྱིས་འཚོ་བའི་རང་ཅག་ཁ་བ་རི་བ་ཡོངས་ལ་ལེགས་ཚོགས་དཔལ་དུ་འབར་བའི་སྨོན་འདུན་བཅས་ཕུལ།།
BBCདང་ཟླ་མེད་ཀྱིས་སྨོན་པ་བཞིན་དུ་དེ་དེ་བཞིན་དུ་འགྲུབ་པར་ཤོག ། ལྷ་རྒྱལ་ལོ། ། དགེའོ། དགེའོོ། དགེའོོོ། །
དེ་རིང་ལོ་གསར་ཚེས་པ་གཉིས་རེད། ལོ་གསར་ཚེས་པ་གཉིས་ཀྱི་ཉིན་གུང་ཆུ་ཚོད་གཉིས་པའི་ཐོག་འདི་ག་ཁ་ན་ཌ་རུ་བཀའ་ཁྲིའི་འོས་མི་གསུམ་ཕེབས་ཏེ་མི་དམངས་འདུ་འཛོམས་སར་བགྲོ་གླེང་ལྷུག་པོ་གནང་རྒྱུ་ཡིན་པ་དང། ཕ་ཡུལ་དྲ་རྒྱ་བརྒྱུད་ཚོགས་ར་དངོས་ཀྱི་བརྙན་འཕྲིན་པར་གཞི་འཛམ་གླིང་ཁྱོན་ལ་ཐད་གཏོང་བྱ་རྒྱུ་རེད་འདུག་ན་ཚང་མས་དུས་ཐོག་གཟིགས་རོགས་གནང། ད་བོད་མི་ཚང་མ་གཉིད་སད་རན་འདུག དུས་བབ་དྲ་རྒྱའི་ཐོག་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ད་ཆ་བོད་མིས་བློ་སེང་ལ་དག་སྣང་སྦྱོང་གི་འདུག་གསུངས་ཀྱང་། འདི་དག་སྣང་མ་རེད། ཕྱོགས་རིས་ཀྱི་སེང་རས་ཀྱིས་བློ་གྲོས་ཀྱི་མིག་བཀབ་སྟེ་གཡང་ལ་སྡེབ་མཆོང་རྒྱག་པའི་ལེའུ་གསར་པ་ཞིག་རེད།
དེ་འདྲ་སོང་ཙང་ངས་སླར་ཡང་རང་གི་བསམ་ཚུལ་ཞུ་རྒྱུ་ཡིན། ད་བར་ང་ཚོས་རང་གི་བསམ་བློའི་འཆར་སྒོ་དང་བསྟུན་ཏེ་སོ་སོས་གདམ་འདོད་པའི་བཀའ་བློན་དེའི་དགེ་ཚན་གང་མང་བརྗོད་པ་དང་། གཞན་ཕྱོགས་དེའི་ཞན་ཆ་མང་པོ་བཙལ་ཡོད། དོན་དངོས་ཐོག་གདེངས་འཇོག་བྱེད་སྟངས་ལ་རིགས་གཉིས་སུ་གྱེས་འདུག རིགས་དང་པོ་དེས་བཀའ་ཁྲིའི་འོས་མི་དེ་དང་དེའི་འདས་པའི་བྱ་གཞག་ལ་རྟོག་ཞིབ་ཀྱིས་གྲུབ་འབྲས་ཇི་བྱུང་དང་། ལས་དོན་ཇི་ཙམ་བརྩམས་པ་སོགས་གཞི་ལ་བཅོལ་ཏེ་ཕྱོགས་བསྡོམས་བྱས་ཡོད་པ་དང་། རིགས་གཉིས་པ་དེས་བཀའ་ཁྲིའི་འོས་མི་དེ་དང་དེའི་སྨྲ་རྩལ་དང་ཤེས་ཡོན་གྱི་ཆུ་ཚད། ད་དུང་སེམས་ནང་གི་འཆར་གཞི་སོགས་ལ་གཙོ་བོར་གཞི་བཅོལ་ཏེ་ཕྱོགས་བསྡོམས་བྱས་ཡོད། འོན་ཀྱང་ཕྱོགས་བསྡོམས་ཀྱི་ཁ་ཕྱོགས་འཛོལ་བའི་རྐྱེན་གྱིས་གྲུབ་འབྲས་ལ་ནོར་འཛོལ་མང་པོ་བྱུང་ཡོད། དཔེར་ན། བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོས་བློ་སེང་ལགས་བོད་མིའི་ཁྲོད་ནས་ཤེས་ཚད་མཐོ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད། དོན་དངོས་ལ་བལྟས་ན། བོད་མི་ཤེས་ཡོན་པ་བྱིངས་ཕར་ཞོག མིག་མདུན་གྱི་བཀའ་ཁྲིའི་འོས་མི་བསྟན་རྣམ་རྒྱལ་དང་། བློ་སེང་བསྡུར་ན་ཁྲིམས་ཀྱི་སྐོར་ལ་བློ་སེང་ལ་བཤད་རྒྱུ་མང་བའི་དབང་དུ་བཏང་ཀྱང་། དབྱིན་སྐད་ཀྱི་སྨྲ་རྩལ་དང་། དབྱིན་ཡིག་གི་རྩོམ་རྩལ། བོད་སྐྱད་ཀྱི་སྨྲ་རྩལ་དང་། བོད་ཡིག་གི་རྩོམ་རྩལ་ལྟ་བུ་ལ་ཆ་མཚོན་ན། ཁོང་གཉིས་བསྡུར་ཐབས་རྩ་བ་ནས་མེད་པ་ཞིག་རེད་འདུག བོད་ཀྱི་སྐད་ཡིག་སྐོར་ལ་ང་ཚོས་ཚང་མས་ཚོད་བགམ་བྱེད་ཐུབ་ཀྱང་། དབྱིན་ཇིའི་ཡིག་ངག་གཉིས་ཀྱི་ཐད་ཆུ་ཚད་ཇི་ཡོད་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཕལ་མོ་ཆེས་མཁྱེན་དཀའ་བའི་རང་བཞིན་ཞིག་རེད། གང་ཡིན་ཞེ་ན་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་རྣམས་ཤེས་ཡོན་དེ་ཙམ་མེད་པའི་སྐྱེ་བོའི་ཚོགས་ལས་གྲུབ་པ་ཞིག་རེད། འདི་འདྲ་ཡིན་དུས་ཁོ་ཚོས་བློ་སེང་གི་དོན་དམ་པའི་དབྱིན་སྐད་ཀྱི་ཆུ་ཚད་ངོ་མ་དེ་ཤེས་ཀྱི་མེད། འདི་ཤེས་པ་ལ་ཐབས་ལམ་ལེགས་ཤོས་ནི་བློ་གཟུ་བོར་གནས་པའི་ཕྱི་རྒྱལ་གྱི་སྐད་ཡིག་མཁས་པར་དྲི་རྒྱུ་དེ་རེད། འོ་ན་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོར་ཤེས་ཡོན་དེ་ཙམ་མེད་པ་གང་ལས་ཤེས་སྙམ་ན། ཁོ་ཚོས་བློ་སེང་ལ་གདེངས་འཇོག་གནང་སྟངས་དང་། ཧ་ཝ་ཌིའི་སློབ་གྲྭའི་མིང་གོ་བ་ཙམ་གྱིས་བླ་འཁུམས་པ། བོད་མིའི་ཁྲོད་ན་ཁོང་ལྟ་བུ་མེད་པ་ཙམ་མ་ཟད། ཧ་ལམ་ཨེ་ཤ་ཡའི་གླིང་ཆེན་ནང་ཁོང་ལྟ་བུ་དཀོན་པར་སེམས་པའི་འདུ་ཤེས་ལས་ཤེས་ནུས། མི་རིགས་ཤིག་ལ་མཚོན་ན་འདི་ལྟ་བུའི་འདུ་ཤེས་འདི་ཧ་ཅང་གི་ཉེན་ཁ་ཅན་ཞིག་རེད།
དངོས་པོའི་གནས་ལུགས་དང་མཐུན་པའི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་དཔྱད་པ་བྱས་པ་ཡིན་ན་ཕྱོགས་དང་པོའི་བསམ་ཚུལ་རྣམས་ཅུང་ཉེན་ཁ་ཆུང་བ་དང་། གྲུབ་འབྲས་སོན་རྒྱུར་གདེང་ཚོད་ཆེ་བ་ཡོད་པར་ངོས་འཛིན་བྱས་ཆོག འོན་ཀྱང་དེ་སྔོན་གྱི་བྱས་རྗེས་ཆེན་པོ་ཡོད་པ་ཙམ་གྱིས་མ་འོངས་པར་ཡང་གྲུབ་འབྲས་ཆེན་པོ་ཡོང་གི་རེད་ཅེས་ཐག་གཅོད་བྱས་ན་སྔ་དྲག་པ་མ་ཟད། གནས་ལུགས་དང་ཡང་མཐུན་གྱི་མེད། དཔེར་ན། སྐད་ཅིག་གཉིས་པར་ས་བོན་བྱ་རོག་གིས་འདོན་པར་ངེས་པའི་ཞིང་སྐྱེ་རུང་ཡིན་ཀྱང་སྐྱེ་ངེས་མིན་པ་ལྟར་རེད། དེ་བཞིན་ཉམས་མྱོང་མེད་པ་ཙམ་གྱིས་མ་འོངས་པའི་ལས་དོན་ལ་གྲུབ་འབྲས་ཐོབ་དཀའ་ཞེས་པའི་ལྟ་བ་འདི་ཡང་ཕྱོགས་སུ་ལྷུངས་ཡོད། ཉམས་མྱོང་ཞེས་པ་འདི་ལག་ལེན་གྱི་ཁྲོད་ནས་རྙེད་དགོས་པ་ལས་དེ་མིན་གྱི་ལམ་བུ་གཞན་ཞིག་མེད་པས་བྱས་པ་རེད། དེ་འདྲ་སོང་ཙང་བཀྲས་མཐོང་དང་བློ་སེང་གཉིས་ཀའི་ཐད་དགེ་མཚན་ཡོད་ལ་ཞན་ཆ་ཡོད་པ་གཅིག་མཚུངས་རེད། འོན་ཀྱང་ཁོང་རྣམ་གཉིས་ཀྱི་ཁྲོད་ནས་ང་ཚོས་བཀྲས་མཐོང་ལ་རེ་བ་རྒྱག་པ་དང་། བློ་སེང་ལ་རེ་ལ་བརླགས་པའི་རྒྱུ་མཚན་ནི་ཉམས་མྱོང་ཡོད་མེད་དང་། ཤེས་ཚད་མཐོ་དམན། གྲུབ་འབྲས་ཆེ་ཆུང་སོགས་ལ་གཙོ་བོ་མགོ་བསྟུན་པ་མ་ཡིན་པར། ཁོང་རྣམ་གཉིས་ཀྱི་མི་གཤིས་དང་བསམ་པའི་ཀུན་སློང་སོགས་ལ་དཔྱད་པ་བྱས་ནས་གདམ་ཀ་བྱས་ཡོད། དེ་ཡང་གཙོ་བོ་བྱ་དངོས་ཐམས་ཅད་ལ་བརྒྱུད་རིམ་ཡོད་དགོས་པ་དང་། བརྒྱུད་རིམ་དེ་ཡང་དངོས་པོའི་གནས་ལུགས་ཀྱི་གྲུབ་ཆ་ཞིག་རེད། དཔེར་ན། མེ་ཏོག་ལ་ཆ་བཞག་ན་ས་བོན་གྱི་གནས་སྐབས་དང། ས་བོན་ལ་མཆེ་བ་གཏོང་བའི་གནས་སྐབས། དེ་ནས་རིམ་བཞིན་ལྗང་པ་དང་། ཡལ་ག ལོ་མ། ཐེའུ། དེ་ནས་མེ་ཏོག དེ་ནས་སླར་ཡང་ས་བོན་ཕྱི་མ་སྐྱེད་པ་སོགས་བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་འདི་དངོས་པོའི་གཤིས་སུ་གྲུབ་འདུག དེ་བཞིན་སྤྱིར་བཏང་བྱས་པ་ཡིན་ན་སྐས་ཀ་འཛེགས་པར་ཡང་སྐས་རིམ་དང་པོ་ནས་གཉིས་པ་དང་། དེ་ནས་གསུམ་པ་སོགས་རིམ་གྱིས་བགྲོད་དེ་ད་གཟོད་ཐོག་ཁར་སླེབས་པ་སེམས་གཙོ་གཟུགས་འདས་རིག་པའི་འཆར་སྒོ་ཞིག་མ་ཡིན་པར་དངོས་གཙོ་སྨྲ་བའི་ལྟ་བའི་རྨང་གཞི་ཞིག་ཡིན། ཚུལ་འདི་ལྟར་བལྟས་པ་ཡིན་ན། ང་ཚོས་ད་གཟོད་བཀའ་ཁྲིའི་འོས་མི་ཞིག་གི་ངོས་ནས་ངེས་པར་དུ་བརྒྱུད་དགོས་པའི་གནས་ལུགས་དེ་གསལ་པོར་མཐོང་ཐུབ། དེ་ལྟར་མིན་པར་ཐོད་རྒལ་གྱིས་རྒྱང་མཆོངས་བརྒྱབ་པ་ཡིན་ན། དེའི་རྒྱབ་ཀྱི་ཀུན་སློང་དང་། མི་གཤིས་སོགས་ལ་འབྲེལ་བ་དམ་ཟབ་ཡོད་པའི་གནས་དོན་མི་ཉུང་བ་ཞིག་ཡོད་པ་གོར་མ་ཆགས། གནས་སྐབས་འདི་ལྟ་བུ་ཞིག་གི་འོག་སྔར་བཤད་ཕྱིས་འགལ་དང་། རང་མཆོག་གཞན་དམན་གྱི་འདུ་ཤེས། དུས་དང་སྐབས་མི་འདྲ་བ་རེ་ལ་སྐད་ཆ་མི་འདྲ་བ་རེ་ཤོད་དགོས་པ་སོགས་ཁྱི་སོ་ལྟར་གྲལ་ག་ཚོད་འགྲིགས་ཐབས་བྱས་ཀྱང་དེ་ཚོད་ཀྱིས་ཛོར་རྟགས་བཤམས་ཡོང་བ་དང་དོན་དངོས་མངོན་གྱུར་ཡོང་་བ་ཆོས་ཉིད་རེད། འདི་འདྲ་ཡིན་ཙང་ལས་དོན་ཆེ་ཕྲ་གང་ཞིག་བརྩམས་ཀྱང་དོན་དངོས་དང་། དངོས་པོའི་ཆོས་ཉིད་ལ་བསྟུན་དགོས་པ་ལས་འདི་ལས་གཡོལ་ཐབས་མེད་པའི་རང་བཞིན་ཡིད་ལ་བཅངས་རྒྱུ་གལ་ཆེན་པོ་ཡིན་པའི་གནས་ལུགས་མ་བརྗེད་པ་གནང་རོགས། །
ཁེ་ན་ཌར་བཞུགས་པའི་བོད་རིགསསྤུན་ཟླ་ཡོངས་ཀྱིས་བཀའ་ཁྲི་འོས་་མི་་གསུམ་གྱི་བསམ་བློའི་འཁྱེར་སོ་དང་། བསམ་པའི་ཀུན་སློང་། བཤད་པའི་སྐད་ཆ་ལ་བདེན་ཆ་ག་ཚོད་ཡོད་མེད་བརྟག་དཔྱད་ཡག་པོ་གནང་རྒྱུའི་རེ་བ་ཡོད། འོས་ཤོག་འཕེན་སྐབས་མིག་བཙུམས་ནས་མི་འཕེན་པའི་རེ་བ་ཡོད། ལོ་གསར་ལ་བཀྲ་ཤིས་བདེ་ཞུ།
ཁེ་ན་ཌར་བཅའ་བཞུགསཀྱི་བོད་མི་རྣམས་རྨོངས་གཉིད་ལས་སད་པའི་སྨོན་འདུན་དང་། སུ་ལ་འོས་འཕེན་མིན་སོ་སོའི་རང་དབང་ཡིན་ཀྱང་། བསམ་བློ་ཡག་པོ་མ་བཏང་བར་འོས་འཕངས་ན་བོད་མི་རིགས་ལ་གནོད་ཆེན་པོ་སྐྱེལ་གྱི་ཡོད་པས་དེ་དོན་ཡིད་གཟབ་གནང་རོགས།