མར་མེ།
གངས་ལྗོངས་འཛིན་མའི་ཁྱོན་དེར་འཆར་བ་ཡི།།
ཉི་གཞོན་གསར་བའི་དུས་ཀྱི་དགའ་སྟོན་ལ།།
དྲིན་ཅན་དགེ་བའི་བཤེས་དང་ཨ་ཕས་མཚོན།།
མདོང་དམར་སྤུན་ཟླ་ཡོངས་ལ་འཚམ་འདྲི་ཞུ།།
ཚེ་བསོད་དགུང་གི་འཇའ་ཚོན་ལས་ཀྱང་བཀྲ།།
ཤེས་དཔལ་དབྱར་གྱི་མཚོ་མོ་རྒྱས་པའི་ཤིས།།
ནད་ཀྱི་དྲི་མ་ཙམ་ཡང་དབེན་པས་བདེ།།
ལེགས་ཚོགས་ཀླུ་ཡི་མཛོད་ལྟར་འཛོམ་པ་ལེགས།།
བཀྲ་ཤིས་ཕྱི་མར་ཟས་ཀྱི་ཐོག་མ་དང་།།
ཤིས་པའི་དབྱངས་ཀྱི་སྤྲོས་པའི་ཆང་ཕུད་གཉིས།།
བདེ་དགའ་ཡིད་འཕྲོག་གཞོན་ནུས་ཁྱེད་ལ་འདྲེན།།
ལེཊ་ཚོཊ་འདོད་དོན་ཇི་བཞིན་འགྲུབ་པར་སྨོན།།
བཀྲ་ཤིས་རྟགས་ཀྱི་རྒྱན་པའི་དར་དཀར་དེ།།
བཀྲ་ཤིས་ཚེས་ཆ་གསར་པར་ཁྱེད་ལ་སྒྲོན།།
བཀྲ་ཤིས་རྗེས་ཀྱི་ལོ་ཡི་དུས་གསར་ལ།།
བཀྲ་ཤིས་ལྷན་འཛོམ་ཡོང་བའི་སྨོན་ལམ་ཞུ།།
ཟླ་བ་བཅུ་གཉིས་བསྡོམས་པ་རེས་ལ་ལོ་གསར་རེར། །
ཉིན་ཞག་གསུམ་བརྒྱ་དྲུག་ཅུར་བརྩིས་པར་ལོ་གསར་རེར། །
ཇ་ན་ཝ་རི་ཚེས་པ་དང་པོར་ལོ་གསར་རེར། །
ཧོར་ཟླ་བོད་ཟླ་དང་པོའི་དང་པོར་ལོ་གསར་རེར། །
ལོ་གསར་ཞེས་པ་མི་ཡིས་བཟོས། །
མཆོད་པ་འབུལ་ཡུལ་ལྷ་ལ་བྱས། །
ཐམས་སྐད་ཐམས་ཅད་སྒྲོ་བཏགས་ཙམ། །
སྒྲོ་བཏགས་དེ་ཡང་སྲོལ་རྒྱུན་ཆགས། །
འདི་ལོ་ལུག་གི་ལོ་ལ་ཡང་། །
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
ཨེ་མ་བག་བྲོ་སྐུ་ཁམས་བཟང་། །
བརྟན་དུ་བདེ་བ་ཐོབ་པར་ཤོག །
ལོ་གསར་ཞེས་པ་མི་ཡིས་བཟོས། །
མཆོད་པ་འབུལ་ཡུལ་ལྷ་ལ་བྱས། །
ལོ་གསར་ཐམས་ཅད་སྒྲོ་བཏགས་ཙམ། །
སྒྲོ་བཏགས་དེ་ཡང་སྲོལ་རྒྱུན་ཆགས། །
འདི་ལོ་ལུག་ལོའི་སྲོལ་རྒྱུན་ལོར། །
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
ཨེ་མ་བག་བྲོ་སྐུ་ཁམས་བཟང་། །
བརྟན་དུ་བདེ་བ་ཐོབ་པར་ཤོག །
བཀྲིས་བདེ་ལེགས་མང་པོ་འདུག་།
སྔ་དྲོ་ཐུག་དུས་བཀྲིས་བདེ་ལེགས་།
དགོང་དྲོ་ཐུག་དུས་བཀྲིས་བདེ་ལེགས་།
ཉིན་དགུང་ཐུག་དུས་བཀྲིས་བདེ་ལེགས་།
ག་དུས་ཐུག་ཀྱང་བཀྲིས་་བདེ་ལེགས་།
བོད་མིའི་སྒོམ་ཤིས་ཡིན་ས་རེད་།
ལོ་གཅིག་ཟླ་བ་བཅུ་གཉིས་།
ཉི་མ་གསུམ་རྒྱ་དྲུག་བཅུ་རེ་ལྔ་།
ལོ་གསར་པའི་བཀྲིས་བདེ་ལེགས་ལ་ རྟགས་དང་དོན་ཆེན་འགྲུབ་་ལ་
བསམ་དོན་འགྲུབ་པའི་བཀྲིས་བདེ་ལེགས་ཡིན།