ཨེ་མ་ཧོ།
དེ་རིང་སྔ་དྲོ་ང་ཡང་ཡེ་ཤུ་ལྷ་ཁང་ནང་དུ་མཆོད་འབུལ་དང་རང་གིས་མཆོད་མེ་སྒྲོན་ཞོར་བཟང་སྤྱོད་སྨོན་ལམ་དང་རྫོགས་ཆེན་མར་མེའི་མཆོད་པ་འདོན་ནས་ལྷ་སྒོམ་སྔགས་བཟླས་ཅི་ནུས་བྱས་ཀྱང་། དེང་དུས་སྤྱི་ཚོགས་ངན་པའི་ཁ་ཕྱོགས་ཀྱི་བག་ཆགས་ངན་པས་མཆོད་མེའི་ནང་ནས་འགའ་ཞིག་ཚིག་འགྲོ་གི་ཡོད་སྣང་དང་ཉེ་ཆར་གྱི་བར་དོ་གསར་པ་དེ་ཚོ་དྲན་ནས་སྙིང་ཁ་ལ་ཐོན་པ་ལྟ་བུའི་སྡུག་བསྔལ་བྱུང་། རྣམ་རྟོག་ལམ་དུ་སློང་མ་ནུས་ནས་རྩོམ་ཐུང་ཞིག་ཀྱང་བྲིས་ཀྱང་བདེན་པ་ནི་འཛིན་མི་སྲིད། ཕན་མེད་རྫུན་སྨད་ཀྱི་ཁ་སྨྲས་ཀྱིས་ང་ལ་མི་སྐྱོན་རུང་། ངའི་སྙིང་ཉེ་བ་དང་ཆོས་བརྒྱུད་ལ་སྒྲོ་སྐུར་དྭོགས་ནས་ནག་བསུབས་ལ་བཏངས། མདོར་ན་སྨོན་ལམ་འདི་འདྲ་ཞིག་འདེབས་པ་ཡིན།
ཨེ་མ་ཧོ།
མ་རིག་མུན་སེལ་འཕགས་པའི་ལྷ་ཚོགས་ལ།།
འོད་གསལ་སྙིང་པོ་དོན་གྱི་སྒྲོན་མེ་དྲུག།
དམིགས་མེད་ཆོས་ཀྱི་དབྱིངས་སུ་ཕུལ་བས་མཐུས།།
འགྲོ་ཀུན་དེ་ཉིད་འོད་གསལ་མངོན་གྱུར་ནས།།
སྡུག་བསྔལ་གསུམ་གྱི་མིང་ཡང་མེད་པར་ཤོག།
ཅེས་དང་།
ཨེ་མ་ཧོ།
ཉི་ཟླ་སྐར་མ་གློག་འོད་ཆོས་རབ་གསལ།།
ཕྱི་ནང་གསང་བའི་མུན་པ་རབ་བསལ་ཞིང་།།
ངེས་དོན་རིག་པའི་ཡེ་ཤེས་འོད་གསལ་སྙིང་།།
ནམ་ཡང་ནུབ་མེད་འགྲོ་ཁམས་དཔལ་དུ་ཤོག།
ཅེས་སོགས་བཏབས་ནས་སྙིང་རྗེས་ལས་ངན་རྒྱུན་ཆད་དུ་ཡང་ཡང་གསོལ་འདེབས་དང་སྨོན་ལམ་ཅི་ནུས་བྱས་མཐར་ངལ་གསོས། གློ་བུར་དུ་ཉེ་འཕྲིས་ཀྱི་དབྱིན་མོ་གསེར་མདོག་ལྕང་ལོས་རབ་ཏུ་ཕྱུག་ཅིང་། སྤྱན་མིན་མཐིང་ཁ་དཀྱུས་རིང་ལ་སྒེག་ཉམས་ལང་ཚོ་མཛེས་མའི་ཡོན་ཏན་ལྡན་པ་ཞིག་གིས་མཁན་ཆེན་བླ་མ་གསོལ་ཇ་དགོས་སམ་ཚིག་ཇ་དགོས་སམ་ཞིམ་ཁུ་བཞེས་སམ་གསུངས་ནས་ཞེ་ས་དང་དགའ་དད་ཆེན་པོས་བོས་བྱུང་། ངས་་་ཡ་ཡ ཅུང་སྒུག་ཨ། ང་ཚོགས་ཇ་ཁང་དུ་ཡོང་གི་ཡིན་ཞེས་བཤད། ང་ལ་ཚིག་ཇ་འོ་མ་ཡོད་པ་ཞིག་དགོས་ཞུས། ལེགས་སོ། དཀོན་མཆོག་གི་སྐྱོབས། སླར་མཇལ།གསུངས། གཡོན་ན་དབྱིན་རྒན་ལོ་གྱ་བཅུ་སོན་པ་ཞིག་གིས་ཁྱོད་ཡེ་ཤུ་པ་ཡིན་ནམ་ཞེས་དྲིས་སོང་། ངས་ང་ནང་པ་སངས་རྒྱས་འི་དགེ་རྒན་ཞིག ཡིན་ན་ཡང་ང་རང་ཡེ་ཤུའི་ཆོས་ལ་ཞེ་ས་དང་དགའ་བོ་ཡོད། གང་ཡིན་ན་ངའི་གྲོགས་པོ་ཕལ་མོ་ཆེ་ཡེ་ཤུ་པ་ཡིན། ང་ཚོ་གྲོགས་པོ་ཡིན། ང་ཚོའི་ལྷ་དཀོན་མཆོག་ལ་ཡང་ཕྱི་ནང་གསང་གསུམ་དུ་ཡོད་པར་གོ་ན་ཡག་པོ་ཡོད་རེད་བཤད། དེ་མ་ཐག་མཛེས་མ་དེས་ཞིམ་འཐུད་དང་ཤིང་ཐོག་སྣ་ཚོགས་དང་།ཚིག་ཇ་འོ་མ་ཞིམ་མངར་ལྡན་པ་ཞིག་གནང་སོང་། ངས་ཁྱོད་ཀྱི་མིང་ལ་གང་ཡིན་ནམ་ཞུས། མོས་འཛུམ་མདངས་བཅས་ང་ཡི་མིང་ལ་ཡེ་ཤེས་ལྷ་མོ་ཡིན། ཁྱོད་ཀྱིས་ངོ་དེབ་ཀྱི་གྲོགས་མོ་ཡིན་ཟེར། དབྱིན་མིང་ལ་རྗེ་ནི་ཧྥེར་ཡིན་གསུངས། ངས་འོ་དེས་ན་ཁྱོད་སེམས་ནང་པ་སངས་རྒྱས་པ་དགོས་རེད་ད་བཤད་པ་ཡིན་ནོ།། དེ་ནས་མདོ་འཛིན་པས་ཡེ་ཤུའི་འཁྲུངས་སྐར་སྐོར་མཚམས་སྦྱར་བྱས་སོང་་་་་་་
ཅི་བཤད་འདི་བཤད་མེད། མཛུ་མོ་ཁ་ནང་བཅུག དཀོར་རྒན་ཨེ་མ་ཧོ། ཧ་ཧ་ཧ