བསྟན་འཇམ །
རང་ཅག་བོད་མི་ཡོངས་ཀྱི་མགོན་སྐྱབས་དམ་པ་༧གོང་ས་ཏྰ་ལའི་བླ་མ་མཆོག་གི་འགན་ཁུར་གསུམ་གྱི་ཡ་གྱལ་བོད་ཀྱི་ཆབ་སྲིད་དཀའ་ཉོག་གི་འཛིན་སྐྱོང་ལས་ཁུར་ཐག་བཅད་གཙང་དག་གིས་བསྐྱུར་བའི་ཐད་ལ་སྤྱིར་འཛམ་གླིང་གི་ཆབ་སྲིད་པ་དང་དགོས་བོད་མིའི་ངོས་ནས་ལྟ་སྟངས་ཉེ་རང་གི་ཁྱད་པར་ཙམ་ལས་ལྟ་སྟངས་གསུམ་གི་སྟེང་དུ་བབས་འདུག དགོས་པའི་ཆེད་དུ་བོད་མའི་ལྟ་སྟངས་གསུམ་ནི ། ཚོར་བ་སྡུག་ཡུས་ཀྱིས་གླེང་སྟངས་གཅིག་དང་། བཏང་སྙོམས་ཀྱིས་གླེང་སྟངས་གཉིས་དང ། མགོ་མ་ཚོས་པའི་འུར་སྒྲོག་གཡབ་རྒྱུགས་ཀྱིས་གླེང་སྟངས་གསུམ་དུ་དབྱེ་ཆོག ཚོར་ཤུགས་ཀྱིས་ཐོག་ནས་གསུང་འཕྲིན་འགྲེལ་སྟངས་ཐད་ལ་དགག་སྒྲུབ་གཉིས་སུ་བཀྱེད་ཡོད ། སྒྲུབ་ཕྱོགས་ནི་གསུང་འཕྲིན་དགོངས་དོན་གཞིར་བཟུང་ཐོག་དགའ་ལྡན་ཕོ་བྲང་ནི་ལུགས་གཉིས་ཀྱི་ཡ་གཅིག་སྟེ་སྲིད་ཀྱི་འགན་དབང་བསྡུ་གསོག་བརྒྱབ་སྟེ་ཆབ་སྲིད་ཀྱི་ཁེ་དབང་མི་མང་ལ་གནང་པ་དེ་མ་འོངས་རྒྱང་སྐྱོད་ཀྱི་ཁེ་ཕན་ཁོ་ན་ཡིན་པར་ཚོར་ཤེས་ཀྱིས་རྟོགས་ནས་དཀའ་གསུངས་ལྟར་ལག་བསྟར་བྱེད་དགོས་པས་སྐུལ་ལྕག་ཡང་ཡང་གཏོང་མཁན་དེ་ཚོ་རེད །
གཉིས་པ་ནི ། དགག་ཕྱོགས་ནས་བཤད་སྟངས་དེ་དང་། བཏང་སྙོམས་ཀྱིས་གླེང་སྟངས་ཏེ་སྤྱིའི་བདེ་སྡུག་ལ་ཚོར་མེད་ཀྱི་བཤད་སྟངས་དང་འདྲ་བར་རང་ཁོ་ནའི་དབང་དང་ཁེ་ཕན་རླུང་རྟ་ཉམས་རྒྱུར་འཇིགས་ནས་གཡོ་མེད་འགྱུར་མེད་ཀྱིས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་བློ་ཐག་རྦད་ཆོད་ཀྱིས་མདུན་དུ་ནུར་ཞིང་། རྒྱབ་དཔུང་བསྡུ་བའི་སྣང་བརྙན་གསོན་པོར་གནས་ཡོད་པ་དེ་ཚོ་རེད ། ཕུར་ཚུགས་ཞེས་པའི་གོ་དོན་ནི་འགྱུར་མེད་གཡོ་མེད་དམ་ཅིས་ཀྱང་ལྡོག་དཀའ་བའི་དོན་ལ་འཇུག སྤྱི་འཐུས་ཀྱི་གསོལ་བ་ཕུར་ཚུགས་དེ་ཕུར་ཚུགས་ལས་ལྡོག་སྟེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་བཙུགས་པ་དེ་ཚོར་བ་བཏང་སྙོམས་ཀྱིས་གླེང་སྟངས་ཤིག་དང་དགག་པའི་ཕྱོགས་སུ་སྦྱར་སྟངས་ཤིག་ཀྱང་རེད་དེ ། ལོ་རྒྱུས་ལ་མགོ་བོ་གཏད་ན་འདི་ལྟར་མི་བྱེད་རང་བྱེད་རེད ། ལོ་རྒྱུས་དཔུང་བོར་བཞག་ཏེ་སྤྱི་འབངས་ཡོངས་ཀྱི་མངོན་མོས་གཞི་རྩ་གཟུང་ན་བཀའ་བློན་ཕར་གཡུགས་སྤྱི་འཐུས་ཞེས་པའི་བསྡུས་མིང་འདིའི་ཀྱང་བོད་བྱིངས་ཀི་མངོན་མོས་མཚོན་ཐུབ་མེད་པ་གསལ་ཐིང་ཡིན་པས་བོད་མི་རེ་རེ་གི་སེམས་ཁམས་སུ་དབུ་ཁྲིིད་རེ་ཉར་བ་ཡོད་པ་ནི་༧་གོང་ས་མཆོག་གཅིག་བུ་རེད ། དེའི་སྟབས་ཀྱིས་གསོལ་བ་ཕུར་ཚུགས་ཁ་ཁྱེར་ནས་བཏང་སྙོམས་ཀྱིས་གཏམ་སྒྲོག་མཁན་དག་སྒྲུབ་ཕྱོགས་སུ་ལངས་འདུག་སྙམ་པའི་ཚོར་གཤིས་དེ་རྩ་བ་ནས་གསུང་འཕྲིན་དང་རྒྱབ་འགལ་དུ་གྱུར་ཡོད་ན་མ་ཟད ། ནོར་འཁྲུལ་ཅན་གྱི་གོམ་སྟབས་ཤིག་ཀྱང་རེད །
ལྟ་སྟངས་གསུམ་པ་ནི་མགོ་མ་ཚོས་པའི་འུར་སྒྲོག་གི་བྱེད་པོ་དག་རེད ། བྱེད་པོ་འདི་དག་ནི་བྱེད་པ་བོ་གཙོ་ཕལ་དུ་དབྱེ་བའི་ཕལ་བའི་གྲས་སུ་འཇོག་དགོས ། མི་ཕལ་བ་དང་། མི་ཐ་ཤལ་བ་ནི་སྤྱི་སྙོམས་སུ་ཁེབས་པའི་སྤྱི་ཚོགས་དེིའི་སྒྲིག་འཛུགས་དང་རྒྱབ་འགལ་དུ་གྱུར་ཡོད་པ། མང་གི་འདོད་མོས་ལ་ལོག་འགྲེལ་དང་རྡོག་རྫིས་བྱེད་མཁན་དེ་དག་ནི་མི་ཕལ་བ་དང་ཐ་ཤལ་དུ་བརྩི་དགོས ། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་གི་ལྟ་གྲུབ་གཞི་བཅོལ་ནས་ལྟ་སྟངས་མཛད་དགོས་སྙམ ། དམར་ཕྱོགས་ཚོ་ཁག་ཅིག་གི་ངོས་ནས་མང་གཙོར་ལྟ་སྟངས་དང་། མང་གཙོའི་སྤྱི་ཚོགས་ཤིག་གི་ངོས་ནས་དམར་ཕྱོགས་ལ་ལྟ་སྟངས་དེ་ནི་བསམ་བློ་ཐ་དད་པ་དེའི་ངོས་ནས་གཅིག་ཤོས་བདེན་པ་དང་གཅིག་དེ་རྫུན་པར་ལྟ་དགོས ། དེ་ནི་ཆོས་ཉིད་དམ་ལྟོས་ས་ལྟོས་ཆོས་ཡིན་ཞིག་ཡིན་སྟབས་སྤྱི་ཚོགས་ཀྱིས་མི་བུ་གཙོ་ཕལ་ལ་ལྟ་སྟངས་དེ་ཡང་སྤྱི་ཚོགས་དེའི་ལྟ་གྲུབ་གཞིར་བཞག་ཐོག་ལྟ་དགོས ། མགོ་མ་ཚོས་བའི་འུར་སྒྲོག་ཅན་ཚོར་ལྟ་སྟངས་དེ་ཡང་འུ་ཅག་གི་སྒྲིག་གཞི་དང་། འུ་ཅག་གི་མངོན་མོས་གང་ཡིན་པ་གཞི་བཅོལ་ནས་ལྟ་དགོས །
སྤྱི་ཚོགས་ཀྱི་ལམ་ཁ་ནས་མི་འགྲོ་བར་ཟུར་དུ་འགྲོ་བ། གཏམ་བརྗོད་རང་དབང་ཞེས་པའི་བདེན་ལ་རྒྱབ་གཏད་པ། ཆོས་མེད་སྲིད་དབང་ཞེས་པའི་༧གོང་ས་མཆོག་ལ་མཚན་སྨད་ཞུ་བ། མདོར ། བསྡུས་བཤད་བྱས་ན་སྤྱི་ཚོགས་དང་སྒྲིག་འཛུགས་ལ་རྒྱབ་གཏད་པ་དེ་རེད ། རྙིང་ལུགས་དོར་ནས་གསར་བཏོད་ཀྱི་ཁྱིམ་གཞི་འཛིན་དགོས་པའི་སེམས་གཏམ་དམར་རྗེན་གྱིས་སྐུལ་མ་འདྲ་བར་སེམས་ཡང་། འུ་ཅག་གི་ཅལ་འདྲོགས་འུར་སྒྲོག་ཅན་ཚོ་ནི་གཞན་གྱི་ཕུག་བསམ་འགྲུབ་ཆེད་གཡམ་རྒྱུགས་རྗེས་འབྲངས་བྱེད་པ་ལས་གསར་བཏོད་བྱས་པའི་ལས་ཀ་སྣ་ཐུན་གཅིག་ཀྱང་སྟོན་རྒྱུ་མེད ། འདིའི་ཐད་ཀྱི་གླེང་མོལ་མཚམས་བཞག་ནས ། སྐབས་དོན་མགོ་མ་ཚོས་འུར་སྒྲོག་ཅན་ཚོས་བགྲེས་ཡོལ་ཐད་ཀྱི་གཏམ་སྒྲོག་སྟངས་ཀི་སྟེང་ནས་བཤད ། ཁོང་ཚོ་ནི་མི་མང་དང་ལྡོག་དུ་ཆས་ཡོད་སྟབས་ལྡོག་བཤད་མ་གཏོགས་གང་ཡང་མེད ། བགྲེས་ཡོལ་ཐད་ལ་མི་མང་གི་སྙན་ཞུ་བསྟུད་མུས་སུ་ཕུལ་བའི་སྐབས་མི་མང་རྨོང་དད་ཆེ་དྲགས་པའི་རང་གི་ལས་འགན་རང་གི་མ་ཁུར་བ་རེད་ཅེས་བཤད ། ༧་གོང་ས་མཆོག་གི་གསུང་འཕྲིན་དགོངས་དོན་མི་མང་ལ་ར་ཅུང་འཕྲོད་པའི་སྐབས ། བོད་ཀྱི་དཀའ་ཉོག་མ་སྣང་མེད་གཡུག་སྟེ་ལས་མེད་ངང་སྐྱིད་ཉལ་སྐྱིད་འཐུང་བྱས་ནས་བསྡོད་འདོད་རེད་ཅེས་སྒྲོག་སྟངས་གཅིག་རེད ། གཉིས་ནས་འུ་ཐུག་པ་རེད །
གསུམ་གི་ཆ་ནས་རྒྱ་ནག་སྲིད་གཞུང་གི་བཤད་སྟངས་དང་མཐུན་སྣང་ཡོད་པ་གསལ་བོར་བསྟན་པའི་ཐོག་ནས་༧གོང་ས་མཆོག་གིས་ཐག་བཅད་ཟིན་པའི་བཀས་བཅད་པ་ལྟར་གྱི་ཐུགས་རྩིས་དེ་རྩིས་ལོག་གཏོང་ཅི་ཐབས་འབད་ཀྱིན་པའི་སྒང་རེད ། རྒྱ་ནག་གིས་བསྒྲགས་པ་ལྟར་ཏྰ་མའི་བླ་མས་རྫུན་བཤད་པ་རེད ། གཡོ་ཇུས་རེད ། ངན་ཇུས་རེད ། མགོ་གཡོག་མགོ་སྐོར་རེད། ཅེས་བསྒྲགས་དོན་ལྟར་བཤད་ཡམས་དེ་ཕྱི་སྡོད་བོད་མིའི་ཁོངས་སུ་ཁྱབ་ཡོད ། རྒྱ་ནག་བརྒྱུད་བཙན་བྱོལ་གྱི་སྒྲིག་འཛུགས་ར་བ་ནང་ཁྱབ་པ་དེ ། ཁྱབ་ཚད་མྱུར་བ། གཏིང་ཟབ་པ ། ཆེས་གཏིང་ཟབ་པ་ཞིག་རེད ། ཕྱི་སྡོད་བོད་མའི་ཁོངས་སུ་ཁྱབ་ཡོད་ཅེས་པའི་དོན་ནི་རྒྱ་ནག་གི་བཤད་སྟངས་དང་གཅིག་མཚུངས་སུ་ཡོད་པ་ལ་གོ་དགོས ། ལག་འབྲེལ་དང་ལས་དོན་ཁུར་བླངས་གཅིག་ལྕོགས་གང་ཡིན་མིན་མི་ཤེས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་ཐད་བསྙོན་འཛུགས་དཔྱད་བརྗོད་པ་ཡེ་རྡོར་གྱིས་བགྲེས་ཡོལ་ཐད་སྤེལ་བའི་རྩོམ་ཡིག་དེ་ལ་གཞིགས་ན་བཤད་སྟངས་མཐུན་ཆོས་ཡོད་པ་གསལ་བོ་ཐོན་འདུག བཤད་སྟངས་མཐུན་སྣང་བ་དེ་བསམ་ཤེས་གོ་ཤེས་བྱས་ནས་གོང་སྨོས་ཀྱི་མི་ཕལ་བ་ཞེས་པ་དེ་དང་སྤྱི་ཚོགས་དབར་གྱི་སྐད་ཆ་ཡོང་སྟངས་དང་སྐད་ཆ་གླེང་ཕྱོགས་ཐད་བསྲེག་བཅད་བརྡར་གསུམ་གྱིས་ཞིབ་འཇུག་བྱས་ཏེ་རང་སྐད་རང་གི་འགན་ལེན་བྱེད་ཐུབ་མཁན་ཞིག་བྱེད་དགོས ། རང་གི་རྐན་སྒྲ་རང་བདག་མི་བྱེད་པའི་ཁོར་ཡུག་དེའི་རྗེས་འབྲངས་ས་གཙོ་བོ་ནི་འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས་སོགས་ཀྱིས་ས་བོན་བཏབ་པའི་ཉེར་ལེན་རེད ། དཔེ་འཇོག་དང་ཚོད་དཔག་ལམ་ནས་རྟོགས་ཐུབ་པ་ནི་འཇམ་ནོར་དང་ཀླུ་བྱམས་གང་རུང་ཞིག་ལ་ད་ལྟའི་བོད་ཀྱི་དཀའ་ཉོག་ཐད་༧་གོང་ས་མཆོག་མཁོ་མི་མཁོ་ཞེས་དྲིས་པ་ན་མི་མཁོ་ཞེས་བཤད་རྐྱང་ཡིན་པ་གསལ་བོ་རེད ། སྤྱིར་ན་འཇམ་ནོར་དང་ཀླུ་བྱམས་ལྟ་བུའི་མི་ཁྱི་འདྲ་བ་དེ་ཚོའི་༧་གོང་ས་མཆོག་མཁོ་མི་མཁོ་དྲི་ལན་ལྟར་ཐག་ཆོད་དགོས་པ་ཞིག་མ་རེད་དེ ། སྐད་ཆའི་ཕྱི་ནང་ཀུན་ལ་ཉུལ་ཏེ་རྟོག་ཞིབ་བྱེད་རྒྱུ་ལས་གཡམ་རྒྱུགས་དང་ཅལ་འདྲོགས་ཀྱིས་བོད་སྐྱོབས་ཐུབ་ཀི་མ་རེད་ཅེས་ལབ་ཡོད །
རེ་ཞིག་སྐད་ཆའི་འཕྲོ་མ་བཅད་གོང་ལ་བཤད་རྒྱུ་ཞིག་ནི་ལྟ་སྟངས་གསུམ་གྱི་ཐད་ནོར་འཆུགས་གང་ཡོད་ཀྱང་བསམ་ཚུལ་རེ་ཡོང་བའི་རེ་སྐུལ་ཞུ་དེ་ཡིན །
འཇམ་ནོར་དང་ཀླུ་མཁར་གཉིས་ཀྱིས་༧གོང་ས་མཆོག་མི་མཁོ་ཟེར་རྒྱུ་རེད་རྒྱུ་མཚན་ནི་༧གོང་ས་མཆོག་མི་
མཁོ་ཟེར་ན་ཁོང་གཉིས་ཀ་བོད་མིའི་ནང་མང་བོར་གླེང་སྟེ་མིང་གྲགས་རྒྱ་དེ་རེད། རྒྱལ་བ་རིན་པོ་ཆེ་ལ་
ངན་ཇེ་ལྟར་བགྲང་ན་དེ་ཙམ་གྱིས་ཁོང་གཉིས་གྲགས་པ་ཆོས་ཉིད་རེད། ཚིག་འདི་འཇམ་དབྱངས་ནོར་བུས་
རིག་ན་ཅུང་མི་དགའ་སྟེ་ཀླུ་མཁར་བྱབས་དང་ཁོང་གཉིས་རྟ་དང་བོང་བུ་ལྟ་བུའི་ཁྱད་ཡོད་བསམ་བསྟད་ཡོད། ཀླུ་མཁར་གྱིས་ཚིག་འདི་གོ་ན་འགའ་ནས་ཀླུ་ལེན་དང་མཉམ་དུ་ཞབས་བྲོ་ཡང་རྡུང་སྲིད་པ་ཞིག་རེད།
གང་ལྟར་རྒྱ་བ་རིན་པོ་ཆེ་དང་བོད་གཞུང་གང་རུང་མ་འགྲིག་ན་ཚང་མ་འགྲིག་གི་མེད་དོ
འདིའི་གོང་གི་དེ་འདྲ་ཡིན་ན་ཧ་ལོག་སོང་བ་རེད་ཞེས་པའི་རྩོམ་ཡིག་དེ་ལ་མཆན་ཞིག་བཞག་དགོས་བསམ་རུང་དུ་ཚོད་རྫོགས་སོང་བ་རེད་ཟེར། དེ་འདྲ་ཡིན་ན་རྩོམ་ཡིག་འདིའི་དུས་ཚོད་མ་རྫོགས་དོན་གང་ཡིན་ན། དེ་ནི་དངོས་གནས་ཡ་མཚན་རེད་ལ། རྒོད་བྲོ་བ་ཞིག་རེད། རྩོམ་ཡིག་དེའི་ནང་དོན་ལ་བསྟས་ན་ཡང་མི་གཞན་གྱི་མི་གཞི་ལ་སྨ་འབེབ་དང་། བོད་རིགས་ནང་ཁུལ་ཕུང་སྐྲུག་བསློང་བའི་རྩོམ་རྙོག་སྐྱུག་དྲོ་བ་ཞིག་རེད། མི་འདི་ཚོ་ནི་ཕྱི་ལ་ཨབ་བྲའི་སོ་ཙམ་མེད་པར་ནང་ལ་གླ་ཕོའི་མཆེ་བ་ཙམ་ངོམ་མཁན་གྱི་གྲས་རེད། དེས་ན་འདི་འདྲའི་རྩོམ་རྙོག་རིགས་ཁ་བརྡ་ཚང་ནས་དྲ་ངོས་སུ་མ་བཞག་ན་ལེག འདི་འདྲའི་རིགས་བཞག་ན་ཁ་བརྡའི་ཞབ་འགྲན་ལས་མི་འདུག་པས་ངེས་པར་དུ་དགོང་པ་བཞེས་རོགས།
ལུང་རྟོགས་ཕེབས་པར་དགའ་བསུ་ཡོད ། མཆན་འབྲི་ན་ཀློག་ཤེས་ནི་ཞིག་འབྲི་དགོས ། མཆན་འདི་ཚོ་མིག་གི་རིག་ཀྱང་བཀླག་ཐབས་མ་བྱུང་། ཡང་བསྐྱར་མཆན་གཞན་པ་ཞིག་འདེབས་རོགས་ཞུ །
བསྟན་འཇམ་ལགས་དགོང་པ་མ་ཚོམ། ངས་འདིའི་གོང་གི་རྩོམ་ཡིག་དེ་ལ་མཆན་ཞིག་འབྲི་དགོས་བསམས་རུང་མཆན་འབྲི་རྒྱུའི་དུས་ཚོད་རྫོགས་ཚུལ་བཤད་ཏེ་འབྲི་ཐུབ་མ་བྱུང་བས་འབྲི་མདོད་ཀྱིས་མ་བཞག་པར་འདིར་འབྲི་དགོས་ཐུག་སོང་། དགོང་དག་ཞུ་གི་ཡིན། ཁྱེད་རང་གིས་རྩོམ་ཡིག་ཡག་པོ་བྲིས་གནང་འདུག ཐུག་རྗེ་ཆེ།