ལྷག་པ་ཚེ་རིང་།
མི་བདེན་རྫུན་གྱི་ཤུན་པགས་དམར་བཤུ་དང་།།
དོན་དངོས་ཤུགས་ཀྱིས་བསྒྲགས་པའི་ཕྱག་རྒྱ་ཡིས།།
བདེན་རྫུན་འདྲེས་པའི་ཕྱི་ནང་གསང་གསུམ་གྱི།།
ས་མཚམས་ཆུ་མཚམས་ཕྱེས་པ་འཇིགས་ཆེ་ཨང་།།
འདས་དང་ད་ལྟའི་མངོན་སུམ་རི་མོ་དང་།།
མ་འོངས་འཆར་ཟིན་མེ་ལོང་རང་མཐོང་དེ།།
གཞུང་དམངས་ཚེ་སྲོག་མཐུད་པའི་ཉེན་སྐྱོབ་ཏུ།།
གཏད་དེས་དམངས་ལ་ངལ་གསོའི་གོ་སྐབས་སྩལ།།
དོན་དངོས་སྲོག་ཏུ་བྱས་པའི་གཏམ་བཤད་ཀྱི།།
དྲང་བདེན་དབྱུག་པ་རྡོ་རྗེའི་སྲོག་ལྡན་དེས།།
ཡར་ལྡན་ཡང་དག་ལམ་ཁ་བསྟན་པ་ལ།།
འཇུག་མཁན་འཚང་ཁས་ཉིན་མཚན་སྦྲེལ་བར་བྱས།།
ཧམ་པའི་ནད་ཀྱིས་བཟུང་བའི་སྨྲ་ལྕེ་ཞིག།
རྫུན་པའི་གདོན་གྱིས་བཟུང་བའི་ངོ་གདོང་ཞིག།
ཁ་ཕྱོགས་ནོར་བའི་ཕྱག་རྒྱ་རྫུན་མ་ཞིག།
འཐེང་པོའི་འགྲོས་སུ་བཀོད་པར་ཉེས་པ་ཆེ།།
གཏམ་གྱི་བདེན་པ་དམངས་ཀྱི་རྣ་བ་ལ།།
ལན་གཅིག་བསྒྲགས་དེས་བཅོས་མའི་རི་བོ་དག།
ཐང་ལ་བསྙིལ་བའི་རྡུལ་གྱི་ཀློང་ཞིག་ན།།
ལྷག་པ་དག་ཀྱང་སྐྱོབས་ཤིག་མི་དབང་མཆོག།
ཆུང་ནས་གོམས་འདྲིས་གཤིས་ཀའི་སྲོག་བཟུང་བའི།།
དྲང་བདེན་མདའ་མོ་སྙིང་རྗེ་མེད་པ་དེས།།
རྫུན་གྱི་བྲག་རི་གཏོར་བའི་སྒྲ་དབྱངས་ནི།།
བརྒྱུད་ལམ་དག་ན་བཀྲ་ཤིས་དབྱངས་ཀྱིས་འཁྱིལ།།
གཞུང་མང་སྐྱོབ་པའི་བྱུས་དེ་ཡི་གར་འོང་།།
དོན་ལྡན་ལས་གཞིའི་འཆར་འགོད་སྙིང་ལ་ཞིམ།།
རྒུད་ཉམས་རི་མོས་སྒྲིབ་པའི་སྒྲིག་འཛུགས་འདི།།
སྐྱོབ་པ་དུས་ལ་བབས་འདུག་མི་དབང་མཆོག།
སྲིད་སྐྱོང་གི་དོན་དུ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད
རྒྱལ་བའི་གསང་བ་ཕྱིར་བསྒྲགས་བྱེད་པོ་ཁོ།
ཆོལ་གསུམ་ཁ་བྲལ་བྱུང་ན་བསམ་མཁན་ཁོ།
ཆོས་བརྒྱུད་བར་ན་དབེན་དཀྲུག་བྱེད་པོ་ཁོ།
ལས་ངན་སྤེན་ཚེ་སྲིད་སྐྱོང་འཁོད་ན་སྐྱོ།
རྒྱལ་བའི་མཛད་པ་ང་བྱས་ངོམ་པ་ཁོ།
ཆོལ་གསུམ་ཁ་བྲལ་བྱུང་ན་བསམ་མཁན་ཁོ།
ཆོས་བརྒྱུད་བར་ན་དབེན་དཀྲུག་བྱེད་པོ་ཁོ།
ལས་ངན་བློ་སེང་སྲིད་ན་འཁོད་ན་སྐྱོ།
སྤེན་ཚེ་ཡི་གཟི་བརྗིད་ཡོད་ན་མེད་ན་དེ་གོང་ས་མཆོག་གིས་ཞལ་རྫུན་གསུང་གི་འདུག་ཅེས་ཕྱི་བསྒྲགས་གནང་པ་དེ་རེད། ཁ་སང་ཡང་གོང་ས་མཆོག་གིས་དུས་དབང་ཕྱིར་འགྱངས་སྨན་བཅོས་ཆེད་ཡིན་ཞེས་གསལ་བཤད་ཐེངས་གསུམ་པ་གནང་ཤག ད་ཚང་མས་གཟབ་གཟབ་མ་གནང་ན་སྤེན་ཚེ་ཕྱོགས་ཁག་གིས་གོང་ས་བཀྲོངས་ས་རེད་ད།
ཀརྨ་བློ་གསལ་ལ། 00000000000000000••••*
ད་ལོ། བློ་སེང་རང་ལ་ཐོབ་པར་ཤོག །
བདེ་ཆོས་དང་། སྤེན་ཚེ་གཉིས་ལ། བློ་ཁ་མ་འཚིམས་ནས། བློ་སེང་ལགས་ལ། རྒྱབ་སྐྱོར་བྱེད་བཞིན་ཡོད་དོ།།
བཙན་བྱོལ་སྒྲིག་འཛུགས་དེ་ཡི་འགྲོ་ལུགས་དང་།
སྲིད་སྐྱོང་སེང་གེས་བྱས་པའི་ལག་རྗེས་ལ།
རྒྱུས་མངའ་ཡོད་པའི་སྤྱི་ཚོགས་ཆགས་ཡོད་ན།
བློ་བཟང་སེང་གེར་འོས་ཤོག་ཐོབ་རེ་བྲལ།
ཀརྨ་བློ་གསལ་ལགས། ༧གོང་ས་མཆོག་ནས་ཇི་ནི་ཝར་སླར་ཡང་དུས་འཁོར་དབང་ཆེན་དུས་འགྱངས་ནི་སྐུའི་སྨན་བཅོས་ཆེད་ཡིན་པ་གསུང་མ་སོང་གདའ། ཁོང་ནས་ཉེ་ཆར་ཨ་རིར་སྨན་བཅོས་གང་ལེགས་བྱུང་བ་དང་སྨན་ཁང་གིས་ལས་བྱེད་རྣམས་ནས་གཟིགས་རྟོགས་གང་ལེགས་གནང་སོང་ཞེས་གསུང་ཞོར། ཕྱི་ལོ་ ༢༠༡༧ ལོར་དུས་འཁོར་དབང་ཆེན་ཡོད་པ་དང་ད་ལོ་ཟླ་ ༡༠ ནང་སུད་སི་ཕེབས་རྒྱུ་ཡིན་སྐོར་གསུང་སོང་བ་ལས། དུས་འཁོར་དབང་ཆེན་དུས་འགྱངས་བྱས་པ་ནི་སྐུའི་སྨན་བཅོས་ཆེད་ཡིན་པ་གསུང་མ་སོང་བས་གཟུགས་མཐོང་རླུང་འཕྲིན་རེ་ཡོད་ཚེ་དེར་ཡག་པོ་གཟིགས་ནས་མཆན་བཀོད་རོགས། ཁོང་ནས་མ་གསུང་པ་ཞིག་སོ་སོ་སྣང་བ་དར་ནས་འོ་ཚོད་མ་གསུང་ན་དགའ།
སྤེན་པ་ཚེ་རིག་ལགས་ནས་༧ གོང་ས་ཡིད་བཞིན་ནོར་བུའི་བཀའ་འཕྲུལ་མེད་དངས་མ་ཞིག་ལ་ད་ལྟ་ནས་འདི་ལྟར་རྩིས་མེད་རྡོག་རོལ་དང་
ཁོང་གི་གསུངས་པ་འདི་༧གོས་ས་མཆོག་གི་གསུང་ལས་ཚད་མའི་ཆ་ཆེ་བ་ཡོད་ཞེས་བཤས་པར་གཞིགས་ན་སྤེན་ཚེའི་རྒྱབ་ལོགས་ནས་ངན་སྐུལ་བྱེད་མཁན་ཞིག་ཡོད་པ་གསལ་པོ་རེད་་་་་་
འདི་ནི་རྡ་སར་ཡོད་པའི་དབུས་གཙང་སྐྱིད་སྡུག་རེད་་་་་
ཁོང་ཚོས་མཉམ་དུ་ཁ་འཆམ་ནས་སྤེན་ཚེ་གང་འདོད་དུ་བཀོལ་སྤྱོད་བྱེད་ཀྱི་འདུག་
བསྟན་འཛིན་དབང་འདུད་ལགས། དུས་དབང་ཕྱིར་འགྱངས་སྐོར་སྲིད་སྐྱོང་བློ་སེང་ལགས་ནས་གསུང་པ་དེ་དག་དྲང་བདེན་མིན་པར་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ནས་རྫུན་རྐུབ་བརྡོལ་བ་རེད་མ་གཏོགས་༧གོང་ས་མཆོག་ནས་དུས་དབང་ཕྱིར་འགྱངས་ཐད་བཀའ་སློབ་རིམ་ཕེབས་ལ་ཁས་ལེན་བྱས་འདུག གནད་དོན་གཙོ་བོ་ཐུག་ས་ནི་སྲིད་སྐྱོང་བློ་སེང་ལགས་ནས་འགྲེལ་བརྗོད་མི་འདྲ་བ་གནང་བར་བརྟེན་མང་ཚོགས་ནང་དྭོགས་བླངས་བྱུང་བ་རེད། སྲིད་སྐྱོང་བློ་སེང་ལགས་ནས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་གནང་རྩིས་མེད་པ་མ་ཟད། ནོར་འཁྲུལ་འགེབས་སླད་ཨུ་ཚུགས་ཐར་བསྐྱེལ་བྱ་བཞིན་སྟབས་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ནས་མུ་མཐུད་རྫུན་རྐུབ་བཏོལ་བཞིན་པ་དེ་རེད། དེར་བརྟེན་༧གོང་ས་མཆོག་ལ་མ་མཐུད་ནས་མ་བདེ་བཟོ་བཞིན་པ་རེད། སྲིད་སྐྱོང་རྐུབ་སྟེགས་ཀྱི་འཐབ་རྩོད་སྐབས་ཆབ་སྲིད་རྫོར་བོ་རྩེད་བཞིན་འདུག་ནའང་མང་ཚོགས་རྣམས་སྐད་ཆ་སྙན་པོ་བཤད་ཚེ་ལ་མགོ་མ་འཁོར་བར་ཅང་གྲུང་གནང་དགོས་གལ་ཆེ།
དུས་དབང་ཕྱི་འཐེན་གནང་བ་དེ། ༸གོང་ས་མཆོག་གིས་སེངྒེ་ལ་འགྲམ་ལྕག་ཞུས་པ་རེད། བླ་མས་རྡ་སྟོན་ལ་ཡང་མི་གོ་བཀའ་བློན་བརྡ་སྟོན་ཡང་མི་གོ། ངོ་མ་ལོང་བ་གོ་རྟོགས་མེད་མཁན་མང་བ་ལ།
བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བ་འདི་ཚོར་ཡིག་ནོར་འབྲི་བའི་འཇོན་ནུས་ལས་ཅི་ཡོད།