རྒྱ་ཆེའི་མང་ཚོགས་དང་ཀློག་མཁན་རྣམས་པ་ལགས། ཐེངས་འདིའི་དུས་དབང་སྐབས་སོ་གཉིས་པའི་གོ་སྐབས་འདི་དང་བསྟུན་ནས། སུད་སི་གནས་སྡོད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གདན་དྲངས་ཏེ། མཐུན་སྒྲིལ་ནི་མ་འོངས་པའི་སྲོག་རྩ་ཡིན་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་བཀའ་དྲིན་སྐྱོང་རྒྱུ་ཡིན་ན། རྒྱ་ཆེ་མི་མང་རྣམས་དུས་ལྟར་ཕེབས་གནང་ཡོང་བའི་རེ་སྐུལ་ཞུ།
དུས་ཚོད། སྤྱི་ལོ༢༠༡༢ཟླ ༡ ཚེས ༡༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༦།
ས་གནས། རྡོར་གདན་མཆོད་རྟེན་ཆེན་མོའི་ཉེ་འགྲམ།
བརྗོད་བྱའི་ནང་དོན། བོད་མི་སུས་ཀྱང་ད་ལྟའི་བོད་ཀྱི་ཛ་དྲག་གི་སྤྱི་ཚོགས་གནས་བབ་དང་དཀའ་ངལ་རིམ་བརྩེགས་ཀྱི་དུས་སྐབས་འདི་ཉིད་ངོས་ཟིན་དགོས་པ་དང་། ངོས་ཟིན་དེའི་འོག་བོད་པ་སུས་ཀྱང་དཀའ་ངལ་ཆུང་ཚག་རིགས་ཟུར་དུ་བཞག་སྟེ་གཞུང་མང་སེར་སྐྱ་ཡོངས་རྫོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་དགོས་པ་དང་། བོད་ཀྱི་མ་འོངས་པའི་ཆབ་སྲིད་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་གྱུར་ཡོང་དགོས་པའི་སྐོར་ཀྱི་གལ་གནད་ཆེ་ཁག་ངོ་སྤྲོད་གནང་རྒྱུ་དེ་ཡིན།
མི་རབས་གསར་པའི་མཐུན་ཚོགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་བྱང་སྡོམ་དང་སྔགས་གནང་བའི་མཇུག་ཐོག་དེར། དུས་ལ་བབ་པའི་བརྗོད་གཞིའི་ཐོག་འོས་ཤིང་འཚམས་པའི་མཁས་བཙུན་བཟང་གསུམ་གྱི་སྐུ་མགྲོན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་གདན་དྲངས་ཏེ། གནད་ལ་འཁེལ་ཞིང་དུས་སུ་བབ་པའི་བགྲོ་གླེང་གོ་བསྒྲིགས་གནང་བར་རྗེས་སུ་ཡི་རངས་
དང་།ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་སླད་མར་ཐུགས་འདུན་ཇི་བཞིན་ཕན་འབྲས་གཟེངས་སུ་ཐོན་པའི་སྨོན་ལམ་གྲངས་མེད་འདེབས་པ་ལགསོ།།
སྙིགས་དུས་ཀྱི་སྟོན་མཆོག་གསུམ་པ་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་
པོ་མཆོག་གི་ཞལ་སྔ་ནས་ཀྱིས།ཁྱིམ་པའི་སོ་ཐར་གྱི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ། གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པ་བཅས་སྩལ་གནང་བའི་མཇུག་ཐོག་དེར་
༸མགོན་པོ་གང་གི་ཆོས་སྲིད་དམ་ཡང་ན།ཆོས་དང་འཇིག་རྟེན་ཟུང་གི་ལུགས་གཉིས་སྲས་ཀྱི་ཐུ་བོ་དཔལ་ལྡན་བཀའ་བློན་ཁྲི་ཟུར།མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་དྲངས་ཏེ། གནད་ལ་འཁེལ་ཞིང་དུས་སུ་བབ་པའི་བགྲོ་གླེང་གོ་བསྒྲིགས་གནང་བར་རྗེས་སུ་ཡི་རངས་
དང་།། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།།
༸སྟོན་མཆོག་ཟླ་མེད་སྲས་ཀྱི་མཆོག །
ལུགས་ཟུང་མཁས་དབང་ཁྲི་ཟུར་རྗེའི།།
མཛའ་མཐུན་གདམས་ངག་ཟབ་མོ་ཡིས།།
ཆོལ་གསུམ་ཆིག་སྒྲིལ་གོང་འཕེལ་ཤོག །
ཁྱེད་དཔོན་སློབ་ལྷན་རྒྱས་ཀྱི་ཐུགས་བཞེད་ལྟར་གང་མྱུར་གྲུབ་འབྲས་རྨད་དུ་བྱུང་བ་ཐོབ་
པའི་སྨོན་འདུན་གྲངས་མེད་བཅས་
བྱང་ཆུབ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་གནས་འཆའ་བའི་དཔལ་དུས་ཀྱི་འཁོར་ལོའི་
དབང་ཆེན་ཞུ་བའི་སློབ་མའི་གྲལ་མཐར་བསྙེགས་པ་སྣྲོན་ངག་ཁྲིས།
རྗེས་སུ་ཡི་རངས་ཡོད།
བོད་ཀྱི་མི་རབས་གསར་པས། བོད་གཅིག་སྒྲིལ་གྱི་ཁེ་ཕན་ཤེས་འདོད་པ་ནི། དགའ་སྤོབས་གནས་སུ་གྱུར་པའོ། །
དུས་དབང་ལ་བར་ཆད་མི་འབྱུང བར་ཤོག། རྒྱ་གར་གསར་གནས་ལས། རྒྱ་དམར་ལོག་སྤྱོད་པས་༧ གོང་ས་མཆོག་སྐུ་སྲོག་ལ་འཚེ་བ་བྱ་རྒྱུར་ཆེད་གཏོང་བྱས་ཡོད་ཚུལ་ཐོན་འདུག
རྒྱ་ཆེའི་མང་ཚོགས་དང་ཀློག་མཁན་རྣམས་པ་ལགས། ཐེངས་འདིའི་བགྲོ་གླེང་ལ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་མཆོག་གདན་དྲངས་ཏེ་ མཐུན་སྒྲིལ་ནི་མ་འོངས་པའི་སྲོག་རྩ་ཡིན་ཟེར་བའི་བརྗོད་གཞིའི་ཐོག་གསུང་བཤད་བཀའ་དྲིན་སྐྱོང་རྒྱུ་ཡིན་པར་མ་ཚད་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་སྐུ་ཞབས་ཚེ་རྒྱམ་ལགས་ཡང་མྱམ་ཞུགས་བྱེད་ཀྱི་ཡོད་པ་རད་འདུག།
མཐུན་སྒྲིལ་ནི་མ་འོངས་པའི་སྲོག་རྩ་རེད། མཐུན་སྒྲིལ་ནི་སྲོག་རྩའི་མ་འོངས་པ་རེད།