སེར་ཤུལ་རིན་ཆེན་དོན་གྲུབ།
(གཞི་རིམ་སློབ་ཚན་དབྱིན་ཇིའི་སྐད་ཡིག་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་ལས་འཕྲོས་པའི་དྲན་ཚོར།)
ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཏེ། གཞི་རིམ་སློབ་གྲྭར་བོད་ཡིག་ཐོག་ནས་སློབ་འཁྲིད་བྱེད་མཚམས་བཞག་སྟེ་དབྱིན་ཡིག་ཐོག་སློབ་འཁྲིད་དགོས་པའི་བཀའ་རྒྱ་འབྱོར་བའི་ཉིན་མོ་དེར་ང་རང་བཤད་མི་ཤེས་པས་སྡུག་བསྔལ་ཞིག་གིས་མནར། རྒྱུ་མཚན་ནི་བཀའ་རྒྱ་དེ་བཙན་བྱོལ་མིའི་བོད་ཀྱི་རིག་གཞུང་གི་འཕེལ་རྒྱས་ལ་སྒོ་ལྕགས་རྒྱག་བྱེད་ཀྱི་བཀའ་རྒྱ་ཞིག་རེད་ལ། འཛིན་གྲྭ་བརྒྱད་པའི་བར་དུ་བོད་བསྒྱུར་ཟིན་པའི་སློབ་ཚན་དེ་དག་གི་འགྲོ་གྲོན་དང་ངལ་བ་ཆུད་ཟོས་སུ་བཏང་བ་དང་། བོད་རང་གི་སྐད་ཡིག་དང་། དེའི་བརྗོད་བྱ་ཐུན་མོང་མིན་པའི་རིག་གཞུང་། དེས་བསྐྱེད་པའི་ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་བོད་ཀྱི་མ་འོངས་པའི་སོན་རྩ་དག་གི་སྙིང་དང་རུས་པའི་གཏིང་ནས་ཡལ་བར་སྐུལ་བའི་བཀའ་རྒྱ་ཞིག་རེད།
རྒྱུ་མཚན་ནི། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་། རང་གི་སྐད་ཡིག་དང་རང་གི་རིག་གཞུང་མི་ཤེས་པའི་མི་བུ་དེ་དག་ནི་དོན་གྱིས་མི་རིགས་དེའི་མི་བུ་ཡང་དག་པ་ཞིག་མིན་པས་ཡིན། དཔེ་མཚོན་གསལ་ཤོས་ཤིག་ནི་སྐད་ཡིག་གཞན་གྱི་ཐོག་ནས་སློབ་སྦྱོང་བྱས་ཏེ་འོང་བའི་བོད་ཕྲུག་དེ་ཚོར་བོད་ཡིག་གི་ཤེས་ཚད་ཞན་པ་དང་། བོད་རང་གི་གཤིས་སྤྱོད་རྣལ་མ་ཅན་ཧ་ཅང་ཉུང་ཉུང་ཡིན་པ་ང་ཚོས་མཐོང་གསལ་ཡིན་པ་འདི་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ཉེ་ཆར་རང་༸གོང་ས་མཆོག་གིས། “དེང་དུས་ཀྱི་ཤེས་ཡོན་ཡོད་ཀྱང་བོད་མིའི་ཤེས་ཡོན་དང་བོད་པའི་སྐད་ཡིག་མ་ཤེས་ན་བོད་པ་ཕྱེད་ཀ་ཞིག་རེད།”ཅེས་གསུངས་ཡོད།
ནམ་རྒྱུན་མཁས་པ་དང་། དཔོན་པོ། གནད་ཡོད་མི་སྣ། ལྷག་པར་དུ་ཆབ་སྲིད་ཀྱི་སྲིད་སྟེགས་འགྲན་རྩོད་ཀྱི་སྐབས་ཀྱི་གཏམ་བཤད་དག་ལས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་རབས་དང་། བོད་ནང་གི་བོད་མི་ཚོ་དང་ཁོང་ཚོའི་མངོན་འདོད་ནི་མི་མང་གི་བཀའ་ལུང་ཉག་གཅིག་ཡིན་པས་ངེས་པར་དུ་བསྒྲུབ་དགོས་རབས། རིག་གཞུང་སྲུང་སྐྱོབ་དང་། མི་རིགས་སྲུང་སྐྱོབ་སོགས་དགོས་རབས་དང་། དེ་དག་བྱེད་ཀྱི་ཡིན་རབས་སོགས་དབྱངས་སྙན་སྙན་དང་ངག་འཇམ་འཇམ་གྱིས་བཞུར་འོང་ལ། གང་བཤད་པ་དེ་ནི་རྒྱུ་མཚན་ལྡན་པ་དང་། གནས་ལུགས་ཡོད་པ་ཞིག་ཀྱང་ཅི་ལ་མིན།
འོན་ཀྱང་དོན་དངོས་ལག་ལེན་གྱི་ཚད་ཐིག་ནས་ལྟ་སྐབས་ཁོང་ཅག་གིས་བོད་མི་རིགས་ཀྱི་བླ་སྲོག་དང་། བོད་ནང་གི་བོད་མི་ཚོས་རང་སྲོག་ཡན་ཆད་བློས་གཏོང་གིས་སྲུང་སྐྱོབ་དང་། སྲུང་སྐྱོབ་ཀྱི་འབོད་སྐུལ་ཞུ་བཞིན་པའི་བོད་ཡིག་དང་བོད་སྐད་ལ་བདག་གཅེས་དེ་ཙམ་བྱེད་ཀྱི་མེད་པ་མ་ཟད། ད་དུང་སྣང་མེད་དང་། སྐད་ཡིག་གཞན་གྱི་བཀོལ་སྤྱོད་ཇེ་མང་དུ་གཏོང་བ། ཐ་ན་བཀའ་ཤག་སྔོན་མས་ལོ་མང་རིང་སྐུ་ལས་སྐྱོན་པའི་འབྲས་བུ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོ་རྒྱབ་སྐྱོར་ཐོབ་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན། ཤེས་རིག་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཆོད་ཀྱི་འབྲུ་དོན་སོགས་ལས་བརྒལ་ནས་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་དུ་སློབ་ཚན་བོད་ཡིག་ᩲགིས་འཁྲིད་མཚམས་བཞག་སྟེ་དབྱིན་ཡིག་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་བཏང་བ་ནི་རང་གི་ཐོག་མའི་ཁས་ལེན་དང་། བོད་མིའི་མངོན་འདོད། གཞིས་བཞུགས་བོད་མི་མང་གི་བཀའ་ལུང་བརྩིས་མེད་བཏང་བ་ཙམ་མ་ཟད་༸གོང་ས་མཆོག་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་སོགས་ཀྱི་སློབ་སྟོན་དང་། ཡང་དག་པའི་དགོངས་དོན་ལའང་བརྩིས་མེད་བཏང་བ་ཞིག་རེད།
དེའི་རྒྱུ་མཚན་རིམ་བཞིན་བཤད་ན། ཤེས་རིག་ཁྱབ་ཁོངས་ཀྱི་གཞི་རིམ་སློབ་གྲྭ་ཁག་གིས་བོད་ཡིག་ཐོག་ནས་འཛིན་གྲྭ་བརྒྱད་པ་བར་དུ་སློབ་འཁྲིད་དགོས་པ་ནི་བོད་ཕྲུག་དག་མ་ཞིག་དང་། བོད་མི་རིགས་ཀྱི་ལེགས་བྱང་གི་དྲི་མ་མ་ཡལ་བའི་མ་འོངས་བོད་ཀྱི་སོན་རྩ་དངོས་གནས་ཞིག་བསྐྱེད་སྲིང་བྱེད་པའི་གཞི་རིམ་གྱི་རྨང་གཞི་ཉག་གཅིག་ཡིན་ལ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཡང་ཡིན་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པ་ཤེས་ཡོན་དང་རིག་གཞུང་ཞེས་པའི་ནང་གསེས་དོན་ཚན་བརྒྱད་པར་“གཞི་འབྲིང་མཐོ་གསུམ་གྱི་གཞུང་སྒེར་གྱི་གཏན་སློབ་དང་། ཉིན་མོའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་དང་། སློབ་ཚན་རྣམས་རིམ་བཞིན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་འཁྲིད་ཐུབ་ཐབས་བྱ་རྒྱུ”ཞེས་གསལ་ཡོད། དེར་མ་ཟད་ཤེས་རིག་ཚོགས་ཆེན་ཐེངས་བཞི་བའི་གྲོད་ཆོད་དུ་“ཤེས་ཡོན་ཡར་རྒྱས་འབྱུང་སླད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་འབྲུ་དོན་ཡོངས་རྫོགས་ངེས་པར་ལག་བསྟར་འཁེལ་ཐབས་གནང་རྒྱུ།”ཞེས་གསལ་ཡོད།
བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཐའ་མའི་སྙན་ཐོ་ཕྱོགས་བསྡོམས་དུ། “བོད་ཀྱི་རིག་གཞུང་གི་སྲོག་རྩ་སྐད་ཡིག་ལ་ཐུག་ཡོད་པར་བརྟེན། བོད་ཀྱི་ཐུན་མིན་ངོ་བོ་གཅེས་འཛིན་དང་། བོད་མིའི་ནུས་སྟོབས་གོང་འཕེལ་སླད། སྤྱི་ལོ་༢༠༠༤ ལོའི་ཟླ་༧ ཚེས་༢༧ ལ་གཏན་འབེབས་གནང་བའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དེ་ཉིད། བོད་ཁྱིམ་སློབ་གྲྭ་སོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་ལ་ངེས་པར་དུ་གཅིག་གྱུར་ལག་བསྟར་དགོས། སྤྱི་མོས།“་ཞེས་གསལ་ཡོད། འདི་དག་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་དང་སྲིད་ཇུས་འཛིན་ཕྱོགས་ཀྱི་གཞི་འཛིན་ས་ཡིན་ལ་དུས་དང་རྣམ་པ་ཀུན་དུ་མང་ཚོགས་ལ་བསྒྲག་རྒྱུའི་གཞི་འཛིན་དང་རྒྱབ་རྟེན་དངོས་མ་དེའང་ཡིན།
ད་དུང་བོད་ཀྱི་དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེའི་མི་མང་གིས་ཀྱང་བོད་ཡིག་རང་གི་ཐོག་ནས་སློབ་ཚན་ཁྲིད་དགོས་པ་དང་། རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་སློབ་འཁྲིད་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་དང་རེ་ཞུ་ལུ་གུ་བརྒྱུད་དུ་ཕུལ་ཡོད་པ་སྟེ་“སྤྱི་ལོ་༢༠༡༠ ལོ་ནས་བཟུང་བོད་སྐད་ཡིག་ཟུར་ཁྲིད་ཙམ་ལས་མེད་པའི་སྲིད་བྱུས་དྲིལ་སྒྲོག་བྱས་རྐྱེན་༢༠༡༠ ལོའི་ཟླ་༡༠ ཚེས་ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་༼འཕྲོད་བསྟེན་སློབ་གྲྭ་༽གཉིས་ཀྱི་ཁྱོན་སློབ་མ་ ༢༠༠༠ ལྷག་གིས་གཙོ་བོ“བོད་ཡིག་དགོས”། “བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས”ཞེས་འབོད་ཚིག་སྒྲོག་བཞིན་སྔ་དྲོ་དུས་ཚོད་༦ པ་ནས་ ༡༠་བ་བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནངས་དགོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས་པ་དང་། ཚེས་༡༩ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཚེས་༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་བྱས་པ”དང་། ཡང་སྤྱི་ལོ་ ༢༠༡༡ ལོའི་ཟླ་༡༢ ཚེས་ ༢༦ ནས་ ༢༨ ཉིན་གསུམ་རིང་ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཞིང་ཡོངས་ཀྱི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚོགས་བཞིན་པའི་སྐབས་དང་བསྟུན་ནས། རེབ་གོང་དང་། གཅན་ཚ། རྨ་ལྷོ་སོག་རྫོང་། མགོ་ལོག ཡུལ་ཤུལ། མཚོ་ལྷོ་སོགས་ཁུལ་དང་རྫོང་ཁག་མང་པོའི་དགེ་རྒན་ ༥༠༠ དང་སློབ་ཕྲུག་ ༥༠༠༠ ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུ་ཕུལ་ཏེ། ད་ལོའི་དགུན་ཚིགས་སློབ་སྐབས་ནས་བཟུང་རྒྱ་སྒྱུར་སློབ་གསོ་ལག་བསྟར་བྱེད་བཞིན་པ་དེ་མཚམས་འཇོགས་བྱས་ཏེེ། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་ཡིག་གཙོ་བོར་འཛིན་པའི་མི་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
ཁོང་ཚོས་ངོ་རྒོལ་དང་སྙན་ཞུ་འདི་དག་འབུལ་སྐབས་ཐ་ན་སྲོག་གི་ཉེན་ཁ་ཡང་ཡོང་སྲིད་པ་ཤེས་ཀྱི་ཡོད་ཀྱང་བོད་ཀྱི་རིགས་གཞུང་སྲུང་སྐྱོབ་ཆེད་དུ་འདི་ལྟར་གྱེན་ལངས་བྱས་པ་རེད། ད་དུང་བོད་ཀྱི་ས་ཕྱོགས་སོ་སོ་ན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད། འདི་དག་ཐམས་ཅད་ནི་མཐར་གཏུགས་ན་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་འཁྲིད་བྱེད་དགོས་པའི་རེ་འདུན་ཁོ་ན་ཡིན། འདི་དག་ལ་བསམ་སྐབས་ང་ཚོས་རང་དབང་ལུང་བ་ནས་སོའི་སོའི་སྐད་ཡིག་གལ་ཆུང་དང་། གཞན་གྱི་སྐད་ཡིག་གལ་ཆེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་ནི་བོད་ཀྱི་རུས་པ་ཡོད་མཁན་ཞིག་གི་ངོས་ནས་ཁ་སྐྱེངས་དང་སེམས་ཕམ་ཞིག་ཅི་ལ་མིན།
སྤྱི་ལོ་༢༠༠༤ ལོའི་སྤྱི་ཟླ་༩ ནང་དུ་སྐབས་བཅུ་གསུམ་པའི་སྤྱི་འཐུས་ཚོགས་དུས་བརྒྱད་པར་ཕེབས་བཞུགས་གནང་བའི་སྤྱི་འཐུས་རྣམ་པའང་ཁ་རོག་གེར་སྡོད་པའི་སྐབས་མིན་པར་ཞལ་གྲག་ལོས་དགོས་ཏེ་ཁྱེད་ཅག་ལ་བོད་མིའི་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ཡོད་པ་མ་ཟད་སྐབས་དེར་འཛིན་རིམ་བརྒྱད་པ་བར་དུ་བོད་ཡིག་ཐོག་སློབ་འཁྲིད་བྱ་རྒྱུ་གཙོས་པའི་ཤེས་ཡོན་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པ་མ་ཡིན་ནམ།
ལྷག་པར་དུ་བོད་མིའི་ལམ་སྟོན་ཟླ་མེད་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལྟར་གསུངས་ཡོད་དེ“ང་ཚོ་བོད་པའི་ཡི་གེ་འདི་ཉིད་བརྗོད་བྱ་གསར་བ་དེ་དག་སྔར་ཕན་འཕྲད་མ་མྱོང་བ་ཡིན་སྟབས་བེད་སྤྱོད་བྱེད་རྒྱུ་མ་བྱུང་བ་མ་གཏོགས། བོད་ཡིག་སྐྱོ་དྲགས་ནས་བེད་སྤྱོད་བྱེད་མ་ཐུབ་པ་དང་། བོད་ཡིག་གི་ནུས་པས་མ་འདང་བ་གང་ཡང་མ་རེད། དེ་ལ་ང་ཚོས་ཏན་ཏན་བསམ་བློ་གཏོང་དགོས་ཀྱི་འདུག ལོ་གཅིག་ང་ཚོ་སྐད་ཆ་བྱུང་། གཞན་དག་གང་ཡིན་རུང་མིན་རུང་། སྔོན་ལ་དམའ་རིམ་འཛིན་གྲྭ་ལྔ་བ་དྲུག་པ་ཙམ་གྱི་སློབ་ཚན་ཚང་མ་བོད་ཡིག་ཁེ་གཙང་ནས་བསླབ། རིམ་པས་རིམ་པས་བོད་ཡིག་སློབ་ཚན་གྱི་རིམ་པ་སྤར་གྱིན་སྤར་གྱིན་བྱས་ན་ཡག་པོ་འདུག རྒྱ་གར་ནང་གི་རྒྱུགས་སྤྲོད་ཀྱི་ཐོག་ལ་དཀའ་ངལ་ཡོང་མདོག་ཁ་བོ་ཡོད་ཀྱང་། དེ་ལ་ཐབས་ཤེས་བྱེད་དགོས།”ཞེས་གསུངས་ཡོད།
ད་འོ་ན་ལུང་དང་རྒྱུ་མཚན་འདི་འདྲ་མང་པོ་ཞིག་ཡོད་བཞིན་དུ་ཅིའི་ཕྱིར་སློབ་ཚན་རྣམས་སྐད་ཡིག་གཞན་གྱི་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་འབྱོར་བ་ཡིན་ནམ་ཟེར་ན་ཁོང་ཅག་གིས་རྒྱུ་མཚན་འདི་ལྟར་བགྲངས་ཡོད། གཅིག་དགེ་རྒན་གྱི་དཀའ་ངལ་དང་། གཉིས། སྔོན་ནས་བསྒྱུར་བའི་སློབ་དེབ་དེ་ཚོས་དེང་སྐབས་ཀྱི་སློབ་ཚན་གྱི་རྗེས་ཟིན་གྱི་མི་འདུག་པ་འདི་གཉིས་རེད། དེ་ལྟར་ཡིན་སྲིད། དེ་ལས་གཞན་པའི་དཀའ་ངལ་མང་པོ་ཡོད་སྲིད། སྐད་ཡིག་གཞན་པ་གལ་ཆེན་ཡང་ཡིན་ངེས།
འོན་ཀྱང་སྐབས་འདི་འདྲར་དཀའ་ངལ་འདི་ཡོད་པས་བོད་ཡིག་བཞག་དགོས་ཟེར་ན་དེ་ནི་བོད་མི་རིགས་ཀྱི་རུས་རྐང་ཅན་དག་གིས་བཤད་སྟངས་ཞིག་རྩ་ནས་མ་རེད་ལ་རྒྱུ་མཚན་ཡང་དག་པ་ཞིག་ཀྱང་གཏན་ནས་མ་རེད། དེ་ལས་སློབ་ཚན་ལེགས་བསྒྱུར་དང་། དགེ་རྒན་སྦྱོང་བརྡར་གྱིས་ཁ་གསབ་བྱེད་བཞིན་མདུན་སྐྱོད་དགོས་པ་ལས་ངང་སྒུག་གིས་དུས་ནམ་ཡང་ལེགས་ལམ་སྦྱིན་མི་སྲིད། དེ་ཡང་༸གོང་ས་མཆོག་གིས་“ང་ཚོས་ལས་དོན་མང་པོ་ཞིག་ལ་འདི་འདྲ་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཟེར་ནས་གཡུགས་ཞོག་ཅེས་ལབ་ན་། གཡུགས་བཞག་པ་རང་རེད། ལས་དཀའ་འདི་བྱས་ན་དཀའ་ངལ་འདི་འཕྲད་ཀྱི་རེད་ཅེས་སྐད་ཆ་ཡོང་རྒྱུ་ཏན་ཏན་རེད།
དཀའ་ངལ་དེ་འཕྲད་སོང་ན་སེལ་ཐབས་ག་རེ་འདུག་གམ་ཞེས་ལམ་སང་རིམ་པ་གཉིས་པ་དེར་བསམ་བློ་བཏང་ནས་འགྲོ་དགོས་ཀྱི་འདུག”ཅེས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། “བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་གཡར་ཏེ། བོད་ཡིག་ནི་སྐད་ཡིག་ཞན་གྲས་ཡིན་པ་དང་། བརྡ་དོན་བརྒྱུད་ཀྱི་ནུས་པ་ཞན་པོ་ཡོད་པ་རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་བྱེད་ཀྱི་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་ལྡེང་བ་ནི་དོན་དངོས་ཡིན་ཡང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་ལྡེང་ངེས་ཀྱི་ཐ་སྣད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་ལ། རྗེས་སུའང་མཐོང་དཀོན་པ་རེད། ཅེས་དང་། གལ་སྲིད་མིང་ཚིག་གིས་མི་ལྡེང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད།
དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ལ་ཆུ་ཚད་དམའ་དྲགས་ཏེ་ཚིག་དོན་བརྡ་སྤྲོད་དང་། གོ་བདེ་དོན་ཟབ་ཅིག་ཡོང་དཀའ་བ་བཅས་ཚང་མ་གི་ཞན་ཆར་བརྩི་བཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་།”ཞེས་གསུངས་ཡོད། དེས་ན་ད་ལྟའི་ང་ཚོའི་གདམ་ག་ནི། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཐོབ་ཅིང་། ཤེས་རིག་ཚོགས་ཆེན་སྔ་ཕྱི་དག་ཏུ་གཏན་འབེབས་དང་། བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་དབུ་འཁྲིད་གོང་མ་རྣམས་ཀྱིས་སྐུ་ངལ་བརྒྱ་ཕྲག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན། གཞིས་བཞུགས་རྒྱ་ཆེའི་མི་མང་གི་རེ་འདུན་སོགས་སྣང་མེད་དུ་བཞག་སྟེ་མུ་མཐུད་བོད་མི་ཕྱེད་ཀ་དག་བསྐྱེད་སྲིང་བཞིན་སྡོད་དམ། ཡང་ན་དེ་ལས་ལྡོག་སྟེ་བསམ་བློ་གཞན་ཞིག་བཏང་ནས་བཀའ་སློབ་ལམ་སྟོན་དང་། བཅའ་ཁྲིམས། བོད་མིའི་མངོན་འདོད། གྲོས་ཆོད་སྔ་ཕྱི་སོགས་ལ་གཞི་འཛིན་གྱིས་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་རྒྱུན་འཛིན་ལ་འབད་རྒྱུ་དེ་རེད།
འདི་ནི་རང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་ལ་བོད་མིའི་མངོན་འདོད་བརྗོད་པ་དང་། མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཛིན་སྐྱོང་དགོས་པའི་དྲན་སྐུལ་གཏོང་བ་ཙམ་ལས་གཞན་གྱི་རྒྱུ་མཚན་གང་མེད། ཁྱེད་ཅག་གིས་ངག་སྙན་མོ་དང་ཚིག་ཚོན་པོ་དག་གིས་ཤེས་ཡོན་གལ་ཆེན་གྱི་འབོད་ཚིག་ཙམ་མིན་པར་བོད་རང་གི་རིག་གཞུང་ལ་མཁྱེན་རྒྱ་ཡངས་ཤིང་གཞན་གྱི་རིག་གཞུང་ལ་ཐོས་པ་ཟབ་པའི་བོད་མིའི་རྗེས་འཛིན་པ་གསོ་སྐྱོང་བྱེད་པའི་ལས་གཞིར་ཞུགས་པ་ལས་ལྡོག་ཕྱོགས་ཀྱི་ལམ་དུ་མི་འཁྲིད་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
༢༠༡༣/༨/༡༧/ ལ་བྲིས།
ཟབ་པོ་རེད། མཇུག་གི་ཡིད་ཆེས་ཟེར་བ་དེ་ཧ་ཅང་གི་རྩ་ཆེན་པོ་གཅིག་བྲིས་གནང་འདུག་པས་བཀའ་དྲིན་ཆེ་ཨ།
དེ་ཡང་རྒྱུ་མཚན་འདི་འདྲ་ཡིན། ཚིག་ངན་རྐྱང་རྐྱང་བྲིས་བསྡད་པ་ཡིན་ན་བགྲོ་གླེང་ཡག་པོ་ཤིག་མི་ཡོང་བ་དེ་རེད།
ལྷག་བསམ་རྣམ་དག་གིས་འགོ་བརྩམས་ན་ཡང་བཟོད་བསྲན་ཆེན་པོའི་སྒོ་ནས་དཔྱད་པ་གཏོང་ཡ་གལ་ཆེན་དོན་ཆེན་རེད།
ཨ་ཅང་ཅང་ལོས་ཡིན་སྐད་ཡིག་གི་གནད་དོན་རེད། བཀའ་དྲིན་ཆེ་ཨ། དམིགས་ཡུལ་སྟངས་དོགས་པ་ཙམ་ཡང་དགོས་ཀྱིན་མ་རེད་བསམ། ག་ལེར་ག་ལེར་རྣམ་པ་ཚོས་བགྲོ་གླེང་གནང་ན་དགའ་བསུ་ཡོད། དེ་མིན་གཟབ་ནན་བྱས་ན་མ་གཏོགས་བོད་མིའི་བསྒྲིག་འཛུགས་དང་གཞི་བྱེས་ལྷན་འཛོམས་མི་དགོས་མཁན་དེ་འདྲ་ཡང་ཡོད་དོ།
ཡག་པོ་འདུག
དུས་ཐོག་ཆར་འབབ་རེད།
རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམས་པ་ཡོད་ལགས།
སེར་ཤུལ་རིན་དོན་ལགས་ཐུགས་ེརྗེ་ཆེ། དངོས་ཡོད་དཀའ་ངལ་དང་འཐུས་ཤོར། སྐྱོན་ཆ་རྣམས་ཁུངས་ལུང་དང་རྒྱུ་མཚན་དྲངས་ནས་སྒྲུབ་ཀྱང་ཚིག་ངན་དང་དམའ་འབེབས་མེད་པར་ནང་དོན་ཁ་གསལ་པོ་དང་བརྗོད་བྱ་རྡོག་ལ་སྒྲིལ་པོ་དངོས་གནས་ཡག་པོ་གསུངས་འདུག
ངའི་བསམ་ཚུལ།:
བཙན་བྱོལ་ནང་བོད་ཀྱི་རིག་གནས་ལ་དོ་སྣང་མེད་ཟེར་བ་དང་། ཡང་བོད་ཀྱི་རིག་གནས་ཤེས་མཁན་མེད་། ཟེར་བ་སོགས་ཧ་ཅང་སྦོམ་པའི་སྡོམ་ཚིག་དེ་འདྲ་མ་བརྒྱབ་པར་ད་ལྟའི་དངོས་ཡོད་ཀྱི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུ་ཡིན་མིན་བགྲོ་གླེང་ལྷུག་པོ་ཞིག་བྱུང་ན་བསམ་པ་ནི་སེམས་གཏིང་གི་རེ་བ་ཡིན་ལ་བསམ་ཚུལ་ཡང་ཡིན། དེ་འདྲ་ཡིན་པས། བཀའ་སྤྱི་ལྷན་རྒྱས་ལ་འབུལ་རྒྱུའི་ཆེད་་ང་ཚོས་མིང་རྟགས་བརྡུ་རུབ་ཀྱི་ལས་བསྒུལ་གཞི་རྒྱ་ཆེ་བ་་ཞིག་སྤེལ་ན་གང་འདྲ་འདུག
ཡག་པོ་བྲིས་འདུག ཡིན་ཡང་དོན་དག་གཅིག་ཧ་གོ་མི་འདུག ཤེས་དྲུང་གིས་སྔོན་བསྒྱུར་སློབ་དེབ་ཀྱིས་རྗེས་ཟིན་གྱི་མི་འདུག་ཟེར་བའི་གཡོ་གཏམ་ཁྱེད་ཀྱིས་ངོས་ཟིན་མི་འདུག རྒྱུ་མཚན་ནི། ༡ ཤེས་ཡོན་སྲིད་ཇུས་གསར་བ་དེ་རང་རྐྱ་འཕེལ་བའི་བོད་ཡིག་དང་འབྲེལ་བའི་སློབ་གསོའི་ཁ་ཞིག་ཕྱོགས་རེད། དེ་རྒྱ་གར་དང་དེང་རབས་སློབ་གསོ་ལ་བསྟུན་དགོས་དོན་མེད། གལ་ཏེ་དགོས་ན་དམིགས་བསལ་ཞིག་གཏན་འབེབས་དགོས་དོན་གང་ཡང་མེད། ༢ འཛིན་གྲྭ་དགུ་བ་བར་དུ་རྒྱ་གར་གཞུང་གི་སློབ་དེབ་ལ་དེ་བས་བསྟུན་དགོས་དོན་མེད། རྒྱ་གར་སྒེར་གཉེར་སློབ་གྲྭ་མང་པོས་རང་ཉིད་ཀྱིས་སློབ་དེབ་གསར་བཟོ་བྱས་དེ་སློབ་ཁྲིད་བྱས་པས་གཞུང་གི་སློབ་གྲྭ་ལས་མཆོག་དུ་གྱུར་ཡོད། ༣ རང་ཉིད་ཀྱིས་སློབ་གསོའི་སྒྲོམ་གཞི་ཆ་ཚང་ཞིག་བཟོས་ཟིན་ནའང་། ད་དུང་སྒྲོམ་གཞི་གཞན་ཞིག་ལ་རེ་དགོས་ཟེར་ན་གད་མོ་ཤོར་ཡག་རེད། ཤེས་དྲུང་གིས་སློབ་གསོའི་ཁ་ཕྱོགས་ཙམ་ཡང་མ་ཤེས་པ་ཡིན་ནམ་བཤད་རྒྱུ་མེདཔས་རེད། ཁྱེད་ཀྱིས་ཀྱང་དོན་དེ་ཁས་ལེན་འདུག་པས་གསལ་བཤད་ཙམ་ལགས།
སེར་ཤུལ་ལགས་ཀྱི་རྒྱུ་མཚན་དང་ཤ་ཚ་ཡོད་ཀྱང་ཅུས་ཞུ་མ་ཤེས་པ་འམ་ཡང་ན་སེམས་ཚོར་ཆེ་དྲག་ཞིག་ཏུ་སྣང་། སེམས་ཚོར་ལོས་ཀྱང་དགོས། རྒྱས་བྱེད་སྟངས་ལ་གཅིག་ལྟོས་དང་། དེ་ནས་གཞི་ཡིས་བྱེད་སྟངས་དེ་འདྲ་ཞིག་མཐོང་སྐབས་ད་དུང་སྐྱོ་བ་དང་ངབ་ཚབ་ཀྱི་རྒྱུ་རྐྱེན་ཞིག་ལོས་ཀྱང་ཡིན། སྲིད་སྐྱོང་ནས་ལོ་གཉིས་ཀྱི་བྱེད་སྒོར་བཅར་འདྲི་ཞུས་པ་དེར་གཅིག་གཟིགས་དང་། དེ་སྔ་བཀའ་ཤག་སྐབས། མཁས་པ་དང་ཤེས་ལྡན་པ། དགེ་རྒན་སོགས་འདྲ་མིན་བསྐོང་ནས་ཚོགས་འདུ་རབ་རིམ་སྦྱང་བཤད་བྱས་ནས་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པ་དེར་གོང་འཕེལ་ཁབ་རྩེ་ཙམ་ཡང་གཏོང་རྒྱུའི་ཚབ་ཏུ་འབྲིང་རིམ་སློབ་འཁྲིད་རྣམས་དབྱིན་ཡིག་རྩ་འཛིན་དགོས་པས་བཀའ་རྒྱ་བཏང་ནི་དངོས་གནས་ཤེས་ཡོན་གཙོ་བོར་བྱེད་པའི་བཀའ་ཤག་འདིའི་བྱེད་སྟངས་ཤིག་ཨེ་ཡིན་སྙམ།
དྲང་པོར་ཞུས་ན་དེ་ནི་ང་རང་གཞི་སྐྱེས་བོད་རིགས་ཤིག་ལ་ཉེ་ཆར་བྱེས་འབྱོར་སློབ་མ་ཞིག་གིས་”སྲིད་སྐྱོང་བོད་ཀྱི་རིག་གནས་ལ་སྦྱང་པ་མེད་པས་བོད་ཀྱི་རིག་གནས་ཀྱི་ཉམས་མྱོང་དང་ཕར་ཞོག་བོད་ཀྱི་རིག་གནས་ཀྱི་རྣམ་གྲངས་ཡང་ཡག་པོ་ཞིག་ཤེས་ཀྱི་ཨེ་ཡོད།”ཞེས་བཤད་སོང་། ད་ལྟ་བར་སྲིད་སྐྱོང་གི་ཤེས་ཡོན་སྲིད་བྱུས་ཐད་ཕྱག་ལས་གནང་སྟངས་ལ་གཞིགས་ནས་དངོས་ནས་བྱེས་འབྱོར་སློབ་མས་གསུངས་པ་བདེན་པ་མཐོང་སོང་།
མདོར་དོན་སྲིད་སྐྱོང་བོད་ཡིག་དང་བོད་ཀྱི་རིག་གནས་ཤེས་མ་ཤེས་ཁྱད་མི་འདུག ཡིན་ནས་བོད་རིགས་སློབ་ཚོ་ལྡབ་གཤོག་གཉིས་ལྡན་གྱི་དེང་རབས་ཅན་གྱི་བོད་ཕྲུག་ཞིག་བསྐྲུན་འདོད་ཚེ་ད་ལྟའི་བོད་སློབ་ཁག་ཏུ་བོད་ཀྱི་རིག་གནས་ཇི་ལྟར་སློབ་འཁྲིད་ཐོག་ངེས་པར་བཅོས་བསྒྱུར་དང་བསམ་བློ་ནན་མོ་གཏོང་དགོས་པར་མཐོང་།
གདན་སའི་གྲྭ་འགའ་སློབ་གྲར་ཁྲིད་ནས་མཚན་ཉིད་རྩོད་པ་ཙམ་གྱི་བོད་ཀྱི་རིག་གནས་ཁྱབ་སྤེལ་ཐུབ་པར་དཀའ་བས་ད་ལས་དེང་གི་ཕྲུ་གུ་དང་ཁོར་ཡུག་ལ་ལྟོས་ནས་སློབ་འཁྲིད་ཀྱི་གོམ་པ་གསར་པ་ཞིག་རྒྱབ་དགོས་ངེས་སུ་མཐོང་།
ང་ཚ་བོ་ཞིག་རྒྱ་གར་དུ་ཡོད་ཁོས་བོད་ཡིག་ལ་དགའ་བོ་བྱེད་ཀྱིན་ཡོད་མོད། བོད་ནང་གི་གཅེན་མོར་ཁ་བརྡས་སྐབས་དབྱིན་སྐད་ལ་ཡག་པོ་ཡོད་མེད་ཡང་སེ་འདྲི་གནང་གིན་འདུག དབྱིན་ཡིག་ལ་ཡག་པོ་མིན་འདུག་ལབ་ན་སེམས་ཁྲལ་གནང་གིན་འདུག
བོད་ནང་གི་སྐད་འབོད་དང་ཅུང་ཙམ་འདྲ་གི་མ་རེད། རྒྱ་ཡིག་མི་དགོས་བོད་ཡིག་མི་དགོས་དབྱིན་ཡིག་རྐྱང་བ་དགོས་ཟེར་ན་ཡང་རྩ་བ་ནས་རེ་བ་མེད་པ་རེད། བཙན་བྱོལ་ནང་རང་དབང་གི་སྒོ་ནས་བྱེད་ཀྱིན་ཡོད་པས་བསམ་བློ་ཏན་ཏན་མང་པོ་བཏང་ཡོད་པ་རེད།
གནད་འགག་ཅིག་བཤད་ན། བོད་ནང་ལ་འགྱོགས་པོ་ལོག་ཐུབ་ཀྱིན་ཡོད་ན། སྲིད་སྐྱོང་མཆོག་གི་བཀོད་ཇུས་བཞིན་བྱས་པ་ཡིན་ན་དྲག་སེ་ཨེ་ཡོང་བསམ་གིན་འདུག་ལ་དཔྱད་གཞི་ཆེ་བའི་གནད་འགག་ཅིག་འདི་རེད།
གནད་འགག་གཉིས་པ
བོད་ཡིག་སྦྱོང་མི་སྦྱོང་གཙོ་བོ་བུ་ཕྲུག་དང་ཕ་མ་རག་ལས། དེ་ཧ་ཅང་གི་དཀའ་མོ་རེད་ཨུ་ཚུགས་བྱེད་དགོས་ན་ཡོང་ཡ་མེད།
༧གོང་ས་མཆོག་གིས་ཐལ་མོར་སྦྱར་ནས་གསུངས་པས་ན་མ་གཏོགས།
སྲིད་སྐྱོང་མཆོག་གིས་ཕྱག་འཚལ་ནས་གསུངས་ཀྱང་ཆོ་ག་རེ་ཡོད་པ་རེད།
ཡ་ཡི་jhokཚ་བོ་འདུག་ཟེར་གི་རེད།
གཙོ་བོ་ཐབས་ཤེས་དང་ཇུས་ལ་རག་ལས་པ་རེད། གང་ལྟར་དཀའ་ལེ་ནི་ཡོད་ཡོད་པ་རེད། ང་ཚོས་བོད་ཡིག་སྦྱོང་དགོས་པ་ནི་སྤྱི་དོན་ཙམ་བཤད་པ་ལས་གཞན། སུའི་སྦྱོང་དགོས་པ་དང་དེ་ལ་ཡང་བརྩེ་སེམས་ཡོད་པའི་ཐོག་ནས་བཤད་ན་བགྲོ་གླེང་ཡག་པོ་ཡོང་གི་རེད་ལ་གང་བཤད་བཤད་རེད།
མདོར་ན་འཚེ་བ་མེད་པའི་བགྲོ་གླེང་གནང་དགོས་ཀྱིན་རེད།
དེ་མིན་སྤྱོད་ངན་བགྱིས་ཏེ་བཀྲ་མི་ཤེས་པའི་མདོ་རྫུན་མ་རེ་བཏོན་ནས་བསྡད་པ་ཡིན་ན་བོད་ཡིག་མ་ཤེས་ན་ཡང་འགྲིག་ག
སྲིད་སྐྱོང་གི་མདུན་དུ་བྱ་དགོས་པའི་ཤེས་ཡོན་སྲིད་ཇུས་ཀྱིས་མདོ་བསྡུ་ན་རིགས་གཅིག་རྐང་འཛིན་གྱི་ས་བོན་འདེབས་དགོས་པ་ནི་གལ་ཆེན་རེད་ལ་སྲིད་སྐྱོང་མཆོག་གིས་དེའི་ཐོག་ཧུར་ཐག་གནོང་གིན་ཡང་ཡོད། འདི་མ་བྱུང་བ་ཡིན་ན་མི་མང་གི་རེ་སྟོང་བཅིང་བ་ཡང་རེད།
རིགས་གཅིག་རྐང་འཛིན་གང་ཞིག་ལ་བོད་ཡིག་ཡག་པོ་ཤེས་མཁན་གྱི་ས་བོན་འདེབས་དགོས་པ་འདི་དཀའ་མོ་རེད་ལ་མཁས་དབང་ཟམ་གདོང་རིན་པོ་ཆེའི་རིང་དྲང་མོར་ཞུས་ན་དཔེ་སྟོན་སློབ་གྲྭ་ལས་གཞན་སྟོན་ཡ་མེད།
འདི་ཐབས་མེད་པ་མ་རེད་མོ་བེད་སྤྱོད་བྱེད་ཡུལ་གྱི་སློབ་ཕྲུག་མེད། འདི་ཚོ་མཁྱེན་དགོས་
དུས་ཐོག་གི་ཆར་བ།
གནད་ཐོག་གི་སྐད་ཆ།
བོད་ཡིག་ལ་ཤ་ཞེན་ཡོད་མཁན་ཚོས་དཔྱད་བརྗོད་འདིའི་མཇུག་སྐྱོང་རོགས།
བོད་ཡིག་ལ་དགའ་བོ་ཡོད་ན་འདི་འདྲ་འབྲི་དགོས།
ཕུགས་རྒྱངས་རིང་པོའི་བསམ་བློ་རེད།
རྗེས་སུ་ཡི་རང་ཞུ
༄༅། །དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་ཚགས་པར་(The Times Of India)ཞེས་པའི་ནང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་རྒྱབ་གཉེར་ཡིག་ཆའི་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་བར་བཀག་འགོག་བྱེད་ཀྱི་མེད་ལ། མི་སྒེར་གྱིས་རྒྱ་གར་རམ་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོབ་ཐང་བཟོ་ན་གང་ཟག་སོ་སོ་ཐག་གཅོད་ཅིག་རེད་”ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། ཕྱི་ལོ་ ༡༩༨༦ ལོའི་རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པ་ཡིན་ན། རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་པར་བརྟེན། ཆ་རྐྱེན་དེའི་འོག་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་ཡོད་པ་དང་། གནད་དོན་འདིའི་ཐད་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་འགོག་བྱས་མེད་ལ། དམིགས་བསལ་སྲིད་བྱུས་ཀྱང་ཁ་གསལ་གང་ཡང་མེད་པ་རེད་ཅེས་གསུངས་འདུག
རྒྱ་གར་དུས་བབ་ནང་མུ་མཐུད་བཀོད་དོན་ལ། འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་བཟོ་ཆོག་པའི་གཞུང་འབྲེལ་གྱི་ཆོག་མཆན་དང་པོ་དེ་ཆགས་ཡོད། ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པའི་བོད་མི་ཐོག་མ་དེ་ཆགས་ཡོད་པ་རེད་ཅེས་སོགས་བཀོད་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་ཡག་ལ། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་འཁུར་བའི་ལོ་གཉིས་རིང་བོད་མི་ ༡༤ ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་རྒྱ་གར་གྱི་མི་སེར་བཟོ་རྒྱུར་སྙན་ཞུ་འབྱོར་བ་རྣམས་ལ་གཞུང་གིས་རྒྱབ་གཉེར་མཐུན་འགྱུར་ཞུས་ཡོད་སྐོར་སོགས་གསུངས་འདུག །དྲ་གྲོགས་ཚོ་ཡིག་ཆུང་འདི་ལྗགས་ཀློག་ཚར་གཅིག་གནང་ནས་དགོངས་ཚུལ་ག་རེ་ཡོད་མེད་གསུང་རོགས་གནང་། འདི་ཨེ་ཤའི་རང་དབང་རླུང་འཕྲིན་ཁང་ནས་ཁྱབ་སྒྲགས་གནང་པ་དེ་བཞུས་པ་ཡིན།
གོང་གི་མཆན་པ་་་་་རང་དབང་ཨ་རྡུ་མན་་་་་་་མིང་ཅན་ལ་བལྟ་ཚུལ་སྡིག་པ་མཐོང་ཚུལ་ངན་པ་གཅིག་ང་ལ་ཡོད། ཁ་བརྡར་ཁོས་གང་བྲིས་སྔོགས་གཤེར་བྱེད་པའི་ཁོམ་ལོང་མེད་པ་ཚོས་གཟབ་ནན་གནོངས་རོགས
བཙན་བྱོལ་བོད་མའི་སྐད་ཡིག་གི་སྲོག་དང་ཐད་སོར་འབྲེལ་བའི་བགྲོ་གླེང་མུ་མཐུད་ནས་མདུན་དུ་བསྐྱོད་པར་དགའ་བསུ་ཡོད།
༄༅། །དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱ་གར་དུས་བབ་ཚགས་པར་(The Times Of India)ཞེས་པའི་ནང་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ཕྱི་ཚེས་ ༢༡ ཉིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་མི་སེར་ཐོབ་ཐང་བཟོ་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་ཐོབ་ཐང་བཟོ་བར་རྒྱབ་གཉེར་ཡིག་ཆའི་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས་འདུག ཁོང་གིས་བོད་མིའི་སྒྲིག་འཛུགས་ནས་བོད་མི་ཚོས་རྒྱ་གར་གྱི་མི་སེར་བཟོ་བར་བཀག་འགོག་བྱེད་ཀྱི་མེད་ལ། མི་སྒེར་གྱིས་རྒྱ་གར་རམ་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་ཐོབ་ཐང་བཟོ་ན་གང་ཟག་སོ་སོ་ཐག་གཅོད་ཅིག་རེད་”ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས་ད་དུང་། ཕྱི་ལོ་ ༡༩༨༦ ལོའི་རྒྱ་གར་གྱི་མི་སེར་ཐོབ་ཐང་རྩ་ཁྲིམས་ནང་གསལ་བ་ལྟར་ན། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ ལོའི་བར་རྒྱ་གར་ནང་སྐྱེས་པ་ཡིན་ན། རྒྱ་གར་མི་སེར་ཐོབ་ཐང་བཟོ་ཆོག་པར་བརྟེན། ཆ་རྐྱེན་དེའི་འོག་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མིང་པོ་ཞིག་ལ་རྒྱ་གར་གྱི་མི་སེར་བཟོ་ཆོག་པའི་ཐོབ་ཐང་ཡོད་པ་དང་། གནད་དོན་འདིའི་ཐད་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་འགོག་བྱས་མེད་ལ། དམིགས་བསལ་སྲིད་བྱུས་ཀྱང་ཁ་གསལ་གང་ཡང་མེད་པ་རེད་ཅེས་གསུངས་འདུག
རྒྱ་གར་དུས་བབ་ནང་མུ་མཐུད་བཀོད་དོན་ལ། འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚོར་རྒྱ་གར་མི་སེར་བཟོ་ཆོག་པའི་གཞུང་འབྲེལ་གྱི་ཆོག་མཆན་དང་པོ་དེ་ཆགས་ཡོད། ༢༠༡༡ ལོར་བོད་རིགས་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་རག་པའི་བོད་མི་ཐོག་མ་དེ་ཆགས་ཡོད་པ་རེད་ཅེས་སོགས་བཀོད་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་ཡག་ལ། ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགན་དབང་འཁུར་བའི་ལོ་གཉིས་རིང་བོད་མི་ ༡༤ ཙམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་རྒྱ་གར་གྱི་མི་སེར་བཟོ་རྒྱུར་སྙན་ཞུ་འབྱོར་བ་རྣམས་ལ་གཞུང་གིས་རྒྱབ་གཉེར་མཐུན་འགྱུར་ཞུས་ཡོད་སྐོར་སོགས་གསུངས་འདུག །དྲ་གྲོགས་རྣམ་པ་ཚོ་འདི་ནི་ཨེ་ཤའི་རང་དབང་རླུང་འཕྲིན་ཁང་ནས་བཤུས་པ་ཡིན་་་་་་འདི་ལ་དགོངས་ཚུལ་རེ་གསུང་རོགས་གནང་།
རྩོམ་ཡིག་གལ་ཆེན་ཞིག་བྲིས་གནང་འདུག་པར་གུས་བཀུར་ཞུ།
བཀའ་ཁྲིའི་ཕྱག་ལས་གནང་སྟངས་ཅུང་འགྲིག་གི་མེད་པར་ཐག་ཆོད་ཀྱང་ཤོད་ཐུབ་མཁན་ཡོང་ཁག་པོ་རེད།
དྲང་བོར་ཞུས་ན་༧་གོང་ས་མཆོག་གིས་བསྟོད་རྒྱུ་ཅུང་མང་དྲག་སོང་།
དྲ་གྲོགས་ལྷན་རྒྱས་ཕེབས་བསུ་དང་སྦྲགས། བཅའ་ཁྲིམས་དོན་ཚན་བདུན་པ་ཞེས་པ་དེ་བཅུ་བདུན་པར་བཅོས་རོགས།
འདི་ནི་དངོས་གནས་བོད་ཀྱི་རིག་གཞུང་ལ་སེམས་འཚོར་ཡོད་པའི་སྐད་ཆ་རེད། ང་ཚོའི་མགོ་ཁྲིད་མང་པོར་རང་མི་རིགས་ཀྱི་རིག་གཞུང་གི་ལྟ་བ་བརྟན་པོ་མེད་པ་དེ་མི་རིགས་རྩ་མེད་དུ་འགྲོ་བའི་ཉེན་ཁ་རེད། སྐམས་འདིའི་བཀའ་ཤག་གིས་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཏེངས་དང་པོ་ཟེར་བ་བསྐོངས་ནས་འཛིན་རིམས་དྲུག་པ་ནས་བརྒྱད་པའི་བར་གྱི་ཚན་རིག་དང་ཨང་རྩིས་ཀྱི་བརྒྱུད་ལམ་ཇི་དགེའི་སྐོར་ཟེར་བའི་བརྗོད་གཞིའི་ཐོག་གྲོས་བསྡུར་བྱེད་དུ་བཅུག་པ་རེད་ཟེར་ཡང་ཕྱོགས་ཁག་ནས་ཕེབས་པའི་དགེ་རྒན་བརྒྱ་ཆ་བདུན་ཅུ་ཡིས་སློབ་ཚན་དེ་དག་རང་མི་རིགས་ཀྱི་སྐད་ཡིག་ཐོག་བསླབས་དགོས་པའི་མང་མོས་བྱུང་ཙང་ཁོང་ཚོའི་རེ་འདོད་བཞིན་མ་འགྲུབ་པས་ཚོགས་འདུ་དེ་ནི་ནུས་མེད་ཞིག་ཏུ་བརྩིས་པ་རེད་ཟེར། གང་ལྟར་དགེ་རྒན་གྱི་བསམ་འཆར་རྣམས་ཡིག་ཐོག་ཏུ་དབབ་ནས་སློབ་གྲྭ་ཁག་ཏུ་ཕྱིར་སློག་བྱས་ཏེ་ལག་ལེན་དུ་འགེལ་རྩིས་བྱས་མེད་པ་འདྲ། དེ་ནས་བྱེད་ཐབས་མ་རྙེད་པས་བརྩན་པོ་ཨུ་ཚུགས་དང་ཐབས་མཀས་པོས། འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་ཚན་རིག་དང་ཨང་རྩིས་ཀྱི་སློབ་ཚན་དགེ་རྒན་ཚད་ལྡན་ཞིག་མ་བྱུང་བར་ཨིན་ཡིག་ནང་བསླབ་རྒྱུ་དང་ཐ་སྣད་གོ་དཀའི་རིགས་བོད་ཡིག་ནང་འགྲེལ་བཤད་བྱེད་དགོས་ཞེས་པའི་བཀའ་ཤོག་ཞིག་ཕེབས་པ་འདྲ།
སེར་ཤུལ་གྱིས་གསུངས་པར་རྒྱབ་སྐྱོར་ཡོད།
མཆན་འགོད་པ་རང་དབང་ཨ་རྡུ་མ་ཟེར་བས་བགྲོ་གླེང་གི་ཁ་བསྒྱུར་ཐབས་བྱེད་པར་ངོ་རྒོལ་བྱེད།
གོང་གསལ་གནད་དོན་དང་འབྲེལ་བའི་སྐོར་ལ་དུས་བབ་དང་ཁ་བརྡ་སོགས་སུ་རྩོམ་ཡིག་གང་འཚམ་སྤེལ་སོང་མོད། དེར་བཀའ་ཤག་དང་གྲོས་ཚོགས་ནས་ལན་འདེབས་གང་ཡང་བྱས་མེད།
དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ཀྱིས། དམངས་ཀྱི་བསམ་ཚུལ་ལ་ཡ་ལན་ཙམ་ཡང་མ་བྱས་ན། ད་ནི་དབྱངས་ཅན་འབངས་ཀྱི་བསམ་ཚུལ་ལྟར་ང་ཚོས་ཞུ་གཏུགས་ལན་གཅིག་བྱ་དགོས་པ་འདྲ། ཕྱོགས་ཁག་སོ་སོ་ནས་སྙན་ཡིག་བྲིས་ཏེ། ཚོགས་ལ་ཉེར་བའི་གྲོས་ཚོགས་སྐབས་མ་མཐར་ཡང་བགྲོ་གླེང་ཞིག་བྱེད་བཅུག་ན་གང་འདྲ་འདུག
ཧ་ཅང་བདེན་པའི་གཏམ་ཞིག་གསུང་འདུག བོད་སྐད་ཡིག་འཛིན་སྐྱོང་ཐད་ནས་སྲིད་སྐྱོང་གིས་ཕྱག་ལས་གནང་སྟངས་འདི་དངོས་གནས་དོག་པ་ཟ་དགོས་པ་ཞིག་དང་བློ་ཕམ་བྱེད་དགོས་པ་ཞིག་འདུག འདིས་ཐད་ནས་ཚང་མས་བཀའ་ཤག་དང་སྤྱི་འཐུས་ལ་བསམ་འཆར་རེ་སྟོན་ཐུབ་ན་ཕན་ཐོག་ཡོང་གི་རེད་སྙམ།
དགོས་པའི་དབང་གི་༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གལ་ཆེ་བའི་བཀའ་སློབ་འདི་འདྲ་ཞིག་གསུང་ཡོད། དེ་ཡང་ཁོང་གིས༽ བོད་ ལྗོངས་ནི་མི་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་ལ།བོད་ཀྱི་སྐད་ཡིག་ངེས་པར་དུ་གཙོ་བོར་སྦྱོང་དགོས་ པ་དང་། དེ་བཞིན་དུ་རྒྱའི་སྐད་ཡིག་སྦྱངས་ཏེ། བོད་མི ་རྣམས་ཀྱིས་ཐད་ཀར་རྒྱ་ཡིག་ཐོག་ནས་གསར་བརྗེའི ་གཞུང་ལུགས་སོགས་ཡིག་ཆ་ མང་པོ་ལྟ་ཀློག་དང་སློབ་བྱེད་བདེའི་ཆེད། བོད་རྒྱ་ཕན་ཚུན་ཕྱོགས་གཉིས་པོས་སྐད་ཡིག་ཐོག་ནས་གོ་ཤེས་མི་ཐུབ་པའི་དཀའ་ངལ་སེལ་རྒྱུ་ནི་གལ་ཆེན་པོ་རེད། ད་ལྟ་ བོད་ལྗོངས་ཀྱི་ སློབ་ གྲྭ ་འབྲིང ་ཆུང་གིས་ཀྱང་དེ་ལྟར་བྱེད་བཞིན་ཡོད། འོན་ཀྱང་ཀྲུང་དབྱང་ནས་ས་གནས་བར་གྱི་སློབ་ གྲྭ་ ཁག་དང་། ལས་ཁུངས། རྩོམ་བསྒྱུར་སྡེ་ཚན་ ནང་རང་ཉིད་མཁས་རློམས་ཀྱིས་ང་ཚོའི་བོད་ཡིག་ལ་གང་བྱུང་དུ་ལེགས་ཉེས་དབྱེ་ཁུལ་གྱིས། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བར་ཁ་ག ཡར་ཏེ། བོད་ཡིག་ སྐད་ཡིག་ཞན་ གྲས་ཡིན་པ་དང་། བརྡ་དོན་བརྒྱུད་སྤྲོད་ཀྱི་ནུས་པ་ཞན་པོ་ཡོད་པ་ རེད་ཅེས་འཁྱོག་བཤད་བྱས་ནས། བོད་ཡིག་གི་མཚན་མཐོང་ལ་དམའ་འབེབས་ བྱེད་ཀྱིན་ཡོད། བོད་ཡིག་ལ་ཐ་སྙད་གསར་བས་མི་འདང་བ་ནི་དོན་དངོས་ཡིན་ ཀྱང་། འཇིག་རྟེན་ཐོག་སྐད་ཡིག་གང་འདྲ་ཞིག་ལའང་ཐོག་མ་ནས་ཕུན་སུམ་ཚོགས་ལ་འདང་ངེས་ཀྱི་ཐ་སྙད་ཡོད་པ་ཞིག་རྩ་བ་ནས་ཐོས་མ་མྱོང་། རྗེས་སུའང་མཐོང་ དཀོན་པ་ཞིག་རེད། དེའི་ཕྱིར་ཚང་མས་སོ་སོའི་སྐད་ཡིག་མཆོག་འཛིན་གྱི་ཁེངས་ སེམས་དོར་ནས། སྐད་ཡིག་གཞན་ལ་དཔྱད་ཞིབ་དང་ལེགས་ཆ་བསྡུས་ཏེ་རང་ཉིད་ཀྱི་སྐད་ཡིག་འཕེལརྒྱས་བཏང་ཐོག་དེ་འཐུས་ཚང་ཕན་ནུས་ལྡན་པ་ཞིག་དང་། དགོས་མཁོ་སྐོང་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི་དོན་དམ་དུ་བྱེད་ དགོས་ངེས་ཤིག་རེད། གལ་སྲིད་མིང་ཚིག་གིས་མི་འདང་བ་དེར་བལྟས་ཏེ་སྐད་ཡིག་དེ་ཉིད་ལ་དམའ་ འབེབས་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད། དེ་བཞིན་དུ་སྤྱོད་ཚུལ་འདི་རིགས་ནི་མི་རིགས་རང་ལ་བརྙས་བཅོས་མཐོང་ཆུང་བྱས་པ་ཞིག་ཀྱང་རེད། ད་དུང་མི་མི་ཉུང་བ་ཞིག་གིས་རང་ཉིད་བོད་ཡིག་ཆུ་ཚད་དམའ་དྲགས་པས་ཚིག་དོན་བརྡ་སྤྲོད་དང་གོ་བདེ་དོན་ཟབ་ཡོང་ད ཀའ་བ་བཅས་ཚང་མ་བོད་ཡིག་གི་ཞན་ཆར་བརྩི་ བ ཞིན་ཡོད། མི་འདི་ཚོས་ངོ་ཚ་ཤེས་ཀྱི་མི་འདུག་ཨང་། བོད་ལྗོངས་བཅིངས་གྲོལ་བཏང་རྗེས་དང་ལྷག་པར་དུ་ཕྱི་ལོ་ ༡༩༥༨ ལོར་ ནས་བཟུང་། ཏང་གི་ཐུགས་ཁུར་འོག རིག་གནས་སློབ་གསོ་འཕེལ ་ རྒྱས་ཧ་ཅང་ ཆེན་པོར་ཕྱིན་པ་དང་། ཡིག་རྨོངས་ཀྱི་ཞྭ་མོ་ཕུད་དེ། སྟབས་བདེའི་ཕྲིན་ཡིག་སོགས་འབྲི་ཀློག་ཐུབ་མཁན་སྔོན་ལས་ལྡབ་འཕར་གྱིས་མང་དུ་སོང་ཡོད་པ་དང་། བོད་ ཡིག་ཤེས་མཁན་ཆེས་ཆེར་འཕར་སྣོན་སོང་ཡོད་པར་མ་ཟད། མང་ཚོགས་ཀྱི་རིག་ གནས་འཚོ་བའི་ནང་དུའང་དོན་སྙིང་ལྡན་པའི་ནུས་པ་ཞིག་འདོན་གྱིན་ཡོད། འདི་ནི་ཚང་མས་དགའ་མོས་བྱེད་འོས་པའི་བཀྲ་ཤིས་པའི་བྱ་ བ་ཞིག་ཡིན་པ་ནི་སྨྲོས་མི་ དགོས་པ་ཞིག་རེད། འོན་ཀྱང་བོད་ཡིག་སློབ་ཁྲིད་བྱེད་ཐབས་འཐུས་ཚང་མེད་པས། བོད་ཡིག་ནང་གི་སྔར་ཡོད་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་དང་ ། གཅིག་གྱུར་གྱི་ རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་ཉམས་ཞན་དུ་ཕྱིན་ཏེ་ཚིག་ཉོག་ཆེས་ ཆེར་མང་དུ་སོང་བའི་རྐྱེན་གྱིས། བོད་ཡིག་གི་ཁྱད་འཕགས་རང་བཞིན་དེ་རིམ་ བཞིན་ཡལ་འགྲོ་གི་ཡོད། རྒྱུ་མཚན་ནི་བོད་རིགས་ཀྱི་ས་ཁུལ་ཁག་རྒྱ་ཁྱོན་ཧ་ཅང་ཆེ་བ་དང་། མི་འབོར་ཆེས་ཉུང་བའི་དམིགས་བསལ་ཁྱད་ཆོས་འོག་ཐུན་མོང་དུ་སྤྱོད་ པའི་ཁ་སྐད་ཅིག་མེད་པ་དང་ཡུལ་སྐད་བར་ཁྱད་པར་ཆེ་བས། ཕན་ཚུན་གོ་དཀའ་བ་ཞིག་ཡིན་མོད། ཚང་མ་ཐུན་མོང་དུ་སྤྱོད་པའི་ཡིག་ ཞིག་གིས་གཅིག་གྱུར་བྱས་ ཡོད། འདི་ནི་བོད་ཡིག་ལ་གཅིག་གྱུར་གྱི་དག་ཡིག་ཅིག་དང་། ཐུན་མོང་དུ་སྤྱོད་པ
འི་ཡིག་ སྐད་ཅིག་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང་། ཨ་མདོ། མངའ་རིས། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས་ བཅས་དང་། ཐ་ན་སོག་ཡུལ་སོགས་མི་རིགས་གཞན་དག་ཁྲོད་ཀྱི་བོད་ཡིག་ཤེས་ མཁན་གྱིས་ཀྱང་ནང་འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས། སོག་ཡུལ་སོགས་ས་ ཁུལ་ནས་བྲིས་པའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་ དོན་ཆ་ཚང་རྟོགས་ཐུབ། དེར་བརྟེན་བོད་ཡིག་ནི་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་ དང་། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཡིག་རིགས་ལེགས་པོ་ཞིག་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་རིང་བོད་ཡིག་ལ་རིགས་གནས་གསར་བརྗེ་དང་། ཡིག་རིགས་ཚང་མ་ཁ་སྐད་ཅན་དུ་བསྒྱུརབ་སྤེལ་བའི་འོག བོད་ཡིག་ཤེས་ཚད་ ཞན་ལ་ང་རྒྱལ་རི་ལྟར་མཐོ་ཞིང་། ངོ་དགའ་སྤྲེལ་ལད་ཁྲབ་མཁན་ཚོས་ང་ཚོའི་བོད་ཡིག་གི་བྱེད་པོ་ཐུ་མིས་གསར་བཏོད་མཛད་པའི་བོད་ཡིག་གི་ཕྱི་མོ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ། དེ་བཞིན་ལོ་རྒྱུས་ཐོག་མཁས་པ་ཚོས་བརྩམས་པའི་དག་ཡིག་ དང་། ཐུན་མོང་དུ་སྤྱོད་པའི་ཡིག་སྐད་རྣམས་ལ་བྱུང་རྒྱལ་དུ། དེ་དག་ནི་མི་འགྲིག་ པ་དང་། འཐུས་ཚང་མེད་ལུགས་བརྗོད་ནས་རང་སྣང་གང་ཤར་དང་རང་ཉིད་ མཁས་རློམས་ཀྱིས་བོད་ཡིག་ལ་བསྒྱུར་བཅོས་བཏང་ཏེ། གོ་བདེ་ལ་དོན་ཟབ་པའི་ བརྡ་སྤྲོད་ཀྱི་ནུས་པ་དེ་མེད་པར་སོང་ཡོད། དེར་མ་ཟད། ཀྲུང་དབྱང་དང་བོད་ ལྗོངས་ཀྱིས་ད་དུང་ལྷ ་ས་གྲོང་ཁྱེར་གྱི་ཡུལ་སྐད་དེ་བོད་ཀྱི་སྤྱི་སྐད་དུ་བརྩིས་ནས་ དག་ཡིག་དང་མི་མཐུན་པའི་ཁ་སྐད་རྣམས་རང་འདོད་ལྟར་ཡིག་ཐོག་ཏུ་བྲིས་ཡོད། དེ་བས་ཡིག་ཆ ་དེ་དག་ནི་ལྷ་སའི་ཡུལ་སྐ ད་ཤེས་མཁན་མ་གཏོགས་མི་གཞན་པས་ ནང་དོན་ཆ ་ཚང་ བ་ རྟོགས་མི་ཐུབ། དེ་མཚུངས་སུ་མཚོ་སྔོན་དང་། ཀན་སུའུ། སི་ ཁྲིན། ཡུན་ནན་སོགས་ས་ཁུལ་གྱི་བོད་ཡིག་དགེ་རྒན་དང་། དྲུང་ཡིག་ཚོས་རང་རང་སོ་སོའི་ཡུལ་སྐད་དེ་སྤྱི་སྐད་དུ་བརྩིས་ཏེ་ཡིག་ཐོག་དུ་བྲིས་པར་བརྟེན། ཡུལ་སྐད་དེ་རིགས་སྤྱོད་ཡུལ་ལས་གཞན་གྱི་མི་ཚོས་བརྗོད་དོན་ཐ་ཚང་ཞིག་རྟོགས་དཀའ། འདི་ལྟར་ བོད་ཡིག་གི་གཅིག་གྱུར་གྱི་རང་བཞིན་ཡང་བརླགས་པ་རེད། ལོ་ངོ་ཆིག་ སྟོང་ ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་འབུངས་ཀྱིས་གསར་བཏོད་དེ་ཤུལ་དུ་བཞགས་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་འགྱུར་གྱི་རང་བཞིན། གོ་ བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ་རྒྱུ་ མཚན་མེད་པར་ཞིག་རེད། གོང་གསལ་རྒྱུ་རྐྱེན ་སྣ ་ཚོགས་རྐྱེན་པས་དེ་སྔ་བོད་ཡིག་ལ་ལྡན་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ཁྱད་འཕགས་ཀྱི་ རང་བཞིན་རྣམས་ཉིན་རེ་བཞིན་ཇེ་ཞན་དུ་ཕྱིན་པ་དང་། ཡི་གེ་ཤེས་མཁན་ཚོའམ་ཚིག་དོན་རྒྱུས་ལོན་ཐད་ཡིག་རྨོངས་སུ་འགྱུར་བཞིན་ཡོད། འདི་ནི་བོད་རིགས་ཀྱི་ གྱོང་གུད་ཞིག་ཡིན་པ་མ་ཟད་མེས་རྒྱལ་རིག་གནས་ཀྱི་གྱོང་གུད་ཞིག་ཀྱང་རེད། ད་ལྟའི་བོད་ཡིག་གི་གནས་སྟངས་ནི། ཐོབ་འོས་པའི་ཆབ་སྲིད་ཀྱི་གོ་གནས་ཤིག་མེད་ པ་དང་། བོད་ཡིག་འཕེལ་རྒྱས་གཏོང་རྒྱུར་ཐབས་ ཤེས་འོས་འཚམ་མེད་པའི་ཉེར་ ལེན་ལས་བོད་རིགས་གཞོན་ནུ་མང་ཆེ་བས་བོད་ཡིག་རོབ་ཙམ་ཤེས་ཐབས་ བྱེད་པ་ལ་མཐར་ཕྱིན་པའི་སྒོ་ནས་སྦྱོང་འདོད་མེད་པ་དང་། འགོ་ཁྲིད་ཀྱིས་ཀྱང་དེའི་ཐད་དོ་སྣང་མི་བྱེད་པ་སོགས་ཀྱི་རྐྱེན་པས། བོད་ཡིག་གི་མདུན་ལམ་ཐོག་ཉེན་ཁ་ཞིག་ དང་། བོད་རིགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་རྒྱུར་ཆག་སྒོའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད་དོ །། ༼ ཞེས་གསུང་ཡོད། ཤེས་ཡོན་སྲིད་ཇུས་འདི་བོད་ཁྱིམ་སློབ་གྲྭ་ཁག་ལ་ཡང་བོད་ཁྱིམ་དབུ་འཛིན་རྣམས་པས་ད་བར་ལག་བསྟར་བྱེད་པའི་ངོས་ལན་ཞུས་མེད། དངོས་གནས་ཡ་མཚན་དངོས་བྱུང་རེད། གནད་དོན་འདི་དག་ལ་བོད་མི་ཡ
བྱེས་ངག་དབང་ལགས་ཀྱིས་བོད་ཀྱི་རིག་གནས་ལ་འགན་འཁུར་ནས་དྲངས་པའི་ ༧ པཎ་ཆེན་མཆོག་གི་བཀའ་སློབ་འདི་དག་ནི། དོན་སྙིང་ལྡན་ཞིང་གལ་འགངས་ཆེ་བའི་བཀའ་སློབ་རིན་ཐང་གཞལ་བྲལ་ཡིན་པ་སྨོས་ཅི་དགོས། དེས་ན་ང་ཚོ་སྤྱི་པའི་སྒྲིག་འཛུགས་ནས་བཟུང་མི་སྒེར་གྱི་བར་ཚང་མས་བོད་སྐད་ཡིག་དར་སྤེལ་གྱི་ལམ་སྟོན་དེ་དག་རྩ་འཛིན་ཐོག་ལག་བསྟར་བྱེད་དགོས་པ་ནི་དུས་ཀྱིས་བྱིན་པའི་ལས་འགན་གཡོལ་དུ་མེད་པ་ཞིག་ཡིན་པ་ཚོར་བ་རྣོན་པོས་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདུག་གོ།
་་་་་་ བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན། ཤེས་རིག་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཆོད་ཀྱི་འབྲུ་དོན་སོགས་ལས་བརྒལ་ནས་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་དུ་སློབ་ཚན་བོད་ཡིག་ᩲགིས་འཁྲིད་མཚམས་བཞག་སྟེ་དབྱིན་ཡིག་ཐོག་ནས་འཁྲིད་དགོས་པའི་བཀའ་རྒྱ་བཏང་བ་ནི་རང་གི་ཐོག་མའི་ཁས་ལེན་དང་། བོད་མིའི་མངོན་འདོད། གཞིས་བཞུགས་བོད་མི་མང་གི་བཀའ་ལུང་བརྩིས་མེད་བཏང་བ་ཙམ་མ་ཟད་༸གོང་ས་མཆོག་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་སོགས་ཀྱི་སློབ་སྟོན་དང་། ཡང་དག་པའི་དགོངས་དོན་ལའང་བརྩིས་མེད་བཏང་བ་ཞིག་རེད། ་་་་་་་་ཟེར།
་་་་་་་་ དེས་ན་ད་ལྟའི་ང་ཚོའི་གདམ་ག་ནི། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མོས་མཐུན་རྒྱབ་སྐྱོར་ཐོབ་ཅིང་། ཤེས་རིག་ཚོགས་ཆེན་སྔ་ཕྱི་དག་ཏུ་གཏན་འབེབས་དང་། བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་དབུ་འཁྲིད་གོང་མ་རྣམས་ཀྱིས་སྐུ་ངལ་བརྒྱ་ཕྲག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན། གཞིས་བཞུགས་རྒྱ་ཆེའི་མི་མང་གི་རེ་འདུན་སོགས་སྣང་མེད་དུ་བཞག་སྟེ་མུ་མཐུད་བོད་མི་ཕྱེད་ཀ་དག་བསྐྱེད་སྲིང་བཞིན་སྡོད་དམ། ཡང་ན་དེ་ལས་ལྡོག་སྟེ་བསམ་བློ་གཞན་ཞིག་བཏང་ནས་བཀའ་སློབ་ལམ་སྟོན་དང་། བཅའ་ཁྲིམས། བོད་མིའི་མངོན་འདོད། གྲོས་ཆོད་སྔ་ཕྱི་སོགས་ལ་གཞི་འཛིན་གྱིས་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་རྒྱུན་འཛིན་ལ་འབད་རྒྱུ་དེ་རེད། ་་་་་་་་་་
་་་་་་ ཚང་མ་ཐུན་མོང་དུ་སྤྱོད་པའི་ཡིག་ ཞིག་གིས་གཅིག་གྱུར་བྱས་ ཡོད། འདི་ནི་བོད་ཡིག་ལ་གཅིག་གྱུར་གྱི་དག་ཡིག་ཅིག་དང་། ཐུན་མོང་དུ་སྤྱོད་པའི་ཡིག་ སྐད་ཅིག་ཡོད་པའི་རྐྱེན་གྱིས་རེད། དཔེར་ན། བོད་ཡིག་གི་གསུང་རྩོམ་ཐམས་ཅད་ཁམས་དང་། ཨ་མདོ། མངའ་རིས། འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས་ བཅས་དང་།
ཐ་ན་སོག་ཡུལ་སོགས་མི་རིགས་གཞན་དག་ཁྲོད་ཀྱི་བོད་ཡིག་ཤེས་ མཁན་གྱིས་ཀྱང་ནང་འབྲས་ལྗོངས། ཤར་ཁུམ་བུ། ལ་དྭགས། སོག་ཡུལ་སོགས་ས་ ཁུལ་ནས་བྲིས་པའི་བོད་ཡིག་དེ་ས་ཁུལ་གཞན་གྱི་བོད་ཡིག་ཤེས་མཁན་ཚོས་ནང་ དོན་ཆ་ཚང་རྟོགས་ཐུབ། དེར་བརྟེན་བོད་ཡིག་ནི་དོན་མཚོན་བརྡ་སྤྲོད་ཀྱི་ནུས་པ་ དང་། གཅིག་གྱུར་གྱི་རང་བཞིན་ལྡན་པའི་ཡིག་རིགས་ལེགས་པོ་ཞིག་ཡིན། ་་་་་ཟེར།
བོད་སྐད་ཤོད་མཁན་གྲངས་མང་དུ་ཇི་ལྟར་གཏོང་ཐུབ་བམ། བོད་ཡིག་མཁྱེན་མཁན་མང་བ་ལ་ལས་ཀ་རག་ཐབས་གང་ཡོད་དམ། སུམ་རྟགས་བརྡ་སྤྲོད་དར་རྒྱས་དང་། ཀ་མད་སུམ་ཅུ་རྟག་ཏུ་རྒྱལ་འགྱུར་ཅིག
མཁྱེན་ཡངས་ཀ་རྡོ་ལགས་བྱོན་ལེགས།
་དེང་སང་མི་རྣམས་སྐད་ཆ་གསར་པར་དགའ་མོས་གནང་གིན་འདུག་པས་གསར་ཁང་ཚད་ལྡན་ནས་ཐོན་མ་ཐག སྤྱིའི་ཁོག་ཙམ་མཚོན་པར་བྱས་ཏེ་བོད་ཡིག་སྟངས་འགོད་པ་དང་བྱུང་ན་ཇི་བཞིན་འགོད་སྲོལ་ལྟར་བྱུང་ན་བོད་ཡིག་ལ་གཟིགས་བཟོས་ཡོང་བར་ཏན་ཏན་ཕན་ས་རེད།
འདི་དབྱིན་བོད་གཉིས་ཀ་མཁྱེན་པའི་མིས་བྱེད་ནུས་པ་ཅིག་རེད།
དྲི་བ་ཕྱི་མ་ནི་ཁག་ཙམ་བྱུང་བས་ནམ་ནམ་དུ་བསམ་བློ་ཏོག་ཙམ་བཏང་གི་ཡོད་མོད་སྟབས་བདེ་ཤོས་ཅིག་ཞུ་མ་ཐུབ་པས་ག་ལེར་ཞུ་ཆོག