——འོད།
སྤྱི་འཐུས་བསྟན་པ་ཡར་འཕེལ་གྱི་བྱེད་སྟངས་དེ་ནི་བཅའ་ཁྲིམས་ཀྱི་ཁེ་དབང་སྒེར་གཅོད་དང་ལོག་སྤྱོད་བྱས་པ་ཞིག་ཡིན། སྤྱི་འཐུས་སུ་ཡིན་ཡང་གྲོས་ཚོགས་ར་བ་ནས་སྐད་ཆ་བཤད་དུས་རང་ཉིད་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་ཡོད། དེར་བསྟེན་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བསམ་བཞིན་དུ་གྲོས་ཚོགས་སྟེང་ཚོགས་གཙོ་ལ་གཞི་མེད་བསྙོན་འཛུགས་བྱས་ཞིང་། རང་ཉིད་བཅའ་ཁྲིམས་ཀྱི་འགེབ་སྲུང་འོག་སྡོད་ཐབས་བྱས། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་༼དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་།༽ དུ་སྤྱི་འཐུས་ལྷན་ཚོགས་སུ་འཐུས་མི་གང་རུང་གིས་བཤད་པའི་སྐད་ཆ་དེ་འགྲིག་མིན་གྱི་ཁྲིམས་གཏུགས་བྱེད་མི་ཆོག་པ་རེད།
སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཁོ་རང་གི་སྐད་ཆ་སྤྱི་འཐུས་གྲོགས་ཚོགས་སུ་བཤད་ན་ཁྲིམས་གཏུགས་བྱེད་མི་ཆོག་པ་ཤེས་ནས། སྤྱི་དོན་གྱི་འགན་འཁྲི་གང་ཡང་མེད་པའི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་ལ་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་ཉེས་མེད་གླེང་ཕྱོགས་བཟོས་པ་རེད། བསྟན་པ་ཡར་འཕེལ་གྱི་བྱ་སྤྱོད་འདི་ནི་བཅའ་ཁྲིམས་ཀྱི་དགོངས་དོན་སྒེར་གཅོད་དང་ལོག་སྤྱོད། དེ་བཞིན་སྤྱི་འཐུས་ཀྱི་ཐོབ་ཐང་སྒེར་གཅོད་དང་ལོག་སྤྱོད་བྱས་པ་ཞིག་རེད། འདི་ལྟ་བུའི་ངན་པ་ཁོག་བཅུག་གིས་ཟིང་ཆ་སློང་མཁན་ཚོར་ང་ཚོ་མི་མང་གི་ངོས་ནས་ནམ་ཡང་ངོ་རྒོལ་ཡོད་ལ། མི་མང་གི་འཐུས་ཚབ་ངོ་མ་ཞིག་ལ་ངོས་འཛིན་ཡང་བྱེད་ཐབས་མེད།
༢༠༡༥/༠༣/༢༠ ཉིན།
མི་འདི་ཚོ་ཞེད་ཀྱི་མི་འདུག མི་གསོད་དོགས་གཞི་ཞིག་ལ་སུ་ཞིག་གིས་མ་རེད་ཅེས་ཁ་ཚོན་གཅོད་ཐུབ་བམ། འདི་ནི་ཁྲིམས་ཐོག་ནས་གསལ་ཁ་བཟོ་དགོས་པ་ཞིག་རེད། འུར་མ་རྒྱག་རོགས།
དྲྭ་གྲོགས་འགས་གསུངས་པ་ལྟར། སྤྱི་འཐུས་སེར་མོ་བ་དང་། གསར་འབྱོར་བ་ཚོས་མང་གཙོ་ཡང་དག་ཡིན་བསམ་ནས། མགོ་ཚོས་ལ་མ་ཚོས་འུར་རྒྱབ་ནས་བཤད་རྒྱུ་དགའ་བོ་ཡོད་རེད། ཁུངས་ལྡན་དང་ཁྲིམས་མཐུན་གྱི་ངང་ནས་གཏམ་བཤད་གནང་དགོས། དེ་མིན་ན་སོ་སོ་ཁྲིམས་ལ་ཐུགས་ཡོང་། ཁྲིམས་ལ་ཐུགས་དུས་དཔང་རོགས་ཀྱི་ཕན་མི་ཡོང་། མ་གཞི་ནས་སེར་མོ་བའི་སྤྱི་འཐུས་མེད་ན་དགའ་ས་རེད། འདི་ཚོ་སྤྱི་འཐུས་མི་སྐྱ་ལས་ང་རྒྱལ་ཆེ་བ། རང་ཤེད་ཆེ་བ། ཧམ་པ་ཆེ་བ། དཔུང་ཤུགས་ངོམ་པ་སོགས། མདོར་ན་སངས་རྒྱས་ཀྱི་གསུངས། བཅོམ་ལྡན་འདས་ཀྱི་དགེ་སློང་ནི་ཞི་ཞིང་དུལ་བ། དོན་ཉུང་བ། བྱ་བ་ཉུང་བ་སོགས་ལས་རྒྱབ་འགལ་རེད་འདུག
སྤེན་ཚེ་རྒྱབ་རོགས་པ་ནི་དཀར་ནག་གི་དབྱེ་བ་གང་ཡང་མི་ཤེས་པའི་བཙན་བྱོལ་གྱི་གྲྭ་བ་དང་གྲྭ་ལོག་ཁ་ཤས་རེད། དེ་མིན་ཁོ་ལ་མི་བརྩི་མཁན་སུ་གང་མེད།
བསོད་ནམས་་་་རྒྱབ་ལོག་ན་སུ་ཡོད་མེད་གཙོ་བོ་མ་རེད་་་་དུས་ཚོད་དེ་རྫོགས་ཚར་རེད་འོན་ཀྱང་ད་རུང་ནུས་ཤུགས་དེའི་རྐྱེན་པས་རེ་ཟུང་རོ་ལོངས་རྒྱག་བཞིན་འདུག་ཁྱོད་ཀྱང་གཅིག་ཡིན་པ་འདྲ།
མི་དྲག་སྐུ་ངོ་འཇུ་ཆེན་གྱི་ལེགས་སྐྱེས་རེད་ཟེར་བཞིན་འདུག་ངོ་མ་བྱས་རྗེས་རླབ་ཆེན་རེད།
དོག་མེད་དོག་སློང་ཟེར་བ་འདི་རེད། མི་བསད་པ་རེད་ཟེར་བའི་གནས་ཚུལ་འདི་སྔར་ནས་བྱུང་ཟིན་ཞིང་ཐོག་ཆོད་ཟིན་པ་རེད། རྟ་རྒྱུག་ཟིན་ཐལ་འཚུབ་ཡལ་ཟིན་པའི་གནས་ཚུལ་ཞིག་རྙོག་མ་བསྐྱར་སློངས་བྱེད་དོན་ཅི་རེད། འདི་ནི་འཇུ་ཆེན་གྱི་དེབ་ངན་དེ་ཚོའི་ངན་འབྲས་ཡིན་པ་འདྲ།
ལོང་རྟོག་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཚིག་ཐག་ཆོད་པའི་ཐོག་ནས་སྤྱི་རྒྱུ་སྒེར་བདག་དང་། ལྐོག་ཟ་རུལ་སུབ། མི་བསད་ཁྲག་སྦྱོར་ཅན་གྱི་མི་བུ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ནང་དུ་བྱུང་བ་དང་། བོད་ཀྱི་གྲོས་ཚོགས་འདི་རུལ་འགྲོ་བཞིན་ཡོད་པ་སོགས་གྲོས་ཚོགས་ར་བའི་རྒྱུད་ནས་མི་དམངས་ལ་གསལ་པོ་གསུངས་ཟིན་པ་རེད། སྐྱོན་འཛུགས་མཁན་དང་སྐྱོན་འཛུགས་བྱེད་ས་གཉིས་ཆ་གསོན་པོ་གནས་ཡོད་པས་དེ་དག་རེ་རེའི་བཞིན་ལ་དགག་ལན་ཡོད་ན་དུས་ལ་བབ་འདུག། མི་དང་མི་བར་ཐུབ་ནས་རྒྱུད་ལམ་ག་འདྲ་ཞིག་གིས་འོག་ནས་དག་སེལ་བྱེད་ཐུབ་མཁན་ཡོད་ན་ཕྱི་མེད་ནའང་སྔ་མི་འདུག། ངོ་གདོང་མེད་པའི་དྲ་འབུ་ཙམ་ཞིག་གིས་ག་ཚོད་བཤད་ཀྱང་ཉེས་སྐྱེན་དེར་དག་སེལ་མི་ཐུབ་པ་མ་ཟད། རྐུ་རྒྱབ་ཇག་ལང་དུ་འགྲོ་བའི་གཞི་རྩ་ཡང་རེད།
ཧོ་ཧོ་ཡ།སོ་སོ་ངོ་གདོང་མེད་པའི་དྲ་འབུ་བྱས་ཏེ་གཞན་ལ་ངོ་གདོང་མེད་པའི་དྲ་འབུ་ན་ཅིག།གཞན་ངོ་ན་ཤིག་འགྲོ་བཞིན་པ་མཐོང་།།རང་ངོ་ན་གཡག་འགྲོ་བཞིན་པ་མི་མཐོང་།།
དེ་ག་རང་རེད་ད། ཁྱེད་ང་རང་གཉིས་ཀ་ངོ་གདོང་མེད་པའི་དྲ་འབུ་ཡིན་པས་ག་རེ་བཤད་ཀྱང་སྟོང་པ་རེད། གྲོས་ཚོགས་ནང་ལ་ཁྲིམས་ལུགས་ཀྱི་འགན་ཁུར་མི་དགོས་པས་ག་རེ་བཤད་བཤད་རེད། བསྟན་པ་ཡར་འཕེལ་ལ་ཁུང་སྐྱེལ་རྒྱུ་ཡོད་ན་ཁྲིམས་ཁང་ལ་འགྲོ་ནས་བཤད་དགོས་པ་རེད་ལ། གསར་འགྱུར་རྒྱུད་ལམ་ཁག་ལ་བསྒྲགས་དགོས་པ་རེད། དེ་ནས་བུ་ཨེ་རེད་ལྟ་ཆོག
སྤྱིར་ན་སྤྱི་མཐུས་གྲོས་ཚོགས་ནི་བོད་མི་རིགས་ཀྱི་ཆབ་སྲིད་འགྱུར་ཕྱོགས་དང་བོད་མའི་བདེ་སྡུག་གང་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་སའི་ར་བ་ཞིག་ཡིན་པ་ལས་བསྟན་པ་ཡར་འཕེལ་ནང་བཞིན་སྒེར་ངོས་ཀྱི་འཁོན་འཛིང་གྲོས་ཚོགས་སུ་དྲུད་ཡོང་ནས་སྤྱི་ཚོགས་གཏོར་བཤིག་གཏོང་ས་རང་མ་རེད། དེ་བས་ཁོས་བཅའ་ཁྲིམས་སྒེར་གཅོད་དང་ལོག་སྤྱོད་ཟེར་བ་ཏག་ཏག་རང་རེད་འདུག མ་ཟད། ཚོགས་གཙོ་ལགས་ལ་དེ་འདྲའི་ནག་ཉེས་ཡོད་སྲིད་ན་བསྟན་པ་ཡར་འཕེལ་ནས་ཁྲིམས་ཁང་སོགས་ལ་མི་གཏུགས་དོན་ཅི་ཡིན། གྲོས་ཚོགས་ར་བའི་ཕྱི་ལོགས་སུ་ཁོས་ཁ་འབྱར་བསྡད་ཡོད་པ་ག་རེ་རེད། དོན་དངོས་ཐོག་ཁོ་ལ་དེ་འདྲའི་བདེན་དབང་དང་རང་གི་སྐད་ཆར་འགན་འཁུར་ཐུབ་ཀྱི་ཡོད་ཚེ་ཆེས་མཐོའི་ཁྲིམས་ཁང་ནས་ཐག་གཅོད་བྱེད་ཀི་རེད། ཡིན་རུང་བསྟན་པ་ཡར་འཕེལ་གྱིས་རང་ཉིད་ཀྱི་རྐུབ་བརྡོལ་བར་ཞེད་ནས་སྤྱི་མཐུས་གྲོས་ཚོགས་སུ་བཅའ་ཁྲིམས་སྒེར་གཅོད་སྒོས་འགན་འཁུར་མི་ཐུབ་པའི་སྐད་ཆ་དེ་དག་བཤད་པ་རེད། གང་ལྟར་རེ་བ་ཡིན་ན་ཁོར་བདེན་པ་ར་སྤྲོད་ཡོད་ཚེ་གྲོས་ཚོགས་ཕྱི་ལོགས་སུ་སྐད་ཆ་དེ་དག་བདེན་དབང་བྱེད་པར་སྨོན། མི་ནུས་ན་རང་ཁ་རང་གིས་བདག་པོ་བརྒྱབ་ན་ཡག་གི་ཟེར་བ་དེ་ཡིན།