གཞོན་ནུ་ཟླ་མེད།
དེ་རིང་བཅུ་བའི་ཉེར་ལྔ།།
མདུན་ལ་མཆོད་མེ་སྦར་ནས།།
གྲྭ་ས་རྒྱ་མཚོའི་ནང་ན།།
ཡོད་པའི་མོས་པ་བྱེད་ཀྱི།།
ལག་ལ་སྤོས་རྐང་སྦར་ནས།།
དྲི་བསུང་ལྷ་ལ་ཕུལ་བཞིན།།
དགའ་ལྡན་ཡིད་དགའ་ཆོས་འཛིན།།
མདུན་ལ་མཇའ་ཚོན་ཤར་འདྲ།།
རྗེ་བཙུན་བློ་བཟང་གྲགས་པ།།
དགྱེས་འཛུམ་དགའ་བའི་འཛུམ་ཞལ།།
བདག་གི་མིག་ཟུང་བཙུམས་ཡང་།།
མདུན་ལ་ལམ་གྱིས་ཤར་གི།
ཟིང་ཟིང་ཨ་རིའི་གྲོང་ན།།
ཁྱོད་ཀྱི་འཕྲིན་ལས་དཀར་པོ།།
གདུལ་བྱའི་སྙིང་ལ་སིམ་སིམ།།
གསོལ་འདེབས་དབྱངས་སྙན་གྱེར་གི།
སྙིང་རྗེའི་སྤྲིན་ཕུང་ཀློང་ནས།།
བྱིན་རླབས་བདུད་རྩིའི་གྲུ་ཆར།།
དད་པའི་གསོས་སུ་དྲང་ནས།།
ཕྱི་མའི་ལམ་སྣ་འདྲེན་རོགས།།
རེ་བ་འདུག་གམ། འདི་འདྲའི་མི་རིགས་ཤིག་ལ།
ཕུགས་ན་སྲོལ་རྒྱུན་ཐག་ནག་སྲ་མོ་ཞིག།
གཞུག་ན་སྒྱིད་ལུག་ངན་པའི་གོམས་གཤིས་ཤིག།
བར་ན་ཕྲག་དོག་ཁྲག་གི་གླེན་རྟགས་ཤིག།
མི་རིགས་འདི་ཉིད་བསམ་ན་སེམས་པ་སྐྱོ།།
མགོ་ནས་བླངས་རྩིས་བྱས་ན་སྡུག་དམོད་བྱེད།།
གཞུག་ནས་འགྲོ་ལུགས་སྒྲུབ་ན་མཐོང་ཆུང་བྱེད།།
བར་མ་བར་ནས་ལུས་ན་གཉོས་བཅོས་མྱོང་།།
མི་རིགས་འདི་སོ་མཐོང་དུས་སྙིང་ཁ་གཟེར།།
༧བླ་མའི་བཀའ་གསུང་རྣ་ཡི་རྒྱབ་དུ་སྒྱུར།།
ཕ་མའི་དྲིན་ལན་གྱང་ཁའི་རྩ་བཞིན་དོར།།
སྤུན་ཉེ་འབྲེལ་ཐག་སྒོར་གྱི་བམ་ཁས་བསླུས།།
མི་རིགས་འདི་འདྲ་ད་ནི་རེ་བ་དཀའ།།
ཆོས་དང་ཆོལ་ཁའི་བར་གྱི་སྣང་བ་མཐོ།།
ལུང་དང་ཕྱོགས་པའི་་ན་ཟུག་ཉིན་རེར་རྒྱས།།
ནང་གི་དུག་ཚེར་འདི་ཉིད་མ་བཅད་ན།།
གངས་ཅན་བོད་ལ་རེ་བ་ཡོད་རེ་དཀན།།
གོང་གི་རྩོམ་ཡིག་དང་འབྲེལ་བ་མེད། དྲ་ཐོག་དུ་འགོད་འོས་པ་ཞིག་ཡིན་ན་འགོད་རོགས་ཞུ། གཏན་ནས་ཡག་པོ་མེད་པ་འདྲ་གཟིགས་ན་གད་སྙིགས་ནང་དུ་འཕྱོ་རོགས། དེ་མིན་ན་མཐུད་ནས་འབྲི་རོགས་ཞུ། སྤུན་ཟླ་ཚོ། དཔྱད་པ་ཡོད་པའི་སྒོ་ནས་མཐུད་རོགས་ཞུ།
བོད། ལྷ་ཀླུ་གཉན་གསུམ་ལ།
ཡང་རང་མི་རིགས་ལ་གཤེ་མཁན་གྱི་དཔའ་བོ་ཡ་མེད་འདིར་སླེབས་སོང་ང་། ཧ་ཧ་ཧ་ཧ། ཀྱིས་མི་རིགས་ཤིག་ལ་སྡིགས་ཆོག་ན། ངས་ཁྱོད་ལ་ཅིས་སྡིགས་མི་ཆོག
རང་ལ་རིགས་ཞེན་རེ་ཡོད་ན།།
རང་གི་མི་རིགས་འདིར་མ་སྡིགས།།
མི་རིགས་ལས་དོན་ཞིག་སྒྲུབས་ཏེ།།
རིགས་ལ་ཞབས་ཞུ་རེ་སྒྲུབ་དང་།།
རང་དོན་མིག་འབྲས་བཞིན་སྲུང་ནས།།
གཞན་དོན་ཁབ་རྩེ་དེ་གླེང་ན།།
རང་སེམས་དགའ་ཀྲོག་ཀྲོག་ཡིན་ཀྱང་།།
དོན་དངོས་རང་ཕོང་གི་རྒྱུ་ཡིན།།
གཞན་ལ་གཤེ་བ་ཡི་ཚིག་དེ།།
རང་སེམས་གོར་མོ་ལ་ཞོགས་དང་།།
གཞན་ལས་རང་ཉིན་ལས་འཛའ་བ།།
ག་ཤད་རྙེད་པ་རང་མིན་ནོ།།
འཛམ་གླིང་གི་ཡང་རྩེ། འཇིག་རྟེན་གྱི་ཏོག བོད་གངས་ཅན།
མདུན་ན་སྲོལ་རྒྱུན་རིག་ལྔའི་ལམ་ཆེན་ཞིག །
གཞུག་ན་རྡོ་རྗེ་བྲག་གི་སྙིང་རུས་ཤིག །
དཀྱིལ་ན་མར་དང་འོ་མའི་གཤིས་རྒྱུ་ཞིག །
མི་རིགས་འདི་ཉིད་བསམས་ན་དགའ་ལྷང་ལྷང་། །
མགོ་ན་ལྷུན་པོ་ལྟ་བུའི་དབུ་ཁྲིད་བཞུགས། །
གཞུག་ན་སྒྱུ་སྐར་ལྟ་བུའི་དཔུང་ཚོགས་འཁྱིལ། །
དཀྱིལ་ན་སྒྲོན་མེ་ལྟ་བུའི་འོད་སྣང་འབར། །
མི་རིགས་འདི་འདྲ་མཐོང་ན་སྤོབས་པ་རྒྱས། །
བླ་མའི་བཀའ་གསུང་སྤྱི་བོའི་གཙུག་ཏུ་བཀུར། །
ཕ་མའི་དྲིན་ལན་མ་ཤི་བར་དུ་བསམས། །
གྲོགས་ཀྱི་འབྲེལ་ལམ་ཕྱི་ཐག་རིང་དུ་བསྲིང་། །
མི་རིགས་འདི་ཡི་གཤིས་ལ་ཡིད་སྨོན་འཆོར། །
ཆོས་ཀྱི་ཟབ་ཚད་རྒྱ་མཚོའི་གཏིང་ལ་ཐུག །
ཆོལ་ཁའི་རྒྱ་ཁྱོན་དཀར་ནག་རྒྱ་ཡི་མཚམས། །
དཀྱིལ་དུ་གནས་བཅས་གངས་ཅན་པ་ཡི་སྟོབས། །
སྟོན་ཀའི་ཟླ་བའི་ཡར་ངོའི་དཔལ་ལ་འགྲན། །
དད་པ་ཅན་གྱིས་མཆོད་འབུལ་བྱེད་པ་དང་།།
ལོག་པར་ལྟ་བས་ལུས་ཤ་གཅོད་པ་སྟེ།།
གཉིས་ཀ་བྱང་ཆུབ་ལམ་གྱི་རྒྱུར་འགྱུར་བ།།
སྟོན་པ་མཆོག་གི་ཆོས་ཀྱི་ཁྱད་ཆོས་ཡིན།།
དགག་པའི་ཕྱོགས་ནས་སྐྱོན་བརྗོད་བྱེད་པ་དང་།།
མཐུན་པའི་ཕྱོགས་ནས་སྒྲུབ་པ་བྱེད་པ་སྟེ།།
གཉིས་ཀ་མཐར་ཐུག་རྒྱལ་ས་ཟིན་པ་ནི།།
ཟབ་མོ་རྟེན་ཅིང་འབྲེལ་བའི་ཁྱད་ཆོས་ཡིན།།
མཆོག་གསུམ་དད་པས་གཙུག་ཏུ་བཀུར་བ་དང་།།
དོལ་རྒྱལ་འདི་ཕྱིའི་སྐབས་སུ་བཟུང་བ་གཉིས།།
ཁྱད་མེད་ཅི་ཡང་མེད་དུ་སྐྱེ་བ་འདི།།
དགེ་ལུགས་གྲུབ་མཐའ་བཟང་པོའི་ཁྱད་ཆོས་ཡིན།།
ད་མཚམས་འདི་ནས་འཇོག་རོགས་བྱོས། ཡང་སོག་ལེ་འཁྱེར་ནི་ཞིག་ཐོན་ཐལ།
སྐྱོན་ཡོད་ནི་མ་རེད་ཡ། འདི་ཚོས་སོག་ལེ་ལ་རྣོ་གཅིག་ལ་ཡོད་ནི་མ་རེད། མི་ལ་གླེང་འགེལ་བ་མ་གཏོགས་འདི་ཚོས་ཅི་ཡང་ཤེས་གི་མ་རེད་ལ་ཅི་ཡང་འཇོན་གི་མ་རེད་ཡ
དུས་གསུམ་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་གར།།
འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས་བཟུང་ནས།།
ཡངས་པའི་རྒྱལ་ཁམས་དཀར་འཇམ་ཡུག་གཅིག་ཏུ།།
མཛད་པའི་ཟླ་བའི་མཆེད་པོ་རྗེས་སུ་དྲན།།
ཕྱི་རུ་དངོས་པོའི་འབྱོར་བ་ཆེས་ཡང་མོད།།
ཁོང་དུ་སྐྱིད་པའི་འཚོར་བ་ལྕིད་ཆེ་ཞིང་།།
ནང་དུ་དེང་དུས་ཤེས་ཡོན་དབུལ་ན་ཡང་།།
བདེ་སྐྱིད་རྩ་བའི་ནོར་ཅན་སྙིང་ནས་དམར།།
བཅོས་མིའི་རྣམ་འགྱུར་ཡར་ཐོན་ཅན་མིན་ཡང་།།
སྲོལ་བཟང་བཤིས་ཀྱི་དྲོད་ཀྱི་སྤོབས་པ་ཅན།།
སྡོད་སའི་གནས་ཀྱང་གཞན་དབང་ཅན་གྱུར་ཡང་།།
ཚིམ་པའི་བློ་ལྡན་རིགས་འདི་ངོ་མཚར་ཆེ།།
ཨ་རོ་གངས་ཅན་པ། དཀའ་སྡུག་ཅན་གྱི་ཤ་དང་ཁྲག་གཅིག་པའི་བོད་རིགས་གི་སྤུན་ཟླ་ཕོ་མོ་ཚོ།
ཐོགས་མར་འདིའི་དྲྭ་རྒྱའི་རྩོམས་སྒྲིགས་པ་རྣམས་པ་དང་། འདིར་མིང་རྟགས་བཀོད་མཁན་གྱིས་སྤུན་ཟླ་ཡོངས་ལ་གུས་པས་སྙིང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། གཉིས་པ། ལྷན་རྒྱས་རྩོམ་པ་པོ་དག་དང་། གློགས་པ་པོ་དག་ལ་སྙིང་ནས་དགོངས་དག་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་གུས་པ་བོད་མི་ཞིག་ཡིན་ཡང་། བོད་ཡིག་ཡག་པོ་ཤེས་ཀྱིས་མེད། འོན་ཀྱང་མ་བསྐུལ་དངས་བླངས་ཀྱིས་གུས་པའི་འདིར་ཚིགས་སྐྱོན་ཡིག་སྐྱོན་གཉིས་ལྡན་ཐོགས་ནས་ཁྱེད་ཅག་རྣམས་ལ་རང་གི་སྙིང་གཏམས་ཞིག་གླེངས་འདོད་བྱུང་།
དྲྭ་ཚིགས་འདི་གློགས་དུས་རྩོམ་ཡིག་མང་པོ་ཞིག་ནི་ཕན་ཚུན་སྐྱོན་བརྗོད་དང་། དམའ་འབེབས་སོགས་མང་དག་ཅིག་འདུག་མོད། འོན་ཀྱང་དེ་སྐྱོན་ཅིག་ལ་དངོས་འཛིན་བྱེད་རྒྱུ་མིན། རྒྱུ་མཚན་ནི་དེང་གི་ཆར་འཇིགས་རྟེན་འདིའི་ཐོགས་གནས་པའི་གངས་ཟག་ཡོད་དོ་ཅོག་གི་རང་རང་སོ་སོའི་སྐད་ཡིག་ཐོགས་ང་ཚོའི་ཁ་བརྡ་ལྟ་བུའི་དྲྭ་ཚིགས་མང་དག་ཅིག་འདུག དེ་དག་གིས་རྩོམ་ཡིག་གི་བརྗོད་གཞི་དང་་ང་ཚོའི་ཁ་བརྡའི་རྩོམ་པ་པོ་དག་གི་རྩོམ་ཡིག་གི་བརྗོད་གཞི་མང་དག་ཞིག་འདྲ་བོ་འདུག་མོད།
འོན་ཀྱང་ཡོད་ཚད་ཀྱི་ཡོད་ཚད་ཐམས་ཅད་སྐྱོན་བརྗོད་དང་དམའ་འབེབས་རྐྱང་བྱས་ན། དེ་ལ་ཡང་རྒྱུ་མཚན་ཡོད་པ་མ་རེད། དུས་ཅིག་ལ་གངས་ཟག་དེའི་རིགས་ཀྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པ་སྐྱོན་བརྗོད་རྐྱང་རྐྱང་བྱས་ན། མཐར་ཉལ་ཐ་འཐུང་མཁན་དང་འདྲ་བོ་འགྱུར་སྲིད་པ་རེད་ལ། སྐབས་དེར་མི་ཚེའི་ནང་དཀའ་ལས་མང་དག་ཅིག་རྒྱབ་པ་དེ་ཡང་ཧ་ལམ་བེད་མེད་ལྟ་བུར་འགྱུར་སྲིད་པ་རེད།
དེ་ལས་བོད་མི་རིགས་འདི་སྔོན་ཐོན་མི་རིགས་གྲལ་དུ་ཚུད་ཐབས་ལ་ཤེས་ཡོན་ཅན་ཚོའི་ལམ་སྟོན་བྱས་ན་རང་ཕན་གཞན་ཕན་ཡིན་པ་བརྗོད་མི་དགོས།
མཐར་་་་་་་་་་་་་་་་་་་་འཇིགས་རྟེན་གྱི་འཁོར་བ་འདིའི་ནང་རྙོགས་འཛངས་གི་མ་འདངས་པའི་དཀའ་ངལ་གང་དུའང་ཡོད་པ་མ་རེད། དཀའ་ངལ་དང་རྙོགས་འཛངས་གི་སའི་གོ་ལ་གཡོགས་ཀྱང་ད་དུང་ཤོང་གི་མེད། དེས་ན་ང་ཚོའི་དཀའ་ངལ་དང་རྙོགས་འཛངས་གི་ཞལ་འདེབས་འབུལ་དགོས་དོན་མེད། དེ་ལས་དཀའ་ངལ་དང་རྙོགས་འཛངས་འདི་ལས་ཐར་ཐབས་ལ་འབད་ནས། བདེ་སྐྱིད་ཀྱི་ཉི་མ་གསར་བ་ཞིག་གོ་ལ་ཧྲིལ་བོ་འདིའི་ཐོགས་འཆར་ཐུབས་པའི་རེ་བ་བྱེད་དགོས།།
ཐུགས་རྗེ་ཆེ།། ཀླུ་སྒྲུབ་ནས།
ཀླུ་སྒྲུབ་ཀྱིས་བསམ་འཆར་གསུངས་པ་ཐུགས་རྗེ་ཆེ། འདིའི་ནང་ན་མང་ཆེ་བའི་ཁ་ལ་སོག་ལེ་ཁས་ཁས་པ་འདྲ་བོ་ཅིག་རེད། འོན་ཀྱང་ལོབ་སོང་ན་འདི་འདྲ་མ་གཏོགས་རྩོམ་ཡིག་གཞན་དག་ཇམ་ཇམ་འདྲ་བོ་ཅིག། དྲོ་བ་མེད་པ་འདྲ་་བོ་ཅིག་དེ་འདྲ་ཡོད་པ་རེད། ད་དུང་ཡང་ཡང་ཕེབས་དང་ཀླུ་སྒྲུབ་ལགས།།
ཁ་བརྡ་འདི་བ་ཚང་མགོ་བདག་པོ་ནས་བཟུང་སྟེ། མཇུག་ཇ་མ་བར་དུ་ཚང་མ་གྲྭ་སའི་ཐབ་རེད་འབའ་རྡོར་ལ་རྒྱུགས་མྱོང་མཁན་རྐྱང་རྐྱང་ཡིན་པས། ཧྲོ་ལན་སའི་ཀོང་ཧྥོ་རྒྱག་ཤེས་ནི་རེད།