~སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་
རྫ་ཚེ་རིང་བཀྲ་ཤིས།
བཅོམ་ལྡན་འདས་གར་གྱི་དབང་ཕྱུག་
སྟོང་ཆེན་བདེ་ཀློང་འཁྱིལ་བ་དབྱི
དབྱངས་ཅན་སྒྱུ་མའི་གར་བསྒྱུར་ཡེ
བདག་མགྲིན་གསེར་གྱི་པདྨོར་ལྷོད་
ས་གསུམ་ངག་གི་རྒྱུད་མངས་གཡང་དུ་
ལྷུན་གྲུབ་བདེ་བའི་རྡོ་རྗེ་པདྨ་
མཚོ་གླིང་འོ་མའི་རྒྱ་མཚོར་ཐོལ་
མ་ཚོགས་ཌཱ་ཀིདཀྲིགས་པའི་ཧཱུྃ་གླ
བརྟུལ་ཞུགས་ཉམས་བརྒྱ་འབར་བའི་རྩ
ཚངས་པ་ལྷ་ཡི་མེ་ཏོག་གངས་ལ་བཞད་
ལོ་པཎ་ཕྱོགས་ཀྱི་བུང་བ་སྤྲིན་དུ
ལུགས་གསུམ་ལྷུན་གྱིས་གྲུབ་པའི་
རྩེ་རྒྱལ་ཐེག་པའི་འཁོར་ལོ་གཏན་
རུ་བཞི་ས་ཡི་འཛིན་མ་ནོར་གྱི་སྙི
རོང་ཀློང་ཉི་ཟླའི་རྣ་ཆ་འོད་དུ་
ཉང་གུར་དྲུག་དཀར་གཡུ་ཡི་ཕྲ་ཚོ
ངེས་གསང་བསྟན་པ་རྒྱལ་པོའི་སྙན་
བཤད་ན་ཚར་དུ་མེད་པ་གནའ་བོའི་
བསམ་ན་ཡིད་སེམས་འཁྱོམས་པ་སྒྱུ་
དུས་ཀྱི་བྱེ་རླུང་འཚུབ་མས་ཁད་ཀྱ
དྲན་སྣང་ཡོལ་བའི་ངོས་ནས་ཡལ་ལ་ཉེ
ངོ་མཚར་ཚོན་མདངས་བཀྲ་བའི་དེ་བྱུ
སྙིགས་ལྔའི་མུན་པ་མཐུག་པོས་བགས་
ལྟར་སྣང་ཟློས་པའི་གར་གྱི་སྟངས་
དོན་བརྒྱུད་སྙིང་པོའི་མཛེས་པ་
གངས་རིའི་དབུ་རྨོག་མཛེས་པ་ཉི་ཟླ
བརྩེ་བྲལ་དུས་ཀྱི་མདའ་མོས་ལིང་
བསིལ་ལྡན་ཁ་བ་རི་པའི་ཉམ་ཆུང་རྗེ
བཤུལ་རིང་ལ་མོའི་རྒྱབ་ཏུ་བཙན་གྱ
ཚ་བ་མེ་རུ་འབར་བ་ལྷོ་མཐའི་ནགས་
འཇིགས་རུང་གཅན་གཟན་རྒྱུ་བ་ལས་ཀྱ
རྒྱུས་མེད་རི་ཆུ་སྟོང་གི་ཕ་མཐར་
རྒྱ་མཚོའི་རླབས་དང་སྡེབ་པའི་འབྲ
མཐོང་སྣང་ཁབ་ཀྱི་བུ་གའི་ཕྲ་སྦོ
ཡོད་ཚད་བཙན་གྱིས་བཙིར་བའི་ཨུ་ཚུ
རང་དབང་དབུགས་ཀྱི་འབྱིན་རྔུབ་
འཆི་ལམ་ལག་ཏུ་འཇོག་པའི་ཁོར་ཡུག་
རང་བྱུང་མ་ཧཱ་གུ་རུའི་བསྟན་པའི་
ཁ་བའི་མེ་ཏོག་འབབ་པའི་ཞིང་ལ་སྨི
གདུག་ཅན་སད་ཀྱིས་བཅོམ་པའི་གདུང་
རྒྱང་རིང་ཞབས་ཀྱིས་བཅག་པའི་པདྨ་
ཕྱི་ཡི་མཐུན་རྐྱེན་ཕོངས་པའི་ས་
བསྟན་པའི་གཞི་མ་འཛུགས་པའི་སྙིང་
འཁོར་གསུམ་ཡོངས་སུ་དག་པའི་རྣམ་
ཕུལ་བྱུང་དཀའ་བ་སྤྱད་པའི་ལོ་རྒྱ
ཟླ་བྲལ་སྤོབས་པའི་ཤེ་མོང་དར་ལ་
ཞུམ་དང་ལེ་ལོའི་འཆིང་རྒྱ་ཧྲིལ་
ས་གསུམ་བླ་ན་འབར་བ་གྲགས་པའི་རྒྱ
རྨད་བྱུང་ཐེག་པ་རྒྱལ་པོའི་དབུ་
སྡེ་གསུམ་ནང་གི་ཉམས་ལེན་སྲོག་ཏུ
རང་དོན་ཆོས་ཀྱིས་འཚོ་བའི་འཁོས་
བསྟན་གཉིས་ཟུང་དུ་འཇུག་པའི་ཕྱག་
ས་ཆེན་ཁུར་དུ་བཏེག་པ་ཁྱེད་ལས་མི
འདུལ་ཁྲིམས་ཡན་ལག་བརྒྱད་ལྡན་བདུ
ཐོས་བསམ་པདྨའི་ལང་ཚོ་ཕྱོགས་མེད་
མི་ཕམ་རྒྱལ་བ་དགྱེས་པའི་སྐྱེད་
རྒྱལ་བསྟན་རྫོགས་ལྡན་བསུས་པའི་
གདམས་ཆུང་ཨི་ཐི་ཙམ་ལ་ཤི་སྤར་
རང་མགོ་གར་ཐོན་བྱེད་པའི་རྟོགས་
གོང་མའི་གཅེས་ཕྲུག་ཡིན་པའི་ཞལ་
གཟུར་གནས་དང་བའི་མགོ་ལྕོག་ཁྱེད་
ཟུམ་མེད་སྙིང་གི་ལྷ་གཅིག་བསྟན་
ཟོལ་མེད་ཐུགས་ཀྱི་བཞེད་པ་ཐུག་ལ་
དམ་ཚིག་རྡོ་རྗེའི་མདུད་རྒྱ་ལྷོ
གངས་རིའི་བླ་སྲོག་ཟིན་པའི་རྣམ་
སྔོན་བྱུང་ལོ་རྒྱུས་ཡོན་པོའི་གྲ
སྔངས་སྐྲག་འོ་འདོད་ཤོར་བའི་ཞེད་
རང་སྣང་དགྲ་རུ་འཛིན་པའི་བློ་ཆུ
ཡིད་ཆེས་བློ་སྣ་བསྲིང་བའི་འདུན་
གྱ་གྱུའི་སྤྲིན་ཚོགས་སྟུག་པོ་ཕྱ
བདེན་དོན་ཆོས་ཉིད་དག་པའི་ལྷ་ལམ་
ཐབས་ཤེས་ཉིིི་ཟླ་ནོར་བུའི་སྣང་
ཕུལ་བྱུང་གྲུབ་པའི་དབང་ཕྱུག་སྙི
ཐེག་མཆོག་ཉི་མའི་སྙིང་པོའི་ཡིད་
རང་བཞིན་དཔལ་གྱིས་ཕྱུག་པའི་རིན་
རྣམ་གསུམ་ཤེས་རབ་བཟང་པོའི་ཕྱི་
གྲུབ་གཉིས་འདོད་པ་འཇོ་བའི་རྟེན་
རབ་ཡངས་ཧི་མ་ལ་ཡའི་རི་བོོའི་སུ
གསང་ཆེན་བཀའ་སྲོལ་འཛིན་པའི་གདུ
ནང་གི་ཚུལ་ལུགས་ཙམ་གྱི་རྩིས་ཐང་
བསྟན་པའི་ལ་རྒྱ་ཟིན་པའི་རེ་བ་མི
རང་གིས་རང་ལ་བཅས་པའི་བརྩེ་དུང་
ཞེན་ཁོག་ལ་རྒྱའི་རྭ་ཅོ་རུམ་ལ་
ཁ་ངོ་བྲག་ལ་ལྟ་བའི་འཁྱོག་པོ་མང་
དུས་ཀྱི་རྟ་ཕོ་རྒྱུག་པའི་བང་ཁ་
ཕྱི་སྣང་རྐྱེན་ལས་ཤར་བའི་འགལ་
རེ་དོགས་སེམས་ཀྱི་རླབས་དང་ལྷན་
ཐབས་མཁས་ཀུན་བཟང་སྤྱོད་པའི་རོལ་
༸སྐྱབས་མཆོག་གྲུབ་དབང་བླ་མ་ལྷག་
འཕངས་པའི་འབེན་ལ་ཕོག་པའི་ལྷ་
རང་བྱུང་པདྨའི་ཞལ་སྐྱིན་ཞིང་འདི
ཚུལ་གསུམ་འཁོར་ལོའི་རི་མོ་མཐའ་
རྒོད་པོ་ཚང་མལ་བསྙེགས་པའི་བརྟུ
རང་ཤར་ལྷུན་གྱིས་གྲུབ་པའི་ཡ་
རང་བབ་རྒྱལ་བའི་དཀྱིལ་འཁོར་གཟུ
རང་བཞིན་ཆོས་ལ་བརྩོན་པའི་བུ་སློ
བསྟན་འགྲོའི་རྩིས་སུ་བཞག་པའི་
ཆེ་རྒུའི་གཙུག་ཏོར་འཁོར་ལོ་གདན་
ཡོད་དགུའི་སྲིད་པའི་ཕུན་ཚོགས་
བཟང་དགུའི་བུ་སློབ་བསྐྱངས་པའི་
སྐྱེ་རྒུའི་རྫོགས་ལྡན་བསུས་པའི་
བརྩེ་བའི་ཕྱག་ཟུང་དྲོན་མོ་མགོ་
མཚམས་སྦྱོར་སྨོན་ལམ་བཟང་པོའི་ཐུ
ཚེ་འདིར་ལས་ཀྱིས་འབྲེལ་བའི་བླ་
བཅོས་མིན་ཡིད་ཀྱི་གཏན་པ་ཁྱེད་ལ་
ཡང་དར་འོད་གསལ་བསྟན་པའི་ཤིང་རྟ་
སྣ་ནམ་འཇིགས་མེད་དཔལ་དང་གྲུབ་
རྩོད་བྲལ་པདྨའི་ཕོ་ཉར་ངེས་པ་དྲོ
རབ་བསྔགས་སྙིམ་པའི་མེ་ཏོག་ཅི་ལ་
ཞེས་༸སྐྱབས་རྗེ་གྲུབ་དབང་རིན་པོ
པཎ་ཆེན་བི་མ་མི་ཏྲའི་དགོངས་ཀློང་གི་སྲས་ཆེན།།
རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཐུགས་རྒྱུད་ཀྱི་བུ་ཆེན།།
སྙིགས་དུས་འདྲེན་པའི་ཀུན་མཁྱེན་པད་མ་ཡི་ནོར་བུའི།།
དྲི་མེད་ཨུད་པལ་གཞོན་ནུ་མྱུར་དུ་བྱོན་ཤིག།།
༧ ཁོང་གི་མཁས་བཙུན་བཟང་གསུམ་གྱི་མཛད་རྒྱས་དག་ལ་སྙིང་ནས་གུས་འདུད་དང་རྗེས་སུ་ཡི་རང་ཡོད། མ་འོངས་ཡང་སྲིད་རིན་པོ་ཆེ་ཡང་གོང་མའི་རྣམ་ཐར་ཚུལ་བཞིན་གནང་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། རིས་མེད་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །
པད་ནོར་རིན་པོ་ཆེའི་རྣམ་ཐར་རེ་ཡོད་ན་འདིར་འགོད་པར་མཁྱེན་ནོ། དཔལ་ཡུལ་གྲུབ་དབང་གཉིས་པ་པདྨ་ནོར་བུའམ་རིག་འཛིན་དཔལ་ཆེན་འདུས་པ་ནི། རྒྱལ་བ་དཔལ་ཡུལ་པའི་བསྟན་པའི་བདག་པོ་སྟེ། གདན་ས་དེའི་བསྟན་བདག་རྗེ་ཆོས་ཀྱི་ཉི་མའི་གཟིམ་ལམ་དུ་དཔལ་ཡུལ་སྐུ་གདུང་བར་ཁང་ལྟ་བུ་ལ་བཞུགས་པའི་སྣང་བར། རྫོང་ནང་བླ་མ་འདྲ་བ་ཞིག་གིས་འདིར་པདྨ་ནོར་བུ་བཞུགས་འདུག་གསུངས་པར་ཡར་གཟིགས་པས་གྲུབ་དབང་པད་ནོར་རིན་པོ་ཆེ་དབུ་སྐྲ་དཀར་ཐང་ངེ་བ་སོགས་ཇི་ལྟ་བར་བཞུགས་འདུག་པར་བཞེངས་ནས་སྐུ་ཙར་ཕེབས་པ་དང༌། བྱིས་པ་ཆུང་ངུ་ཞིག་ཏུ་གྱུར་སོང་བར་རྨིས་པ་ད་ལྟའི་སྤྲུལ་སྐུ་ཇི་ལྟ་བར་འདུག་པར་གཟིགས་པ་དང༌། སྐུ་གོང་མ་པད་ནོར་རིན་པོ་ཆེ་གཤེགས་ཁར་ཉིད་ཀྱི་གཟིམ་སྤྱིལ་ཉེ་སར་ཤུག་སྡོང་ཞིག་སྐྱེས་ཡོད་པར་འདི་ལ་འབྲས་བུ་འཐོན་དུས་ངའི་སྐྱེ་བ་ཞིག་གདན་ས་འདིར་འོང་ཞེས་ཞལ་བཞེས་གནང་བ་ལྟར་ཤུགས་འབྲས་ཆགས་ནས་ལོ་ཤས་སོང་བ་དང་དུས་འགྲིགས་པ་སོགས་བསམ་བཞིན་སྐྱེ་བར་བཞེས་པར་རྗེ་ཆོས་ཀྱི་ཉི་མ་དང༌། འཇམ་མགོན་ཀོང་སྤྲུལ་སོགས་དམ་པ་མང་པོས་ཕྱོགས་མཐུན་གྱིས་ཐུགས་ཐག་བཅད་དེ་དགུང་གྲངས་བདུན་གྱི་ཐོག་རྒྱལ་བ་དཔལ་ཡུལ་བའི་རྩ་བའི་གདན་ས་དེའི་གསེར་ཁྲིར་མངའ་གསོལ་ཞིང༌། ཐུན་མོང་གི་རིག་པ་འབྲི་ཀློག་ནས་བཟུང་སྦྱང་བརྩོན་གནང༌།
དགུང་གྲངས་དགུ་པར་གུ་རུ་རིན་པོ་ཆེའི་ཞལ་གཟིགས་ཤིང་བྱིན་རླབས་ཀྱི་དངོས་གྲུབ་བརྙེས། རྗེ་ཆོས་ཀྱི་ཉི་མ་ལས་རབ་ཏུ་བྱུང་ཞིང་རཏྣའི་གཏེར་ཆོས། གནམ་ཆོས། བཀའ་བརྒྱད་རྣམ་གཉིས། འཇའ་ཚོན་ཆོས་སྐོར་སོགས་གདན་ས་དེའི་རྒྱུན་ཡོད་རིགས་དང༌། འདུས་མདོ་ཁམས་དབུས་གཉིས་ཀྱི་བརྒྱུད་པ། བཀའ་མའི་སྐོར་རྒྱུན་ཡོད་དོ་ཅོག་སོགས་གསན་སྦྱངས་གནང༌། དཔལ་སྤུངས་བླ་མ་བཀྲ་ཤིས་ལས་རྒྱལ་བཀའ་རིན་པོ་ཆེ་གསན། མཁན་ཆེན་རྒྱལ་མཚན་འོད་ཟེར་ལས་རིན་ཆེར་གཏེར་མཛོད་སོགས་དང༌། དཔལ་ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱལ་མཚོ་ལས་གདམས་ངག་མཛོད་དང། གཏེར་རྙིང་རྒྱུན་དཀོན་རིགས་མཐའ་ཡས་པ་དང༌། ཀློང་གསལ་རྡོ་རྗེ་སྙིང་པོའི་ཟབ་ཁྲིད་སོགས་ཟབ་ཆོས་མང་པོ་གསན། འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་འཇམ་དཔལ་ཞི་བ། དྲག་པོ་ཚེ་བདག་སོགས་གསན། ཕྱིན་ཆད་སློབ་གཉེར་དགོས་ལུགས་སོགས་ཐུན་མིན་ཐུགས་བརྩེ་དང༌། ཕྱིས་མཐའ་གཟིགས་པའི་གསུང་ལུང་བསྟན་མང་དུ་གནང་ནས་ཐུགས་རྒྱུད་བྱིན་གྱིས་བརླབས། འཇམ་མགོན་ཀོང་ཆེན་པ་མཇལ་ཞིང་མཆོག་གླིང་ཐུགས་སྒྲུབ་ཀྱི་དབང་གནང་ནས་ཕྱིན་ཆད་དབང་ལུང་འཆད་ཚུལ་སོགས་བསྟན་འགྲོ་སྐྱོང་ལུགས་ཀྱི་བཀའ་སློབ་མང་པོ་གནང༌།
དེ་ནས་རིམ་པ་བཞིན་མདོ་སྔགས་རིག་པའི་འབྱུང་གནས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་རྒྱུད་སྡེ་བཤན་གྲྭ་ནོར་བུའི་ལྷུན་པོར་སློབ་གཉེར་ལ་བྱོན་ནས། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས་དང༌། ཚེ་རབས་ལས་ཀྱི་བླ་མ་ནང་ཐུན་མིན་གྱི་རིགས་བདག་བཱི་མའི་རྣམ་འཕྲུལ་མཁན་ཆེན་ངག་གི་དབང་པོ་གཉིས་ཀྱི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་བརྒྱ་ཕྲག་བརྒལ་བར་ཀཿཐོག་གཞུང་བརྒྱ་མ་ཞེས་གྲགས་པའི་འཕགས་བོད་ཀྱི་བསྟན་བཅོས་གཞུང་འགྲེལ་མང་པོར་གསན་བསམ་མཛད་པས་མཁས་པའི་ཕུལ་དུ་ཕྱིན་ཅིང་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར། ཁྱད་པར་མཁན་ཆེན་ངག་དབང་དཔལ་བཟང་ལས་ཞི་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་འོད་སྲུང་གི་སྦྱངས་པའི་ཡོན་ཏན་ལ་གནས་པའི་འདུལ་འཛིན་གནས་བརྟན་ཆེན་པོར་གྱུར། སྐུ་ཤིན་ཏུ་བཙུན་ཅིང་དམ་ཆོས་འདུལ་བའི་གནང་བཀག་ལས་ནམ་ཡང་མི་འདའ།
འདི་སྐབས་ཤིག་མཁན་ཆེན་བླ་མས་ཉིན་གཅིག་དཔལ་སྤྲུལ་ངེད་གཉིས་དགོན་གྱི་ཉེ་འགྲམ་འཇམ་དཔལ་གནས་ལ་ཁམས་བསངས་ལ་འགྲོ་གསུངས། ལགས་སོ་ཞུས་ཏེ་ཕྱག་ཕྱིར་འབྲངས་ནས་དཔོན་སློབ་གཉིས་སྐུ་རྐྱང་གནས་གཟིགས་ཕེབས་སར་ད་ངལ་བསོས་ཏེ་འདུག་གསུངས། དེར་པད་ནོར་རིན་པོ་ཆེས་གཟན་བཞི་བལྟབ་ཀྱི་གདན་དུ་ཕུལ་བ་དེའི་ཁར་བཞུགས་ནས་དལ་ཅིག་ཅི་ཡང་མི་གསུང་བར་དགོངས་པ་ལ་བཞུགས་པའི་ངང༌། ལམ་བར་དུ་ཞབས་ལྷམ་ལ་ས་འདམ་ཆགས་འདུག་པར་གཟིགས་ནས་ད་ལྷམ་ཚང་མ་ས་འདམ་རེད་ཚར་འདུག་ཅེས་གློ་བུར་དུ་དགོངས་པ་ཁྲོས་ཏེ་ཕྱག་གཡོན་གྱིས་པད་ནོར་ཐོང་རྩ་ནས་བཟུང༌། ཕྱག་གཡས་པས་ཞབས་ལྷམ་བླང་སྟེ་ཚད་མེད་པའི་ཕྱག་འབེབས་དྲག་ཏུ་གནང་བས་པད་ནོར་རིན་པོ་ཆེ་ཐུགས་ཤིན་ཏུ་སྐྲག་པའི་ངང་ཅི་ཡིན་མེད་པའི་དྲན་མེད་ལྟ་བུར་སོང་བ་ཡར་དྭང་བ་དང་མཉམ་དུ་ཀུན་གཞི་སྟེང་བུ་ལས་སད་པའི་གནས་ལུགས་ཡིད་དཔྱོད་དང་བྲལ་བའི་དགོངས་པ་མངོན་དུ་གྱུར། རྗེས་ཐོབ་རྩལ་གྱི་ཆོས་རབ་རྣམ་པར་འབྱེད་པའི་རིག་རྩལ་གྱིས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལ་ཐོགས་པ་མེད་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་རྣམ་པར་གྲོལ་ནས་འཆད་རྩོད་རྩོམ་པ་ལ་ཐོགས་མེད་དུ་གྱུར་ནས་བླ་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། བླ་མའི་ཞལ་ནས་བུ་དེ་ཀ་རང་ཡིན་གསུངས་ནས་དཔལ་སྤྲུལ་གསུང་རྒྱུན་ལུང་རྟོགས་བསྟན་ཉིའི་མན་ངག་སྙན་བརྒྱུད་ཆེན་མོ་ཁྲིད་དུ་བཏབ་པས་ཐེག་མཆོག་རྡོ་རྗེ་སྙིང་པོའི་དགོངས་པའི་རྩལ་རྫོགས་ཏེ་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་ཐུགས་ཀྱི་སྲས་གཅིག་པུར་གྱུར།
དེ་ནས་གསན་བསམ་མཐར་ཕྱིན་ནས་རང་གནས་དཔལ་ཡུལ་དུ་ཕེབས། འཆད་ཉན་མཛད་པའི་སྡེ་བཤད་གྲྭ་ལྔ་བཅུའི་སྡེ་གསར་འཛུགས་གནང་བར་མཁན་ཆེན་བླ་མ་རང་གདན་ཞུས་ཀྱིས་ཕེབས་པ་སོགས་སྔ་འགྱུར་བསྟན་པའི་འབྱུང་གནས་སུ་གྱུར། གོ་འཇོ་ཡུལ་དགོན་སོགས་ལ་སྙན་བརྒྱུད་ཆེན་མོ་རྩལ་འདོན་གྱི་ཆོས་འཁོར་བསྐོར་བས་ཞལ་སློབ་གདུལ་བྱ་རྒྱ་ཆེ། རིན་ཆེན་གཏེར་མཛོད་ཆེན་པོ་ལན་གསུམ་གསུངས། སྐུ་ཚེ་སྨད་ལ་བྱ་བྲལ་ཀུན་སྤོང་གིས་སྒྲུབ་པའི་རྒྱལ་མཚན་བཙུགས། དུས་གསུམ་ཆགས་ཐོགས་མི་མངའ་བའི་མངོན་ཤེས་ཕྱོགས་མེད་དུ་གཟིགས་པ་དང༌། དུས་འདི་ཙམ་ན་སྡེ་དགེའི་རྒྱལ་ཁབ་ཏུ་ཞེ་ཆེན་རྒྱལ་ཚབ་དང་རྗེ་འདི་གཉིས་ལས་ལྷག་པ་སུ་ཡང་མེད་ཅེས་སྔ་འགྱུར་བསྟན་འཛིན་ཡོངས་ཀྱི་དབུས་ན་མངོན་པར་མཐོ་བ་ལགས་སོ། །
དཔལ་ཡུལ་གདན་ས་རང་དུ་སྙིང་ཐིག་རྩ་པོད་མཁན་ངག་དགའི་གསུང་སྐོར་ཉེར་མཁོའི་འདོན་ཆ་སོགས་གསར་བཞེངས་དང༌། དགོན་པར་བཀའ་མ་སོགས་ཀྱི་རྒྱུན་འཛུགས་སྒྲུབ་མཆོད། ལྷ་ཁང་གསར་བཞེངས་དང་རྙིང་པར་ཉམས་གསོ། མཛོད་ཆེན་ལྔ་སྐྱ་པོད་དུ་བཞེངས་པ་སོགས་དང༌། འགོ་འཇོ་ཝ་ནག་དགོན་དང༌། བསམ་གྲུབ་གཞུང་སོགས་སུ་ཀློང་ཆེན་སྙིང་ཐིག་གི་ཆོས་བཀའ་གཙང་མ་མཛད་པའི་དགོན་སྡེ་མང་པོ་གསར་འདེབས་མཛད་པ་སོགས་མདོར་ན་སྐུ་ཚེ་ཧྲིལ་པོར་འཁོར་ལོ་གསུམ་གྱི་མཛད་བཟང་རྒྱ་ཆེར་བསྐྱངས། མཐར་གཟུགས་སྐུའི་བཀོད་པ་རེ་ཞིག་རྔ་ཡབ་པདྨ་འོད་དུ་བསྡུས་སོ། །
རྫ་ཚེ་རིང་བཀྲ་ཤིས་མཆོག་གི་སྙན་རྩོམ་འདིས། བདག་ལ་སླར་ཡང་གྲུབ་དབང་བླ་མ་མཆོག་དྲན་པའི་གདུང་བ་ཤུགས་དྲག་ཏུ་བསྐྱེད་བྱུང་བས། སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་སྦྲགས་བདག་སེམས་ལ་་ན་ཟུག་བསླངས་པར་སྙིང་ཐག་པ་ནས་ཁོང་ཁྲོ་བ་ཡང་ཁྱེད་ལ་ཕུལ་བ་ལགས།
རྩོམ་ཡིག་འདི་འདྲ་ཁ་བརྡའི་ནང་ཅུང་མཐོང་དཀོན་པོའི་གྲས་ཡིན།
མཁན་པོའི་རྩོམ་འདི་འདྲ་བདག་འདྲས་མི་ཚེ་འདིར་ཕལ་ཆེར་མི་འཁྱོང་བའི་ཚོད་དུ་འདུག