བཀྲ་ཤིས་དོན་འགྲུབ།
དགོན་པ་ནི་ཚོང་ཁང་ཆེན་པོ་རེད།།
རྒྱ་བླ་ནི་ཚོང་དཔོན་འཇོན་པོ་རེད།།
གྲྭ་པ་ནི་ཚོང་རྫས་སྤུས་མ་རེད།།
རྒྱ་མོ་ནི་ཉོ་མཁན་བཟང་པོ་རེད།།
དགོན་པ་ནི་ཞལ་འདེབས་འབུལ་ཁང་རེད།།
བླ་མ་ནི་ཞལ་འདེབས་སྡུད་མཁན་རེད།།
རྒྱ་མོ་ནི་ཞལ་འདེབས་འབུལ་མཁན་རེད།།
གྲྭ་བ་ནི་ཞལ་འདེབས་སྤྱོད་མཁན་རེད།།
སྟོན་པ་ནི་མིག་ཆུ་ཁྲོམ་ཁྲོམ་རེད།།
བསྟན་པ་ནི་མིང་གི་ལྷག་མ་རེད།།
བསྟན་བདག་ནི་འདུ་འཛིར་བྲེལ་བྲེལ་རེད།།
གདན་ས་ནི་སྟོང་བཤད་རྒྱག་ས་རེད།།
དོགས་སློང་ནི་གདན་སའི་དགག་བྱ་རེད།།
བསྐྱར་ཟློས་ནི་གདན་སའི་སློབ་གསོ་རེད།།
ལུང་ཚིག་ནི་གདན་སའི་སློབ་ཚན་རེད།།
བཙུན་པ་ནི་ཉིན་མོའི་སྐར་མ་རེད།།
མཁས་པ་ནི་གྲགས་ཅ་སྐམ་པོ་རེད།།
གྲུབ་པ་ནི་ནམ་མཁའི་མེ་ཏོག་རེད།།
འཆད་པ་ནི་ནེ་ཙོའི་མ་ཎི་རེད།།
རྩོད་པ་ནི་འབྲོག་པའི་ཀི་སྒྲ་རེད།།
རྩོམ་པ་ནི་ཡིག་ནོར་ཕུང་པོ་རེད།།
འདུལ་བ་ནི་གནའ་སྒྲུང་ལྷག་མ་རེད།།
སྡོམ་པ་ནི་ཉེས་མེད་བཙོན་ཁང་རེད།།
དགེ་བཤེས་ནི་མིང་ཆེན་ཀླད་སྟོང་རེད།།
མཁན་པོ་ནི་གཟི་བརྗིད་ཁོག་སྟོང་རེད།།
སློབ་དཔོན་ནི་བསླབ་པ་མེད་མཁན་རེད།།
སྤྲུལ་སྐུ་ནི་སྤྲུལ་སྒྱུར་མཁན་པོ་རེད།།
ང་རང་ནི་དེ་ལས་ཐ་ཤལ་རེད།།
བོད་མི་ནི་རྨོངས་དད་བདག་པོ་རེད།།
ལྷ་འདྲེ་ནི་བོད་མིའི་སྐྱབས་གནས་རེད།།
སྐྱོན་བརྗོད་ནི་བོད་མིའི་ཁྱད་ནོར་རེད།།
ཕྲག་དོག་ནི་བོད་མིའི་འཇོན་ནུས་རེད།།
སྒྱིད་ལུག་ནི་བོད་མིའི་རྒྱན་ཆ་རེད།།
སྤམ་རྫུ་ནི་བོད་མིའི་ཤེས་ཡོན་རེད།།
གཡམ་རྒྱུག་ནི་བོད་མིའི་ཆེད་ལས་རེད།།
ཨ་གསར་ནི་བོད་མིའི་རང་གཤིས་རེད།།
ནང་པ་ནི་བོད་མི་མིན་མཁན་རེད།།
མགོ་སེར་ནི་སྟོན་པའི་རྗེས་འཇུག་རེད།།
རིག་པ་ནི་ཁོ་ཚོས་ཤེས་ལེ་རེད།།
དཔྱད་པ་ནི་ཁོ་ཚོས་བྱེད་ལེ་རེད།།
ཉམས་ལེན་ཡང་ཁོ་ཚོས་གནང་ལེ་རེད།།
སྟོང་ཉིད་ཀྱང་རྟོགས་ལ་ཉེ་ལེ་རེད།།
རྟེན་འབྱུང་ཡང་ཤེས་ནས་འཆད་ལེ་རེད།།
ད་དུང་ཡང་བཤད་རྒྱུ་མང་ལེ་རེད།།
བཤད་ན་ནི་རྫོགས་རྒྱུ་མེད་ལེ་རེད།།
འདྲ་བོ་བྲིས་འདུག་འཚམས་རེ་དེ་འདྲ་དྲན་གིས་་་ཡིན་ཡང་རྩོམ་འདིའི་ལྡོག་ཕྱོགས་ཀྱི་ཡོན་ཏན་ཆ་ཚང་ལྡན་པའི་དགོན་བ་དང་བླ་གྲྭ་ཧ་ཅིང་མང།།
དོན་ངོ་མར་འདི་འདྲ་ཞིག་རེད་དམ།
སེམས་ནས་བསམ་བསྡད་པ་ཞིག་ཁྱོད་ཀྱིས་བྲིས་བཞག དོན་ངོ་མ་འདི་འདྲ་ཞིག་རེད་ཡ འོན་ཀྱང་ཡང་མིན་ཚུལ་གླེང་གི་རེད་ལྟོས་ཨ
བཀྲ་ཤིས་དོན་འགྲུབ་ཟེར་བ་ཡག་གི་འདོད། ངག་རྩལ་ཡོད་ཀི། བདེན་ཆ་མང་གི།
ཁྱོད་ཚོ་ཁ་ཅིག་གི་ངག་ན་སྐྱོན་ཞིག་མ་གཏོགས་བཟང་ཞིག་མེད་པ་དེར་སྙིང་རེ་སྙམ་ནས་སེམས་ཤིན་ཏུ་སྐྱོ་བོ་བྱུང་། རང་སྐྱོན་འཚལ་རྒྱུ་བརྗེད་ནས་གཞན་སྐྱོན་རང་བཤད་མཁན་དེ་ཚོར་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད། གཞན་སྐྱོན་བརྗོད་ནས་རྒྱུ་མཚན་ག་རེ་ཡོད། མ་བརྗོད་ཀྱང་ཚང་མས་མཐོང་ཐུབ། །
རེད། བླ་མ་་ཡིན་ན་འདྲ། གྲྭ་བ་ཡིན་ནའང་། ལ་ལ་ཞིག་གི་སྤྱོད་ཚུལ་འདི་འདྲ་རང་རེད་འདུག དེའི་རིགས་ཀྱིས་བླ་གྲྭ་ཡོངས་ཀྱི་མཚན་ཤས་བཟོ་ཀི་འདུག་ག ཁོང་སོ་སོར་གཏོགས་པའི་དགོན་པ་ཡོངས་ཀྱིས་དགོན་པའི་ཁྲིམས་སྒྲིག་བཞིན་དེ་རིགས་གཙང་སེལ་བྱ་ཐུབ་ན་ཚུལ་ལྡན་གྱི་བླ་གྲྭ་རྣམ་པའི་མཚན་གནས་ཀྱང་མང་ཚོགས་རང་བཞིན་གྱིས་དང་བ་འདྲེན་ངེས།
ཚོང་ཁང་དེ་འདྲ་མེད་པ་ན།
བོད་མི་རིག་གཞུང་ཚོང་ཟོང་དབུལ།
རིག་གཞུང་མེད་པ་སྟོང་སངས་སངས།
ཅི་ཡང་མེད་ལ་ཁྱོད་རང་འཐད།།
དགོན་པ་ནི་བཙུན་གཟུགས་ཚོའི་བཙན་ཁང་རེད།
ཞལ་འདེབས་ནི་དཀོར་གཉེར་གྱིས་ཁ་ལྷ་རེད།
འབུལ་མཁན་ནི་དད་གསེབ་ཏུ་རྨོངས་པ་རེད།
བཞེས་མཁན་ནི་ཚུར་བའབབ་ཀྱི་ཡོང་སྒོ་རེད།
དགོན་སྡེ་ནི་ཞལ་འདེབས་བསྡུ་མཁན་མ་རེད། བསོད་ནམས་གསོག་ས་རེད།
དྲང་པོར་བཤད་ན། མི་མང་གི་ཚོང་རྫས་ལྟ་ཉོ་བྱེད་མཁན་མང་ཤོས་ནི་གྲ་བཙུན་ཁག་ཡིན། གཞས་སྣ་དང་དཔལ་འབྱོར་འདུ་འཛོམས་ཀྱི་ལས་འཆར་དོན་ཕནབྱུང་མིན་ནི་གྲ་བཙུན་མཉམ་ཞུགས་བྱེད་མིནལ་རག་ལས་ཡོད། འདིས་ཅི་བསྟན་ཅེ་ན། གྲ་བཙུན་རྣམས་ཞལ་འདེབས་བསྡུ་བ་ལས་འབུལ་བ་མང་བ་གསལ་པོར་མཚོན་ནོ།།
གལ་ཏེ་ལ་དྭགས་དང་། བོད་ཡུལ་གཞན་དག་ཏུ་དགོན་པ་དང་གྲྭ་པ་བྱེད་པའི་ལུགས་སྲོལ་ཆགས་མེད་ན། རྒྱ་གར་དང་རྒྱ་ནག་ཏུ་མུ་གེས་མི་འབུམ་ཕྲག་མང་པོ་མུ་གེས་ཤི་ཡོད་པ་ལོ་ཤས་སྔོན་དུ་རྒྱ་གར་མཁས་པས་བྲིས་པའི་དེབ་ན་གསལ་བ་བདག་གིས་བཀླགས་པ་ཡིན།
ལ་དྭགས་དང་བོད་ཡུལ་གཞན་དག་ཏུ་དེ་ལྟར་མུ་གེ་བྱུང་མེད་པ་དེ། གྲྭ་པ་བྱེད་པའི་ལུགས་སྲོལ་ཆགས་པ་དེས་མི་གྲངས་ཆེརའཕེལ་བ་མེད་པས་མུ་གེ་རྒྱབ་མེད་པར་བདག་གིས་འདོད། གལ་ཏེ་རྒྱ་གར་དང་། རྒྱ་ནག་ཏུ་མི་གྲངས་འཕེལ་བ་བཞིན་དུ། བོད་དུ་ཡང་འཕེལ་བ་ཡིན་ན། དེར་ཡང་མུ་གེ་རྒྱབ་པ་གདོན་མི་ཟ། བོད་ཡུལ་དུ་མུ་གེས་མི་ཤི་བ་ཞིག་བདག་གིས་ཐོས་མེད།
བོད་དུ་མི་གྲངས་མི་འཕེལ་བ་དེ་གྲྭ་པ་བྱེད་པའི་ལུགས་སྲོལ་དེ་ཡིས་ཡིན་པ་རྒྱ་གར་མཁས་པ་ཞིག་གིས་བྲིས་པའི་ཧིནྡ་དེབ་ཅིག་ན་ཡོད་པ་བདག་གིས་བཀླགས་མྱོང་།
དེར་མ་ཟད་བོད་སྟོབས་ཤུགས་ཅན་ཡིན་པའི་སྐབས་སུ་ཡང་། བོད་དབུས་སུ་མིའི་གྲངས་མང་དྲགས་པས་དམག་ལས་རྒྱལ་བའི་ཡུལ་དེ་དག་ཏུ་བསྡད་པ་བདེ་བ་ཆེ་བར་བསམས། བལ་ཡུལ་དུ་ཡང་ཏ་མངས་ཞེས་པ་བོད་ཀྱི་རྟ་དམག་བོད་ཀྱི་རྟ་དམག་དེར་ལུས་པ་ཡིན་ཟེར།
དེས་ན་ལ་དྭགས་དང་སྦལ་ཏིའི་ཡུལ་སོགས་སུ་བོད་དབུས་ཀྱི་དམག་མི་རྣམས་མ་བསྡད་རང་བསྡད་བྱུང་། སྦལ་ཏི་དང་ལ་དྭགས་སོགས་སུ་སྔར་ཡོད་ཀྱི་་སྐད་དང་ཆས་གོས་ཅི་མཆིས་མེད་པར་སོང་། དེའི་དུས་བོད་དབུས་ཀྱི་སྐད་གང་ཡིན་ད་ལྟ་སྦལ་ཏི་དང་ལ་དྭགས་སོགས་ན་ཡོད་པ་ནི་བོད་ཡུལ་དབུས་སུ་བྲིས་པའི་དཔེ་ཆ་དག་བཀླགས་པས་ཤེས་ཐུབ།
གཞན་ཡང་མུ་སུལ་མན་བོད་རིགས་པ་ཀུན་ངོ་སངས་པོ་མེད་པ་དང་། དེ་ནས་ཉིན་གཅིག་གི་ལམ་ན་ཡོད་པ་ནང་པ་བོད་རིགས་པ་ཀུན་ངོ་སངས་པོ་དང་། ངོ་འཛུམ་བྱེད་པ་འདུག་ཅེས་༡༩༣༠པའི་སྐབས་སུ་ཨིན་ཡུལ་པ་ཞིག་ལུང་པ་དེར་སླེབས་པའི་ཉིན་ཐོ་བྲིས་པ་ན་གསལ། དེ་ཡང་མི་གྲངས་མང་ཉུང་གི་ཁྱད་ལས་འབྱུང་བ་བདག་གིས་འདོད། གཞན་དག་གིས་ནང་པའི་ཆོས་ཀྱི་བྱིན་རླབས་ཡིན་ཟེར་ཤས་ཆེ་སྙམ།
གྲྭ་པ་བྱེད་པའི་ལུགས་སྲོལ་གྱིས་བོད་ལ་མི་གྲངས་ཚད་ལས་བརྒལ་མེད་པ་དང་། བོད་ན་དགོན་པ་མང་པོ་ཡོད་པ་དང་། དེ་དག་ཏུ་གྲྭ་པ་བྱེད་པའི་ལུགས་སྲོལ་ཆགས་པས། མུ་གེ་རྒྱབ་པའི་ལོ་རྒྱུས་ཀྱང་མེད་པ་ནི། དགོན་པ་ཁག་དང་གྲྭ་པ་རྣམས་ཀྱི་བཀའ་དྲིན་ཡིན་ཞེས་སེམས་དགོས་སོ།