ཤར་ཕྱོགས་ཁུག་རྟ།
མིག་གིས་མཐོང་ཡང་བཤད་དབང་མེད་ས་ནས།།
བཤད་ཀྱང་དཀྱོག་ལ་བསྒྱུར་བའི་ངྷ་ས་ནས།།
རྣམ་དཔྱོད་བཙུན་མོ་ཁབ་ཏུ་རོལ་རོལ་ནས།།
གཅེས་པའི་སྟག་ཕྲུག་འཁྲུངས་སྐར་ཉིན་མོར་བཙས།།
ལེགས་ཉེས་བཟང་ངན་ཅི་ཡོད་ཁྱེད་ཀྱིས་ཤོད།།
སྤྲེལ་ལད་སྤངས་ཏེ་འཛེམས་མེད་ང་ཡིས་བཤད།།
རྒྱ་བོད་དཀའ་རྙོག་གནད་དོན་ཆེ་ཕྲའི་རིགས།།
གླེང་རྒྱུ་བཙན་བྱོལ་མི་ཚེའི་ལས་ལ་བསྐོས།།
ཕྱི་དང་ནང་གི་ཚུལ་མིན་བྱ་སྤྱོད་རིགས།།
དྲང་པོའི་ངག་དང་ཁུངས་སྐྱེལ་ཡིག་ཆ་ཡིས།།
ལེགས་པར་དཔྱད་དེ་བོད་ལ་ཕན་ཕྱིར་དུ།།
བྲིས་པའི་དེབ་འདི་མཁས་ཉམས་སྟོན་ཆེད་མིན།།
རྒྱ་གར་གཡུགས་ནས་སྒྲོ་ལོར་མ་འཐམས་ཤིང།།
འཇིགས་སྐུལ་དྲག་པོར་ཞེད་ནས་མ་བྲོས་པར།།
བོད་ཀྱི་ཁ་སྟབས་ལག་མཐིལ་འཆར་བ་འདི།།
རྒྱ་གར་ཡུལ་ལ་བྲོས་པའི་ཡོང་སྒོ་ཡིན།།
བློ་གྲོས་ན་ཚོད་འདམ་དུ་བྱིངས་པ་དང།།
ཕྲག་དོག་བདུད་ཀྱི་བུ་གཉིས་སྣོད་མིན་ལས།།
རྣམ་དཔྱོད་འོད་ཞགས་གཞན་དྲིང་མེད་པ་དང།།
གཟུར་གནས་མཁས་པའི་བུ་ལ་འདིས་ཕན་ནོ།།
ནམ་ཞིག་བགྲང་བྱའི་ལྷ་མོ་རྒས་པ་ན།།
ཕྱི་རབས་ཚ་བརྒྱུད་བཀྲག་མདངས་ཆེ་བའི་དུས།།
བཙན་བྱོལ་ཆབ་སྲིད་བྱུང་བ་སྔོགས་གྱུར་ཚེ།།
དེབ་རྒན་འདི་ཡིས་ཕ་ངོ་སྤྲོད་སོ་ལོ།།
གསེར་དང་དངུལ་གྱི་པོ་ཏི་མ་ཡིན་ལ།།
མཁས་བརྒྱར་ཅོ་འདྲའི་གད་རྒྱངས་མ་ཡིན་པའི།།
རང་དོན་བོར་ནས་གཞན་དོན་བརྗོད་པ་འདི།།
ངྷ་ས་རི་ནས་གྲགས་པའི་སྟག་སྐད་དོ།།
ཞེས་ཤར་ཕྱོགས་པས། ༢༠༡༤། ༧། ༧། ཉིན། བདག་གི་དེབ་འདི་དཔར་བསྐྲུན་གྲུབ་སྟེ་དཔར་པོས་ནང་དུ་ཁྱེར་སླེབས་པ་དང་མཉམ་དུ་མི་འགྱངས་པར་འགྲེམས་སྤེལ་ཞུ་འཆར་ལ་གསལ་བརྡའི་ཚབ་ཏུ་ཤར་མར་བགྱིས།།
དེབ་རྒས་འདི་འདྲ་ཞིབ་ཚགས་མ་བཀླག་བར།།བཟང་ངན་བདེན་རྫུན་དབྱེ་བ་མི་ཆོད་པས།།དེས་ན་སྟག་སྐད་ཝ་སྐད་ཞིབ་དཔྱོད་རྗེས།།གཟུ་བོར་བློ་ཡིས་དཔྱོད་བརྗོད་སྤེལ་ལ་སྤྲོ།།
ཁྱེད་ཀྱིས་ཀློག་ན་ཤེས་རྒྱུ་ཅིག་ཡོད།
ཁུག་རྟ་ལགས་ཀྱིས་དཀའ་ལས་རྒྱབ་ནས་དེབ་རྒན་ཞིག་བོད་རྒྱ་ཆེ་མི་དམངས་ཀྱི་སྤྱན་ལམ་དུ་བསྟར་བ་ལ་བཀའ་དྲིན་སྙིང་ཐག་པ་ནས་ཞུ། ད་དུང་དེབ་ཀྱི་བརྗོད་བྱ་དང་ལེགས་ཉེས་གང་ཡོད་མ་རྟོགས་ཀྱང་བཀའ་དྲིན་ཆེ་ཞེ་ཞུ་འདོད་བྱུང་། འདིར་དྲྭ་གྲོགས་ཚོས་ཀྱང་དེབ་ཞིབ་ཏུ་མ་བཀླགས་པར་སྐྱོན་བརྗོད་མ་བྱས་ན་ལེགས་པར་སྙམ།།
བཤད་ནས་དཀྱོག་ལ་བསྒྱུར་བ་རྡ་སའི་ཆོས་ཉིད་རེད།
སྤྲེལ་ལད་རྫུན་གཏམ་མ་ཤེས་ན་འགྲོ་རྩིས་བྱེད།
དེབ་དེ་རྡི་ལིར་བཙོང་ན་ལེགས་རྩམ་འདུག་
བཙོ་ལྷག་མི་ལ་བཞག་ནས་འགྲོ་རྩིས་བྱེད།
ཁུག་རྟའི་ཁ་ཁོག་ཁུག་པ་བཅོ་བརྒྱད་རེད།
ཁུག་པ་རེ་ན་སྐྱག་པའི་དྲི་རེ་ཡོད།
ཁུག་རྟའི་ཁ་རྒྱབ་ཁུག་མ་མཆན་བསྡུ་རེད།
ཁུག་མ་རེ་ན་ལྟོ་བོད་བརྗེས་ནས་ཡོད།
འདི་ཚོ་དག་པར་བྱེད་པའི་དེབ་ཡིན་ནམ།།
མ་ཤིར་དོན་པའི་དེབ་ལ་དག་ཐེར་ཡོད།
ཆབ་སྲིད་ཤེས་མདོག་པ་ཡི་ཨ་ཕོ་ཡིན།
ཤི་རྗེས་བཞག་པའི་དེབ་ལ་ནང་འཁྲུག་ཡོད།
ཆབ་སྲིད་སྙིང་ནད་ཅན་གྱི་གཏོར་མ་ཡིན།
དེ་ཡི་ཆ་ནས་ཁྱོད་ལ་དར་ཞིག་ཡོད།
ཡག་པོ་འདུག་།
རྣམ་དཔྱོད་སྤྲིན་གྱི་ཕུང་བོ་མ་འཁྲུགས་ཤིང་།
ཀུན་སློང་དྲི་བཞོན་དྲག་པོས་མ་བདས་པར།
རང་རློམ་ནམ་མཁའ་སྐྱ་མོ་ཅིའང་མེད་ནས།
འདོད་འཇོ་དུས་ཐོག་ཆར་བ་འབབ་བམ་ཅི།
ཡག་པོ་རེད། ཡང་རྟ་སྲ་ཚུལ་ཁྲིམས་ཟེར་བ་ལྟ་བུའི་རྒྱལ་ཚོང་འགོ་འདོགས་པ་ཚོས་སྦྱིན་བདག་བྱས་ཡོད་ཤག་ཡིན།
ཤར་ཕྱོགས་ཁུག་རྟའི་མཆོང་ལྡིངས་ལ་གོ་མཚར་ཆེ། མཆན་འབུ་སྐྱགས་འབུ་དེ་དག་གིས་ཕྲག་དོག་བྱེད་མཁན་ཚོར་བརྗོད་འདོད་པ་ཞིག་ལ། རང་ཉིད་ལ་འཇོན་ཐང་ཞིག་ཡོང་ན་རང་མིང་དངོས་སུ་བཀོད་ནས་བསྟན་དགྲ་བོད་དགྲ་ཅན་པོ་གདོལ་རྒྱལ་ཚང་ལ་བདེན་རྫུན་རྩོམ་ཡིག་སྤེལ་དང་། ད་ཚོད་ཤར་ཕུག་ལ་ཇི
ལྟར་སྨད་ཀྱང་ཆོག དེ་མིན་ཁ་བཙུམ་ན་མཛེས།
སྐུ་ཞབས་ཤར་ཕྱོགས་ཁུག་རྟ་མཆོག་གི་རྣམ་དཔྱོད་ཀྱི་གཟུགས་རྒྱ་གཞན་འགྲན་མེད་པའི་རྩལ་ལས་བསྐྲུན་པའི་དེབ་གསར་དཔར་བསྐྲུན་གྲུབ་པར་རྟེན་འབྲེལ་ཞུ། སྐུ་ཞབས་ཤར་ཕྱོགས་ཁུག་རྟ་མཆོག་གི་རྣམ་དཔྱོད་དང་ལྷག་བསམ་ཀྱི་འཕུར་རྩལ་ཁྱད་དུ་འཕགས་ཀྱང་དབུ་མའི་ལམ་ཞེས་པའི་རྩ་བ་མེད་པར་རྩེ་མོ་རྒྱས་པའི་ལངས་ཕྱོགས་དེའི་ཕྱོགས་སུ་དྲུད་སོང་བས་ཁོང་ལ་གནོད་སྐྱོན་ཆེན་པོ་ཕོག་སོང་བ་རེད། བོད་མིའི་ཁ་དཔེ་ལ། ཁ་དྭ་ནག་པོའི་སྡིག་སྒྲིབ་ཀྱིས།།ངང་པ་སེར་པོ་འདམ་ལ་ཟུག །ཟེར་བའི་དཔེ་བཞིན་བྱུང་བ་རེད། མཐའ་དོན། ཁོང་གི་སྐུ་ཁམས་གསལ་དྭངས་དང་། ལངས་ཕྱོགས་ཡོ་བསྲངས་ཡོང་བའི་རེ་འདུན་སྨོན་ལམ་བརྒྱ་ཕྲག་ཞུ་བ་ལགས།
ཤར་ཁུག་ལ་མཚམས་འདྲི་ཡོད་མགྱོགས་ཀློག་ཐུབ་པའི་རེ་བ་ཡོད། རྗེས་ནས་ཁ་བརྡ་བྱ།
རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ལམ་ནོར་ག་བ་བྱུང་སྲིད།རྟེན་འབྲེལ་ཞུ།སྙིང་ཐག་པ་ནས་ཐུགས་རྗེ་ཆེ།
ཁ་ཏྭས་མི་གཙང་བཟས་པའི་མཆུ། །
ས་གཙང་གཞན་དུ་འབད་པས་ཕྱིས།།
ཁུ་རྟས་སྐད་ངན་གྲགས་པའི་ངག །
དེབ་རྒན་འདི་ན་གསལ་བར་ངེས།།
ཤར་ཁུག་དང་ཧོར་འཇུག་གི་དེབ་ཀྱི་སྦྱིན་བདག་གཅིག་ཡིན་ཚོད་རེད། ཨོ་བཛྲ་སྭ་ཏྭ ཚོད་དཔག་ཡིན།
ཤར་ཁུག་གི་དེབ་དེའི་ནང་ན་སྲིད་སྐྱོང་གིས་ངའི་ཁ་ཕོར་འཕྲོག་སོང་བྲིས་ཡོད་ན་ཐང་། དེ་ཡང་ཚོད་ཚོད་སྨྲས་པ་ཡིན། གང་ལྟར་ཡིད་ཆེས་མེད་ཁུ། ད་སྐད་ཆ་རྗེས་ནས་ཡོད།