ཟླ་བ་གཞོན་ནུས་ལེགས་སྦྱར་ལས་བསྒྱུར།
གང་གིས་རྒྱུན་དུ་སྣུམ་སྦྱིན་པ།།
དེ་ལ་རྟག་ཏུ་ཆོས་རྣམས་ཀྱི།།
ཤེས་རབ་འོད་སྣང་སྩོལ་བྱེད་པའི།།
བདག་ནི་སུ་ཡིན་ད་ཀོ་ཤོད།།
གཙང་ཞིང་དག་པའི་བདག་གི་ངོར།།
གང་ཚེ་མི་རྣམས་ལྟ་འདོད་དུས།།
ཇི་ལྟར་དགའ་དང་སྐྱོ་བ་ཡི།།
སོ་སོའི་གདོང་བཞིན་སྟོན་པར་བྱེད།།
མིག་གསུམ་ལྡན་ཡང་དབང་ཕྱུག་མིན།།
ཆུ་ཡིས་གཏམས་ཀྱང་བུམ་པ་མིན།།
ཁ་སྤུ་ཨ་ར་རྟག་ལྡན་ཡང༌།།
མི་མིན་བདག་ནི་ཅི་ཡིན་ཤོད།།
སོ་མེད་རྡོ་ནི་ཟ་བར་བྱེད།།
སྲོག་ནི་མེད་ཀྱང་སྨྲ་བ་མང༌།།
སྐུད་པའི་ཚོགས་ཀྱིས་བཙེམས་ཡོད་ཀྱང༌།།
གཞན་གྱི་ཞབས་ལ་བསྟེན་ནས་འགྲོ།།
འཕྲུལ་གྱི་ཆ་དང་ཁྱབ་འཇུག་མཚོན།།
ས་སྐྱོང་བྷཱ་ར་ཏ་ཡི་རྟགས།།
འཁོར་ནས་འགྲོ་བ་ང་རང་ཉིད།།
ཤེས་པ་སུ་ཡིན་པཎྜིཏ།།
སྤྲིན་ལྟར་ནག་ཀྱང་ནག་པོ་(ཁྱབ་འཇུག)མིན།།
གཟུགས་བོངས་ཆེ་ཡང་ལྷུན་པོ་མིན།།
སྟོབས་དང་ལྡན་ཞིང་འཇིགས་དང་བཅས།།
སྣ་ཡི་ལག་ཅན་བདག་ནི་སུ།།
གདན་དཀར་སྟེང་དུ་རྟག་རྩེན་ཞིང༌།།
མི་རྣམས་སྙིང་གི་ལྟ་ཚུལ་དག།
ཁྱད་པར་རྟགས་ཀྱིས་མངོན་བྱེད་པའི།།
གདོང་ནག་ཅན་སུ་བལྟས་ནས་ཤོད།།
སྐྱ་སེང་ཟླ་སུ་སྡུམ་རྒྱན་སུ།།
རཱ་མའི་དགྲ་སུ་ཨ་ག་སྟྱའི།།
འཁྲུངས་ས་གང་ཡིན་ཉི་མའི་བུ།།
སུ་ཡིན་ཁྱེད་ཀྱིས་མཁྱེན་ན་གསུང༌།།
ཀུནྟི་བུ་དང་རཱ་ཝཎ་དང༌།།
ཀུམྦྷ་ཀརྞ་སོགས་རྣམས་སོ།།
7།5།2010་ལ་དྲང་སྲོང་ལྷུང་བ་རི་དྭགས་ནགས་ཀྱི་འདབས་རོལ་ཏུ་གྱུར་བ་གངས་ཅན་བྷོ་ཊའི་གཙུག་ལག་སློབ་ཆེན་དུ་རྫོགས་པར་བསྒྱུར་བ་དགེའོ།།
ཁེད་འདི་དག་སུས་མ་ནོར་བར་བཤད་ཐུབ་ན་དེ་ལ་ལེགས་སྐྱེས་ཤིག་འདེགས་ངེས་ཡིན།
འདི་ནི་ང་ཚོའི་སློབ་སྐབས་འདིའི་ལེགས་སྦྱར་སློབ་ཚན་ནང་ཡོད་པ་རང་ཉིད་ཀྱི་དཔག་ཚོད་ཀྱིས་བསྒྱུར་བ་ཡིན།
མ་ཡིག་ལེགས་སྦྱར་འགོད་ན་བློ་བསྐྱེད་དེ་ལས་ཆེ་ངེས།
ཀརྨ་རྡོ་རྗེ་ལགས།
མ་ཡིག་བཀོད་ཆོག་མོད། ད་ལྟ་སློབ་དེབ་ལག་སྣེ་ན་མེད་པས་འགོད་ཐབས་མི་འདུག
དེ་ལས་གབ་ཚིག་འདི་དག་གི་ལན་རེ་ཁེད་མིན་ལྟོས་དང་།
ལེགས་སྐྱེས་ཡོད་ཅེས་བཤད་ཡོད།
གཙང་ཞིང་དག་པའི་བདག་གི་ ངོར།།
གང་ཚེ་མི་རྣམས་ལྟ་འདོད་ དུས།།
ཇི་ལྟར་དགའ་དང་སྐྱོ་བ་ ཡི།།
སོ་སོའི་གདོང་བཞིན་སྟོན་ པར་བྱེད།།
ལན། མེ་ལོང་ངམ་ཤེལ་སྒོ་རེད།
ཀརྨ་རྡོ་རྗེ་ལགས།
མེ་ལོང་། གོང་གི་དེ་འགྲིག་འདུག
གཞན་དག་མཁྱེན་གྱི་མི་འདུག་གམ།
ཁ་བརྡའི་སྐུ་མགྲོན་རྣམས་ཤེས་ཀྱི་ཡོད་ས་མ་རེད།
ལན་རིམ་པ་བཞིན།
1༽ སྣུམ།
2༽ མེ་ལོང་།
3༽ ཀོ་ཀོ་ནེ་ཊི།
4༽ ལྷམ།
5༽ འཁོར་ལོ།
6༽ གླང་ཆེན།
7༽ སྨྱུ་གུ།