ཧི་མ་ལ་ཡའི་འཕྲུལ་སྨྱུག
འཁྲུལ་པའི་རྩ་བ་བདག་འཛིན་ཡིན་པ་བདེན་ན། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གཅིག་པུས་ཆོག་གི ལོགས་སུ་ཚོགས་བསགས་སྒྲིབ་སྦྱོང་ཞེས་པ་དེ་ཚོ་དགོས་དོན་ཅི་ཡོད། ༼ཅེས་པའི་ལོག་རྟོག་དེ་ཡང་འདི་ལྟར་དུ་གསལ་རིགས་ཏེ། གོས་ཀྱི་དྲི་མ་དག་ཡས་ཀྱི་རྩ་བ་ཆུ་ཡིན་པ་བདེན་ན། དེའི་གཉེན་པོ་ཆུ་གཅིག་པུས་ཆོག་གི ལོགས་སུ་དག་རྫས་དང་ལག་པའི་རྩོལ་བ་དེ་ཚོ་དགོས་དོན་ཅི་ཡོད་དེ་མེད་དགོས་པར་གྱུར་ལ། ངེད་ཀྱི་ལུགས་ལ་ནི། ཕྱག་ཆེན་ཟླ་བའི་འོད་ཟེར་ལས། སྤྱིར་རྒྱུ་བསོད་ནམས་ཀྱི་ཚོགས་མ་བསགས་ན། གནས་སྐབས་དང་མཐར་ཐུག་གི་བདེ་བ་མི་ཐོབ་ཅིང༌། ཁྱད་པར་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསག་བྱེད་དུའང༌། བསོད་ནམས་ཀྱི་ཚོགས་མ་བསགས་ན། སྟོང་ཉིད་ཀྱི་ལྟ་བ་མི་རྟོགས་པས། ཐོག་མར་བསོད་ནམས་ཀྱི་ཚོགས་བསག་པ་གལ་ཆེ་སྟེ། མདོ་ལས། བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་ཡང་ཡང་དང་ཡང་དུ་བསག །དེ་རིང་ཉིད་ལ་བསྟུན་ཏེ་བསག །ཅེས་དང༌། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་འཐོབ་མི་འགྱུར། །ཞེས་སོ།།
ཚོགས་བསག་པའི་ཕན་ཡོན་ནམ་དགོས་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །ཞེས་དང༌། རིན་ཆེན་ཕྲེང་བར། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང༌། མདོར་ན་ཕར་ཕྱིན་དྲུག་གི་ཕན་ཡོན་ཐམས་ཅད་ཚོགས་གཉིས་ཀྱི་ཕན་ཡོན་ཡིན་ནོ།།
དེ་ཡང་བསོད་ནམས་བསག་ཐབས་ནི། སྤྱིར་ཆོས་སྤྱོད་བཅུ་དང༌། བསྡུ་བའི་དངོས་པོ་བཞི་ལ་བསླབ་པར་བྱ་བ་ཡིན་ཀྱང༌། སྐབས་འདིར་མཆོད་པའི་ཡན་ལག་ཏུ་མཎྜལ་གཙོ་བོར་བྱས་པའི་ཡན་ལག་བདུན་པས་ཚོགས་བསག་པར་བཤད་ལ། ཞེས་གསུང་པ་ལྟར་རོ།།༽ ལས་དང་ལུས་ཟད་སོགས་མི་དགོས་མི་ནུས་མི་ཤེས་པར་བཤད་པ་མིན་ནམ།
རྒྱ་ཆེའི་ཀློག་པ་པོ་ རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ལུང་ཁས་མི་ལེན་པའི་ལོག་རྟོག་ཅན་ལ་ལུང་གི་སྒྲུབ་བྱེད་བཀོད་པ་ནི་རྨ་བྱ་གསོད་འདོད་ནས་དུག་སྤྲད་པ་ནང་བཞིན་རེད།
དགོས་པ་རེད་ཟེར་བ་ཙམ་ལས་དགོས་པའི་སྒྲུབ་བྱེད་བཙན་པོ་ཞིག་མཐོང་རྒྱུ་མི་འདུག
ཆོས་གང་ཞིག་རྟེན་ཅིང་འབྲེལ་འབྱུང་ཡིན་པར་རྟོགས་པ་ལ་སྙིང་རྗེ་དགོས་པའི་ངེས་པ་ཡོད་དམ། ཡོད་ན་དེའི་རྒྱུ་མཚན་ཞིབ་ཆ་ཅན་ཞིག་གསུངས་རོགས།
དེས་ན་གསང་སྔགས་ཀྱི་ལུགས་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་འཐད་དམ། གང་ལགས་ཞེ་ན་ཁོང་ཚོའི་ཚོགས་སྔགས་ཚེ་སྔོན་བསགས་པའི་ཕྱིར་རོ།
ལུང་ཁས་མི་ལེན་མཁན་ལ་བསྒྲུབ་བྱེད་མེད་ན་འུ་ཐུག་པའི་སྐད་ཆ་རེད། དེ་ལྟར་ན་སྔ་དུས་སུ་ཕྱི་བ་དང་ནང་པའི་དབར་ལ་སྒྲ་རྟག་མིག་རྟག་རྩོད་མེད་པ་ཐག་ཆོད།
འཁྲུངས་སྐར་ཚེས་བཅོ་ལྔ་རང་ལ་སྲུང་བརྩི་བྱས་ན་ཕན་ཐོགས་ཆེ།
༢༦༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ གི་ཆུ་ཚོད་ ༢ སྐར་མ་ ༤༠
ཐུ་བས་ ང་ ནང་པའི་ གྲལ་ནས་ འབུད་བགྱིད་ ཡོད་དམ། ཡང་ན་ ཁྱོད་རང་ལྷར་ དད་མེད་ཅིག་ བཟོ་ འདོད་དམ། ཁྱོད་ཀྱི་ ཆེད་དུ་ ངས་ ལྷའི་ མིག་གི་ མངོན་ཤེས་ ཟེར་མཁན་ དེ་ བསྒྱུབ་ དགོས་ འདུག གལ་ སྲིད་ངས་ དེ་ བསྒྱུབས་ ཚར་ན་ ཡང་། ང་རང་ རང་གིས་ འཛིག་རྟེན་ གཞན་པ་ དག་ མཐོང་ ཐུབ་པ་ ཙམ་གྱིས་ མདའ་སྨྱུག་ དང་ ཐུ་བ་ སོགས་ལ་ བསྟན་པའི་ ཐབས་ ཡོད་དམ་ མེད། དེ་ཡང་ ཐེ་ཚོམ་ མོ། །