ཀརྨ་དགེ་ལེགས།
ཉེར་སྔོན་བདག་གིས་བདག་སྒྲ་ཡ་ཆའི་སྐོར་ཞིག་བྲིས་ནས་ཟིན་བྲིས་དུ་མར་ཕུལ་བ་ཡིན།
འོན་ཀྱང་ང་ལ་ལན་ཡོང་མཁན་མང་པོས་ལུགས་མི་འདྲ་བ་གཉིས་ཀྱི་དོན་མ་གོ་བར་ལན་བཏབ་འདུག
རྒྱུ་མཚན་དེ་ལ་དམིགས་ནས་འདིར་དཔེར་བརྗོད་ཅུང་རྒྱས་པའི་སྒོ་ནས་བཤད་པ་ལ།
དང་པོ་། གཞན་གྱི་ཡའི་དཔེར་བརྗོད་ནི།
མི་གྱོང་བོ། ཉག་རོང་བ། རྒྱ་མདའ་བ། མི་འཕེར་བོ། མིག་ཞར་བ། མི་དལ་བོ་དང་། བློ་གསལ་བ། ཁ་བདེ་བོ། སེ་ར་བ་སོགས་སོ།།
གཞན་གྱི་ཆའི་དཔེར་བརྗོད་ནི།
གཟུགས་གཞི་ཐང་པོ། རོང་པ། ཉེ་པོ། དགའ་པོ། ཕན་པོ། མདའ་པ། རྒྱན་ཆ་མཆོར་པོ། འཕེར་པོ། ཞར་པ། གུར་པ། ཚལ་པ། ལག་པ་བདེ་པོ། ཉ་པ། ཞེས་སོགས་ཚྭ་སྤྲུལ་གྱི་དཔེར་བརྗོད་ལས་བཏུས།
གཞན་གྱི་ཆའི་དཔེར་བརྗོད་མིང་མཐའ་སོགས་ལ་རིགས་འདྲར་སྦྱར་བ།
༡ ང་། མཐའ་ཅན་ནི། གསང་པ། ཆུང་པ། ཉུང་པ། ཐུང་པ། རིང་པ། སྣང་པ། ནང་པ། རིང་པོ། མང་པོ། འབྱུང་པོ།
༢ འ། མཐའ་ཅན་ནི། དགའ་པ། མཐའ་པ། དཔའ་པ། མངའ་པ། དཔའ་པོ། དགའ་པོ། མཛའ་པོ།
༣ ར། མཐའ་ཅན་ནི། འགྱུར་པ། ནོར་པ། འཁོར་པ། ཤར་པ། ཐར་པ། དཀར་པོ།
༤ ལ། མཐའ་ཅན་ནི། སྐལ་པ། འཁྲུལ་པ། རོལ་པ། གསོལ་པ། འདུལ་པ། གསལ་པོ། རྒྱལ་པོ། རིལ་པོ། ཧྲིལ་པོ།
༥ མཐའ་མེད། ཆེ་པ། མཐོ་པ། དགེ་པ། འགྲོ་པ། བདེ་པ། རྩ་པ། གསོ་པ། ཞུ་པ། ཁྲོ་པོ། གཙོ་པོ། བདེ་པོ། སླ་པོ། རི་པོ། གཏེ་པོ། ཆུ་པོ།
གཉིས་པ། བདག་གི་ཡའི་དཔེར་བརྗོད།
གོང་གི་དཔེར་བརྗོད་དེ་དག་གི་པ་ཡིག་བ་ཡིག་ཏུ་བསྒྱུར་ནས། གསང་བ། ཆུང་བ། འབྱུང་བོ། དགའ་བ། དཔའ་བོ། འགྱུར་བ། དཀར་བོ། སྐལ་བ། གསལ་བོ། དགེ་བ། བདེ་བ། ཁྲོ་བོ། གཙོ་བོ། ལྟ་བུ་རིགས་འདྲ་སླའོ། །
བདག་གི་ཆའི་དཔེར་བརྗོད་ནི།
ནང་བ་པ། མཐའ་བ་པ། མཁར་བ་པ། རྒྱལ་བ་པ། བཟོ་བ་པ། ལྟ་བུ་དང་། མཁར་བ་པོ། རྒྱལ་བ་པོ། བཟོ་བ་པོ། གསུང་བ་པོ། གཡེང་བ་པོ། དགའ་བ་པོ། ནོར་བ་པོ། འཁྲུལ་བ་པོ། འགྲོ་བ་པོ། ཞུ་བ་པོ། འཁུར་བ་པོ། འཐུ་བ་པོ། ལྟ་བུ་རིགས་འདྲ་བྱས་ན་ཤེས་སླའོ། །
ཡ་ཆ་གཉིས་སུ་དབྱེ་དགོས་པའི་རྒྱུ་མཚན་ནི།
དེ་ལྟར་ཡ་ཆ་གཉིས་སུ་དབྱེ་བ་མ་བཀར་ན། ནང་བ་བ། མཐའ་བ་བ། མཁར་བ་བ། དང་། གསུང་བ་བོ། དགའ་བ་བོ། ཞུ་བ་བོ་ལྟ་བུ་ཡིན་དགོས་པས་རེད། སྤྱིར་མཐའ་མེད་ལ་བ་འཐོབ་དགོས་པ་ལྟར་བ་ཡིག་གཉིས་ལྷན་ཏུ་ཡོད་ན་བརྗོད་མི་བདེ་བ་གོང་ལྟར་དང་། བརྡ་སྤྲོད་པའི་གཞུང་མང་པོ་དང་གཏད་ནས་མི་མཐུན་པའི་ཕྱིར་ན་ཡ་ཆ་གཉིས་སུ་དབྱེ་བ་འདོད་རིགས་སོ། ། ལེགས་བཤད་ལྗོན་དབང་གི་སྡོམ་ཚིག་དེ་ནི་བདག་སྒྲ་དང་མིང་མཐའ་གཉིས་ཀྱི་ཐུན་མོངས་ཡིན། དེ་གཉིས་སྦྱོར་ཚུལ་གཅིག་པ་ཡིན་པས་མིང་མཐའ་ལོགས་སུ་མ་བཀར། དོན་དུ་བདག་སྒྲ་ཡིན་མིན་ལ་ལྟོས་མི་དགོས། མདོར་ན་སྐབས་འདིའི་བདག་སྒྲ་ཟེར་བ་དེ་ནི། པ་བ་པོ་བོ། བཞི་འདི་ཡིན། དེ་བཞི་ཡ་ཆ་རུ་འགྱུར་མི་འགྱུར་དབྱེ་བ་གསུངས་པ་ཡིན་མ་གཏོགས་ཚེག་བར་ག་ལ་ཡིན། གལ་ཏེ་ཚེག་བར་ཡིན་ན། ཚེག་བར་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་ཅི་ལ་མི་གསུངས་། དེ་ཡང་སྦྱོར་ཚུལ་བཤད་པ་ཡིན་པས་གཉིས་ཀ་བདག་སྒྲ་ཡིན་དགོས་དོན་མེད་པའི་གནད་ཀ་འདི་ཤེས་རྒྱུ་གལ་ཆེའོ། །
ཞེས་པ་འདི་ཚེག་ཇ་འཐུང་ཞོར་དུ་ཀརྨ་དགེ་ལེགས་ཀྱིས་སྨྲས་པའོ། ། །།

ཚང་མ་བཞག་མི་འདུག དེ་ཕྱིར་གོང་དུ་ཡར་བཞག་པ་ཡིན།
ཀརྨ་དགེ་ལེགས་ལགས།
དེ་རིང་འདིར་དྲ་རྒྱའི་བརྒྱུད་ལམ་ཡག་པོ་ཞིག་མ་བྱུང་ནས་ཆ་མ་ཚང་བ་ཞིག་ཏུ་བྱས་ནས་བཀོད་འདུག་པར་དགོངས་དག་ཞུ་བ་དང་ཆབས་ཅིག ད་ལྟ་འདི་ནས་བསྐྱར་འགོད་ཞུས་ཡོད།
རྩ་བ་རང་ན་བདག་སྒྲ་ཡ་ཆ་གསུངས། །
འགྲེལ་བ་ནང་ན་ཚེག་བར་ཡ་ཆ་རྩིས། །
རྩ་འགྲེལ་གཉིས་ཀ་འགལ་བར་གྱུར་འདུག་པ། །
ཞིབ་མོར་ལྟོས་དང་ཤེས་པ་སླ་བོ་རེད། །
བརྩེ་མཆོག་ལྷག་བསམ་ཡང་དག་གཅིག།
ཕུལ་བྱུང་བློ་ཡི་རྣམ་དཔྱོད་གཉིས།།
ལག་ལེན་གསེར་གྱི་ཐིག་པ་གསུམ།།
གསུམ་འཛོམས་ཀརྨ་མུན་སེལ་མགོན།།
རྨད་བྱུང་དམ་པ་བོད་པའི་འོད།།