བེ་རི་རིག་པའི་རྡོ་རྗེ།
སྤྱིར་བཏང་སེམས་ཅན་སྤྱི་ཡོངས་ནས་བཤད་ན་མཐུན་ལམ་གལ་ཆེ་ལ། དེ་བས་ཀྱང་འགྲོ་བ་མི། དེའི་ནང་ནས་ཀྱང་འཐད་རྩོད་པའམ་སྐྱབས་བཅོལ་བ་ཞིག་ལ་མཚོན་ན། མཐུན་སྒྲིལ་ནི་མེད་དུ་མི་རུང་བའི་རྒྱུ་ཆ་གལ་ཆེན་ཞིག་རེད། རྒྱུ་མཚན་ཅི་ཡིན་སྙམ་ན། མཐུན་སྒྲིལ་གྱི་དགེ་མཚན་ནི་ཞི་བདེ་དང་སྟོབས་ཤུགས་རེད། དེ་མེད་ན་ཞི་བདེ་མི་ཡོང་ལ་སྟོབས་ཤུགས་ཀྱང་“མེད་ན་མི་འབྱུང་གི་འབྲེལ་བ་”རེད། གང་དུ་ཞི་བདེ་ཡོད་ན་དེར་འཐབ་རྩོད་དང་འཁྲུག་ལོང་སོགས་མེད་ལ། དེ་མེད་ན་བདེ་སྐྱིད་དང་། མཐུན་ལམ། སྟོབས་ཤུགས་བཅས་ངང་གིས་ཡོད་པ་“འདི་ཡོད་པས་འདི་འབྱུང་”ཟེར་བ་ལྟར་རྟེན་འབྱུང་གི་འབྲས་བུ་རེད།
དེས་ན་དང་པོར་གཞུང་དང་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་འབངས་ལ་འདྲ་མཉམ་གྱི་ལྟ་ཚུལ་ཡོད་དགོས། ཁྲིམས་ཐོག་ནས་འདྲ་མཉམ་བྱེད་དགོས། སྲིད་བྱུས་ཀྱི་ཐོག་ནས་གཅིག་གྱུར་བྱེད་དགོས། གལ་ཏེ་ཁྲིམས་དང་སྲིད་བྱུས་ཀྱི་ཐོག་ནས་མི་རིགས་དང་། ཆོས་ལུགས་སོགས་ལ་དབྱེ་འབྱེད་བྱས་ན། མཐུན་སྒྲིལ་ཡོང་ཐབས་རྩ་བ་ནས་མེད། དེ་གཉིས་མཐུན་སྒྲིལ་གྱི་རྨང་གཞི་ཡིན།
དེར་བརྟེན་དམངས་གཙོའི་རྒྱལ་ཁབ་ཁག་གི་རྩ་ཁྲིམས་ནང་དུ་སྤྱི་འབངས་ཀྱི་ཐོབ་དབང་ཐོག་ལྟ་ཚུལ་འདྲ་མཉམ་བྱས་ཡོད་ལ། ཆོས་བརྒྱུད་ཁག་གི་ལྟ་གྲུབ་དང་། དེའི་རིག་གནས། དེའི་གཙོ་འཛིན་མི་སྣ་བཅས་ལ་བརྩི་བཀུར་དང་། ཆེ་མཐོང་འདྲ་མཉམ་བྱེད་བཞིན་ཡོད། དེ་བྱས་ན་མཐུན་སྒྲིལ་རང་བཞིན་གྱིས་ཡོང་གི་ཡོད་ལ། དེ་མ་བྱས་ན་མཐུན་སྒྲིལ་ཟེར་བ་དེ་ཡོང་ཐབས་མེད་པ་ཞིག་རེད།
ང་ཚོའི་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ནང་དུ་ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་ཡོད། དེར་བརྟེན་གཞུང་དམངས་བར་ལ་འགལ་རྐྱེན་དང་། ཞི་འབོད་རྒྱུན་མི་ཆད་པར་ཡོང་གིན་ཡོད། དཔེར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་བཅུ་པ། ཆོས་དད་རང་དབང༌ཞེས་པར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།” ཅེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ལྟར་སྙིང་རྗེ་བོ་ཞིག་བཀོད་ཡོད་མོད།
དེའི་གཤམ་དུ་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས། “ཁ། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་ཆོས་བརྒྱུད་ལྔ་ལས། ཇོ་ནང་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཁྲིམས་ཐོག་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། འདིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་བཏང་བ་རེད། ཆོས་བརྒྱུད་བར་ལ་དབྱེ་འབྱེད་བྱས་པ་རེད།
ད་དུང་གོང་གི་དོན་ཚན་བཅུ་པ། ཆོས་དད་རང་དབང༌ཞེས་པར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་ཞེས་པ་དེ་དང་རྒྱབ་འགལ་ཆགས་ཡོད་པས། འདི་ལ་ཁྲིམས་འགལ་ཟེར་བ་རེད། འདི་ལས་ལྷག་པའི་ཁྲིམས་འགལ་ཞིག་ཡོད་པ་མ་རེད། འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གི་བསྒྲག་ཡིག་དང་འགལ་ཡོད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟེར་བ་དེ་དང་ཡོངས་སུ་འགལ་ཡོད་པས། ཁྲིམས་ལུགས་རམ་འབྱམས་པའི་ལག་འཁྱེར་དགུ་བརྩེགས་ཡོད་ཀྱང་འདི་ལ་འགྲེལ་བཤད་རྒྱག་ས་ཡོད་མ་རེད།
དེ་བཞིན་དུ། བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་དང་།
ཡང་། དོན་ཚན་ལྔ་པ། ཆོས་དོན་ལྷན་ཚོགས། “བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཕྱོགས་ཀྱི་བྱ་བ་ཡོངས་ལ་ལམ་སྟོན་སྟངས་འཛིན་དང༌། སྒྲིག་གཞི་གཏན་འབེབས་བྱེད་པོའི་ཆོས་དོན་ལྷན་ཚོགས་ཤིག་དགོས་པ་ཡིན།” ཞེས་དང་།
ཡང་། དོན་ཚན་དྲུག་པ། ཆོས་དོན་ལྷན་ཚོགས་ཀྱི་གྲུབ་ཆ། “བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཡོངས་གྲགས་དབུ་ཁྲིད་རྣམ་པའམ། དེ་དག་གིས་དམིགས་བསལ་འགན་དབང་བསྐུར་བའི་སྐུ་ཚབ་རྣམ་པ།” ཅེས་ཁ་དང་ཁ་སྤུ་སོ་སོར་ཕྱེས་ཏེ་ཇོ་ནང་ཆོས་བརྒྱུད་བོད་ཀྱི་མི་གྲལ་དང་ཆོས་གྲལ་ནས་ཕུད་ཡོད།
ཡང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་གསུམ་པ། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཞེས་པའི་ནང་གསེས། ཁ། “ས་གནས་དེར་གཏན་སྡོད་ཆོལ་ཁ་རེ་ནས་མི་འཐུས་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་མི་འཐུས་རེ།” ཞེས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཡོད། རང་དབང་དང་དམངས་གཙོའི་ལུང་བ་ཞིག་ལ་མཚོན་ན། འདི་གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་རེད།
མདོར་ན་བཙན་བྱོལ་བོད་གཞུང་གིས་ཁྲིམས་ཐོག་ནས་ཆོས་ལུགས་དབྱེ་འབྱེད་བྱས་ཡོད། གཅིག་མཚུངས་མིན་པའི་ཁྲིམས་ཡིག་བཟོས་ཡོད། དེས་རྐྱེན་གྱིས་ང་ཚོས་རང་གི་གཞུང་ལ་འོས་མཐུན་གྱི་ཞི་འབོད་བྱེད་ཀྱིན་ཡོད་རེད། ཁྲིམས་ཐོག་ནས་གཅིག་གྱུར་བྱེད་རོགས། ང་ཚོར་བདམ་བྱ་འདེམས་བྱེད་ཀྱི་ཐབ་ཐང་གནང་རོགས་ཞེས་འབོད་སྒྲ་སྒྲོག་བཞིན་ཡོད།
ཁ་ཅིག་གིས། ཇོ་ནང་ཚང་གིས་ཅིས་ཕྱིར་རང་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཅེས་དྲི་བ་གཏོང་བཞིན་ཡོད། དེ་ལ་ངས་གསལ་བོར་ཞུ་འདོད་པ་ནི། ང་ཚོ་ཇོ་ནང་ཚང་གིས་རང་གཞུང་ལ་རེ་འབོད་གཅིག་རང་གཅིག་ཞུ་ཡི་ཡོད། དེ་གང་ཡིན་ཟེར་ན། ཐུན་མོང་གི་ཐོབ་ཐང་དང་། དམངས་གཙོའི་ཁེ་དབང་། རང་གི་དད་ཡུལ་ཆོས་བརྒྱུད་ཀྱི་འཐུས་མི་འོས་འདེམས་ཆོག་པའི་རེ་སྐུལ་ཞུ་ཡི་ཡོད། འདི་ང་ཚོའི་ཐོབ་ཐང་རེད། ཆོས་བརྒྱུད་གཞན་དག་ལ་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་པའི་ཐོབ་ཐང་ཡོད་པ་རེད། ཇོ་ནང་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཆོས་བརྒྱུད་ཀྱི་སྤྱི་འཐུས་བདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་མ་རེད།
དམངས་གཙོ་དང་རང་དབང་ལུང་བར་མཚོན་ན། འདི་ལས་ལྷག་པའི་ཁྲིམས་འགལ་ཞིག་ཡོད་མ་རེད། འདི་ལས་ལྷག་པའི་དབྱེ་འབྱེད་ཅིག་ཡོད་མ་རེད། འདི་ལས་ལྷག་པའི་མཐོང་ཆུང་ཞིག་ཡོད་མ་རེད། འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རྩ་ཁྲིམས་དང་འགལ་བ་རེད། རང་གཞུང་གི་བཅའ་ཁྲིམས་དང་འགལ་བ་རེད། དེར་བརྟེན་ང་ཚོས་ངོས་ནས་དྲང་བདེན་དང་གནས་ལུགས་དཔང་བོར་བཞག་ནས། སྤྱི་འབངས་ཀྱི་ཐོབ་ཐང་ཞིག་རྩོད་ལེན་བྱེད་བཞིན་ཡོད། གང་ན་དྲང་བདེན་མེད་ན། དེ་ན་ཞི་རྒོལ་དང་། གང་ན་དབྱེ་འབྱེད་ཡོད་ན། དེ་ན་འདྲ་མཉམ་གྱི་འབོད་སྒྲ་ཡོད་པ་ཆོས་ཉིད་རེད།
དེས་ན་རང་གཞུང་གི་མཛད་གཙོ་རྣམ་པས། དྲང་བདེན་དང་གནས་ལུགས་དཔང་བོར་བཞག་ནས། རང་གི་སྤྱི་འབངས་སུ་གཏོགས་པའི་མི་རིགས་དང་། ཆོས་ལུགས། ཕོ་མོ། ཤ་མདོག་བཅས་ལ་དབྱེ་འབྱེད་མེད་པར་ཡང་དག་པའི་དམངས་གཙོའི་ལུགས་སྲོལ་ཕྱག་ལེན་དུ་འདེབས་རོགས། བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་རང་དཔེ་གཞན་སྟེང་དུ་བཞག་ནས་རྒྱལ་བ་ཇོ་ནང་པར་རྒྱབ་སྐྱོར་གནང་རོགས། ཁྱེད་ཅག་གི་དད་ཡུལ་ཆོས་བརྒྱུད་ལ་ཐོབ་ཐང་གང་ཡོད་པ་དེ་ང་ཚོར་ཡང་དགོས་ཀྱི་ཡོད་ལ། ཁྱེད་རྣམ་པས་རང་གི་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་འདེམས་བྱེད་ཀྱིན་ཡོད་པ་བཞིན། ང་ཚོས་ཀྱང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་འདེམས་བྱེད་འདོད་ཡོད། འདི་ཐུན་མོང་གི་ཐོབ་ཐང་རེད། དམངས་གཙོའི་ཁེ་དབང་རེད། ཐོབ་ཐང་འདི་གཅིག་ལ་ཡོད་པ་དང་། གཅིག་ལ་མེད་པ་ཡིན་ན། འདི་ལ་དབྱེ་འབྱེད་ཟེར་བ་རེད། དེ་ཡིན་མིན་གནད་དོན་འདི་རང་སྟེང་དུ་བཞག་ནས་དགོངས་པ་ཞིག་བཞེས་དང་། དཔྱོད་ཤེས་ལྡན་པ་ཞིག་ཡིན་ཕྱིན་སྒྲུབ་བྱེད་གཞན་འགོད་མི་དགོས་པར་ལས་སླ་བོར་རྟོགས་ཐུབ།
དེར་བརྟེན། ༧གོང་ས་ཐམས་ཅད་མཁྱེན་པས། “ཡག་པོ་རེད། ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད་པ། རྩོད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།” ཞེས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན། ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པའི་ཚོགས་བཅར་བ་རྣམས་ལ་ཐུགས་བརྩེས་མཇལ་ཁ་གནང་སྐབས་དངོས་སུ་གསུངས་ཡོད།
བེ་རི་རིག་པའི་རྡོ་རྗེས། ཕྱི་ལོ་༢༠༡༦ ཟླ་༩ ཚེས་༡༦ ཉིན། ཇོ་ནང་སྐུ་ཚབ་ལྷན་འཚོགས་གྲ་སྒྲིག་བྱེད་སྐབས་ཀྱི་བར་གསེང་ཞིག་ཏུ། རྡ་ས་ནོར་གླིང་ཇོ་ནང་དུས་འཁོར་གྲྭ་ཚང་ནས་བྲིས།
ཇོ་ནང་ནི་བོད་ཀྱི་ཆོས་བརྒྱུད་བྱེ་བྲག་པའམ་རང་མཚན་པ་ཞིག་ཡིན་པ་ཆོས་འབྱུང་ལོ་རྒྱུས་ཁག་ན་གསལ་བོར་སྣང་བས། ཇོ་ནང་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ཡོད་འོས་པ་ཞིག་རེད།
ཇོ་ནང་ལ་རྒྱབ་སྐྱོར་ཡོད། གཞུང་གི་འཐེན་འཁྱེར་འདི་ལ་གཏན་ནས་བསུན་སོང་། གཙོ་བོ་ཆོལ་ཁ་དང་ཆོས་ལུགས། ཨ་ཨ་ཨ། དངོས་གནས་ཡིད་ཐང་ཆད་སོང་། ད་ནི་གཞོན་ནུ་ལ་ཞལ་འདེབས་རེ་སྤྲད་ནས་འདུག་རྒྱུ་ཡིན། དཔྱ་དངུལ་ཡང་སྤྲོད་རྒྱུ་མིན། རྒྱུ་མཚན་ཆོལ་ཞེན་གྱི་བཟི་ཡོད་པའི་སྤྱི་འཐུས་དེ་དག་གི་ལག་ལ་སྐར་མ་གང་སྤྲོད་འདོད་མེད། དེ་བས་གཞོན་ནུ་ལྟ་བུ་ཆོས་ལུགས་དང་ཆོལ་ཁ་རིས་མེད་རང་རེད། དགའ་བོ་ཡོད།
མ་གཞི་ཆོས་རྒྱུད་སྤྱི་འཐུས་གཅིག་ལ་རྩོད་ཀྱི་ཡོད་ན་ངལ་བའི་རྒྱུ་རེད་མ་གཏོགས་ཇོ་ནང་གི་ཆོས་རྒྱུད་རྒྱུན་འཛིན་དང་འཆད་ཉན་དར་སྤེལ་གཏོང་རྒྱུའི་ཐད་ལ་ཐོབ་ཐང་འདྲ་མཉམ་མེད་ན་ངེས་པར་དུ་བརྩོན་ལེན་དགོས་དང་དགོས། ཆོས་རྒྱུད་སྤྱི་འཐུས་དགོས་གལ་ཆེ་མིན་དེར་འདས་ཟིན་ནང་མཐོང་ཟིན་ཡོད་པས་གསལ་བཤད་མ་དགོས། གང་ལྟར་ཇོ་ནང་རྒྱུད་འཛིན་ཚོས་རྩོད་ཕྱོགས་མ་ནོར་བར་གནང་དགོས་རྒྱུ་གལ་ཆེའོ།།
བཙན་བྱོལ་བོད་གཞུང་གིས་རང་གི་མི་སེར་གྱི་ཁྲིམས་མཐུན་ཁེ་དབང་རྡོག་རོལ་དུ་གཏོང་གིན་གཏོང་གིན་རྒྱ་གཞུང་ལ་འདྲ་མཉམ་ཁེ་དབང་རྩོད་པ་ཟེར་བ་འདི་འཛམ་གླིང་མི་མང་ལ་གད་མོ་སློང་བ་རང་རེད།
སྐད་ཆ་དྲང་པོ་བཤད་དགོས་ཀྱི་འདུག ཇོ་ནང་ཆོས་རྒྱུད་ལ་སྤྱི་ཐུས་དགོས་པ་དེ་བདེན་པ་རེད། སྤྲོད་དགོས་པ་ཡང་བདེན་པ་རེད།
ཡིན་ནའང་། བོད་གཞུང་གི་རྩ་ཁྲིམས་ལ་སྐྱོན་བཏོན་པ་འདི་བདེན་པར་མི་མཐོང་། ཐོག་མ་རྩ་ཁྲིམས་བཟོ་བཅོས་རྒྱག་པའི་སྐབས་ལ། ཇོ་ནང་ནི་ས་སྐྱའི་ནང་ལ་ཡོད། གཞུང་གིས་དམིགས་བསལ་ཇོ་ནང་ཆོས་རྒྱུད་ལ་མཐོང་ཆུང་ཁྱད་སོད་བྱས་པ་དེ་འདྲ་མ་རེད་སྙམ། དྲང་པོ་བྱས་ན་བཟང་།
གཉིས་ནས་ཇོ་ནང་ཆོས་རྒྱུད་འཛིན་པ་ཚོར་སྤྱི་ཐུས་ཐོབ་ཐང་སྤྲོད་པ་བཞིན་བོད་ཀྱི་ཁ་ཆེ་དང་ཡེ་ཤུའི་པ་ལ་ཡང་ངེས་པར་དུ་དགོས། ཁ་ཆེ་དང་ཡེ་ཤུ་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཤོས་གཉིས་པོ་རེད། ལོ་རེ་བཞིན་བོད་པ་ཡེ་ཤུའི་ཆོས་ལུགས་ལ་ཞུགས་མཁན་ཇེ་མང་རེད། ལ་དྭགས་དང་ལྷ་སར་བོད་པའི་ཁ་ཆེ་ཇེ་མང་རེད། ཨ་མདོའི་ཁུལ་ལ་ཡང་བོད་པའི་ཁ་ཆེ་ཇེ་མང་རེད། དེ་བཞིན་བཀའ་བློན་སྦུག་ལ་བོད་པའི་ཡེ་ཤུ་བ་ཇེ་མང་རེད། བོད་ལ་མཚོན་ན། ཁམས་འབའ་ཡི་ཁུལ་ལ་ཡེ་ཤུ་ཇེ་མང་རེད། དེར་བརྟེན། ཐེངས་རྗེས་མའི་སྤྱི་ཐུས་ཚོགས་འདུའི་སྐབས་ལ། ཇོ་ནང་། ཁ་ཆེ། ཡེ་ཤུ་བཅས་ལ་ངེས་པར་དུ་སྤྱི་ཐུས་སྐུ་ཚབ་ཀྱི་ཐོབ་ཐང་སྤྲོད་དགོས། ཆོས་ལུགས་འདི་གསུམ་པོ་མཉམ་དུ་ཆིག་སྒྲིལ་བྱས་ནས་ཐོབ་ཐག་བརྩོད་ལེན་བྱས་ན་ཕན་པ་ཆེ།
ཇོ་ནང་གིས་ཆོས་ལུགས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད་དང་སྲིད་ལུགས་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད། དང་པོ་ལྟ་ན། ཇོ་ནང་ཚང་གིས་འཇོན་ན་རང་ཁོངས་ཀྱི་ཆོས་ལུགས་ཀྱི་བྱེད་སྒོ་ཡོད་ཚོད་ལ་ཐོབ་ཐང་འདྲ་མཉམ་གྱིས་རང་འདོད་ལྟར་གནང་རྒྱུའི་གོ་སྐབས་ཞིག་བཙན་བྱོལ་ཚང་ལ་ཡོད་ཡོད་པ་རེད། གཉིས་པ་ལྟ་ན། དེ་ནི་སྲིད་དོན་གྱི་བྱ་བར་ཆོས་ལུགས་ཀྱིས་དབང་སྒྱུར་བྱེད་པ་ཡིན་པས་སྐབས་འདིར་མི་འཚམས། དེ་བཞིན་བོད་ཀྱི་ཁ་ཆེ་དང་ཡེ་ཤི་སོགས་ཆོས་ལུགས་ཁག་ལ་ཡང་ཅིག་མཚུངས་རེད། མ་གཞི་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིས་ཆོས་མིན་སྲིད་མིན་གྱིས་བྱ་སྤྱོད་མང་དག་ཞིག་གིས་བོད་ཀྱི་ལས་དབང་གི་གནས་སྟངས་ནི་ས་འཚམས་འདིར་སླེབས་པ་རེད། ད་དུང་འདི་མོལ་་གྱིས་ནང་ཁུལ་ཆོས་ཆོལ་ལུང་ཚན་སྒེར་སྤྱེད་ཀྱི་བསམ་སྤྱོར་ནི་འོས་པར་མ་མཐོང་ངོ།
བོད་པ་ཁ་ཆེའི་སྐོར་ལ་འདིར་གཟིགས་ཤིག
http://www.khabdha.org/?p=85783
ཁོང་ཚོར་ངེས་པར་དུ་སྤྱི་ཐུས་ཀྱི་ཐོབ་ཐང་སྤྲོད་དགོས།
་་་་་་་་་་ དེར་བརྟེན། ཐེངས་རྗེས་མའི་སྤྱི་ཐུས་ཚོགས་འདུའི་སྐབས་ལ། ཇོ་ནང་། ཁ་ཆེ། ཡེ་ཤུ་བཅས་ལ་ངེས་པར་དུ་སྤྱི་ཐུས་སྐུ་ཚབ་ཀྱི་ཐོབ་ཐང་སྤྲོད་དགོས། ་་་་་་་་་
སྐད་ཆ་དྲང་པོ་བཤད་དགོས་ཀྱི་འདུག ཇོ་ནང་ཆོས་རྒྱུད་ལ་སྤྱི་ཐུས་དགོས་པ་དེ་བདེན་པ་རེད། སྤྲོད་དགོས་པ་ཡང་བདེན་པ་རེད།
ཡིན་ནའང་། བོད་གཞུང་གི་རྩ་ཁྲིམས་ལ་སྐྱོན་བཏོན་པ་འདི་བདེན་པར་མི་མཐོང་། ཐོག་མ་རྩ་ཁྲིམས་བཟོ་བཅོས་རྒྱག་པའི་སྐབས་ལ། ཇོ་ནང་ནི་ས་སྐྱའི་ནང་ལ་ཡོད། གཞུང་གིས་དམིགས་བསལ་ཇོ་ནང་ཆོས་རྒྱུད་ལ་མཐོང་ཆུང་ཁྱད་སོད་བྱས་པ་དེ་འདྲ་མ་རེད་སྙམ། དྲང་པོ་བྱས་ན་བཟང་།
ཡང་གཅིག་བཤད་ན། ད་ལོ་མགོ་ལོག་ཇོ་ནང་པ་རྣམས་ནས་སྲིད་སྐྱོང་སློབ་བཟང་སངས་རྒྱས་ལ་འོས་འཕངས་པ་མ་རེད་དམ། དེའི་རྐྱེན་གྱིས་ཁྱེད་ཚོ་ལ་རྒྱབ་སྐྱོར་བྱེད་འདོད་མེད།
དེ་ན་དོ་རྒྱལ་རྗེས་འབྲང་པ་ཚོ་ལའང་སྐུ་ཚབ་སྤྱི་འཐུས་ཤིག་དགོས་ངེས་རེད།། ཧ་ཧ། དོལ་རྒྱལ་བསྟེན་མཁན་ཚོ་ནང་པ་མ་རེད་ཟེར་གི་འདུག དོལ་རྒྱལ་ཆོས་རྒྱུད་གཞན་ཞིག་ཆགས་འགྲོ་རྒྱུ་རེད། ཆོས་ལུགས་དད་པའི་རང་དབང་གི་རྩ་ཁྲིམས་ནང་ལྷ་དང་འདྲེ་བསྟེན་མཁན་ཞེས་པའི་དབྱེ་བ་ཕྱེས་མེད་ལ་ཕྱེ་ཡང་མི་ཆོག ། ཅི་སྟེ་ཆོས་ལུགས་དད་པ་རང་དབང་སོགས་ཉ་ཉོག་མང་པོ་བཤད་ན་བོད་པའི་ནང་ཁུལ་དུ་རྩོད་རྙོག་རྫོགས་མཐའ་མེད་པ་ཞིག་ཡོང་གི་རེད།
བོན་ལུགས་གསེར་ཞུན་འདྲ་བའི་སྤྱི་འཐུས་་་བརྒྱད་དམ་བཅུ་ངེས་པར་དུ་དགོས་ངེས་རེད། དེ་འདྲ་གནང་ཐུབ་ན་ཡ་རབ་བཟང་སྤྱོད་ཅེས་པ་ཁ་བཤད་དོན་ལ་གནས་པ་དང་། དམངས་གཙོའི་དྲང་བདེན་དང་དུས་རབས་ཉེར་གཅིག་པའི་བསམ་ཤེས་མཆོག་ཏུ་གྱུར་པ་ཞིག་ཏུ་འགྱུར་ངེས། བོད་མི་རིགས་ཟེར་བ་ཞིག་ཡོད་ནའང་ཡོད་གོ་ཆོད་པ་རེད། གནས་ལུགས་ཀྱིས་ཕྱུག་པའི་རང་ཚུགས་ཡོད་པའི་སྒང་ལ་གཞན་གྱི་རིག་གནས་བདག་པོ་རྒྱག་ཐུབ་པའི་བྱས་རྗེས་ཀྱང་ཡོད་པར་མཚོན་ཐུབ་བོ། །
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་བཞག་པ་དང་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་སྔོན་འགྲོ་དང་དངོས་གཞི་གཉིས་བཞག་པ་འདི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལམ་ལུགས་དང་མཐུན་པ་ཡིན་ཤེས་མ་སོང་ན་ད་ཇོ་ནང་དང་ཁ་ཆེ་དང་ཡི་ཤུ་དང་འཇེན་ལ་སོགས་པ་བོད་པའི་སྤྱི་ཚོགས་ནང་ཆོས་བརྒྱུད་འཛིན་མཁན་ཚང་མ་ལ་གོ་སྐབས་ཕུལ་དགོས་པ་ནི་མང་གཙོ་དང་དྲང་བདེན་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གཏམ་དེ་དོན་ལ་གནས་དགོས་པ་མ་རེད་དམ་?
ང་ཚའི་བཙན་བྱོལ་དབུས་གཞུང་ནི་ཆོས་ལུགས་ཀྱི་གོ་ས་རྩོད་ས་མིན་པས། ད་ཁྱེད་རང་ཚོ་ཁ་བཙུམ་ནས་བསྡད་ན་བཟང་།
ང་ཚོར་རང་བཙན་ཡོད་དུས་དང་ཤོར་དུས་ལ། ༧གོང་ས་མཆོག་ལ་ཕྱག་གཡས་གཡོན་ལྟ་བའི་འཐབ་རོགས་པ་ཡོད་ཚད་ལ་གོ་གནས་གང་མིན་ཞིག་སྤྲད་ཡོད་པ་རེད། དེ་ནི་ཡག་པོ་རེད།
དེ་མིན་མང་གཙོ་ཟེར་བའི་མིང་གི་གོ་སྐབས་ཞིག་ལ་གཞི་བཞག་ནས། ཁྲམ་པ་དང་སྨྱོན་པ་ཚོས་གྱོད་རྒྱག་གི་ཡིན་ཟེར་ན། ཁྱེད་རང་ཚོ་སྐྱིད་ཐག་ཆོད་རེད་ཞུ་ཡ་ཡིན།
ཨ་རི།་རྒྱ་གར། ཡོ་རོབ། ཨོ་སུ་ཁྲི་ལེ་ཡ་སོགས་རྒྱལ་ཁབ་མང་པོ་མང་གཙོ་ཡིན་པ་གང་ཞིག། དེ་དག་གི་ནང་ན་ཆོས་ལུགས་འདྲ་མིན་ཅོ་བརྒྱད་ཡོད་པ་རེད། ཡིན་ན་ཡང་དེ་དག་ལ་ཆོས་སྡེ་ཁག་རེ་རེ་ནས་གཞུང་ཞབས་པ་རེ་སྐོས་ཡོད་པའི་སྐད་ཆ་འདྲ་གོ་མྱོང་མེད། ངས་མ་གོ་བ་མང་པོ་སྲིད་ན་ཡང་། ང་ཚོ་འདྲ་མཉམ་དང་མང་གཙོ་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཚོ་ལ་ས་ཞིག་སྤྲད་མི་དགོས་བ་ངེས་གདན་ཡིན། གོ་ཨེ་སོང་།
དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ལགས། བོད་གཞུང་གི་ཆོས་བརྒྱུད་ཚང་མ་ལ་ཐོབ་ཐང་ག་རེ་ཡོད་ན་དེ་འདྲ་དེ་རྒྱལ་བ་ཇོ་ནང་པ་ལ་ཡང་ཡོད་དགོས་ཀྱི་རེད། ཆོས་ལུགས་འདྲ་མཉམ་རེད། སྤྱི་འཐུས་དགོས་པ་བདེན་པ་རེད། རྙིང་མ་དང་བཀའ་བརྒྱུད་དང་ས་སྐྱ་དང་དགེ་ལུགས་ཇོ་ནང་དང་བོན་དང་བདུན་དེ་ཐོབ་ཐང་འདྲ་མཉམ་དགོས་པ་དེ་གལ་ཆེན་པོ་མཐོང་གི་ཡོད། ངེས་པར་དུ་སྤྱི་ཐུས་ཀྱི་ཐོབ་ཐང་སྤྲོད་རོགས་ཞེས་རེ་བསྐུལ་ཞུ་བཞིན་ཡོད།།
ཆོས་དྲུག་དེ་ལ་ཐོབ་ཐང་འདྲ་མཉམ་དགོས་ལགས། གོང་དེ་བདུན་བྲིས་པ་དེ་ཡིག་ནོར་རེད།
ཤར་ཁ། བདུན་ལ་བཞག་ན་འགྲིགས། དོལ་རྒྱལ་དེ་ཡང་དགེ་ལུགས་ལས་ཟུར་ལ་ཐོན་ཟིན་པས། རིང་མིན་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་དགོས།
all sect of tibetan Buddhist have equal rights
and equal responsibility to serve tibetan people
and Jo nang.must get chietue.seat.in exiled
Tibetan parliament on near feture.