ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པའི་ལས་ཁུངས་གཏན་འབེབས་བྱུང་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་གནང་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་འདེམས་ཐོན་བྱུང་བའི་བཀའ་བློན་རྣམས་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༢ པའི་དགོངས་དོན།
བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཀརྨ་ཡེ་ཤེས་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཤར་གླིང་ཟླ་སྒྲོན་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་བཞེས་རྒྱུ་དང་།
ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་དང་། འདེམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིར་ཐོངས་མཆན་དུས་འགྱངས་ཞུ་རྒྱུར་ཕེབས་ཡོད་པས་རིང་མིན་ཕྱིར་ཕེབས་ཀྱིས་དམ་འབུལ་ཞུས་མཚམས་ལས་འགན་བཀོད་སྒྲིག་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཞེས་འཁོད་ཡོད་པ་བཅས།།
བཀའ་བློན་རྣམ་པའི་ལས་འགན་ངོ་སྤྲོད་གནང་བ་གང་ལེགས་བྱུང་འདུག་ ཐུགས་རྗེ་ཆེ་ལོ་ལྔའི་རིང་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་གྲལ་རིམ་གྱི་མགོ་སྐོར་ཐེན་ཁྱེར་ནང་མ་ཚུད་པ་ཟབ་ནན་གནང་རོགས་ཐུགས་རྗེ་ཆེ་བཀྲིས་བདེ་ལེགས་།
དེར་གནད་དོན་གཉིས་ལས་མེད། གཅིག་ནི་བློ་སེང་གིས་ཟླ་སྒྲོན་ལགས་ཀྱི་ལོ་ཚད་ཤེས་བཞིན་དེ་ལྟར་བཅའ་ཁྲིམས་རིན་པོ་ཆེར་རྩི་མེད་བཏང་བ་དང་། གཉིས་ནི་བཀའ་བློན་གྱི་འོས་ཆོས་བཅའ་ཁྲིམས་ནང་གཏན་འབེབ་གང་ཡོད་པ་རྣམས་རྒྱུས་མངའ་མེད་སྟེང་གང་ཟག་གི་དབང་བསྒྱུར་རྣམ་པ་སྟོན། གཅིག་བྱས་ན་རང་གི་གྲོགས་པོ་འཕྲོད་བསྟེན་བཀའ་ཟུར་ཚེ་རིང་དབང་ཕྱུགས་ཀྱི་སྤུན་མཆེད་དབུས་གཙང་གི་སྒུག་སྡོད་སྤྱི་མཐུས་འཇམ་དབྱངས་ཉིད་སྤྱི་མཐུས་ས་མིག་ཐོབ་ཆེད་ཇུས་ངན་ཡིན་སྲིད། གང་ལྟར་གནས་ཚུལ་ཡིད་ལ་མི་འཚིམ་པ་ཆགས་འདུག གང་ལྟར་ཉིན་དང་པོར་འདམ་འབུལ་ཁས་ལེན་བྱས། ཉིན་གཉིས་པར་བསྟན་པ་བཤིགས།
ཕྱོགས་གསུམ་ནོར་བ།
དང་པོ། བཅའ་ཁྲིམས་གཞིར་བཟུང་འོས་ཆོས་ཚང་མིན་དེ་དང་ཐོག་བཀའ་བློན་འོས་མི་རང་ཉིད་ཀྱི་མཁྱེན་མཁྱེན་པ་རེད། སྐབས་མཚམས་སྲིད་སྐྱོང་མཆོག་ལ་ཚང་གི་མེད་ལུགས་ཀྱི་གནས་སྟངས་ཞུས་ཏེ་དགོངས་པ་ཞུ་དགོས་པ་དེ་མ་ཞུས་པའི་ནོར་བ།
གཉིས་པ། སྲིད་སྐྱོང་མཆོག་ནས་འདེམས་བཞིན་པའི་བཀའ་བློན་རྣམས་འོས་ཆོས་ཚང་མིན་ཞིབ་བཤེར་འཐུས་ཚང་ངེས་པར་དུ་གནང་དགོས་པ་དེ་མ་གནང་བའི་ནོར་བ།
གསུམ་པ། བོད་མི་མང་སྤྱི་འཐུས་རྣམ་པས་སྐབས་མཚམས་གནས་ལུགས་རྒྱུ་མཚན་ར་སྤྲོད་ཀྱིས་བཀག་འགོག་གནང་དགོས་པ་རེད། དེ་མ་གནང་བའི་ནོར་བ།
ནོར་འཁྲུལ་ཚང་མས་བྱས་པ་རེད། ཆེ་ཆུང་གི་དབྱེ་མཚམས་བཞག་ཆོག་རྒྱུ་རེད།
ཧོར་རྒྱུགས་བྱེད་པོ་བློ་སེང་ལ། །
རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་དང་། །
སྐོ་མཁན་འོས་བསྡུ་ལྷན་ཚོགས་བཅས། །
ཧོར་རྒྱུགས་བྱེད་མཁན་འདྲ་འདྲ་རེད། །
བློ་སེང་གཏམ་ལ་ཡིད་ཆེས་ན། །
འདི་འདྲ་རེ་ལས་ཅི་ཞིག་འབྱུང་། །
ཤོག་བུ་འདྲ་བའི་ཤར་གླིང་དེ། །
བློ་སེང་རླུང་གིས་ཁྱེར་ལ་ལྟོས། །
དེང་སང་ཧོར་རྒྱུགས་བྱེད་པོ་ཚོར། །
བརྟག་ཅིང་དཔྱད་པ་མ་བྱས་པར། །
གཞན་ཟེར་རྗེས་སུ་རྒྱུགས་དྲགས་ན། །
ཟླ་སྒྲོན་ཤར་གླིང་ལྟ་བུར་འགྱུར། །
༢༠༡༦།༥།༣༡ ཞོགས་པ་ཤར་གླིང་ཟླ་སྒྲོན་དང་། སྤྱི་འཐུས་ ༤༤ ཡིས་(བཙན་བྱོལ་བོད་མིའི་བཅའ་ཁྲིམས་) དགོངས་དོན་འགལ་མེད་བྱ་ཡི་ཡིན་ཞེས་མཆོག་གསུམ་དཔང་འཛུགས་ཀྱིས་དམ་བཅའ་ཕུལ།
༢༠༡༦།༦།༡ ཞོགས་པ་(བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ལེའུ་བཞི་པ། དོན་ཚན་ཉེར་གཅིག་པ་) དང་འགལ་ནས་འོས་ཆོས་མི་ཚང་བ་ཞིག་བཀའ་བློན་ལ་དོ་བདག་གིས་བཞེངས་རྒྱུའི་ཁས་ལེན་དང་། གཞན་ཚོས་འདེམས།
༢༠༡༦།༦།༢ ཞོགས་པ་གྲོས་ཚོགས་ཐོག་སྤྱི་འཐུས་ཚོ་དང་། སྲིད་སྐྱོང་། ལྷག་པར་དུ་འོས་ཆོས་མི་ཚང་བའི་ཕྱི་དྲིལ་བཀའ་བློན་མིང་འཛིན་པ་ཤར་གླིང་ཟླ་སྒྲོན་གྲོས་ཚོགས་ཞབས་སྟེགས་ཐོག་བསྡད་ནས་ཤེས་ནའང་མི་ཤེས་ཁུལ་གྱིས་གནས་ཚུལ་ལས་གཡོལ་ཐབས་བྱས་ནའང། སྤྱི་ཚོགས་དྲ་ལམ་ཁག་དང་། ལྷག་པར་དུ་ཕ་ཡུལ་དྲ་རྒྱའི་ http://www.phayul.com/news/article.aspx?id=37648&article=Tibetan+PM+withdraws+Sharling%27s+nomination+from+cabinet+over+age+row ཐོག་གནས་ཚུལ་ཐོན་ཡོད། འོ་ན་དམ་འབུལ་བྱས་པའི་སྤྱི་འཐུས་ཡོངས་ཀྱིས་ (འཇིགས་ཞུམ་ཆགས་སྡང་མེད་པར་དྲང་བདེན་ལྷག་བསམ་ཟོལ་མེད་བྱ་རྒྱུའི་དམ་བཅའ་)བཞག་ཟིན་པའི་སྤྱི་འཐུས་ཚོས་མི་གསུངས་དོན་གང་ཡིན་ནམ།
༢༠༡༦།༦།༣ གསར་འགོད་པས་སྤྱི་འཐུས་ཚོགས་གཙོར་གནས་ཚུལ་དེའི་སྐོར་དྲིས་ཀྱང་ལན་མ་གནང་བ་དང་། ཚོགས་གཞོན་གྱིས། འཛིན་སྐྱོང་དང་འབྲེལ་བའི་གནས་ཚུལ་སྐོར་བརྗོད་པ། དོ་བདག་ཕྱི་དྲིལ་བཀའ་བློན་མིང་འཛིན་པ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་ཁ་པར་བཏང་ཡང་ཁ་པར་མ་ལེན་པ། ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་ཅུང་ཞིབ་ཕྲ་ཐོན་པ་བཅས་ལ་བརྟེན། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གྲོས་ཚོགས་ཐོག་ནན་བརྗོད་གནང་དགོས་བྱུང་བ་དང་། སྲིད་སྐྱོང་གིས་གྲོས་ཚོགས་ལ་དགོངས་སེལ་དང་སྦྲགས་ནས་ཤར་གླིང་ཟླ་སྒྲོན་འོས་ཆོས་མི་ཚང་བར་བརྟེན་བཀའ་བློན་ནས་ཕྱིེར་འཐེན་ཡིན་ཞེས་མི་བརྗོད་དཀའ་མེད་བྱུང་ཡོད།
དཔྱད་བརྗོད།
༢༠༡༦།༥།༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་སྲིད་སྐྱོང་གིས་ཁྲིམས་ཞིབ་པ་ཆེ་བའི་མདུན་ལ་(དྲང་བདེན་ཕྱོགས་ལྷུང་མི་བྱེད་རྒྱུའི་དམ་བཅའ་) བཞག་པ་མ་ཟད། སྲིད་སྐྱོང་དམ་འབུལ་གསུང་བཤད་ནང་དུ་ (ད་ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་པ་ནམ་ཡང་མི་དཀྲུགས་རྒྱུའི་) དམ་བཅའ་བཞག་ཡོད།
ཁོང་གིས་འོས་ཆོས་མི་ཚང་བའི་བཀའ་བློན་ཞིག་གྲོས་ཚོགས་ནང་དཔྱ་དངུལ་ལག་དེབ་ངོ་བཤུས་དང་། སྐྱེས་ཟླ་སྐྱེས་ཚེས་མི་བསྟན་པར་འོས་ཆོས་ཚང་ཡོད་ཅེས་གསུངས་པ་དེ་ནི་དྲང་བདེན་ཡིན་ནམ། གྲོས་ཚོགས་ལ་དབུ་བསྐོར་བཏང་བ་མ་ཡིན་ནམ། ཚེས་ ༡ ལ་བསྐོས་པ་དང་ཚེས་ ༣ ལ་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་རིགས་༧གོང་ས་མཆོག་གི་དགོངས་པ་འཁྲུག་གཞིར་མི་འགྱུར་རམ།
བསམ་ཞིབ་གནང་འགལ།
དེ་རིང་སྲིད་སྐྱོང་མཆོག་གིས་ཕྱིར་འཐེན་གནང་བ་དེ་ཡང་དྲང་བདེན་ལ་ཕྱོགས་པའི་དགོངས་གཞིར་ངོས་འཛིན་གྱིས་ཡི་རང་ཞུ་བཞིན་ཡོད།
༧གོང་ས་མཆོག་གིས་ཀྱང་ད་དངོས་གནས་སྲིད་སྐྱོང་སློབ་སངས་འདི་ལ་ཡིད་ཆ་བྱེད་ས་གཏན་ནས་མི་འདུག་དགོངས་ཡོད་ངེས་རེད། ད་ནས་༧གོང་ས་མཆོག་གིས་སྲིད་སྐྱོང་སློབ་སངས་ལ་ཡིད་ཆེས་ཚང་མ་བརླགས་ཟིན་པ་རེད།