ཤར་ཕྱོགས་ཁུག་རྟ།
——–བདུད་བྷེ་གྲོངས་པ་ཐོས་རྗེས།
ཁྱེད་ལ་མྱ་ངན་ཞུ་མི་དགོས་ཏེ། བདུད་བྷེ་ལགས། ཁྱེད་ཀྱི་དབུགས་ཆད་པ་མ་གཏོགས། ཤི་མེད། ཤི་བ་ཁྱེད་ལ་མེད་པ་ཀུན་གྱིས་མཐོང་། རིང་ཐུང་མ་ངེས་པའི་མི་ཚེ་ཟེར་བའི་སྐར་ཆ་རེ་རེར། ཁྱེད་རང་ཤི་མེད་པར། གསོན་པོའི་རང་མདངས་གཟི་འོད་ཀྱི་ལེར་བཞུགས་པའང་ཀུན་གྱིས་མཐོང་།
ཁྱེད་ནི་རྡུང་ལེན་པ་ཞིག་སྟེ། མི་རིགས་གླུ་ལ་ལེན་པའི། གླུ་བ་སྙིང་རུས་ཅན་ཞིག་ལ། པི་ཝང་དང་སྦི་རག་གི་གཤོག་པ་ཅན་དེའོ། དེ་རིང་ཁྱེད་ཉིད་གྲོངས་སོང་ཟེར། དེ་ནི་གྲོངས་པ་མིན་ལ། ཤི་བའང་མིན་པར། ཁྱེད་ཀྱིས་ཞི་བ་དང་ལྷིང་འཇགས་ལ་སེམས་བརླན་ཏེ་ངལ་གསོས་པ་ཀུན་གྱིས་མཐོང་། དེ་ནི་ལོས་ཡིན་ཏེ། ཁྱེད་ཀྱང་། དབུགས་ཆད་ཀྱང་ཤི་བ་མེད་པའི་མི་སྣ་དེ་དག་ལྟར་ཕེབས་འདུག་གོ།།
ཤར་ཕྱོགས་ཁུག་རྟས་སྨོན་འདུན་ཤུགས་དྲག་དང་བཅས་ཤར་མར། །
༼ཁྱེད་རང་ནམ་ཡང་མི་ནུབ།༽
ལེ་བར་སྟོང་གི་མཚམས་སུ།།
ཁྱེད་རང་གཤེགས་པ་གོ་དུས།།
ཡ་ཆུང་སེམས་པའི་ནང་དུ།།
སྐྱོ་བའི་མཆུ་མ་ཤོར་སོང་།།
ཁུ་བྱུག་སྔོན་མོ་འཕུར་ཡང་།།
གསུང་སྐད་བོད་དུ་བཞག་ཡོད།།།
བདུད་བྷེ་གཏན་དུ་བྲལ་ཡང་།།
རྡུང་ལེན་བོད་དུ་བཞག་སོང་།
དབྱར་གཞུང་མེ་ཏོག་བཞད་དུས།།
ཁུ་བྱུག་ཁྱེད་རང་དྲན་ཆོག།
བོད་ཡུལ་དྲན་པའི་དུས་སུ།།
ཁྱེད་ཀྱི་རྡུང་ལེན་ཉན་ཆོག།
ཁྱེད་ཀྱི་ངག་གི་དབྱངས་རྟས།།
བོད་མིའི་བདེ་སྡུག་བླངས་ཡོད།།
རྗེས་རབས་བོད་མིའི་སེམས་སུ།།
ཁྱེད་རང་གཏན་དུ་ཉར་ཡོད།།
༢༠༡༦ལོ་ཟླ་༢ཚེས་༢༧ཉིན།བོད་གངས་ལྗོངས་ཀྱི་རྡུང་ལེན་པ་གྲགས་ཅན་སྐུ་ཞབས་བདུད་བྷེ་ལགས་འཇིག་རྟེན་དང་ཁ་བྲལ་བ་ཐོས་རྗེས་ཤར་མར་བྲིས།
བསྟོད་ན་བསྟོདསྟངས་ཤེས་དགོས་།
སྨད་ན་སྨད་སྟངས་ཤེས་དགོས་།
བསྟོད་པས་དགའ་བ་མ་རྒྱུར་ཞིང་།
སྨད་ནས་མི་དགའ་མི་རྒྱུར་ཞིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེ་བུ་དམ་པའི་ཚན་ཉིད་ཡིན་།
ཇུང་ཏོག་མཆོག་གི་སྙན་དངགས་དང་འདྲ་བ་འདི་ལྟར།
་
བསྟོད་པས་དགའ་བར་མི་འགྱུར་ཞིང་།
སྨད་པས་མི་དགར་མི་འགྱུར་ཞིང་།
རང་གི་ཡོན་ཏན་ལེགས་གནས་པ།
སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།། ༢༤ ས་པཎ གྱི་ ས་སྐྱ་ལེགས་བཤད།
#14 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
February 28th, 2016 at 1:09 am
བདུད་བྷེ་འདི། བདུད་རྦད་འབྲི་དགོས་མིན་ནམ་སྙམ་ཡང་། དཔྱད་པར་བྱའོ།།