བདུད་བྷེའི་ཆེད་བསྒྲིགས་དགོང་ཚོགས་ཐོག་མ་༼ཁུ་བྱུག་གི་བརྩེ་བ།༽ Posted on 2014-01-022014-01-02 By ཁ་བརྡ་ 26 Comments on བདུད་བྷེའི་ཆེད་བསྒྲིགས་དགོང་ཚོགས་ཐོག་མ་༼ཁུ་བྱུག་གི་བརྩེ་བ།༽ འོས་སྦྱོར་བ། རྨེའུ་དཀོན་རྒྱམ། གླུ་གཞས།
གངས་ལྗོངས་ཁུ་བྱུག་སྔོན་མོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྤྱི་ལོ་གསར་ཚེས་ལ་ཁྱོད་ཀྱི་བསམ་དོན་ཐམས་ཅད་འགྲུབ་པ་དང་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་སྨོན། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
གངས་ལྗོངས་ཁུ་བྱུག་སྔོན་མོས་ཆེད་བསྒྲིགས་དགོང་ཚོགས་བསྡུས་པར་བཀྲ་ཤིས་རྟེན་འབྲེལ་དང་སྦྲགས་སྐུ་ཞབས་ཁོང་གི་གཟུགས་་ཕུང་བདེ་ཞིང་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།
བདུད་བྷེའི་ཆེད་བསྒྲིགས་དགོང་ཚོགས་ལ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ང་ཁོང་ལ་དགའ་ཁོང་རིས་མེད་ཀྱི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་འདུག་པས་སྐུ་ཚེ་ལ་བར་ཆད་མེད་ཅིང་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་སྨོན། མ་སྲིད་པའི་རྒྱལ་མོས་དུས་ཀུན་དུ་བྱ་ར་མཛོད་ཆིག། ། http://www.youtube.com/watch?v=jb1Ewyf-xkM
ལྟེ་ཁྲག་གངས་ལྗོངས་ནས་ཐོར་ཞིང་སྐད་ངག་གངས་ལྗོངས་སུ་སྙན། འབྱུང་འགྱུར་བྱ་བཞག་ཡོད་ཚད་ཡར་ཚེས་ཀྱི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་གྲངས་མེད་ཞུ།
ཨམ་སྐད་དམ་འབྲོག་སྐད་སྙན་པོ་ཞིག་གོ་སོང་བས་དགའ་བོ་བྱུང་། ཐག་རིང་ཐག་རིང་ཞིག་གི་རི་འགོ་ན་འཚོ་བའི་རྒད་པོ་ངའི་སེམས་པ་ཐག་ཉེ་ཐག་ཉེ་ན་ཡོད་པའི་ཕ་ཡུལ་ཕྱོགས་ལ་ཁྲིད་སོང་། ཐུགས་རྗེ་ཆེ།
ཚོགས་ཁང་གི་ཆ་རྐྱེན་ངོ་མ་སྐྱོ་བོ་རེད།ཟི་ལིང་གི་ཚོགས་ཁང་ལྟ་བུ་ཞིག་ཡིན་ན་སྤུས་ཀ་སོགས་གང་ཅིའི་ཐད་ནས་ཡག་རྒྱུ་རེད་སྙམ།
གདུ་བྷེའི་དྲུག་འགྱུར་གྱི་སྐད་ངག་དང་། ལ་རྒྱའི་སྤོབས་སེམས་ཀྱི་ངོ་གདོང་དྲི་མེད་པ་དེ་གཉིས་མཐོང་ཐོས་བྱུང་བས་ཧ་ཅང་དགའ་ཐལ། ཁོང་སྐུ་ཚེ་རིང་ཞིང་བདེ་སྐྱིད་ལྡན་པར་སྨོན།
ངོ་མ་ཆ་རྐྱེན་སྐྱོ་བོ་རེད། ལྷག་པར་དུ་གློག་འོད་དང་གོ་སྒྲིག་གིས་བརླགས་འདུག་སྙམ། འགའ་རེའི་བཤད་ན་བདུད་བྷེ་ལ་ད་ནི་གླུ་བ་ཞིག་གི་མཚན་ཉིད་ཚང་མི་འདུག་ཟེར། དེ་ནི་འདང་མ་རྒྱབ་པའི་གཏམ་རེད་མ་གཏོགས་མི་གཅིག་གི་མི་ཚེ་ལ་དར་རྒུད་ཅུང་ཙམ་ཡང་མེད་པའི་མི་ཞིག་ཕལ་ཆེར་འཇིག་རྟེན་ན་ཡོད་མི་སྲིད། ངས་ནི་བདུད་བྷེ་བོད་ཀྱི་གླུ་བ་རྣལ་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁོང་གི་སྔོན་ཆད་ཀྱི་རྡུང་ལེན་ལྟ་བུ་ཞིག་ལ་ད་སྔ་སུས་ཀྱང་འཁྱོངས་མྱོང་མེད། ད་དུང་ཁོང་གི་རིགས་ཞེན་སྙིང་སྟོབས་བོད་པ་ཚང་ལ་བཅང་བའི་ལྷག་བསམ་སོགས་ཁོང་ལྟ་བུ་ཤིན་ཏུ་དཀོན།
དྲ་གྲོགས་ཚོ། དང་ཐོག་འདྲི་རྒྱུ་ཞིག་ནི། བདུད་བྷེ་ཞེས་པའི་མིང་ཚིག་འདི་མི་རིགས་གང་གི་སྐད་ཡིན་ནམ། དེའི་དོན་ཅི་ཞིག་གོ་དགོས་སམ།
རོང་བཙན་ལགས། དང་པོ་དགུང་ཚོགས་ཚར་གཅིག་གཟིགས་དང་། བོད་ཀྱི་མིང་དངོས་མ་ཡིན་ས་རེད། ཁྲོ་ཤུལ་བདུད་འདུལ་རྡོ་རྗེ་ཞེས་པ་རེད། ཡིན་ན་ཡང་ཕ་མེས་ཚོས་གཅེས་མིང་དུ་བདུད་བྷེ་ཞེས་མིང་བསྡུས་སུ་སོང་འདུག ངོས་སྦྱོར་ནང་དུ་གསོན་དང་གསལ་བོ་འདུག དེང་དུས་སྐྱབས་རྗེ་དང་ཆོས་རྗེ་དང་རྒྱལ་དབང་སོགས་གང་ལྟར་རུང་ཁོ་ལྷག་ཡོད་ས་མ་རེད་དྲན། ཆུང་ནས་ལྷན་སྐྱེས་ཀྱི་ལྷག་བསམ་དང་བདེན་ངག་གི་འཚོ་བས་བོད་མི་རིགས་ཀྱི་བསོད་ནམས་རེད་དྲན་ནོ།
ཨ་ཕྱི་ཆོས་སྒྲོན་ལགས། ངས་དགུང་ཚོགས་ལ་ལྟས་ནས་དྲི་བ་འདི་ཞུས་པ་ཡིན། བདུད་བྷེ་ཞེས་པ་དེ་ཁོང་གི་དངོས་མིང་མ་ཡིན་པར་དགུང་ཚོགས་མ་ལྟ་གོང་ནས་ཤེས་ཀྱི་ཡོད། དེ་ནི་གཅེས་མིང་དང་བཏགས་མིང་། སྡུས་མིང་གང་ཞིག་ཡིན་ཡང་ཆོག། འོན་ཀྱང་བྷེ་འམ་བདུད་བྷེ་ཞེས་པ་དེ་སྐད་རིགས་གང་ཞིག་རེད། གོ་དོན་ཅི་ཞིག་རེད། ཞེས་དྲིས་ཀྱིན་ཡོད། འོ་ན་མདོ་སྨད་པ་རྣམས་ཀྱིས་བྷེ་ཞེས་པ་དེར་ག་རེ་གོ་དགོས་སམ། དེས་ཁྲོ་ཤུལ་བདུད་འདུལ་རྡོ་རྗེ་ཞེས་པའི་མིང་དེ་སྡུས་ཚུལ་ཅི་འདྲ་རེད་གསུང་དང་། སྙན་ངག་གི་གྲོང་ཁྱེར་རེབ་ཀོང་རིག་པའི་འབྱུང་གནས་ལགས་ཀྱིས་འབྲེལ་ཆགས་ཀྱི་འགྲེལ་བརྗོད་ཞིག་ལོས་ཡོད་ཆོག།
ངའི་སྙིང་ནས་བརྩེ་བའི་གདུ་བྷེ་ལགས། ལོ་འགའ་ཤས་ནང་ཁྱེད་ཀྱི་ཀླུ་སྐད་གསར་པ་ཐོས་རྒྱུ་མེད་ལ་ཁྱེད་ནད་ཀྱིས་མནར་ཚུལ་དང་གཤག་བཅོས་བརྒྱབས་པའི་པར་དང་ལོ་རྒྱུས་རེ་རེ་གོ་དུས་ངའི་སེམས་ལ་ན་ཟུག་ཆེ། ད་རེའི་ལྡིང་ཆ་ཁ་ལ་ཁྱེད་ལ་བསྟོད་པ་དང་ཁྱེད་ཀྱི་གླུ་སྐད་རེ་གོ་དུས་ང་ལ་དགའ་སྐྱོའི་འདུ་ཤེས་བརྗོད་ཐབས་དང་བྲལ་ཞིང་འགོག་མེད་ཀྱིས་སེམས་ཁམས་རླུང་གིས་བཀྱགས་པའི་མིག་ནས་མཆི་མའི་རྡོག་པོ་འགའ་ཤས་ས་ལ་ལྷུང་སོང། ད་ནས་བཟུང་སྟེ་ཁྱེད་ཀྱིས་བཅངས་པའི་མི་རིགས་འདི་ལ་དུང་ཞེན་གྱི་ལ་རྒྱའི་ཁྲོད་ནས་གླུ་ལེན་ངག་འགུག་དང་ལུས་ཁམས་གསལ་དང་ངང་གང་བསམ་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུའོ།། །།
བདུད་བྷེ་ཏག་ཏག་རེད་འདུག བྷེ་དེ་ཨམ་མདོའི་དམངས་ཁྲོད་དུ་གཅེས་མིང་འདྲ་བོ་ལ་འབོད་ཀྱི་ཡོད་པ་འདྲ། བཀྲ་བྷེ་དང། བློ་བྷེ་འདྲ་བོ་མང་པོ་ཡོད་པ་རེད།
བསྟན་འཛིན་ཟེར་བ་ཁྱེད་ཚོ་ཡག་པོ་བྱུང་ན་བསྟན་བྷེ་འབོད་ཀྱིན་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་བསྟན་བྷེ་འབོད་ན་ཆོག་ས་རེད། དེ་མིན་བསྟན་འཛིན་ཟེར་བའི་བོད་མིང་བོད་སྐད་མི་ཤེས་མཁན་ཉུང་ཉུང་མ་རེད། བསྟན་བཤིག་ཀྱང་མང་ཡ། དེས་ན་བོད་མི་དག་མ་བོད་སྐད་གཙང་མ། ཕ་ཡུལ་ནས་རང་ས་འཛིན་ནུས་པའི་སྐྱེས་ཆེན་བདུད་བྷེ་ལ་ཉེས་མེད་སྙེད་མ་བརྐོ། དོན་མེད་ལ་དྭོགས་མེད་ས་ཇུས་མ་བཤད་ལོ། བསྟན་འཛིན་ཁྱེད་ཚོས་བདུད་བྷེ་མཛུབ་ཆུང་ལ་འགྲན་ནུས་ས་མ་རེད་དོ། །
ཨ་ཕྱི་ལགས། བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ལར་རྒྱ་ཡོད་མཁན་ཞིག་ཡིན་ན། བརྡ་དག་དང་མིང་ཚིག་དག་ལ་ལར་རྒྱ་དང་གཅེས་འཛིན་དགོས་ནི་རེད། མི་གཞིར་སྐྱོན་ཚང་རྐྱང་འཚོལ་རྒྱུར་དགའ་པོ་མ་བྱེད་ལོ།།།།
བདུད་བྷེ། ཁྱེད་ལ་བསྟོད་། ལོ་གཅིག་གོང་ཁྱེད་ཀྱི་ནང་མའི་ནང་། ཁྱེད་ཀྱི་ངག་གི་འགྱུར་ཁུག་དེ་དངོས་སུ་རྣ་བའི་བདུད་རྩིར་མྱོང་། ང་རང་གིས་སེམས་པ་མཚོན་ཕྱིར། དམིགས་གསལ་དར་ཁ་ཞིག་གཏེགས། སྐབས་དེ་དུས་ཁྱེད་རང་སྐུ་གཟུགས་དེ་འདྲ་བདེ་འདོག་མ་མངོན་ཡང་། ཁྱེད་ཀྱི་ལ་རྒྱ་དང་ཕུག་བསམ་གསལ་བོ་མངོན་ལ། སྨྲ་མི་ནུས་པའི་སྡུག་སྔལ་ཆེན་པོ་ཞིག་ཁོག་ཏུ་སྦྲུམ་ཡོད་པ་དེ་བས་མངོན།
ཨ་ཕྱི་ལགས། བདུད་བྷེ་འབོད་པའི་མིང་འདི་ལ་ཆ་རྒྱུས་མེད་ན། སྐད་ཡིག་ནི་ཐོག་མར་ཡུལ་མིའི་སྐད་ལ་ལྟོས་ནས་བཟོས་བ་མ་ཡིན་ནམ། ད་རུང་སྙོག་གཏམ་གླིང་འདོད་ན་རང་གི་ཨ་ཕྱི་ལ་འབྲེལ་ཆོག
གོང་གི་བརྙན་འཁོར་དེ་བལྟས་ཡིན། ཐུགས་རྗེ་ཆེ།
གངས་ལྗོངས་ཁུ་བྱུག་སྔོན་མོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྤྱི་ལོ་གསར་ཚེས་ལ་ཁྱོད་ཀྱི་བསམ་དོན་ཐམས་ཅད་འགྲུབ་པ་དང་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་སྨོན། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཆོལ་གསུམ་བོད་མིའི་སེམས་ཁོང་ན་འཁྱིལ་བའི་གངས་ལྗོངས་ཁུ་བྱུག་སྔོན་མོར་རྟེན་འབྲེལ་ཞུ།
གངས་ལྗོངས་ཁུ་བྱུག་སྔོན་མོས་ཆེད་བསྒྲིགས་དགོང་ཚོགས་བསྡུས་པར་བཀྲ་ཤིས་རྟེན་འབྲེལ་དང་སྦྲགས་སྐུ་ཞབས་ཁོང་གི་གཟུགས་་ཕུང་བདེ་ཞིང་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ།
བདུད་བྷེའི་ཆེད་བསྒྲིགས་དགོང་ཚོགས་ལ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ང་ཁོང་ལ་དགའ་ཁོང་རིས་མེད་ཀྱི་གླུ་བ་སྐད་གྲགས་ཅན་ཞིག་ཡིན་འདུག་པས་སྐུ་ཚེ་ལ་བར་ཆད་མེད་ཅིང་བསམ་པའི་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་སྨོན།
མ་སྲིད་པའི་རྒྱལ་མོས་དུས་ཀུན་དུ་བྱ་ར་མཛོད་ཆིག། །
http://www.youtube.com/watch?v=jb1Ewyf-xkM
ཁོང་ལ་སྐད་ངག་སྙན་མོ་ཡོད་པ་ཙམ་མ་ཡིན་པར་མི་རིགས་ཀྱི་ལ་རྒྱ་ཡང་ཧ་ལས་པ་ཡོད་པས་གུས་བཀུར་ལོས་ཞུ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག ། གདུ་བྷེ་སྐུ་ཚེ་བརྟན་པར་ཤོག །
ལྟེ་ཁྲག་གངས་ལྗོངས་ནས་ཐོར་ཞིང་སྐད་ངག་གངས་ལྗོངས་སུ་སྙན། འབྱུང་འགྱུར་བྱ་བཞག་ཡོད་ཚད་ཡར་ཚེས་ཀྱི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་གྲངས་མེད་ཞུ།
ཨམ་སྐད་དམ་འབྲོག་སྐད་སྙན་པོ་ཞིག་གོ་སོང་བས་དགའ་བོ་བྱུང་། ཐག་རིང་ཐག་རིང་ཞིག་གི་རི་འགོ་ན་འཚོ་བའི་རྒད་པོ་ངའི་སེམས་པ་ཐག་ཉེ་ཐག་ཉེ་ན་ཡོད་པའི་ཕ་ཡུལ་ཕྱོགས་ལ་ཁྲིད་སོང་། ཐུགས་རྗེ་ཆེ།
ཁོ་བོས་དགོངས་ཚོགས་འདི་ལ་ཚར་གཉིས་བལྟས་ཉན་བྱས་མོད། ད་དུང་ཁོམ་ཡོད་དུས་ཡང་བསྐྱུར་ཅིག་བལྟ་དགོས་སོ།
བཀྲ་ཤིས་བདེ་ལེགས་ཞུ། ཆང་མ་འཐུང་། གླུ་ལོངས། ཅི་ཙམ་རྒས་ན་དེཙམ་གྱིས་སྙན་པོ་འདུག། ངོ་མ་ཡིན།
ཨ་ཨ། སྙན་ཐལ་ཡ།
ཚོགས་ཁང་གི་ཆ་རྐྱེན་ངོ་མ་སྐྱོ་བོ་རེད།ཟི་ལིང་གི་ཚོགས་ཁང་ལྟ་བུ་ཞིག་ཡིན་ན་སྤུས་ཀ་སོགས་གང་ཅིའི་ཐད་ནས་ཡག་རྒྱུ་རེད་སྙམ།
གདུ་བྷེའི་དྲུག་འགྱུར་གྱི་སྐད་ངག་དང་། ལ་རྒྱའི་སྤོབས་སེམས་ཀྱི་ངོ་གདོང་དྲི་མེད་པ་དེ་གཉིས་མཐོང་ཐོས་བྱུང་བས་ཧ་ཅང་དགའ་ཐལ། ཁོང་སྐུ་ཚེ་རིང་ཞིང་བདེ་སྐྱིད་ལྡན་པར་སྨོན།
ངོ་མ་ཆ་རྐྱེན་སྐྱོ་བོ་རེད། ལྷག་པར་དུ་གློག་འོད་དང་གོ་སྒྲིག་གིས་བརླགས་འདུག་སྙམ། འགའ་རེའི་བཤད་ན་བདུད་བྷེ་ལ་ད་ནི་གླུ་བ་ཞིག་གི་མཚན་ཉིད་ཚང་མི་འདུག་ཟེར། དེ་ནི་འདང་མ་རྒྱབ་པའི་གཏམ་རེད་མ་གཏོགས་མི་གཅིག་གི་མི་ཚེ་ལ་དར་རྒུད་ཅུང་ཙམ་ཡང་མེད་པའི་མི་ཞིག་ཕལ་ཆེར་འཇིག་རྟེན་ན་ཡོད་མི་སྲིད། ངས་ནི་བདུད་བྷེ་བོད་ཀྱི་གླུ་བ་རྣལ་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཁོང་གི་སྔོན་ཆད་ཀྱི་རྡུང་ལེན་ལྟ་བུ་ཞིག་ལ་ད་སྔ་སུས་ཀྱང་འཁྱོངས་མྱོང་མེད། ད་དུང་ཁོང་གི་རིགས་ཞེན་སྙིང་སྟོབས་བོད་པ་ཚང་ལ་བཅང་བའི་ལྷག་བསམ་སོགས་ཁོང་ལྟ་བུ་ཤིན་ཏུ་དཀོན།
དྲ་གྲོགས་ཚོ། དང་ཐོག་འདྲི་རྒྱུ་ཞིག་ནི། བདུད་བྷེ་ཞེས་པའི་མིང་ཚིག་འདི་མི་རིགས་གང་གི་སྐད་ཡིན་ནམ། དེའི་དོན་ཅི་ཞིག་གོ་དགོས་སམ།
རོང་བཙན་ལགས། དང་པོ་དགུང་ཚོགས་ཚར་གཅིག་གཟིགས་དང་། བོད་ཀྱི་མིང་དངོས་མ་ཡིན་ས་རེད། ཁྲོ་ཤུལ་བདུད་འདུལ་རྡོ་རྗེ་ཞེས་པ་རེད། ཡིན་ན་ཡང་ཕ་མེས་ཚོས་གཅེས་མིང་དུ་བདུད་བྷེ་ཞེས་མིང་བསྡུས་སུ་སོང་འདུག ངོས་སྦྱོར་ནང་དུ་གསོན་དང་གསལ་བོ་འདུག དེང་དུས་སྐྱབས་རྗེ་དང་ཆོས་རྗེ་དང་རྒྱལ་དབང་སོགས་གང་ལྟར་རུང་ཁོ་ལྷག་ཡོད་ས་མ་རེད་དྲན། ཆུང་ནས་ལྷན་སྐྱེས་ཀྱི་ལྷག་བསམ་དང་བདེན་ངག་གི་འཚོ་བས་བོད་མི་རིགས་ཀྱི་བསོད་ནམས་རེད་དྲན་ནོ།
ཨ་ཕྱི་ཆོས་སྒྲོན་ལགས།
ངས་དགུང་ཚོགས་ལ་ལྟས་ནས་དྲི་བ་འདི་ཞུས་པ་ཡིན། བདུད་བྷེ་ཞེས་པ་དེ་ཁོང་གི་དངོས་མིང་མ་ཡིན་པར་དགུང་ཚོགས་མ་ལྟ་གོང་ནས་ཤེས་ཀྱི་ཡོད། དེ་ནི་གཅེས་མིང་དང་བཏགས་མིང་། སྡུས་མིང་གང་ཞིག་ཡིན་ཡང་ཆོག། འོན་ཀྱང་བྷེ་འམ་བདུད་བྷེ་ཞེས་པ་དེ་སྐད་རིགས་གང་ཞིག་རེད། གོ་དོན་ཅི་ཞིག་རེད། ཞེས་དྲིས་ཀྱིན་ཡོད། འོ་ན་མདོ་སྨད་པ་རྣམས་ཀྱིས་བྷེ་ཞེས་པ་དེར་ག་རེ་གོ་དགོས་སམ། དེས་ཁྲོ་ཤུལ་བདུད་འདུལ་རྡོ་རྗེ་ཞེས་པའི་མིང་དེ་སྡུས་ཚུལ་ཅི་འདྲ་རེད་གསུང་དང་། སྙན་ངག་གི་གྲོང་ཁྱེར་རེབ་ཀོང་རིག་པའི་འབྱུང་གནས་ལགས་ཀྱིས་འབྲེལ་ཆགས་ཀྱི་འགྲེལ་བརྗོད་ཞིག་ལོས་ཡོད་ཆོག།
ངའི་སྙིང་ནས་བརྩེ་བའི་གདུ་བྷེ་ལགས། ལོ་འགའ་ཤས་ནང་ཁྱེད་ཀྱི་ཀླུ་སྐད་གསར་པ་ཐོས་རྒྱུ་མེད་ལ་ཁྱེད་ནད་ཀྱིས་མནར་ཚུལ་དང་གཤག་བཅོས་བརྒྱབས་པའི་པར་དང་ལོ་རྒྱུས་རེ་རེ་གོ་དུས་ངའི་སེམས་ལ་ན་ཟུག་ཆེ། ད་རེའི་ལྡིང་ཆ་ཁ་ལ་ཁྱེད་ལ་བསྟོད་པ་དང་ཁྱེད་ཀྱི་གླུ་སྐད་རེ་གོ་དུས་ང་ལ་དགའ་སྐྱོའི་འདུ་ཤེས་བརྗོད་ཐབས་དང་བྲལ་ཞིང་འགོག་མེད་ཀྱིས་སེམས་ཁམས་རླུང་གིས་བཀྱགས་པའི་མིག་ནས་མཆི་མའི་རྡོག་པོ་འགའ་ཤས་ས་ལ་ལྷུང་སོང། ད་ནས་བཟུང་སྟེ་ཁྱེད་ཀྱིས་བཅངས་པའི་མི་རིགས་འདི་ལ་དུང་ཞེན་གྱི་ལ་རྒྱའི་ཁྲོད་ནས་གླུ་ལེན་ངག་འགུག་དང་ལུས་ཁམས་གསལ་དང་ངང་གང་བསམ་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུའོ།། །།
བདུད་བྷེ་ཏག་ཏག་རེད་འདུག བྷེ་དེ་ཨམ་མདོའི་དམངས་ཁྲོད་དུ་གཅེས་མིང་འདྲ་བོ་ལ་འབོད་ཀྱི་ཡོད་པ་འདྲ། བཀྲ་བྷེ་དང། བློ་བྷེ་འདྲ་བོ་མང་པོ་ཡོད་པ་རེད།
བསྟན་འཛིན་ཟེར་བ་ཁྱེད་ཚོ་ཡག་པོ་བྱུང་ན་བསྟན་བྷེ་འབོད་ཀྱིན་རེད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་བསྟན་བྷེ་འབོད་ན་ཆོག་ས་རེད། དེ་མིན་བསྟན་འཛིན་ཟེར་བའི་བོད་མིང་བོད་སྐད་མི་ཤེས་མཁན་ཉུང་ཉུང་མ་རེད། བསྟན་བཤིག་ཀྱང་མང་ཡ། དེས་ན་བོད་མི་དག་མ་བོད་སྐད་གཙང་མ། ཕ་ཡུལ་ནས་རང་ས་འཛིན་ནུས་པའི་སྐྱེས་ཆེན་བདུད་བྷེ་ལ་ཉེས་མེད་སྙེད་མ་བརྐོ། དོན་མེད་ལ་དྭོགས་མེད་ས་ཇུས་མ་བཤད་ལོ། བསྟན་འཛིན་ཁྱེད་ཚོས་བདུད་བྷེ་མཛུབ་ཆུང་ལ་འགྲན་ནུས་ས་མ་རེད་དོ། །
ཨ་ཕྱི་ལགས། བོད་ཀྱི་རིག་གཞུང་དང་མི་རིགས་ཀྱི་ལར་རྒྱ་ཡོད་མཁན་ཞིག་ཡིན་ན། བརྡ་དག་དང་མིང་ཚིག་དག་ལ་ལར་རྒྱ་དང་གཅེས་འཛིན་དགོས་ནི་རེད། མི་གཞིར་སྐྱོན་ཚང་རྐྱང་འཚོལ་རྒྱུར་དགའ་པོ་མ་བྱེད་ལོ།།།།
བདུད་བྷེ། ཁྱེད་ལ་བསྟོད་། ལོ་གཅིག་གོང་ཁྱེད་ཀྱི་ནང་མའི་ནང་། ཁྱེད་ཀྱི་ངག་གི་འགྱུར་ཁུག་དེ་དངོས་སུ་རྣ་བའི་བདུད་རྩིར་མྱོང་། ང་རང་གིས་སེམས་པ་མཚོན་ཕྱིར། དམིགས་གསལ་དར་ཁ་ཞིག་གཏེགས། སྐབས་དེ་དུས་ཁྱེད་རང་སྐུ་གཟུགས་དེ་འདྲ་བདེ་འདོག་མ་མངོན་ཡང་། ཁྱེད་ཀྱི་ལ་རྒྱ་དང་ཕུག་བསམ་གསལ་བོ་མངོན་ལ། སྨྲ་མི་ནུས་པའི་སྡུག་སྔལ་ཆེན་པོ་ཞིག་ཁོག་ཏུ་སྦྲུམ་ཡོད་པ་དེ་བས་མངོན།
རྗེས་སུ་ཡིད་རངས་ཡོད
ཨ་ཕྱི་ལགས། བདུད་བྷེ་འབོད་པའི་མིང་འདི་ལ་ཆ་རྒྱུས་མེད་ན། སྐད་ཡིག་ནི་ཐོག་མར་ཡུལ་མིའི་སྐད་ལ་ལྟོས་ནས་བཟོས་བ་མ་ཡིན་ནམ། ད་རུང་སྙོག་གཏམ་གླིང་འདོད་ན་རང་གི་ཨ་ཕྱི་ལ་འབྲེལ་ཆོག
དོན་དངོས་ཀྱི་ཁུ་བྱུག་རེད་དགའ་བསུ་གྲངས་མེད་ཞུ།