ཐེ་འོད་ཟེར།
འཛམ་གླིང་ནད་ཀྱིས་མནར་བའི་དེང་གི་དུས།།
སྙིང་རྗེ་ཆེན་པོའི་ཐུགས་ཀྱིས་མ་བཟོད་པར།།
དྲྭ་ཐོག་བརྒྱུད་ནས་ཆོས་སྦྱིན་གནང་མཛད་པའི།།
ཐབས་མཁས་ཐུགས་རྗེ་ཅན་ལ་གུས་ཕྱག་འཚལ།།
འཆད་རྩོད་རྩོམ་པའི་རྣམ་དཔྱོད་ཁྱད་དུ་འཕཊ།།
མཁས་བཙུན་བཟང་གསུམ་རྣམ་ཐར་རྨད་དུ་བྱུང་།།
ཐོས་བསམ་སྒོམ་པའི་ཉམས་རྟོཊ་ཀློང་ནས་བརྡོལ།།
གང་ལ་བསྟན་བཤིག་ཟེར་བ་བླུན་པོའི་ལུགས།།
རྒྱལ་བའི་བསྟན་པ་རིན་ཆེན་ནོར་གྱི་མཛོད།།
མ་ཉམས་གོང་འཕེལ་ཉམས་པ་སླར་གསོ་བའི།།
མཛད་པ་འཕྲིན་ལས་ཆེ་བ་འདི་ལྟར་ཡང་།།
མ་རྟོགས་ལོག་འགྲེལ་བྱེད་པ་བདུད་ཀྱི་གཤིས།།
གཞོན་ནུའི་དུས་ནས་གངས་ཅན་བསྟན་སྲིད་གཉིས།།
སྙིང་སྟོབས་ཆེན་པོས་ཐབས་བརྒྱ་ཇུས་སྟོང་གིས།།
གཡས་སྐྱོར་གཡོན་སྐྱོར་མཛད་པའི་བཀའ་དྲིན་ཅན།།
གང་ལ་དྲིན་ལོག་བྱེད་པའི་བསོད་ཟད་པ།།
ས་ཆ་འདོམ་གང་མེད་པའི་གཞན་ཡུལ་ན།།
རྒྱལ་ཁབ་ཅིག་གི་ངོ་བོར་གསོན་ཐུབ་པ།།
གང་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཉིད།།
མ་ཤེས་རྨོངས་པའི་བདུད་རྒན་ནང་དཀྲུག་པ།།
ལོ་རྒྱུས་རིང་བའི་སྲིད་དབང་མང་གཙོར་བསྒྱུར།།
འཛམ་གླིང་ཆེས་མཐོའི་ཞི་བདེའི་རྟཊ་མ་བཞེས།།
ཤར་ནུབ་མཁས་དགུས་བཀུར་བའི་སྐྱེས་བུ་མཆོག།
གང་ལ་རྒོལ་བའི་ལྟ་ལོག་ལྟས་ངན་ཅན།།
ཆོས་ལུགས་ཆོས་བརྒྱུད་དཀྲུག་པའི་གཏེ་བོ་སྟེ།།
ཆོལ་ཁ་ལུང་ཚན་འཐེན་ཁྱེར་ནང་རུལ་བ།།
ཉོན་མོང་དུག་གིས་ཕྱི་ཚོས་ནང་ཚོས་ཅན།།
སྤྲུལ་བརྫུས་དེ་ཡི་ལག་ཏུ་རྩོམ་འདི་ཞོག།
ཨོ་རྒྱན་སྟོབས་རྒྱལ་ཟེར་བ་དེའི་རང་བཞིན་ནམ་ངོ་བོ་ནི་སྨོན་ལམ་ལོག་ཅིང་དམ་ཚིགས་ཉམས་པ། རྣམ་པ་ནི་བདུད་སྡིག་ཏོ་ཅན། དེའི་བྱེད་ནི་ཆོས་བརྒྱུད་ནང་ཕན་ཚུན་དང་། ཆོལ་ཁ་ཕན་ཚུན་དཀྲུག་ཡ་རེད། ཚང་མས་གཟོབས། དེ་དང་མཉམ་དུ་ཆོས་རིག་རྐུན་བློན་རྐུན་མ་དགེ་ལེགས་ཟེར་བ་དེ་གཡོ་སྒྱུ་ཁྲམ་གསུམ་གྱི་ཕུང་པོར་རྫོགས་པ་ཞིག་རེད་འདུག་པས། ཡག་པོ་ཡོན་ཏན་སྒོ་ནས་དགོངས་པ་ཞུས།