༄༅། །བདེ་ཆེན་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས། །གྲངས་མེད་གཟུགས་སྐུའི་རྣམ་པར་སྟོན་མཛད་པ། །རིགས་འདུས་བླ་མ་སྨན་རྒྱལ་དཀྱིལ་འཁོར་གྱི། །ཞི་དང་ཁྲོ་བོའི་ལྷ་ཚོགས་དགོངས་སུ་གསོལ། །བླ་མ་རིགས་འདུས་བདེ་གཤེགས་རྡོ་རྗེ་འཆང་། །རྟ་ཕག་ཡབ་ཡུམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་སྐུར་བཞེངས་ནས། །སྐུ་གསུང་ཐུགས་ཡོན་བྱིན་ཆེན་མ་ལུས་ཕོབས། །གནས་ཁང་འདི་ལ་གཟི་བརྗིད་བཀྲག་མདངས་བསྐྱེད། །སྒྲུབ་པའི་སྨན་ལ་མཐུ་སྟོབས་ནུས་པ་བསྟིམ། །རིགས་འཛིན་ཚོགས་ལ་བྱིན་རླབས་དབང་བཞི་བསྐུར། །རེ་བའི་འབྲས་བུ་མཆོག་ཐུན་དངོས་སྒྲུབ་སྩོ། ། རཾཿཡཾཿཁཾཿ ཨོཾ་ཨྰ་ཧྰུཾ། ཞེས་ལན་གསུམ་བརྗོད་རྗེས་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ནས་གསུངས་པའི་བདུད་རྩི་སྨན་སྒྲུབ་མདོར་བསྡུས་བྱེད་པ་འདི་ལྟ་སྟེ།
རང་ཉིད་བེེཌུརྱ་ཡི་འོད་དུ་སེམས། །སྨན་གྱི་སྣོད་ནི་བདུད་རྩི་ལྷུང་བཟེད་བསམ། །སྨན་བླ་དྲང་དྲོང་རྣམས་ཀྱིས་ཤིས་པར་བརྗོད། །འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །སྐུ་མདོག་མཐིང་ཀ་བེེཌུརྱ་ཡི་འོད། །སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་ལྡན། །རླུང་མཁྲིས་བད་ཀན་ནད་ཀྱི་གདུངས་བ་ལ། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །ཕྱག་བདུད་རྩིའི་ལྷུང་བཟེད་པར་པུ་བསྣམས། །བེེཌུརྱ་འོད་ལ་ཕྱག་འཚལ་ལོ། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས། །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཏེ་བྷེེ་ཥ་ཛྱེ་གུ་རུ་བེེཌུརྱ་པྲ་བྷ་ར་ཛྰ་ཡ་ཏ་ཐྰ་ག་ཏ་ཡ་ཨརྷ་ཏེ་སམྨྱཀྶཾབུདྷ་ཡ། ཏ་དྱ་ཐྰ། ཨོཾ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ། མཧྰ་བྷེེ་ཥ་ཛྱེ། བྷེེ་ཥ་ཛྱ་ར་ཛྰ་ཡ། ས་མུངྒ་ཏེ་སྭ་ཧྰ། །ཞེས་སངས་རྒྱས་སྨན་བླའི་གཟུངས་སྔགས་རིང་ཐུང་ཅི་རིགས་གང་མང་བཟླས་རྗེས། ། ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་། །ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟར་བུ་དང་། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟར་བུ་ནི། །ཀུན་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག ། ཏ་དྱ་ཐྰ། ཨོཾ་བྷེེ་ཥ་ཛྱེ་བྷེེ་ཥ་ཛྱེ། མཧྰ་བྷེེ་ཥ་ཛྱེ། བྷེེ་ཥ་ཛྱ་ར་ཛྰ་ཡ། ས་མུངྒ་ཏེ་སྭ་ཧྰ། །ཞེས་ལན་མང་བཟླས་རྗེས། རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང་། །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམ་པའི་བར་དུ་གཅོད་པ་ཞི་བར་མཛོད། །མཇུག་བསྔོ་སྨོན་ནི། བདག་མཐོང་ཙམ་གྱིས་ནད་པའི་དབུགས་འབྱིན་ཞིང་། །སྨན་དཔྱད་ལོག་པ་ནམ་ཡང་མི་འབྱུང་བར། །སྨྲ་ཚད་མངོན་ཤེས་སྦྱར་ཚད་སྨན་དུ་འགྱུར། །བཏང་ཚད་ཕན་ཐོགས་ཉི་ཟླ་ལྟར་འབྱུང་ཤོག། །།
སྤྲུལ་འཁོར་སྐལ་བཟང་དོན་ལྡན་གྱིས་བསུག་བྲིས་སུ་བགྱིས་ཏེ་མཁོ་སྤྲོད་བྱས།