བསེ་རོང་འོད་ཟེར།
——————
ཉེ་ཆར་མདོ་སྨད་ཐེ་བོ་སྨད་རྒྱུད་དམ་དེང་སང་འབྲུག་ཆུ་རྫོང་ཞེས་རྒྱ་ནག་དམར་པོའི་གཞུང་གིས་ས་ཆ་བཅད་བགོས་བྱས་པའི་ས་ཁུལ་འབྲུག་ཆུ་རྫོང་ནང་། རི་ཉིལ་དང་ཆུ་ལོག་འདྲེས་མས་གནོད་འཚེའི་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་གཟབ་རྒྱས་ཤིག ༧ སྐྱབས་མགོན་ཀིརྟི་རིན་པོ་ཆེ་བཀའ་དྲིན་འོག་ཐེ་བོ་སྟོད་སྨད་བར་གསུམ་གྱི་བྱེས་འབྱོར་ཐེ་བོ་མི་མང་རྒྱ་བལ་ཁུལ་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཐུན་མོང་གིས་གོ་སྒྲིག་བྱས་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ། ཕྱི་ཟླ་ ༨ པའི་ཚེས་ ༢༡ གཟའ་སྤེན་པའི་སྔ་དྲོརཆུ་ཚོད་བརྒྱད་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ༧ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་བློན་ཕྱག་རོགས་རྣམ་པ། གཞན་སྤྱི་འཐུས་ཁག་ཅིག་དང་། བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ། ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་བཅས་མཁན་པོ་རྣམ་པ་གསུམ། དེ་བཞིན་བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། བོད་གཞུང་གི་གཞུང་ཞབས་ལྷན་རྒྱས། མདོ་སྨད་དབུས་རྒྱུན་ལས། བོད་གཞུང་སྨན་རྩིས་ཁང་། བོད་གཞུང་དཔེ་མཛོད་ཁང་། བོད་གཞུང་བདེ་ལེགས་སྨན་ཁང་། བོད་གཞུང་ཟློས་གར། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་དབུ་མེད་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡངས་མང་གཙོ་ཚོགས་པ། ངྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སོགས་ཚོགས་སྡེ་ཁག་དང་། བོད་གཞུང་ཕྱི་དྲིལ་དྲ་གནས་དང་། བོད་ཀྱི་དུས་བབས། བོད་མིའི་རང་དབང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། བོད་ཀྱི་བང་ཆེན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་གསར་ཁང་ཁག་གི་གསར་འགོད་པ། རྡ་སའི་མི་མང་བཅས་མཉམ་ཞུགས་ཀྱིས་བདུན་ཚིགས་གཉིས་པའི་མཆོད་འབུལ་གཟབ་རྒྱས་ངང་ཚོགས་འདུག
ཐེངས་འདིའི་མཆོད་འབུལ་སྐབས་བྱེས་འབྱོར་ཐེ་བོ་མི་མང་ནས་མཆོད་འབུལ་ཆེད་དུ་ཞབས་འདེབས་བསྡུ་རུབ་ཀྱི་ལས་འགུལ་གང་ཡང་སྤེལ་མེད་པ་དང་། ཁོང་ཚོས་ད་དུང་མུ་མཐུད་དེ་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་དགེ་བསྔོ་སོགས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་འདུག
མཆོད་འབུལ་ཞུས་པ་ཡག་པོ་རེད། འོན་ཀྱང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་པ་ལྟ་བུའི་དྲིལ་བསྒྲགས་བྱེད་པ་འདི་ག་རེ་རེད། འདི་ཆོས་རེད་དམ་སྲིད་རེེད།
གཟིགས་མཁན་ཡོངས་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་གནས་ཚུལ་འདི་ཕྱི་ཚེས་ ༢༢ ཉིན་དྲ་གྲོགས་བཀྲ་ཤིས་ལགས་ཀྱིས་བསམ་ཚུལ་དང་། བོད་ནང་དུ་བཞུགས་པ་ཚོས་གཟིགས་རྟོགས་ཆེད་དུ་གུས་པས་དྲ་ཚིགས་འདིར་བསྐུར་ཡང་གུས་པས་བསྐུར་སའི་དྲ་བྱང་ནོར་བའི་དབང་གིས་དུས་ལྟར་བཀོད་མ་ཐུབ་པས་དགོངས་འགལ་མེད་པ་ཞུ།
མདུན་ཚིགས་གཉིས་པའི་མཆོད་འབུལ་ ༧ སྐྱབས་མགོན་ཀིརྟི་རིན་པོ་ཆེའི་བཀའ་དྲིན་འོག་བྱས་པ་ཡིན་མིན་མི་ཤེས་ཀྱང་ཐུགས་རྗེ་ཆེ། ཞར་ལ་བདུན་ཚིགས་དང་པོ་དེ་ཡང་སུའི་བཀའ་དྲིན་འོག་བྱས་པ་དེ་གསལ་བཤད་གནང་ཐུབ་ན་སྤྱི་ལ་ཕན་པའི་དོན་ཆེན་ཞིག་ཡིན་ངེས།
བཀྲ་ཤིས་དོན་འགྲུབ་ལགས།
ཁྱེད་ཀྱིས་བསམ་ཚུལ་ལྷུག་པོར་བརྗོད་པ་ཡག་པོ་འདུག་ལ་ངས་ཀྱང་ད་རེའི་མཆོད་འབུལ་ཡོངས་རྫོགས་ཟླ་ཚེས་སྔ་ཕྱིའི་རིམ་པ་བཞིན་ངོ་སྤྲོད་ཐུང་ཙམ་བྱ་རྒྱུའི་གནས་ཚུལ་འཚོལ་བཞིན་པའི་སྒང་ཡིན།
དྲ་གྲོགས་བསེ་རོང་འོད་ཟེར་ལགས། གོང་དུ་དྲ་གྲོགས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་པའི་སྐྱབས་མགོན་ཀིརྟིའི་རིན་པོ་ཆེའི་བཀའ་དྲིན་འོག་བྱས་པ་ཡིན་མིན་མི་ཤེས་ཞེས་པར་གསལ་བཤད་ཅིག་ཡོད་ན་ཡག་པོ་འདུག ཁོང་བླ་མ་ཆེན་པོ་སོང་ཙང་མང་ཚོགས་ཁྲོད་དོན་མེད་དོགས་པ་སྐྱེ་པ་དང་གླེང་གཞི་ཆགས་བཅུག་ན་མི་ལེགས་པར་མཐོང།
བསེ་རོང་འོད་ཟེར་ལགས།
གནས་ཚུལ་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ།
རེད་རེད་་་་་
མ་གཞི་མཆོད་འབུལ་གནང་བར་ཡག་པོ་རེད་དེ་་་་་་དེ་ལས་དེ་སྔོན་མདོ་སྨད་བརྒྱུད་ལས་ནས་གང་སར་ཞབས་འདེབས་སློང་བའི་སྒོར་མོ་དེ་ཚོ་ས་གནས་དེའི་སུ་དང་སུའི་ལག་པར་འཕྲོད་ཡོད་མེད་སྐོར་ཞིབ་འཇུག་གནང་ཐུབ་ན་ཡག་པོ་མ་རེད་དམ།