དེ་རིང་ཕྱི་ཟླ་༥ཚེས་༡༡ཉིན་གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱ་ནག་པེ་ཅིང་དང་། ཧྲང་ཧད་ཀྱི་སློབ་གྲྭ་ཆེན་མོར་དབུས་གཞུང་༼ཀྲུང་དབྱང་།༽གིས་”གླེང་མི་རུང་བ་བདུན།”ཞེས་པའི་བཀའ་རྒྱ་ཞིག་བཏང་འདུག གླེང་མི་རུང་བ་བདུན་ནི་དགེ་རྒན་གྱིས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་དང་། གསར་འགྱུར་རང་དབང་། སྤྱི་དམངས་སྤྱི་ཚོགས། སྤྱི་དམངས་ཁེ་དབང་། དམར་ཤོག་ཚོགས་པའི་༼ཏང་།༽ལོ་རྒྱུས་ནོར་བ། དབང་ལྡན་སྐུ་དྲག་མ་རྩ་རིང་ལུགས། ཁྲིམས་སྒོ་རང་བཙན་བཅས་ཀྱི་སྐོར་གླེང་ཆོག་གི་མེད་པ་དེ་ཡིན། གནས་ཚུལ་འདི་ཐོན་མ་ཐག་ཝེ་སྦོ་༼Weibo༽དྲྭ་གྲོགས་ཚོས་དེའི་སྐོར་དོ་སྣང་ཆེན་པོས་གླེང་སློང་བྱེད་བཞིན་པའི་སྒང་རེད་འདུག
གླེང་མི་རུང་བ་བདུན་གྱི་བཀའ་རྒྱ་བཏང་བའི་གནས་ཚུལ་འདི་<<རྒྱ་ནག་བསྐྱར་ཞིབ་དྲྭ་རྒྱའི་>>ཐོག་བཀོད་འདུག
་་་་་་ གླེང་མི་རུང་བ་བདུན་ནི་དགེ་རྒན་གྱིས་སློབ་མ་རྣམས་ལ་འགྲོ་བ་མིའི་རིན་ཐང་དང་། གསར་འགྱུར་རང་དབང་། སྤྱི་དམངས་སྤྱི་ཚོགས། སྤྱི་དམངས་ཁེ་དབང་། དམར་ཤོག་ཚོགས་པའི་༼ཏང་།༽ལོ་རྒྱུས་ནོར་བ། དབང་ལྡན་སྐུ་དྲག་མ་རྩ་རིང་ལུགས། ཁྲིམས་སྒོ་རང་བཙན་བཅས་ཀྱི་སྐོར་གླེང་ཆོག་གི་མེད་པ་་་་་་་ཟེར་བ་འདི་ལ་བགད་མོ་ཁྲ་ཁྲ་ཤོར་བའི་ཞོར་དུ་རྒྱ་གཞུང་ལ་སྙིང་རྗེ་སྐྱེ་འོས་པ་མ་རེད་དམ། ཧཧ། ཧོཧོ།
ད་ལྟ་ང་ཚོས་གླེང་རུང་བ་བདུན་ནི།
༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས།
༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས།
༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས།
༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས།
༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས།
༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས།
༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། །
ཁྲིམས་འཛུགས་ནི་ཡོད་ན། ཁྲིམས་ཞིག་ནི་ར་ཡོད་ནི་རེད། རྒྱ་རྒན་ལྐུག་པ་དེ་ཚོས་རྒྱ་མོ་ལྐུག་མ་བཙུར་བཙུར་བྱས་ན་ལྟད་མོ་ཡོད་ནི་རེད།
མའོ་ཙེ་ཏུང་ཤར་ཕྱོགས་པའི་ཧིཊ་ལར་འདིས། རྒྱལ་སྲིད་ཆབ་སྲིད་ཀྱི་མིང་ཐོག་ལ། ཉེས་མེད་མི་མངས་ཉུང་མཐར་ས་ཡ་བཞི་བཅུ་བསད་ཡོད་པ་དང་། ཡང་ཁ་ཅིག་གིས་མང་མཐར་ས་ཡ་བརྒྱད་ཅུ་ཟིན་སྲིད་པ་རེད་ཅེས་ཤོད་ཚུལ་ཁག་གཉིས་འོང་བགྱིད་འདུག་པས་་་་་་་་་་་་་་་་་་་ ཁ་གྲངས་དངོས་གནས་ག་ཚོད་ཡིན་ནམ། ལགས།
དེ་རིང་བོད་ཀྱི་དུས་བབ་དྲ་བ་དྲ་དུག་གིས་འགག་སོང་བ་འདྲ་ཞིག་འདུག ཁྱེད་ཚོས་དུས་བབ་དྲ་སྒོ་ཕྱེ་ཐུབ་གི་འདུག་གས།
ད་ལྟ་ཕྱེ་ཐུབ་ཀྱི་འདུག་གཟིགས་རོགས།
གླེང་མི་རུང་བ་བདུན་གྱི་གནས་ཚུལ་ཐོན་སའི་དྲྭ་གནས་ཐོག་ལ་མདངས་ནུབ་གྱི་གནས་ཚུལ་དེ་ད་ནང་མཐོང་རྒྱུ་མེད་པར་གྱུར་ཟིན་འདུག རྣམ་ཀུན་གླེང་སློང་ཆེན་པོ་ཡོང་པའི་གནས་ཚུལ་ཞིག་ཡིན་ན། སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་དོགས་ཀྱིས་རྒྱ་གཞུང་གིས་བཀོག་འགྲོ་གི་ཡོད་པ་ལྟར། མདངས་ནུབ་ཀྱི་གནས་ཚུལ་མེད་པར་གྱུར་དགོས་དོན་ཡང་འདི་འདྲ་ཞིག་ཡིན་གྱི་རེད་བསམ།