གྲིབ་གཟུགས།
ཤམ་ཐབས་དམར་པོའི་ནང་ནས་བརླ་ཤ་རྡོར་གྱིན།།
རི་བོའི་རྩེ་ནའང་དོགས་ཟོན་སེམས་ལ་སྒོམ་གྱིན།།
གཞན་གྱི་བག་ཡངས་འགུལ་སྐྱོད་སྙིང་ལ་ཟུག་གིན།།
རི་བོའི་རྩེ་ནའང་ཁྱེད་ལ་བདེ་སྐྱིད་མི་འདུག །
རླུང་རྟ་ནམ་མཁའི་མཐོངས་སུ་ཁད་ཀྱིས་འཕུར་སོང་།།
གྲྭ་གཞོན་དགའ་བའི་ཀི་སྒྲས་རི་ལུང་བསྒུལ་སོང་།།
ཡོད་ཚད་གནམ་གྱི་མཐོ་ཚད་བསྙེགས་པའི་སྐབས་སུའང་།།
རི་བོའི་རྩེ་ནའང་ཁྱེད་ལ་བག་ཡངས་མི་འདུག།
རླུང་བུ་བསིལ་མོ་དེ་ལ་དྲི་ཙམ་སྣོམས་དང་།།
སྨུག་སྤྲིན་ཤར་ཤར་རྒྱུ་བར་སྤྱན་གྱིས་གཟིགས་དང་།།
རྡོ་བས་ནམ་མཁའ་བཟུང་བའི་རི་བོའི་རྩེ་ནའང་།།
མ་བཅོས་སེམས་ལ་བཙོན་ར་བསྐོར་བར་ཕངས་སོང་།།
རེ་བ་དོགས་པ་སེམས་ལ་ཉར་ལུགས་མེད་དོ།།
གཞན་གྱི་འགུལ་སྐྱོད་མིག་གིས་ལྟ་ལོང་མེད་དོ།།
རང་རང་ས་ནས་མི་ཚེའི་རིན་ཐང་བླངས་པར།།
གཞན་དག་བགད་རུང་ངུས་རུང་ཇུས་གཏོགས་མེད་དོ།།
ཡ་མེད་སྨྱོན་པའི་བུ་རྒོད་ང་ཚོའི་རྗེས་སུ།།
ཁྱེད་ཀྱི་ཚོར་བའི་སྙན་ངག་རྗེས་སུ་མ་འབྲོངས།།
དམར་རྗེན་ང་ཚོར་ཅི་ཡང་བརྗོད་དུ་ཆོག་ཀྱང་།།
ཁྱེད་ཀྱི་སྨྱུག་རྩེར་དོན་མེད་མི་ཁ་འཁོར་ཡོང་།།
26/6/2013
ཧི་ཧི་ཧི་ ཅོ་ལགས་ཀྱིས་ང་ཁ་བརྡའི་ནང་དུ་གདན་འདྲེན་ཞུས་པར་ཐུགས་རྗེ་ཆེ། ད་འུ་གཉིས་ཁ་བརྡའི་གླིང་ཁ་ན་ག་ལེར་ཁ་བརྡ་བྱེད་ཆོག་གི་རེད།
ཁ་བརྡའི་ནང་ནས་ང་དང་ཁྱོད་གཉིས་ཁ་བརྡ་མ་མང་ན་བཟང་། ཁ་བརྡའི་དྲ་འབུ་དེ་ཚོས་ཙོག་གེར་འཇོག་གི་མ་རེད། དེ་བས་ཐབས་ཤེས་གཞན་ཞིག་བཙལ་ན་གང་འདྲ་རེད། བདེ་རྒྱལ་ལགས།