ཤར་ཕྱོགས་ཁུག་རྟ།
བདེ་ཆེན་སྒྲོལ་མ་འདི་བུ་མོ་དཀྱུས་མ་མིན།།
ཡག་དང་མོ་སྒོ་ཡིས་ཁུར་ནས་འཕུར་བསྡད་མེད།།
རྒྱུ་འབྱོར་དབང་ཐང་ལ་རེ་ནས་འདར་བསྡད་མེད།།
ཀ་མད་སུམ་བཅུ་ལ་འཐམས་ནས་ཤི་བསྡད་ཡོད།།
བདེ་ཆེན་སྒྲོལ་མ་འདི་བུ་མོ་དཀྱུས་མ་མིན།།
སྣང་བ་འགྲོ་ཚད་ལ་ཉལ་ས་ཕྱིན་བསྡད་མེད།།
དགའ་རོགས་ཁྱོ་ག་ལ་བཀབ་ནས་ལས་བསྡད་མེད།།
ཚེ་གཅིག་སྐྱ་ཡ་ལ་འཐམས་ནས་ཤི་བསྡད་ཡོད།།
རྒྱ་གར་བྱང་ཕྱོགས་ཀྱི་རྡ་སའི་རི་ཁུག་ན།།
ཨ་མདོའི་ཡིག་འབྲི་ཚོའི་མགོ་ན་འགྱིང་བ་ཡི།།
ཁྱེད་ཀྱི་ཕུ་བོ་སྟེ་ཤར་ཕྱོགས་ཁུག་རྟ་ཡིས།།
བར་ཇའི་ཐུན་གསེང་ནས་དྲན་པས་བརྡ་རྟགས་སུ།།
བདེ་ཆེན་སྒྲོལ་མ་བུ་མོ་དཀྱུས་མ་ག་ནས་ཡིན།།
ཕོ་མཚན་ཅན་གྱི་བུ་མོ་རྫུན་མ་ཟིག་མ་ཡིན་ནམ།།
བདེ་ཆེན་སྒྲོལ་མ་འདི་བུ་མོ་དཀྱུས་མ་ཞིག་ཡིན།
བོུ་སྤྱི་ཡོངས་བཞིན་ཁ་ནས་ཁ་ལག་ཟ།
མཚན་མོར་བུ་ཡི་གཉིད་ལམ་གཏང།
ཞོགས་པ་གསང་སྤྱོད་སྐྱག་པས་རྒྱང།
བོད་ཀྱི་རྩོམ་པ་པོའི་གྲལ་དུ་མ་ཚུད་ལ། །
བོད་ཀྱི་དགེ་འདུན་པའི་སྡེ་ལ་མ་དགོས་པའི། །
ཤར་ཕྱོགས་ཁུག་རྟ་ལ་འདོད་ཆགས་ལངས་གོ་གི། །
ཞི་མོ་བདེ་ཆེན་མ་ཕུར་ན་འདོད་གོ་གི། །
དགའ་བོ་ཡོད་ཀི་ཡོད་ཀི་འཁྲབ་བཞིན་པ།
ཤར་ཕྱོགས་ཁུག་རྟ་ཁྱེད་ནམ་ཡང་མི་མཐོང་ལོ།
བུ་མོ་བརྒྱ་ཁྲག་གིས་ཁྲག་དོག་བྱེད་བཞིན་པ།
ཕོ་གསར་བརྒྱ་ཁྲག་གིས་རྨི་ལམ་ཀྲོགས་བཞིན་པ།
ཤར་ཕྱོགས་ཁུག་རྟ་ཁྱེད་ཅི་ལྟར་མ་ཐོང་ངམ།
རང་ཉིད་ནས་བུ་མོ་ཅེས་པ་ལ་གལ་ཆེའི་ཁྱད་ཆོས་གཉིས་དགོས་གལ་མཐོང་། དང་པོ་སོ་སོའི་ཁྱོ་གའམ་དགའ་རོགས་ལ་ཡིད་ཆས་བློ་དགེལ་བྱེད་ཐུབ་པ། གཉིས་པ་སོ་སོའི་བཟའ་ཟླར་རང་དབང་སྤྲད་པའམ་བསམ་ཚུལ་ལ་ཆ་འཛིན་བྱེད་པ།
བདེ་སྒྲོལ་ཇོ་འཛིང་མ་མཛེས་མར་བསྒྱུར་ས་རེད།།
བོན་རྒྱ་ཐེའུ་རང་དེ་མཁས་པར་བསྒྱུར་ས་རེད།།
ཤར་ཕྱོགས་ཁུག་རྟ་ཁྱེད་ཐུགས་རྗེ་བཀའ་དྲིན་ལ།།
འདི་ཚོར་འདུག་ས་ཞིག་རག་ན་ཐང་ས་རེད།།
བདེ་སྒྲོལ་བོན་རྒྱ་རྨོག་རུ་གསུམ།།
འདི་བཙན་བྱོལ་ཚང་གི་ཐོན་རྫས་ཡིན།།
ཡར་ནས་མ་འཁྱོལ་མར་དེད་ཡིན།།
མར་ནས་མཐའ་རུ་སྤྱུགས་ལ་ཡོད།།
འདི་གསུམ་ཁུག་རྟའི་རྐུབ་ལ་འབྱར།།
མགོ་ཞིག་འགྱོག་འདོད་ཡོད་ས་མོད།།
ཁུག་རྟ་སྣང་བ་དག་ལ་མོད།།
སྐྱག་པས་རྐུབ་བཀྱགས་གཏམ་རྒྱུད་རེད།།
གཞུང་ལུགས་ཆེན་མོ་ཡི་ལྗིད་ཁ་མ་ལོན་ལ།།
ཀ་མད་གསུམ་བཅུ་ཡི་དག་སྡེབ་མ་རྫོགས་ཁར།།
རྒྱ་དབྱིན་གཉིས་ཀ་ལ་མུན་པ་འཐིབས་སེ་བ།།
མདོག་ངན་བོན་རྒྱ་པ་ཕེབས་པས་དགའ་བྱུང་ལགས།།
ཁ་རུ་ཁ་ཐུག་དང་སྙིང་གི་ཚི་ལུ་སོགས།།
མ་སྤྱད་མེ་ཏོག་མ་ཤར་ཤར་ཕེབས་ལགས་ཀྱང་།།
སྟོང་པའི་མཁའ་དབྱིངས་སུ་ཀི་སྟོང་བཏབས་པ་ཡིས།།
ཀ་མད་གསུམ་བཅུ་དེ་སྙིང་རེ་རྗེ་སོང་ལགས།།
བདེ་ཆེན་སྒྲོལ་མ་འདི་བོད་ཀྱི་བུ་མོ་ཡིན།།
ཟླ་བ་རེ་འགའ་ནས་རེ་རེར་མི་བརྗེ་ལ།།
དགའ་རོགས་ཁྱོ་ག་ལ་དམ་ཚིག་ཟམ་དང་ནོ།།
སུས་ཀྱང་ཡི་གེ་ལ་བཀོད་བཟོ་ཨེ་ཤེས་ན།།
བྱང་ཕྱོགས་རྡ་ས་ནས་ལྷོ་ཕྱོགས་དགོན་གྲོང་བར།།
ཤར་ཕྱོགས་བལ་ཡུལ་ནས་ནུབ་ཕྱོགས་ལ་དྭགས་བར།།
ཨམ་ཕྲུག་ཡིག་འབྲི་ཚོའི་མགོ་ན་ཡིན་བསམ་པ།།
རང་ང་རང་སྐྱེས་བུ་ཁུག་རྟས་ཇ་ཐུན་ནས།།
ཨམ་ཕྲུག་སྨྱུག་འཛིན་མགོ་ཡིན་ཞེས།།
སྣང་བ་ར་མ་ལས་ཀྱང་མཐོ།།
ཁུག་རྟའི་གཤོག་ཟུང་ལས་མེད་ཀྱང་།།
བྱ་རྒྱལ་ཁྱུང་ཆེན་ཡིན་སྣང་ཤར།།
གཏམ་མི་བོད་ཀྱི་གཏམ་དཔེ་ལ།།
འང་གུ་ཕྱུ་རས་སྦོས་དུས་སུ།།
ཐང་དཀར་རྒོད་པོ་ཡིན་སྣང་ཤར།།
ཟེར་བའི་དཔེ་དེ་བདེན་ལུགས་ལ།།
རྩེད་མོ་ཨ་མཚར་ཀུ་རེ་ཡིན།།
བདེ་ཆེན་སྒྲོལ་མའི་ཕོ་མཚན་དེ།།
དེ་རིང་ནས་བཟུང་གཅོད་པར་མཛོད།།
ཤར་ཕྱོགས་ཁུག་རྟའི་རང་སྣང་དེ།།
དེ་རིང་ནས་བཟུང་འཇགས་པར་གྱིས།།
གོ་ན་རྣ་བའི་བུ་རམ་གྱིས།།
མ་གོ་གླུ་ལ་འགྲེལ་བ་མེད།།
ངོ་ལ་ཨག་ཚོམ་ཡོད་པའི་བདེ་ཆེན་སྒྲོལ་མ་ཞིག་ཡོད་ནའང་ཐང།
བདེ་ཆེན་སྒྲོལ་མ་དེ་ཨག་ཚོམ་ཅན་གྱི་མཛེས་མ་ཞིག་ཡིན་ནའང་ཐང།
ཁ་རུ་ཁ་ཐུག་གི་བུ་རྒོད་ངར་མ་ཁྱེད།།
ཚིག་བཅད་བྲིས་དང་ན་ངར་ཞིག་ཡོད་མོད་ཀྱང་།།
ཁུག་རྟས་གཤོག་ཟུང་གིས་གཏུབ་ན་སྒུར་སྒུར་བྱོས།།
ང་རྒྱལ་འགོ་འཕང་དེ་གཡུག་ན་ཡི་རང་བྱོས།།
ཨམ་ཕྲུག་ཀླད་མེད་ཚོའི་མགོ་ནས་འཕུར་དགོས་ན།།
དོན་མེད་འཆལ་གཏམ་རང་སྣང་གཏན་ནས་མིན།།
རྒྱ་གར་རི་ངོགས་ནས་གང་ཞིག་གླེང་དགོས་ན།།
ཕ་ཡུལ་བོད་མི་ལ་གང་ཞིག་ཞུ་དགོས་ཀྱང་།།
ཨམ་ཕྲུག་ཡིག་འབྲི་ཚོའི་ནང་ནས་དྲག་གྲས་ཡིན།།
ཉམས་ཆུང་ཁུ་སིམ་གྱིས་བསྡད་ན་བསྙད་ཙག་གི།
འབྲས་དུད་སྙེ་མ་བཞིན་སྒུར་ན་སྣ་གཉེར་གི།
དགོས་དབང་རྒྱུ་མཚན་གྱིས་ཚིག་འགའ་གཏོར་བ་འདི།།
ཀུན་པོར་ཡི་གེ་ཡིས་འགྲན་པའི་བརྡ་རྟགས་ཡིན།།
བུ་མོ་རྣམ་དག་གི་མངར་ཁ་མྱང་ཚར་བས།།
བུ་མོའི་འཇིག་རྟེན་གྱི་མཛེས་སྡུག་རིག་སོང་ནས།།
བུ་མོའི་ཡིད་ངོགས་ཀྱི་སྐྱིད་སྡུག་རུམས་དང་ནས།།
མ་ཁོགས་ཚིག་བཅད་འགའ་ད་དུང་ཤོར་ན་ཐང་།།
བུ་མོའི་འཇིག་རྟེན་གྱི་གླེགས་བམ་འབྲི་དགོས་ན།།
ཤར་ཕྱོགས་ཁུག་རྟ་ཡི་སོར་རྩལ་སུ་ལ་མེད།།
མ་མཐོང་བུ་མོ་ལ་འཁྲིག་གཏམ་བྲིས་དང་ནས།།
བུ་མོའི་འཇིག་རྟེན་ལ་འོལ་ཚོད་བྱེད་པ་སོགས།།
བུ་མོ་མ་ཤེས་ནས་བུ་མོ་གླེང་དྲགས་ནས།།
བདེ་སྒྲོལ་དཀྱིལ་དབུས་སུ་དྲངས་ནས་བུ་མོ་བྲིས།།
བུ་མོ་གླེང་མཁན་ཚོ་དཔའ་དང་དཔུང་ཡོད་ན།།
བུ་མོའི་རིག་གནས་ཤིག་འབྲི་ལ་ཨང་གསར་ཡིན།།
ཤར་ཁུག་གླེན་པ་འདི་གང་ལ་ཐོན་དང་ན། །
སྣང་བ་སོར་གང་བོ་མདུན་ལ་གཡུགས་འཇོག་གི །
བདེ་ཆེན་སྒྲོལ་མ་འདི་དྲན་ཚུལ་གླེང་དང་དུས། །
དགའ་མོས་ཤུགས་དྲག་གིས་བདེན་པ་སྒྲིབ་འགྲོ་གི །
བདེ་ཆེན་སྒྲོལ་མ་ལགས་ཤེས་བྱར་འཁོར་མ་ཡིན།།
ཤར་ཕྱོགས་ཁུག་རྟ་ཁྱོས་དྲུད་ནས་མ་ཡོང་རོགས།།
བོན་རྒྱ་བན་ལོག་ཁོ་བདག་མེད་རོགས་མེད་ཡིན།།
ལག་པ་འཆང་དང་ན་སྙོག་དྲའི་ཁ་སྣོན་ཡིན།།
བན་རྒན་རྨོག་རུ་ཁོ་སྤྲེའི་འུ་མངོན་སུམ་ཡིན།།
མི་ཚེ་རླུང་ཁ་ནས་ཟད་ན་ཁོ་ལ་འགྲོགས།།
ཁུག་རྟ་གླེན་པ་ཁྱེད་སུ་ལའང་མི་ཞེད་ཀྱང་།།
འཇིག་རྟེན་འགྱུར་བ་འདི་དབྱར་ཁའི་གནམ་གཤིས་ཡིན།།
ཀླུ་མཁར་དོལ་གསོ་ལ་དམ་དྲག་བྱེད་ན་ལས།།
ཙ་ཙུག་ཉ་ཉོག་ལ་ཕྱག་ལག་བརྐྱངས་དྲག་ན།།
ཨ་མདོའི་རང་ཚང་ཞིག་ཕྱི་ལ་ཤོར་གི་འདུག།
ཆོ་མེད་ར་བཟི་ཡི་གཤིས་ཀ་མངོན་གི་འདུག།
ཕྱི་བཞུགས་རིག་འབྱུང་གི་དོན་གྲུབ་བཀྲ་ཤིས་དང་།།
དཔེ་མཛོད་ཉིན་བྱེད་ཀྱི་སྣང་བ་འབར་བ་སོགས།།
གཞོན་སྐྱེས་ཤེས་ཡོན་གྱིས་དུད་པ་ཁོང་ཚོ་དག།
ཁྱེད་ཚོའི་གཞོན་སྐྱེས་ཚོས་མིག་དཔེ་ཡིན་སོ་ལོ།།
དེ་ལྟར་བསམ་གཞིག་གིས་ཕྱི་ཐག་བྱོས་དང་ན།།
རྡ་སའི་རི་ངོགས་ནས་གཟུངས་བཞུགས་རྙེད་ཀྱི་རེད།།
ཨམ་ཕྲུག་ཀླད་ལོག་ཚོས་ཁ་ཟིག་སོས་ན་ཐང་།།
རིག་གནས་ཤེས་བྱ་ཡང་ཅུང་ཙམ་རིག་ན་ཐང་།།
ཁོ་བོས་ཤ་ཚ་དང་ཉམས་མྱོང་གཏམ་གྱི་སྒྲ།
བདེན་དོན་འོ་འཛིན་ལ་བཅུགས་ནས་བླུགས་པ་འདི།།
མཛའ་མོའི་ནུ་མ་ལྟར་འཇིབས་ནས་མ་ལྷོད་ཅིག།
འཇིབས་ནས་རྗེས་མ་དེ་ལས་རྒྱུ་མ་བརྗེད་ཅིག།
དུས་རབ་ཉེར་གཅིག་པའི་བུ་ན་གཞོན་བུ་མོ་ཚོ།།ངོ་དགའ་སྤྲེལ་ལད་ཀྱིས་འཛུམ་དཀར་སྟོན་ན་ཡང་།།རྒྱུ་དང་དཔལ་འབྱོར་གྱིས་རྗེས་སུ་རྒྱུགས་པ་ལས།།བརྩེ་གདུང་འགྱུར་མེད་གཅིག་མི་སྤྲོད་ངོ་མ་རེད།།
བདེ་ཆེན་བུ་མོ་འདིར་འཇོལ་མོའི་གསུང་སྐད་ཡོད།།
གྱུར་གྱུར་སྒྲོགས་པ་འདི་དུས་ལ་འཚམ་རྟགས་ཡིན།།
བོན་རྒྱའི་གསར་བུ་འདི་རྒོད་པོ་མཐུར་མེད་ཡིན།།
གསར་གཏོད་སྙིང་ཁམས་འདི་ལོ་རྒྱུས་མཚོན་རྟགས་ཡིན།།
ཤར་ཕྱོགས་ཁུག་རྟ་འདི་རིག་པའི་རལ་གྲི་ཡིན།།
རྣོ་ངར་སྲ་མཁྲེགས་འདི་ཕོ་ཡི་ཁྱད་ཆོས་ཡིན།
རྨོག་རུ་ཁུ་བྱུག་འདི་མདའ་མོ་ཁེར་བགྲོད་ཡིན།།
དྲང་དང་རྣོ་བ་འདི་ཕ་མེས་ལེགས་སྐྱེས་ཡིན།།
འདི་ན་གཞོན་ཁག་འདིའི་སྣང་བ་དགུང་ལས་ཡངས།།
འདི་ན་གཞོན་ཁག་འདིའི་དམ་ཚིག་དུང་ལས་དཀར།།
འདི་ན་གཞོན་ཁག་འདིའི་ཆིག་བསྒྲིལ་རྡོ་ལས་སྲ།།
འདི་ལྟར་རྒོད་པོ་ཚོ་མདུན་ནས་མདུན་ལ་བསྐྱོད།།
དྷྰི། ཇི་ལྟར་ཆོས་ཅན།
བོད་ཀྱི་བུ་མོ། བོད་ཀྱི་མཛངས་མ། བོད་ཀྱི་མཛེས་མ་གསུམ་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་ཁྱད་པར་གང་དང་གང་ཡོད་དམ།
ང་རང་ཁྱེད་ཚོའི་སྐྱག་ལབ་ལ་སུན་གི། ལྷག་པར་ཤར་ཕྱོགས་ཁུག་རྟའི་ཉེ་བའི་འཁྲབ་སྟོན་ལ་སྐྱུག་ལངས་ཀི།
སྐྱག་ལབ་སྣོམ་གི་ལ་སུས་ཀྱང་མ་བོས་ཟིག།
བཅད་མ་སྐྱུག་རྒྱུ་ན་ཁྱེད་ཉིད་གློད་བཞག་ཡོད།།
ཁ་སང་འཆལ་གཏམ་གྱི་ལན་དུ་བྲིས་པ་དེར།།
རྟ་ནག་ཁྱི་ཁ་དེ་བཙུམ་ནས་འདུག་དོན་མེད།།
གཟུགས་ཅན་གཟུགས་མེད་ཀྱི་ཆོས་སྲིད་གེགས་རྐྱེན་ལ།།
དཔའ་དར་འཐེན་རྒྱུ་ནི་ཁྱེད་བཞིན་མ་ཡོང་ཐལ།།
དཔའ་ན་གང་བཤད་དེར་ཁུངས་ཙམ་སྐྱེལ་རྒྱུ་བྱས།།
སྐྱུགས་མེར་མི་ལངས་རྒྱུར་ཕན་ཙམ་ཐོག་ན་ཐང་།།
ཧཧཧ རྟ་ནག་པའི་རྩོམ་འཆལ་དེའི་འོག་ཏུ་དྲི་བ་ཞིག་དྲིས་ཡོད་མོད། ལན་མེད་སྟབས། འདིར་ཆེད་དུ་བཙིར་གི་ཡོང་ནི་ཡིན། སུས་གོ་ན་དེ་ལ་ཅིག་བཤད་རོགས།