འབའ་སྲས།
རྒྱང་ཐག་རིང་བའི་འཕགས་ཡུལ་རྒྱ་གར་ན།།
བདེ་ཆེན་སྒྲོལ་མ་ཟེར་ནི་ཞི་མོ་ཞིག །
རྩོམ་ཡིག་མང་མང་སྤེལ་བའི་རྩོམ་པ་པོ།།
ཡིན་པའི་སྐད་ཆ་བདག་གིས་རིང་ནས་ཐོས།།
འགའ་ཤས་བཤད་ན་ཧ་ཅང་མཛེས་མ་དང་།།
ལ་ལས་མི་མཛེས་སྐྱེས་ལུས་ཕོ་འདྲ་ཟེར།།
གང་ལྟར་མང་མང་ཞིག་གི་ཁ་ནང་ནས།།
བདེ་ཆེན་སྒྲོལ་མ་ཟེར་ནས་ཡང་ཡང་གླེང་།།
ཤར་ཕྱོགས་ཁུ་རྟས་དྲན་སྣང་ཁྱོད་ལ་བསྐུར།།
སྙིང་གི་ཚིལ་ལུས་སྙིང་གཏམ་ཁྱོད་ལ་བྲིས།།
བོན་རྒྱ་བསྟན་འཛིན་ཕྲག་དོག་ཁྱོད་ལ་ལངས།།
ཁ་རེ་ཁ་ཐུག་ཐེ་ཚོམ་ཁྱོད་ལ་ཟ།།
མོག་རུ་བསྟན་པས་མཛའ་བརྩེ་ཁྱོད་ལ་གླེང་།།
བོད་ལ་དགའ་ཡིས་ངོ་དགའ་ཁྱོད་ལ་བྱེད།།
བོད་ཀྱི་ཕོ་གསར་སྙན་ངག་ཁྱོད་ལ་བསྐུར།།
གསལ་ལེ་རྒྱལ་གྱི་མིག་གིས་རྒྱང་ནས་བལྟས།།
བོད་འཁྱར་སྤྲང་ཕྲུག་སྡུག་སྐད་ཁྱོད་ལ་འདོན།།
རབ་འབྱམས་པ་ཡིས་རྟགས་གསལ་ཁྱོད་ལ་གཏོང་།།
མེ་ཏོག་མ་ཡི་སེམས་ཀྱང་ཁྱོད་ལ་ཤོར།།
འདི་དག་ཚང་མ་ཁྱོད་ཀྱི་འགྲམ་ལ་འཁོར།།
དེ་རིང་དྲང་བའི་གཏམ་ཞིག་བདག་གིས་འདྲི།།
བདེན་པ་ཡིན་མིན་ཐད་ནས་ལན་ཞིག་སྩོལ།།
ཁྱོད་ཀྱི་ཡ་ཁའི་ངོས་ན་ཁ་སྤུ་དང་།།
མ་ནེ་སྒང་ན་ཨག་ཚོམ་སྐྱེས་འདུག་ཟེར།།
ད་དུང་མགོ་ན་སྐྲ་ལོ་མེད་པ་དང་།།
བྲང་ཁའི་ངོས་ན་ནུ་མ་མེད་རབ་བཤད།།
གཅིན་པ་གཏོང་དུས་ལངས་ནས་གཏོང་བཞིན་པ།།
མཐོང་མྱོང་ཡོད་པའི་མི་ཡང་འགའ་ཤས་འདུག །
མི་ཡིས་བཤད་བཤད་ཉན་རྒྱུ་མེད་མོད་ཀྱང་།།
ཁྱོད་ཀྱི་བྲིས་པའི་རྩོམ་ཡིག་ཁ་ཁེར་ནང་།།
སྐྱེས་པ་ཕོ་རབ་ཅིག་གི་ཕོ་རྟགས་ལས།།
ཞི་མོ་ཞིག་གི་མཚན་མ་མཐོང་རྒྱུ་མེད།།
བྱ་ཞིག་ཡིན་ན་མདའ་ཞིག་འཕེན་རྒྱུ་ཡིན།།
བྱིའུ་ཞིག་ཡིན་ན་རྡོ་ཞིག་གཡུག་རྒྱུ་ཡིན།།
ཞི་མོ་ཡིན་ན་འགྲོག་ཅིག་འཛིན་རྒྱུ་ཡིན།།
ཞི་ལི་ཡིན་ན་ཁ་ཡ་བྱེད་རྒྱུ་མིན།།
ཞི་མོ་ཡིན་པའི་གསོལ་བ་ཐེངས་གསུམ་འདེབས།།
ཞི་ལི་མིན་པའི་སྨོན་ལམ་ཐེངས་གསུམ་རྒྱག །
ཞི་ལི་ཡིན་ཡང་ལུས་ཀྱི་རྟེན་བརྗེས་ནས།།
ཞི་མོ་ཞིག་གི་ལུས་སུ་འགྱུར་བར་ཤོག །
ལོག་པའི་སྨོན་ལམ་བཏབ་པ་མི་འོས་ཀྱང་།།
དགའ་བའི་སེམས་པ་དམར་པོ་སྡིག་ཤེད་ཆེ།།
འདོད་པའི་དབང་གྱུར་བློ་འདི་བཙན་ཤེད་ཆེ།།
སྡིག་བཙན་མདུང་རྩེ་རྣོ་བས་ཁ་འདི་གཤགས།།
ལྕགས་དབྱུག་སྙུ་གུ་བརྡར་ནས།།
རྡོ་ལ་ཡི་གེ་བྲིས་ནས།།
འུར་རྡོ་བཞིན་དུ་འཕངས་ཡོད།།
ཕྱིར་ལན་ཐོག་ལ་སྒུག་ཡོད།།
ཞི་ལི་ཞི་མོ་ལ་ཁྱད་པར་འཇོག་པ་འདི།།
གོང་འོག་གཉིས་ཀ་ལ་རྒྱུགས་མྱོང་མེད་རྟགས་རེད།།
འབའ་སྲས་ཆགས་གཏམ་ལ་རྫོགས་རྒྱུ་མེད་ནོ་འདི།།
མཐའ་འཁོབ་དབྱིན་མོ་ལ་མྱོང་བ་ཐོན་རྟགས་རེད།།
ཤར་ཕྱོགས་ཁུ་རྟ་ལགས་ཁུ་ཁུ་སིམ་སིམ་གྱིས།།
བདེ་ཆེན་སྒྲོལ་མ་ལ་དྲན་ཚུལ་མ་གླེང་རོགས།།
མོག་རུ་ཁུ་བྱུག་གི་སྙིང་གི་མཛའ་བརྩེ་དེ།།
ཡི་གེར་བཀོད་ནས་ཁ་སང་བསྐུར་དང་ཐལ།།
འབའ་སྲས་བུ་ལོ་རྒྱང་རིང་ནུབ་ཡུལ་ལ་བཞུད།།
ནུབ་ཡུལ་འདུ་ལོང་ཁྲོད་ནས་རྡ་ས་དྲན།།
བདེ་ཆེན་སྒྲོལ་མ་དུང་བས་གླུ་ཞིག་བླངས།།
ཕོ་གསར་འགའ་ལ་ཕྲག་དོག་མདའ་ཞིག་ཕངས།།
ཤིན་ཏུ་བདེན་ནོ་པ་མགོས་བཤད་པ་བདེན།།
ནུབ་ཕྱོགས་ཡུལ་ནས་རྡ་ས་ཡིད་ལ་དྲན།།
དབྱིན་མོའི་འགྲམ་ནས་བོད་མོ་སེམས་ལ་ཆགས།།
མ་ཤེས་སོང་ནས་བུ་ལ་མཛའ་གླུ་བླངས།།
བདེ་ཆེན་སྒྲོལ་མར་ཕོ་མཚན་ཡོད་མེད་དང།།
ཞི་ལོ་ཞི་མོ་གང་ཡིན་འདྲི་ཞོར་ལ་།།
འབའ་སྲས་ཉིད་ཀྱི་དུང་སེམས་ཕྲ་མོ་དེ།།
མངོན་ཆུང་ཚུལ་གྱིས་འཕངས་འདི་ཉམས་རེ་སྐྱོ།།
བདེ་ཆེན་སྒྲོལ་མ་ཟེར་བ་མ་ནིང་ཞིག་ཡིན་འདྲ།།
འབའ་སྲས་འབོད་པའི་མྱི་འདི་སྲེད་སྐྱ་ཞིག་ཡིན་ཤག།
ཤར་ནུབ་བུ་མོའི་རྐུབ་ན་དྲན་རེག་གིས་བཟི་སྐད།།
འདོད་པ་རིང་ནས་བགག་པའི་གྲྭ་ལོག་ཅིག་ཡིན་ཚོེད།།
ཨ་ལ་་ཀུ་རེ་ཡིན་ནོ།
ཚིག་འཇམ་མེ་ཏོག་གི་འདབ་མའི། །
དྲི་བསུང་དྲི་བ་དང་འགྲོག་འདུག །
རྡ་སའི་བདེ་སྒྲོལ་གྱི་སོར་མོས། །
ལེན་རྒྱུ་ཁག་ཙམ་ཞིག་ཡོང་པ། །
བཀྲ་ཤིས་བོད་དགའ་གཉིས་ཀ་ཕེབས་པ་ལེགས།།
སྙན་མོ་ཚིག་རེ་བཀོད་པ་ཤིན་ཏུ་སྙན།།
འབའ་སྲས་སེམས་ལ་སྲེད་པ་མེད་ན་ཡང་།།
སྐྱག་ཁ་ལངས་ཤོར་སོང་ནས་མི་བསྡོད་ཀི།།
སྙན་ངག་མེ་ལོང་ཁྲིད་པའི་ལངས་ཤོར་རམ།།
ཆུང་དུས་ལ་གཞས་དགའ་བའི་བག་ཆགས་སམ།།
ཅི་ཡིན་མི་ཤེས་ལོ་ན་རྒས་གྱུར་ཀྱང་།།
བདག་གི་སྙན་ངག་གཞོན་ནུ་སྟག་ཕྲུག་འདྲ།།
ན་ཆུང་ལང་ཚོ་བྲིས་ན་ཤར་རུ་རུ།།
འདོད་པའི་ཆགས་སྲེད་བརྗོད་ན་ཤ་ར་ར།།
ཤར་ཕྱོགས་བོད་ནས་ནུབ་ཕྱོགས་རྒྱལ་ཁབ་བར།།
ང་ཡི་དོ་ཟླར་ཡོད་པ་དེང་སང་དཀོན།།
བདེ་སྒྲོལ་མིང་ཅན་གཡོ་རེད།
ཚེ་གང་གཏན་གྲོགས་རྫུན་རེད།
ཁ་དང་ལག་པའི་བར་ནས།
འབའ་སྲས་སྣང་བ་འཁྲུལ་འདུག
རྡ་སའི་བདེ་ཆེན་སྒྲོལ་མ།
མཚར་པོ་རང་དང་མི་འདུག
བློ་བཟང་དབང་རྒྱལ་ནང་ཞིན།
འགྲོ་བཟོ་དོད་པོ་འདུག་གོ
སེམས་དང་ལག་པའི་བར་ནས། །
སྙིང་གཏམ་ཡིག་གཟུགས་ཕབ་འདུག །
བདེ་སྒྲོན་བརྩེ་སེམས་ཡོད་ན། །
ཡིག་ལན་འབའ་ལ་གནང་རན། །
རུ་དམ་པ་ཚོས་དེང་སང་ག་རེ་བྱེད་ཀྱིན་ཡོད།
གཅིག་ལས་གཅིག་གིས་ངར་བའི་ཕོ་རྒོད་ཚོ། །
མ་བརྟག་ཉམས་དགའི་ཕོ་གཞོན་ཁྱུ་གཅིག་སྣང་། །
བརྟགས་ཤིང་དཔྱད་ན་གྲྭ་ལོག་བླ་ལོག་ཅེས། །
ས་ཟད་ས་འགྱངས་མགོ་མེད་ཁྱུ་གཅིག་རེད། །
ཆགས་སྲེད་སྐམ་པོས་སྨྱོན་པའི་རྨོག་རུ་དང་། །
བོན་རྒྱ་ལ་སོགས་གྲྭ་སའི་ཆོས་དཔོན་གྱིས། །
སྒྲིག་གི་ཁོངས་ནས་ཕུད་པའི་ཁྱི་ཚོགས་འདིས། །
ད་དུས་ཆགས་པས་སྨྱོན་རྟགས་སྣ་མང་བསྟན། །
བདེ་ཆེན་སྒྲོལ་མ་ཞི་ལི་ཡིན་ན་ཡིན།།
བདེ་མོ་ངག་གིས་གཏམ་ཞིག་དེ་ན་ཡོད།།
བདེ་ཆེན་སྒྲོལ་མ་ཞི་མོ་ཡིན་ན་ཡིན།།
གཅེས་པའི་བོད་དོན་གླེང་བཞིན་དེ་ན་ཡོད།།
འབའ་སྲས་དོག་པ་ཡོད་ཀྱང་སེལ་ཐབས་དཀའ།།
ཁུག་རྟ་དུངས་ཀ་ཟབ་ཀྱང་ཐུག་རྒྱུ་དཀའ།།
བདེ་ཆེན་སྒྲོལ་མ་བདེ་མོ་འཇོག་འདོད་ན།།
བདེན་པའི་གཏམ་ཞིག་སྤེལ་དང་གཏམ་ལན་ཡོད།