དགའ་ཉག་པས།
མི་སྣ་སྒེར་པ་ཞིག་གི་འོས་ཤོག་ཙམ་གྱི་ཆེད། རང་གཞུང་གི་ཆེས་མཐོ་བའི་འཛིན་སྐྱོང་བཀའ་ཤག་ལ་རྒྱབ་གཏད་དེ་མཛད་དཀའ་བཟོས། དགྲ་བོ་གུང་ཁྲན་ལ་བླ་ན་མེད་པའི་ལེགས་སྐྱེས་རིན་མེད་ཅིག་སྤྲད། མཐའ་ན་རང་ཁོངས་ཀྱི་ལས་བྱེད་ཚོ་ལ་ཡང་སྐད་ཆ་ཚིག་གཅིག་མེད་པར། གཟའ་ཉི་མའི་གུང་སེང་དང་བསྟུན་ཏེ། སྲིད་སྐྱོང་གི་སྒེར་ཤག་ནང་འགྱུར་བ་དང་ཕྱིར་འཐེན་རྩ་བ་ནས་མེད་ལུགས་ཀྱིས་དུས་མིན་གྱི་དགོངས་ཤོག་དེ་ཕུལ། ཅི་ཡིན་འདི་ཡིན་མེད་པར་དཔེ་མཛོད་ཀྱི་སྒོ་ཁ་ནས་གསལ་ལ་མི་གསལ་བའི་གསལ་བསྒྲགས་ཤིག་སྤེལ་ཏེ་ཁེ་ཎ་ཌར་ལོག །
ཡང་དངོས་སུ་སྤྱི་དོན་དང་རྩ་དོན་གླེང་ཞོར་ཤུགས་ལ་རང་ཉིད་ལ་ངོ་སོ་དང་ཆེ་མཐོང་མ་རག་པའི་སྡུག་སྐད་ཀྱིས་ལས་ཐོག་སྲིད་སྐྱོང་ལ་ཆེད་དུ་དམིགས་པའི་གསལ་བསྒྲགས་ཐེངས་གཉིས་པ་སྟེ། བྱང་ལ་མ་བྱང་དང་དག་ལ་མ་དག་གི་བོད་སྐད་ཐོག་ནས་བརྙན་པར་གཅིག་དང་། ཡིག་ནོར་བརྒྱད་དང་སྦྱོར་ནོར་གཅིག །ཆད་པ་གཉིས་དང་འཁྲུག་པ་གཅིག་བཅས་ཚང་བའི་བོད་ཡིག་ཤོག་ལྷེ་གཉིས་ཅན་ཞིག་བཀྲམ། དེ་རིང་ཡང་སྤྲུལ་གཟུགས་བསྒྱུར་ཏེ་སྤྱོད་པ་ཡག་མདོག་གིས་གད་མོ་དང་བཅས་ཁ་པར་ལམ་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཚོགས་གཙོ་ལ་འོས་བླུག་གི་ཡིན་སྐོར་བསྒྲགས།།
མདོར་དྲིལ་ན་ཁྱེད་རང་གི་འོས་ཤོག་རྐང་གཅིག་དེ་ཚོགས་གཙོ་ལ་ཕུལ་ཞིང་། ཚོགས་གཙོའི་ཆེ་བ་དང་ཡོན་ཏན་ག་ཚོད་བརྗོད་ན་ཡང་ཁྱེད་རང་གི་དབང་ཚད་རེད་ལ་ཁྱེད་རང་གི་འདོད་མོས་རེད། དགོས་པ་དེ་ཙམ་གྱི་ཆེད་དུ་དུས་མིན་གྱི་དགོངས་ཤོག་སྤྲད་དེ་རང་གཞུང་ལ་མཛད་དཀའ་དང་མིང་ཆད་ངན་པ་བཟོས། རྒྱ་ནག་གུང་ཁྲན་གྱིས་ཉིན་སྒུག་མཚན་སྒུག་བྱས་པའི་ལག་ཆ་དེ་རིན་མེད་ཐོག་ནས་སྤྲད། སྤུན་ཟླ་མང་པོ་སེམས་ཕམ་དང་བློ་ཕམ་གྱི་གཞི་ལ་བཀོད། ཆོལ་ཁ་ནང་ཁུལ་དུ་སླར་ཡང་རྩོད་གཞི་ཆེན་པོ་ཞིག་བསླངས་སོང་བས། བོད་བཙན་པོའི་རྒྱལ་ཁབ་ནས་གཞུང་དགའ་ལྡན་ཕོ་བྲང་དང་དབུས་བོད་མིའི་སྒྲིག་འཛུགས་བར་གྱི་བླ་མེད་ཆེ་མཐོང་ལྡན་ཞིང་། ལོ་རྒྱུས་ཀྱི་གཟི་འོད་འབར་ལ་བྱིན་བརླབས་ཀྱི་ཚན་ཁ་ཆེ་བའི་བཀའ་ཡི་བློན་པོ་སྟེ་”བཀའ་བློན་”ཞེས་པའི་མིང་དེ་ཚུལ་བཞིན་དུ་འཁུར་མ་ཐུབ་པས། “བཀའ་ཟུར་”ཟེར་བའི་ཡིག་འབྲུ་གཉིས་དེ་ཁྱེད་ལ་ལན་པོ་མེད་པ་མ་ཟད། ཚུལ་མཐུན་ལུགས་མཐུན་ཞིག་ཀྱང་རྩ་བ་ནས་མཐོང་གི་མི་འདུག་པས། རབ་བྱུང་ན་བཀའ་ཤག་ངོས་ནས་ཨ་མ་ཁྱེད་ལ་བཀའ་ཟུར་གྱི་མིང་དེ་མི་ཐོབ་པའི་གསལ་བསྒྲགས་ཤིག་སྤེལ་འོང་ན་སྙམ། གལ་ཏེ་མ་སྤེལ་ན་ཡང་རུང་ངའི་ངོས་ནས་བཀའ་ཟུར་ཟེར་བའི་མིང་བྱིན་ཅན་དེ་ཁྱེད་ཀྱི་མིང་འགོར་རྩ་བ་ནས་བེད་སྤྱོད་མི་གཏང་། །
གདན་ས་དང་དགོན་པ་གྲྭ་ཚང་ཁག་ལ་མཚོན་ན་ཡང་། མཐོ་དགའ་ལྡན་ཁྲི་པ་ནས་འོག་གི་ལས་སྣེ་སུ་ཡིན་ཡང་། ལས་གནས་དེ་རྙོག་གྲ་ཐོག་ནས་མཐར་མ་ཕྱིན་ན་ཁྲི་ཟུར་དང་མཁན་ཟུར་སོགས་ཀྱི་མིང་དེ་རག་གི་མ་རེད། དེ་ནི་ཞོར་འཕྲོས་ཙམ་ཡིན།།
བདེ་སྐྱིད་ཆོས་དབྱངས་ལ་བཀའ་ཟུར་གྱི་མིང་འཇུག་དང་མི་འཇུག་ནི། ཁྱོད་ཀྱི་སྐད་ཆ་ནུས་མེད་དེ་འདྲ་ཞིག་གིས་ནུས་པ་ཅི་གང་འཐོན་གྱི་མ་རེད། ད་དོན་མེད་ལ་དཀའ་ལས་མ་རྒྱག་ཡ་གྲོགས། དོན་དངོས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ལ་བསམ་བློ་བཏང་ནས་སྐད་བྱེད་ཐུབ་ན་ཡག་པོ་རེད། དེ་མིན་རྒྱ་ནག་དགའ་བའི་ལས་ཀ་རང་གིས་བྱེད་ཀྱི་འདུག བློ་སེང་དང་བོད་མིའི་སྒྲིག་འཛུགས་གཉིས་ལས་གང་གལ་ཆེན་ཡིན་པ་མ་ནོར་བ་བྱོས་ཡ། ད་དུང་ཁྱོད་ལ་སྐད་ཆ་བཤད་པའི་ནུས་པ་དང་ཤེས་ཚད་མི་འདུག དང་པོ་གཞན་གྱི་སྐད་ཆ་ཉན་ཡ་སློབ་སྦྱོང་བྱོས། དངོས་གནས་ཤེས་ཚད་སྐྱོ་བོ་འདུག
ཁག་མེད། ཆབ་སྲིད་ཀྱི་གོ་རྟོགས་ནམ་ཡང་སད་མེད་པའི་མྱི་བུ་ཁྱོད་ལྟ་བུས་ཆབ་སྲིད་ཀྱི་དཔྱད་བརྗོད་འབྲི་རྒྱུ་ག་འདྲ་དྲན་སོང་ངམ། ཁྱོད་དང་སྲོང་བཙན་ལྟ་བུ་ནི་ལུས་ལ་གྲྭ་ཆས་གྱོན་ཐུབ་པ་ཙམ་ལས། སེམས་ནི་ནམ་ཡང་ཆོས་སུ་སོང་མེད། རྟག་ཏུ་ཆོལ་ཁ་དང་ཆོས་རྒྱུད། ལུང་ཚན་བཅས་ཀྱི་འཐེན་འཁྱེར་ཁོ་ནའི་ཐོག་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་དེ་གཏོར་བཤིག་གཏོང་རྩིས་ཀྱི་བསམ་ངན་བཅངས།
ཁྱོད་དང་སྲོང་བཙན་ལྟ་བུའི་གྲྭ་རྫུན་རྣམས་ཀྱིས་ཆབ་སྲིད་ཀྱི་དཔྱད་བརྗོད་སྤེལ་བ་ནི་ངོ་མ་དགོད་བྲོའི་གཏམ་ཞིག་རེད། དང་པོ་ལུས་ལ་གང་གྱོན་པ་དང་སྡོད་ས་གང་དུ་ཡོད་པ་ཤེས་ནས་དེ་དང་འབྲེལ་བའི་རང་འགན་དེ་འཁུར་ན་ལེགས།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ཀྱིས་སྤེལ་བའི་གསལ་བསྒྲགས་གཉིས་པ་དེ་ལ། ཁྱེད་རང་གིས་༼ལས་ཐོག་སྲིད་སྐྱོང་ལ་ཆེད་དུ་དམིགས་པའི་གསལ་བསྒྲགས་ཐེངས་གཉིས་པ་༽ཞེས་དོན་ལ་མ་འོངས་སྲིད་སྐྱོང་ལ་ལྡན་དགོས་པའི་ཆ་རྐྱེན་དགུ་དེ་བློ་བཟང་སེང་གེ་ལགས་ལ་མི་ལྡན་པར་ཁས་ལེན་བྱས་པ་ལྟ་བུའི་འབྲི་སྟངས་འདི། གནས་ལུགས་རྒྱུ་མཚན་ལ་མི་ལྟོས་པར་ཆོལ་ཁ་དང་ཕ་ཡུལ་གཅིག་པ་ཁོ་ན་ལ་འཐམས་ནས་སྡོད་མཁན་ཚོ་ལས་གྲུང་ཙམ་བྱུང་འདུག
དགའ་ནག་ལགས་ཀྱིས་ཡག་པོ་གསུངས་འདུག། འཛམ་གླིང་གི་རྒྱལ་ཁབ་གང་ན་མེད་པའི་བདེ་ཆོས་ཀྱི་བཀའ་བློན་ནས་བུད་སོང་བ་རེད། མོར་བཀའ་བུད་ཟེར་བ་ལས་བཀའ་ཟུར་ཞེས་གོ་ས་མི་ཐོབ། ད་དུང་བོད་ཀྱི་སྤྱི་ཚོགས་སུ་ལས་དོན་བྱེད་རྒྱུ་ཡིན་ཟེར། ཧཧཧཧཧ། བཀའ་བུད་དེས་བྱེད་བབ་ནས་སླད་བོད་པ་ཚང་གིས་མོར་རེ་བ་དང་ཡི་ཆེས་གང་ཡང་མེད།
དགའ་ཉག་དང་གང་ཕྲུག་ནི་བསློབ་སྦྱོང་མེད་པའི་བོད་མི་ཀླད་སྟོང་ཕྱོགས་ལྷུང་ཅན་ཞིག་རེད་འདུག་ རང་གཞུངས་དང་བློ་སེང་གཉིས་གང་གལ་ཆེ་བ་འདུག་བསམ་བློ་མཐོང་ བློ་སེང་ཡང་བདེ་སྐྱིད་ཆོས་དབྱངས་བཞིན་རྩ་དགོངས་ཞུ་དགོས་རེད་
གྲྭ་ལོག་ལ་གྲྭ་ཟུར་གྱི་ཐ་སྙད་འཇོག་ཕོད་ས་ལ། བཀའ་བློན་བྱེད་མྱོང་མཁན་ཞིག་ལ། བཀའ་ཟུར་གྱི་མིང་མི་ཐོབ་ཟེར་བ་ནི་བརྗོད་རྒྱུས་ཕོང་པའི་རྟགས་རེད། དེ་བས་ཉེན་ཚབས་ཆེ་བ། མང་གཙོའི་སྲིད་སྐྱོང་དང་པོ་ཁ་ནག་བློ་བཟང་བསང་སྒྱེ་ཟེར་བ་འདིས། བྱེད་མི་དགོས་པའི་ལས་ཀ་རང་བསྟོད་དང་། རང་ཕྱོགས་སྐྱོང་བ་ལས་བོད་རྒྱ་འབྲེལ་མོལ་གྱིས་མཚོན་བོད་སྤྱི་པའི་གལ་ཆེའི་ལས་དོན་གང་ལ་ཡང་རྔོ་མ་ཐོགས་པར་རྐུབ་ནག་མ་སངས་པ་འདིས། སྐད་གྲགས་ལུང་པ་གང་བཞག་སོང་། ཆིག་སྒྲིལ་དང་། ལྷིང་འཇགས་ཟེར་བ་དེ་ཚོ་ནམ་མཁའི་འཇའ་ལྟར་ཡལ་སོང་བ་འདི་ཐབས་སྐྱོ། ཡང་བསྐྱར་འདི་ལ་རེ་བ་བྱེད་མཁན་ཚོ་ལ་གདོན་ཞུགས་པ་མིན་ན་གང་རེད་དམ།
ཨ་ཁུ་འབྲོག་པ་ལགས་།
བདེན་ནོ་། ངས་བློ་སེང་གི་ཚབ་བྱེད་ནས་བོད་མི་མང་ཚོགས་ལ་འདས པའི་ལོ་ལྔའི་ནང་སྤྱི་ལ་ཕན་པའི་ལས་དོན་གང་ཡང་མ་བསྒྲུབ་པར་དུས་དེད་པར་དགོངས་བསལ་ཞུ་།
བློ་སེང་གི་ཚབ་བྱེད་ནས་ཞུ་རྒྱུར་བློ་སེང་གིས་ཡང་བསྐྱར་སྤྱི་དོན་མ་བསྒྲུབ་པར་སོ་སོའི་ལྟོ་གོས་གཏམ་གསུམ་གཙོ་དོན་བྱེད་ཚེ་བོད་མི་མང་སོ་སོའི་ནོར་འཁྲུལ་ཡིན་པས་བསྐྱར་དུ་དགོངས་བསལ་ཞུ་མི་ཐུབ་པར་དོ་བདག་སོ་སོས་འགན་འཁུར་དགོས་སོ་།
#8 གནམ ་ལགས་ཀྱིས་སྤེལ་དོན།:
March 8th, 2016 at 9:37 pm
བཀའ་ཟུར་བདེ་ཆེན་ཆོས་དབྱངས་ཀྱིས་བོད་སྤྱི་ལ་ཕན་པའི་སྡུག་སྐད་ཁ་ཐུག་ལ་བཤད་པ་དེ་ཡི། གསུངས་སྒྱུར་བ་གནམ་གྱིས་ཕུལ་ལོ།
• ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་མི་འདོན་མཁན་གྱི་དབུ་ཁྲིད། སྲིད་སྐྱོང་བློ་བཟང་ནི་ཀུན་སློང་དང་འབད་བརྩོན་ཆ་ཚང་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་མིན།
• ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས་བའི་ཆ་རྐྱེན་དེ་བློ་སེང་ལ་མེད།
• ཟོལ་ཡོད་མིན་པ། དོན་དངོས་མི་རྗོད་མཁན་དང་། དྲི་ལན་དྲེང་པོར་མི་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་རྩ་བ་ནས་མིན་པ་ནི་བློ་སེང་ཡིན།
• ལས་དོན་མཉམ་རུབ་ཀྱིས་མི་སྒྲུབ་མཁན། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་པ་ལ་སྐྲག་སྣང་དང་ཕྲག་དོག་ཡོད་མཁན་ནི་བློ་སེང་ཡིན།
• ཕྱིའི་མཐོང་སྣང་ཙམ་ལས་དོན་དངོས་རྩ་ཆེན་དུ་མི་བརྩི་མཁན། ཕྱིའི་མཐོང་སྣང་ཁོ་ན་ལས་ནང་གི་ལྗིད་ཁོག་གི་རིན་ཐང་མི་ཤེས་མཁན་ནི་བློ་སེང་ཡིན།
• གཞན་པ་ལ་བརྩི་བཀུར་མེད་པ། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མི་མཐོང་མཁན་ནི་བློ་སེང་ཡིན།
• ཁེངས་དྲགས་ཆེ་བ་། རང་བསྟོད་རྐྱང་རྐྱང་བྱེད་པ། གཞན་པ་ལ་བློ་འདྲི་མི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་མི་ཐུབ་མཁན་གྱི་མི་ནི་བློ་སེང་ཡིན།
• དམངས་མགོ་སྐོར་བའི་གདེངས་ཚོད་འཚོལ་བ་ལ། ༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ངོ་བསྟོད་ཙམ་མ་ཙིག་པོ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་འཐོབ་བྱེད་ལ་བེད་སྤྱོད་བྱེད་པའི་རང་དོན་ཁེ་ཕན་ལེན་མཁན་ནི་བློ་སེང་ཡིན།
• ཆོལ་ཁའི་ཕྱོགས་ཞེན་ལ་འཐུམ་པ། སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལ་རྐུབ་བཙུགས་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་བྱེད་མི་མཁན་མཁས་བ་དེ་ནི་བློ་བཟང་སེང་གེ་ཡིན།
བྱས་ཙང་ཁོ་ཡག་པོ་མི་འདུག། བོད་མིའི་དབུ་ཁྲིད་ལ་མི་འོས་སོ། སྐད་ཆ་དོན་ཆེན་འདི་མི་མང་ལ་བཤད་པའི་ཆེད་དུ། ང་བཀའ་བློན་བདེ་ཆོས་དབྱངས་ནས་འདི་དག་གལ་ཆེ་དོན་ཆེན་ལ་མཐོང་ནས། ཁོང་གི་རང་མཚང་མི་དམངས་ལ་བཤད་པའི་ཆེད་དུ་དགོངས་པ་ཞུས་བ་ཡིན།
འོས་བླུག་དང་མི་བླུག་རང་ཚོས་བོད་ཕྱི་ནང་གི་བདེ་སྡུག་གཙོར་མཐོང་གིས་བོད་མིའི་སྐབས་དང་དུས་ལ་མཐུན་པའི་བསམ་བློར་ཚད་བཅོལ་ནས། གང་གཟབ་གཟབ་དང་གང་ཡོང་ཡོང་གིས་འདེམས་མ་འཁྱུག་པ་བྱེད་པའི་དགེ་རྩ་ཅི་ཡོད་བོད་མི་ཡོངས་ལ་བསྔོས་སོ།
བདེ་སྐྱིད་ཆོས་དབྱངས་ལ་བཀའ་ཟུར་གྱི་མཚན་ཉིད་ཐོབ་མིན་ང་ཚོས་བྲེད་ཤ་འཚུབ་པའི་སྒོ་ནས་བཤད་དགོས་བ་ཅིག་མ་རེད་བསམ་བྱུང་། རྒྱུ་མཚན་ནི་བོད་གཞུང་ན་བཀའ་བློན་དང་བཀའ་ཟུར། བཀའ་ཤག་སོགས་ཀྱི་མཚན་གནས་དང་བགོ་གཞི་སྒྲིག་རིམ་སོགས་ཆ་ཚང་ཡོད་པ་རེད། འདིར་ཞུ་རྒྱུ་ཞིག་ལ་བློ་སེང་དང་བདེ་ཆོས་གཉིས་སྔོན་ཆད་མཛའ་མཐུན་ནས་ད་ལྟ་འགལ་བ་རུ་གྱུར་བ་བྱིས་པ་ཚོས་རྩེད་ཆོས་སྒྲིག་པ་དང་གཉིས་སུ་མ་མཆིས། བློ་སེང་ཡིན་ནའང་འདྲ་བདེ་ཆོས་ཡིན་ནའང་འདྲ་ཚང་མས་བོད་ལ་ཐུགས་འཁུར་གནང་གི་མེད་པ་འདྲ།
དབུས་འོས་བསྡུ་ལས་ཁང་ནས་གནས་སྐབས་སྲིད་སྐྱོང་གི་འོས་བསྡུ་ཕྱི་འགྱངས་གནང་དགོས་། སྲིད་སྐྱོང་འོས་མི་གཉིས་སུ་བདེན་ཆེས་མཐོའི་ཁྲིམས་ཁང་ལ་གདོང་གཏུག་བྱེད་དགོས་དེ་མིན་བཙན་བྱོལ་སྤྱི་ཚོགས་དཀྲུགས་ནས་དགྲ་དགའ་གཉེན་སྡུག་རང་རེད་འདུག་གེ་།
ཕྱི་དྲིལ་བཀའ་བློན་(Foreign minister)བདེ་སྐྱིད་ཆོས་དབྱངས་མཆོག་ནི། ཕྱི་ལོ་ ༢༠༡༡ ལོར་སྲིད་སྐྱོང་བློ་སེང་གིས་བཀའ་བློན་དུ་བསྐོ་བཞག་གནང་བ་རེད། དེ་ཡང་ཁོང་གིས་མོ་རང་གི་ཤེས་འཇོན་དང་ནུས་པ་སོགས་ཕྱོགས་གང་ཅིའི་ཐད་མཁྱེན་རྟོགས་ཡོད་པའི་སྒོ་ནས་གནད་འགག་ཅན་གྱི་སྡེ་ཚན་ཕྱི་དྲིལ་བཀའ་བློན་དུ་བསྐོས་པ་ཡིན་རྒྱུ་རེད་ལ། དེ་མིན་གཞན་འབབ་ས་ཞིག་མི་འདུག དེང་ན་ཁོ་མོས་བློ་ཕམ་དང་བཅས་དགོངས་པ་ཞུས་ཏེ་ཁ་ན་ཌར་ལོག་པ་ནི་ཁོ་མོ་སྒེར་གྱི་དོན་དག་མ་ཡིན་པར་བོད་སྤྱིའི་དོན་ལ་བསམ་བློ་གཏིང་ཟབ་བཏང་བ་ཁོ་མོས་ཡོངས་བསྒྲགས་བྱས་པ་རེད། གནད་དོན་འདི་ཐད་ཁོ་མོའི་ཞལ་ཇེ་གསལ་ནས་ཇེ་གསལ་འགྲོ་ངེས་རེད་འདོད། འདིར་སྨྱུག་འཛིན་པས་ཁོ་མོས་འཛིན་སྐྱོང་བཀའ་ཤག་ལ་མཛད་དཀའ་བཟོས་ཚུལ་ཚིག་ཁ་ཤས་བྲིས་འདུག བཀའ་ཟུར་ཞེས་པའི་མིང་བདེ་སྐྱིད་ཆོས་དབྱངས་ལ་རྩ་བ་ནས་མི་འཇུག་ན། མཛད་དཀའ་ཞེས་པའི་ཚིག་འདིའང་སེང་གེའི་བཀའ་ཤག་ལ་རྩ་བ་ནས་མི་འཇུག གང་ལ་ཟེར་ན་བཀའ་ཤག་འདིས་ལས་དོན་ཐད་མཛད་པ་རླབས་པོ་ཆེ་གང་གིས་ཁས་བླངས་པ་བཞིན་གང་ཡང་བསྟན་མེད། བཀའ་བློན་བདེ་སྐྱིད་ཀྱིས་སེང་གེའི་བཀའ་ཤག་ལ་བྱ་དཀའ་གང་ཡང་བྱས་མེད་ལ། དེ་ལས་ལྡོག་སྟེ་སེང་གེའི་བཀའ་ཤག་གིས་ཁོ་མོར་བྱ་དཀའ་གང་མང་བྱས་ཡོད་པ་རིགས་པས་སྒྲུབ་ཐུབ དེ་ཡང་ཨ་རིའི་དོན་གཅོད་བསྐོ་བཞག་བྱེད་སྟངས་དང་། ཕྱི་འབྲེལ་ལས་དོན་བསྐྱངས་ཕྱོགས་གང་ཅིའི་ཐད་ཁོ་མོར་དཀའ་ངལ་འཕྲད་ཡོད་ངེས་རེད། མདོར་ན་དབང་ཆ་མེད་པའི་ཚིག་ཙམ་གྱི་བཀའ་བློན་ཞིག་བདེ་སྐྱིད་ཆོས་དབྱངས་ལ་དགོས་རྒྱུ་མ་རེད་ལ། ཚིག་ཙམ་གྱིས་བཀའ་བློན་གྱི་མིང་བྱང་འོག་ཁོ་མོས་ཀྱང་བོད་སྤྱི་བོའི་དོན་ལ་འདོད་བློ་ཁེངས་པའི་ཞབས་འདེགས་ཤིག་སྒྲུབ་གང་ནས་ཐུབ། དེ་ལས་དགོངས་པ་ཞུས་པ་ནི་དོན་ལ་གནས་སོ།།
སྲིད་སྐྱོང་རྐུབ་སྟེགས་ཆེད་དུ་མི་བཤད་དགུ་བཤད་།མི་ལས་དགུ་ལས།ཨ་ཡ་མཚན་།
གྲ་པ་སྤྱི་ལ་ཞུས་པ་མིན་ཡང་། གྲ་གཟུགས་དཀོར་ཟན་པ་འདི་ཚོས་གྲ་པའི་ཞབས་འདྲེན་ཞུ་གི་འདུག དགོན་པ་དང་གྲ་པ་ལ་དད་ལོག་སྐྱེ་མཁན་མང་རུ་འགྲོ་གི་འདུག དགོན་པའི་ནང་ཆབ་སྲིད་པའི་བྲན་གཡོག་གནང་མཁན་མང་ན་མི་བཟང་། སངས་རྒྱས་ཀྱི་བསྟན་པ་དང་རྗེ་བླ་མའི་ཐུགས་བསྐྱེད་ལ་ལན་གཅིག་དགོངས་པ་བཞེས་རོགས། གྲ་གཟུགས་ཚོ་ཕྱིར་ཐོན་ནས་ཚོང་ལས་ལྟ་བུ་གཉེར་ན་ལེགས། སྐུ་མཁྱེན་ཞེས་ལག་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན། དགོན་པའི་ལས་སྣེ་དང་དཔེ་མཛོད་འགན་འཛིན་སོགས་ཀྱིས་ཀྱང་གཟབ་ཙམ་གནང་རོགས།
བདེ་སྐྱིད་ཆོས་དབྱངས་ལ་དོན་ཚན་དགུ་ལས་འཕྲོས་པའི་དྲི་བ་ཁག་ཅིག
གཅིག སྲིད་སྐྱོང་གིས་ཐུན་མོང་གི་གེ་ཕན་མིན་པར་སྒེར་དོན་གྱི་ཆེད་དུ་བསྒྲུབས་པའི་ལས་དོན་དེ་གང་ཡིན་ནམ། དེ་ཁ་གསལ་གཏིང་གསལ་ཞིག་སྟོན་རྒྱུ་མེད་ན། སྲིད་སྐྱོང་གིས་སྒེར་དོན་ཁོག་བཅངས་བྱས་པ་ཇི་ལྟར་བཤད་ཐུབ་བམ།
གཉིས། སྲིད་སྐྱོང་གིས་ཕྱི་གསལ་ནང་གསལ་མ་བྱས་པའི་ལས་དོན་གང་ཡིན་ནམ། གལ་ཏེ་དེ་འདྲ་ཞིག་ཡོད་ན་ད་ལྟ་བར་དུ་ཁྱེད་ཀྱིས་ཁ་བཙུམ་ནས་འདུག་དོན་ཅི་ནམ། མེད་ན་ཨོ་ཚོད་ཚོད་ཅིག་བཤད་ནས་མི་མང་གིས་ཡིད་ཆེས་ཇི་ལྟར་བྱེད་དམ།
གསུམ། སྲིད་སྐྱོང་གིས་ཁྱེད་ལ་ནུས་པ་ཆ་ཚང་འདོན་མ་བཅུགས་དེ་གང་རེད་དམ། ག་དུས་རེད་དམ། འདི་དང་འདི་ཞེས་རེ་རེ་བཞིན་དུ་བཤད་རྒྱུ་མེད་ན་ཚིག་སྐམ་པོ་ཞིག་གིས་ཁྱེད་ལ་ཡིད་ཆེས་བྱས་ན་མྱོན་པ་མ་ཡིན་ནམ།
བཞི། སྲིད་སྐྱོང་གིས་དུས་རྟག་ཏུ་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་དེ་གལ་ཆེན་དུ་འཛིན་ནས་ལས་དོན་བསྒྲུབས་དང་སྒྲུབ་ཀྱིན་པ་ང་ཚོས་མཐོང་གསལ་མ་ཡིན་ནམ། མ་ཡིན་ན་ནང་གི་ལྗིད་ཁོག་ལས་ཕྱིའི་མཐོང་སྣང་གལ་ཆེན་བྱས་པའི་ལས་དོན་དེ་གང་རེད་དམ།
ལྔ། སྲིད་སྐྱོང་གིས་ལས་གྲོགས་ལ་གུས་བརྩི་མ་བྱས་པའི་སྐོར་གྱི་གནད་དོན་རྣམས་རེ་རེ་བཞིན་དུ་མི་མང་ལ་ཁ་གསལ་པོ་བཤད་རྒྱུ་ཡོད་དམ། ཡོད་ན་མི་བཤད་པའི་རྒྱུ་མཚན་གང་ཡིན་ནམ།
དྲུག སྲིད་སྐྱོང་གིས་གཞན་གྱིས་བསླབ་སྟོན་མ་ཉན་པར་བཤད་པ་ལ་ཁུངས་ཡོད་དམ། ཡོད་ན་བསླབ་སྟོན་གནང་མཁན་དང་། ཇི་ལྟར་གནང་བ། མ་ཉན་པའི་ཉེས་མིག་རྣམས་མི་མང་ལ་མི་བཤད་པའི་རྒྱུ་མཚན་ཅི་རེད་དམ།
བདུན། དྲང་མོ་ཤོད། གལ་ཏེ་ཁྱེད་རང་ལ་སྲིད་སྐྱོང་ལ་གནང་བ་ནང་བཞིན་གྱི་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་ཡོད་ན། ཁྱེད་ཀྱིས་ང་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་བ་སྐལ་བ་བཟང་པོ་ཡིན་ཞེས་བཤད་ཀྱི་མིན་ནམ། ཡིན་ན་སྲིད་སྐྱོང་གིས་དེ་ལས་ལྷག་པ་ཞིག་ག་རེ་བཤད་སོང་ངམ།
བརྒྱད། ༧གོང་ས་མཆོག་གིས་དེ་སྔོན་ཚོགས་གཙོ་ལ་བསྔགས་བརྗོད་གནང་བཞག་པ་ག་ཚོད་ཡོད་དམ། མེད་ན་ཚོགས་གཙོས་༧གོང་ས་མཆོག་གིས་བསྟོད་སྔགས་ཁ་ལ་ཁྱེར་ནས་ལས་དོན་མི་སྒྲུབ་པར་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།
དགུ། ཕོ་སར་རྫིག་པོ་འདུག་པས་འོས་འཕེན་གྱི་ཡིན་ཟེར་མཁན་དེ་སུ་རེད་དམ། མི་འདི་ཞེས་སྟོན་རྒྱུ་མེད་ན་སྲང་ལམ་གྱི་སྐད་ཆ་ཁྱེར་ནས་མཁྱེན་རྒྱ་ཡོད་འདོག་བྱེད་དོན་ཅི་ཡིན་ནམ།
བཅུ། མི་མང་གིས་འོས་སུ་ལ་བླུགས་མིན་རང་དབང་མ་རེད་དམ། ཡིན་ན་ཁྱེར་རང་གི་འདོད་པ་ནང་བཞིན་བླུགས་དགོས་པའི་བརྡ་ལན་སྤྲད་དོན་ཅི་ཡིན་ནམ།
བཅུ་གཅིག ཁྱེད་རང་གིས་བཀའ་བློན་ལོ་བཞིའི་རང་དུས་ཚོད་འཕྲོག་གླག་ཏུ་བཏང་ཡོད་དམ། མེད་ན་ཁྱེད་དང་སྲིད་ཀྱི་ལས་དོན་ནི་སྒྲོམ་གཞི་གཅིག་ཏུ་འདུས་ཡོད་པས་སྲིད་སྐྱོང་གིས་དུས་ཚོད་འཕྲོག་གླག་ཏུ་བཏང་སོང་འདོག་འདོག་བྱེད་དོན་ཅི་ཡིན་ནམ།
མདོར་ན་ཚིག་སྐམ་སྤམ་པོ་ཁ་ཤས་ཀྱིས་མི་མང་མགོ་མི་འཁོར་བ་ཁྱེད་ཀྱིས་ཤེས་པར་གྱིས།
ལས་ཁུང་དགོངས་གསེང་གི་ཉིན་རེས་གཟའ་ཉི་མའི་ཉིན་དགོངས་ཤོག་ལེན་དང་མ་ལེན་མེད་པར་ཤར་ཐལ་ལེར་བུད་སོང་བ་དེ་ལ།། ཨ་མདོའི་དགོངས་པ་རང་ཞུས་ཟེར་བ་ཞིག་གོ་མྱོང་དེ་ཡིན་གྱི་རེད་པ། ད་མང་པོ་མི་བཤད་ཡང་ཆོལ་ཁ་་་་