—–སྐལ་བཟང་།
བོད་མི་རིགས་ཀྱི་ལོ་རྒྱུས་ནང་ལ། བུད་མེད་ཀྱི་སྙིང་སྟོངས་ཡོངས་སུ་སད་པའི་སྐྱ་ཐིག་དང་པོ་དེ་གཟི་བརྗིད་ངང་བྲིས་སོང་། དེ་ནི་ཆོལ་ཁ་དང་ཆོས་ཞེན་འགྲན་རྩོད་ཀྱི་ཁོར་ཡུག་ནས་འཚར་ལོངས་བྱུང་བ་མ་ཡིན་པར། དེ་དག་དང་ཆེས་ཁ་ཐག་རིང་བའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་བའི་བདེ་སྐྱིད་ཆོས་དབྱངས་ལགས་རེད། ཁོང་གིས་སྤྱི་སྒེར་གཉིས་ལས་སྤྱི་བ་གལ་ཆེན་དུ་བཟུང་ནས་བྲིས་སོང་། སྒྲིག་འཛུགས་དང་གང་ཟག་ལས་སྒྲིག་འཛུགས་གལ་ཆེན་རེད་ཅེས་བྲིས་སོང་།
༢༠༡༡ ལོའི་ནང་༸གོང་ས་མཆོག་གིས་ཁོང་གི་རྒྱལ་དབང་ལྔ་བ་ནས་དབུ་བརྙེས་ཤིང་ལོ་ངོ་སུམ་བརྒྱ་རེ་དགུའི་ལོ་རྒྱུས་ལྡན་པའི་སྐུ་དབང་ཡོངས་སུ་རྫོགས་པ་ཕ་ནོར་བུ་ལ་སྤྲོད་པ་ཇི་བཞིན། མང་ཚོགས་ཀྱི་ངོས་ནས་སྐུ་དབང་མུ་མཐུད་བཞེས་དགོས་པའི་ཨུ་ཚུགས་གསོལ་འདེབས་ག་ཚད་ཞུས་ནའང་། བླ་ནས་སྩལ་བའི་དམངས་གཙོའི་འཕེལ་རིམ་ཆ་ཚང་བ་ཞིག་གི་ཆེད་དང་། གཞུང་དང་ལས་འགན། ནུས་པ་བཅས་མུ་མཐུད་སྲ་བརྟན་དུ་གནས་པ་སོགས་དགོས་པ་རྒྱུ་མཚན་མང་པོར་དཔྱད་གཟིགས་གནང་སྟེ། སྐུ་དབང་ཡོངས་རྫོགས་མི་མང་གིས་འདམས་པའི་དབུ་ཁྲིད་རྣམ་པར་གནང་བ་རེད། དེ་དང་ཆབས་ཅིག་བོད་མི་མང་གི་ངོས་ནས་ཀྱང་ཁོང་གི་སྐུ་དབང་དེ་དམངས་གཙོའི་ཀ་བ་གསུམ་ལ་སོ་སོར་འབྲེལ་ཆགས་ལྟར་བགོ་སྒྲིག་དང་ཁྲིམས་གཞི་བསྐྱར་བཅོས་གནང་སྟེ། ཆབ་སྲིད་ཀྱི་ལས་འགན་ཡོངས་རྫོགས་མང་ཚོགས་དང་མང་ཚོགས་ཀྱིས་འདམས་པའི་དབུ་ཁྲིད་རྣམ་པས་ཁུར་གྱི་ཡོད། འདི་ནི་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་ཞིག་ཆགས་ཡོད།
འགྱུར་བ་འདིའི་དབང་གིས་མང་ཚོགས་ཀྱི་ངོས་ནས་སྒྲིག་འཛུགས་དང་། འགན་ཁུར་བ། ལས་བྱེད། སྤྱི་འཐུས་དང་ཚོགས་པ་སྡེ་ཚན་ཁག་ཚང་མར་སྔར་དང་མ་འདྲ་བའི་ལྟ་སྟངས་ཤིག་གིས་བལྟ་མགོ་ཚུགས་ནས་ལོ་བཞི་དང་ཕྱེད་ཀ་ཕྱིན་པའི་རིང་། གྲུབ་འབྲས་དང་འཐུས་ཤོར་གཉིས་གཤིབ་བསྡུར་སྣ་ཚོགས་བྱས་ཤིང་། མཚམས་རེར་གཞུང་ཞབས་པ་ཚོས་ཀྱང་རང་གི་བླང་དོར་སྒྲིག་གཞི་ལ་ལྟོས་མེད་ཀྱིས་མངོན་དང་མི་མངོན་པ་ཅི་རིགས་ཀྱི་ལམ་ནས། སྤྱི་དོན་ཆེད་ལྟ་ཚུལ་སྣ་ཚོགས་སྤེལ་བ་སོགས་བྱུང་ཡོད། འདི་འདྲ་ནི་ཡོང་དགོས་པ་དང་ཡོང་སྲིད་པ། ཡོང་འོས་པ་ཞིག་ཀྱང་རེད།
ད་ལྟའི་སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་ལོ་བཞི་དང་ཕྱེད་ཀའི་རིང་འདིར། དམངས་གཙོའི་ཀ་བ་གསུམ་གྱི་མཉམ་ལས་དང་ནུས་པ་གཅིག་སྤུངས་ཀྱི་ལས་གཞི་སྔར་བཞིན་རྒྱུན་སྐྱོང་བྱེད་མ་ཐུབ་པ་དང། ཁྲིམས་དང་སྒྲིག་གཞི་ལ་ལྟོས་མེད་ཀྱིས་གང་ཟག་གི་དབང་བསྒྱུར་རྣམ་པ་མངོན་པར་བརྟེན། སྐབས་ཤིག་གི་རིང་ལ་ད་ལྟའི་བཀའ་ཤག་གི་ལས་ཀ་བྱེད་སྟངས་དེར་༼སྐུ་དྲག་གསར་པ༽ཟེར་བའི་ཐ་སྙད་ཅིག་གོང་ས་མཆོག་གི་སྙན་དང་། གྲོས་ཚོགས་ར་བ། གཞི་རིམ་གྱི་མང་ཚོགས་བར་བཅས་ལ་ཁྱབ། ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་ལ། ང་རིན་པོ་ཆེ། སྐུ་ཞབས་ང། ཟེར་བ་སོགས་མཚན་གྱི་རྣམ་གྲངས་གསར་པ་འགའ་ཡང་བྱུང་ཡོད། འདི་ཡང་ལོ་རྒྱུས་ཀྱི་འགྱུར་བའི་གྲས་ཀྱི་ལེ་ཚན་དམིགས་བསལ་བ་ཞིག་ཆགས་ཡོད།
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ནི། སྲིད་སྐྱོང་བློ་བཟང་སེང་གེའི་དབུ་ཁྲིད་པའི་བཀའ་ཤག་གི་བཀའ་བློན་གྱི་ལས་ཀ་ལོ་བཞི་དང་ཕྱེད་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། གཞི་རིམ་གྱི་མང་ཚོགས་དང་། གངས་སྐྱིད་ཀྱི་ལས་བྱེད། གྲོས་ཚོགས་ཀྱི་འཐུས་མི་སོགས་གང་ཞིག་ལས་ཀྱང་བཀའ་ཤག་དང་སྲིད་སྐྱོང་ལ་རྒྱུས་མངའ་ཆེ་ཤོས་ཆགས་ཡོད། ད་ལྟའི་བཀའ་ཤག་གི་དུས་ཡུན་རྫོགས་ལ་ཉེ་བ་དང་། འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་འགྲོ་བཞིན་པའི་ནང་། འོས་བསྡུའི་ལས་རིམ་དེ་དོན་དག་ཆེ་རིགས་མ་མཐོང་བའི་ངང་ལ་གཡམ་རྒྱུག་གིས་འགྲོ་བཞིན་པ་ནོར་འཁྲུལ་ཆེན་པོར་མཐོང་སྟེ། མ་འོངས་པའི་སྲིད་སྐྱོང་དེ་ད་ལྟའི་སྲིད་སྐྱོང་ནང་བཞིན་མ་ཡིན་པ་ཞིག་དགོས་པ་དང་། དེ་ཡང་ད་རེས་དང་དེ་བས་ཀྱང་མ་འོངས་པའི་འོས་འདེམས་ནང་ལ་མུ་མཐུད་གལ་ཆེན་པོ་ཆགས་ཡོད་པའི་དངོས་ཡོད་གནས་སྟངས་གསལ་བཤད་བྱེད་པ་དང་། དྲན་སྐུལ་གསལ་པོ་བྱེད་ཆེད། རང་གི་བཀའ་བློན་མཚན་གནས་བློས་གཏོང་གིས། སྒྲིག་འཛུགས་དང་བོད་སྤྱི་བར་འགན་ཁུར་བའི་གསལ་བཤད་ཐེངས་ཁ་ཤས་གནང་ཡོད་པ་ནི། མཁས་པ་དྲང་པོ་གུས་པས་བསྟེན།། མཁས་པ་གཡོ་ཅན་ཤེས་ན་གཟབ། ཞེས་པ་ལྟར། མཐར་རང་ཉིད་གངས་སྐྱིད་དུ་ཡོང་དོན། དྲང་བདེན་ངང་ཞབས་ཞུ་སྒྲུབ་རྒྱུ་ལས་གཞན་མིན་པར་དྲན་ཤེས་བསྟེན་ནས་ལག་བསྟར་གནང་ཕྱོགས་འདི་དང་། རང་ཉིད་ཀྱི་མཚན་གནས་དང་མི་རིགས་ཀྱི་རྩ་དོན་ལས་རྩ་དོན་གལ་ཆེན་དང་། སྤྱི་བའི་སྒྲིག་འཛུགས་དང་གང་ཟག་ལས་སྤྱི་བའི་སྒྲིག་འཛུགས་སྲ་བརྟན་དུ་གནས་རྒྱུ་གལ་ཆེ་བར་གཟིགས་ནས། སྒྲིག་འཛུགས་དང་མང་ཚོགས་ལ་འགན་ཁུར་རྒྱུ་ཨང་དང་པོར་བཞག་ནས་ཤེས་མེད་ཚོར་མེད་དུ་སྡོད་པ་དང་། མང་ཚོགས་ཀྱི་མདུན་ལ་ཕེབས་ནས་དངོས་ཡོད་གནས་སྟངས་གསལ་བཤད་བྱེད་པ་གཉིས་ལས། ཡང་ན། རང་ཉིད་སྒེར་དང་བོད་སྤྱི་བ་གཉིས་ལས་བོད་སྤྱི་བའི་རྩ་དོན་གྱི་གཙོ་བོར་བཟུང་ནས། བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ། རང་ཉིད་ཀྱིས་གང་མཐོང་བའི་དངོས་ཡོད་གནས་སྟངས་དེ། བཀའ་བློན་ཟུར་པ་ཞིག་གི་མཚན་གནས་ནས་མང་ཚོགས་ཀྱིས་ངེས་པར་མཁྱེན་དགོས་པའི་རང་འཐུས་ཤོར་ལ་བློ་ཕམ་དང་བཅས་མཛུབ་མོ་བཙུགས་པ་འདི་ནི། རྗེ་ས་པཎ་མཆོག་གིས། ཡུལ་དང་དུས་ལ་བབ་པའི་ཚེ།། རབ་ཏུ་བསྒྲིམས་ཏེ་ལན་འགའ་སྨྲ། ཞེས་གསུངས་པ་ལྟར། འདིས་བོད་པའི་བུད་མེད་ཅིག་གིས་མི་རིགས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་དེ་མངོན་སུམ་དུ་བསྟན་ཡོད། མོའི་སྙིང་སྟོབས་དང་བློས་གཏོང་། མདུན་བསྐྱོད་དང་འཚོལ་བསྙེགས། རེ་འབོད་དང་དྲན་བསྐུལ་བཅས་ཀྱིས་སྒང་བ་བོད་པ་ཚང་གི་གནས་ལུགས་དང་རང་དབང་ལ་དུང་བའི་མི་སྣ་སྤྱི་དང་། ལྷག་ཏུ་བུད་མེད་ཚོར་གསོན་ཤུགས་སྔར་མེད་ཅིག་སྤྲད་ཡོད།
ཚོར་ཤེས་ལ་བརྟེན་ནས་འཐེན་ཁྱེར་ཞེ་ལ་བརྣག་ཏེ་ཐག་གཅོད་མཁན་ཞིག་གིས་ངོས་ནས་བལྟས་ན། ཞབས་འདྲེན་དང་གཡོ་བྱུས་ཞིག་ཏུ་གོ་བ་ལས་གཞན་མེད། དཔྱོད་ཤེས་དང་གནས་ལུགས་ལ་བརྟེན་ནས་ཕུ་ཐག་རིང་བའི་བོད་མིའི་འབྱུང་འགྱུར་དང་ད་ལྟའི་དུས་ཚོད་འདི་གནད་དམ་པར་འཛིན་པའི་བསམ་གཞིགས་བྱེད་མཁན་ཞིག་ཡིན་ཚེ། བོད་པའི་སྐྱེས་ཆེན་མ་རང་དབང་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས ༼བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་མི་ལོ་བཞི་ལྷག་རིང་ལ་བཀའ་བློན་གྱི་ཕྱག་ལས་གནང་བ་རེད། ཡིན་ནའང་། དོ་དགོང་ངས་ཐེངས་དང་པོར་མོ་རང་ངོས་འཛིན་ཐུབ་པ་བྱུང་། བདེ་སྐྱིད་ཆོས་དབྱངས་ནི་སྤྱིར་བཏང་གི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་དང་མི་འདྲ་བར། དེ་རིང་ངས་མོའི་རང་དབང་དང་སྙིང་སྟོབས། སྨྲ་བརྗོད་རང་དབང་དངོས་སུ་ལག་ལེན་བསྟར་བ་ལ་བསྟོད་བསྔགས་བྱས་ན་འདོད༽ཅེས་ཡི་རངས་དང་བཅས་བསྔགས་བརྗོད་གནང་ཡོད། ད་ལྟ་བོད་ཕྱི་ལོགས་ཙམ་མ་རེད། བོད་ནང་ན་བདེ་སྐྱིད་ཆོས་དབྱངས་ཀྱིས་བོད་སྤྱི་བ་དང་བོད་རྒྱ་ཆེའི་མང་ཚོགས་ལ་འགན་ཁུར་བྱེད་སྟངས་འདི་ལ། ཡི་རང་བསྔགས་བརྗོད་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བཞིན་པ་ནི། ད་ལྟའི་དབུ་ཁྲིད་ཚོ་དང་། ད་ལྟའི་གནད་ཡོད་མི་སྣ་ཚོས་རི་བོང་རྡོ་རྫུས་ཀྱིས་མང་ཚོགས་ལ་མགོ་སྐོར་མི་གཏོང་བར། དངོས་ཡོད་ཀྱི་དཀའ་ངལ་དང་གདོང་ལེན་བྱེད་དགོས་ངེས་ཀྱི་གནད་དོན་རིགས་མང་ཚོགས་ལ་ངོ་སྤྲོད་ཀྱིས། མ་འོངས་པ་དེ་སྲ་ཐག་ཐག་ཅིག་ཡོང་བའི་ཕྱོགས་ལ་བསམ་བློ་འཁོར་དགོས་པའི་དྲན་སྐུལ་ཞིག་ཀྱང་ཆགས་ཡོད།
བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་མ་འོངས་པའི་སྲིད་སྐྱོང་ལ་ཆ་རྐྱེན་དགུ་ཚང་དགོས་པར་བསྟན་པ་ནི།
• ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་པ། སྲིད་སྐྱོང་ནི་གང་ཟག་གང་ཞིག་གི་ཀུན་སློང་དང་འབད་བརྩོན་ཚང་མ་ཐུན་མོང་གི་ཁེ་ཕན་ཆེད་ནུས་ཤུགས་འདོན་མཁན་ཞིག་དགོས།
• ཕྱོགས་ཡོངས་དང་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་དགོས།
• ཟོལ་མེད། དོན་དངོས་རྗོད་མཁན་དང་། དྲི་ལན་དྲེང་པོར་འདེབས་མཁན། ཕྱི་གསལ་ནང་གསལ་ཅན་ཞིག་ཡིན་དགོས།
• ལས་དོན་མཉམ་རུབ་ཀྱིས་སྒྲུབ་མཁན། མཉམ་ལས་དང་། ཕན་ཚུན་རྒྱབ་སྐྱོར། ལམ་སྟོན་དང་སྐུལ་འདེབས་བཅས་ལ་བརྟེན་ནས་གཞན་པའི་ནུས་པ་ཆ་ཚང་འདོན་དུ་འཇུག་མཁན་ཞིག་དགོས།
• ཕྱིའི་མཐོང་སྣང་ལས་དོན་དངོས་རྩ་ཆེན་དུ་བརྩི་མཁན། ཕྱིའི་མཐོང་སྣང་ལས་ནང་གི་ལྗིད་ཁོག་གི་རིན་ཐང་ཤེས་མཁན་ཞིག་དགོས།
• གཞན་པ་ལ་བརྩི་བཀུར་ཡོད་པ། རང་གི་སྐབས་ཐོག་གི་ལས་གྲོགས་དང་ལས་ཀྱི་སྣེ་མོ་བ་སྔོན་མ་རྣམས་ཀྱི་མཛད་རྗེས་མཐོང་མཁན་ཞིག་དགོས།
• ཁེངས་སྐྱུང་། རང་བསྟོད་མི་བྱེད་པར། མི་ཞིག་གི་ཤེས་ཚད་དང་འཇོན་ཐང་ལ་ཚད་བཀག་ཡོད་པ་ཤེས་མཁན་ཞིག་དང་། གཞན་པ་ལ་བློ་འདྲི་བྱེད་ཅིང་གཞན་པའི་བསླབ་སྟོན་ལ་ཉན་ཐུབ་མཁན་ཞིག་དགོས།
• གདེངས་ཚོད། རང་གི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་པ་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟོད་པ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་འཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
• ཆོལ་ཁའི་ཕྱོགས་ཞེན་ལས་བརྒལ་བ། སྲོལ་རྒྱུན་གྱི་ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་ལས་བརྒལ་ནས་ལུང་ཚན་གྱི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་མི་བྱེད་མཁན་ཞིག་དགོས།
གོང་གསལ་ཆ་རྐྱེན་འདི་དག་མི་ལྡན་པའི་སྲིད་སྐྱོང་ཞིག་བོད་ལ་མཁོ་དང་མི་མཁོ། ཆ་རྐྱེན་འདི་དག་ལྡན་པའི་སྲིད་སྐྱོང་ཞིག་བོད་ལ་མཁོ་དང་མི་མཁོ་གཉིས་བསྡུར་བ་ཡིན་ན། བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་བོད་སྤྱི་ཡོངས་ལ་འགན་ཁུར་བའི་གནང་སྟངས་འདི་ལ་མཐོ་འཚམས་པ་དང་ལོག་བཤད་བྱེད་པ་ནི། བོད་སྤྱི་བར་གནོད་སྐྱེལ་བ་ཞིག་རང་བཞིན་གྱིས་ཆགས་ཡོད།
གནད་ཡོད་མི་སྣ་ཡིན་ཟེར་མཁན་ཚོར་མཚོན་ན། ད་རེས་བདེ་སྐྱིད་ཆོས་དབྱངས་ཀྱིས་དངོས་ཡོད་བདེན་པའི་ངོ་རིས་གསལ་སྟོན་དང་བཅས་མི་མང་ལ་འགན་ཁུར་སྟངས་འདིས། དྲི་བ་ཆེན་པོ་ཞིག་བཀོད་ཡོད་པར། སོ་སོའི་བསམ་སྟངས་དང་ལས་ཀ་བྱེད་སྟངས་ཀྱི་ངོས་ན། ལན་འདེབས་ཏག་ཏག་ཅིག་ཨེ་འདུག་ལ་བསམ་གཞིགས་རེ་ཐུབ་ནའང་། བོད་སྤྱི་བར་དགོས་རྒྱུ་དེ་རེད། བོད་མི་མང་ལ་མཚོན་ནའང་། བདེ་སྐྱིད་ཆོས་དབྱངས་ཀྱིས་དྲན་སྐུལ་གནང་བ་འདིར་ངོས་འཛིན་གསལ་པོ་བྱས་ཏེ་བོད་སྤྱི་བ་གལ་ཆེན་དོན་ཆེན་དུ་བསམ་རིགས་པ་ཞིག་ཆགས་ཡོད།
བོད་མི་རིགས་ཀྱི་སྙིང་སྟོབས་དགེ་བའི་རིགས་སུ་མུ་ནས་མུ་མཐུད་དུ་སད་པར་སྨོན། །
མཁྱེན་དཔྱོད་དང། བློ་སྟོབས། དམིགས་ཚད་བཅས་ཁྱད་དུ་ཐུ་བྷོད་མཛངས་མ་བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་ལ་དགའ།
བོང་བུ་སྔོན་ལ་ཕྱིན་ས་རབས་རྗེས་ལ་གཏོར་བ་མ་རེད་དམ་། སྲིད་སྐྱོང་གི་འོས་ཆོས་དེ་བཅའ་ཁྲིམས་ནང་གསལ་ཡོད་རེད་དེའི་འགྲིག་གི་མེད་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པ་རེད་།
སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ཉིན་གྲངས་ཉི་ཤུ་རྩ་གཉིས་ཀྱི་སྔོན་དུ་རྩ་དགོང་ཞུས་པ་དང་ དེ་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་ཡོངས་སུ་འགལ་བའི་གཟའ་ཉི་མ་ལ་རྩ་དགོང་ཞུས་པ་དེ་དག་ལ་བལྟས་ན་བཀའ་ཟུར་མཆོག་ནས་ཁྲིམས་དང་སྒྲིག་གཞི་གསལ་པོ་མཁྱེན་གྱི་མེད་པ་མ་རེད་དམ་ ད་ཆ་འབྲེལ་བཤད་ཇི་ཙམ་རྒྱབ་ཀྱང་དོན་སྨིན་ཕར་བཞག་ནས་དགྲ་རྒྱ་མིའི་མཐོང་དུས་ཡིད་འཚིམས་གཉེན་བོད་མིའི་མཐོང་དུས་ངུ་བྲོ་བ་ཞིག་མ་རེད་དམ་ ཐུགས་རྗེའི་གཟིགས་མང་པོ་མ་དཀྲུགས་རོགས་བདེན་དཔང་ཡོད་ན་ཁྲིམས་གཏུགས་ཨ་མས་བུ་མོ་རེད་དགའ་བསུ་ཡོད་།
བོད་པའི་སྐྱེས་ཆེན་མ་རང་དབང་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས ༼བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་མི་ལོ་བཞི་ལྷག་རིང་ལ་བཀའ་བློན་གྱི་ཕྱག་ལས་གནང་བ་རེད། ཡིན་ནའང་། དོ་དགོང་ངས་ཐེངས་དང་པོར་མོ་རང་ངོས་འཛིན་ཐུབ་པ་བྱུང་། བདེ་སྐྱིད་ཆོས་དབྱངས་ནི་སྤྱིར་བཏང་གི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་དང་མི་འདྲ་བར། དེ་རིང་ངས་མོའི་རང་དབང་དང་སྙིང་སྟོབས། སྨྲ་བརྗོད་རང་དབང་དངོས་སུ་ལག་ལེན་བསྟར་བ་ལ་བསྟོད་བསྔགས་བྱས་ན་འདོད༽ཅེས་ཡི་རངས་དང་བཅས་བསྔགས་བརྗོད་གནང་ཡོད།
སྲིད་སྐྱོང་སུ་ལ་ཐོབ་ཀྱང་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་དོན་ཚན་དགུ་པོ་དེ། ངེས་པར་ལག་ལྟར་ཐུབ་ཞིག་གནང་སྐྱོང་ཡོང་བ་ཞུ།། བཀའ་ཟུར་མཆོག་གི་དོན་ཚན་དགུ་དེ་ཁོང་རང་ཞུང་ལས་གནང་སྐབས་མེད་པ་གསལ་པོ་མཁྱེན་ནས་བོད་སྤྱི་ལ་ཕན་པའི་དོན་དུ་གསུངས་པའི་སླབ་བྱ་ཡང་དག་པ་གནང་བ་འདི་བཀའ་དྲིན་ཆེའོ།།
མྱི་ལྡིང་འདིས་ལྗིད་ཁོག་ཅན་ཞིག་བྲིས་འདུག ཞེན་ཁོག་ཅན་གྱིས་མཐོང་མི་སྲིད།། མཐོང་ན་གྲོལ་བའི་རྟགས་སུ་མཐོང་།། མ་མཐོང་མུན་པའི་ཞབས་སུ་ལྷགས།། འདི་ནི་དུས་ཀྱི་བློ་རིག་ཡིན།།
ད་དུང་ལོ་ལྔ་བཀའ་བློན་རག་པའི་ཕྱིར་དུ། ཉིན་ཞག་ཉེར་ལྔའི་ཕམ་ཁ་འཁྱེར་བ་མ་རེད་དམ། ལགས།
བློ་སེང་ཐུག་མྱོང་། སྤེན་ཚེ་མཐོང་མ་མྱོང་། བདེ་ཆོས་ནམ་ཡང་མཐོང་འདོད་མེད་དོ།། །།
འོནད་ཀྱང་། ད་ལོ་བློ་སེང་རྒྱལ་འགྱུར་ཅིག །
སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་པ་ཟེར་བ་དེ་ཨ་ཚོགས་ཀླུ་མཁར་བྱམས་ལ་གོ་དགོས་ཀྱི་རེད། ཟམ་གདོང་གཞུང་གིས་ཁོང་ལ་རྐུབ་སྟེགས་དགོས་སམ་སྨྲ་བརྗོད་རང་དབང་དགོས་ཞེས་འདེམས་ཀ་སྟེ། དཀའ་ངལ་སྤྲད་སྐབས། ཁོང་གིས་སྨྲ་བརྗོད་རང་དབང་འདེམས་ཡོད་པ་རེད་ལ། དེ་ག་རང་ལག་ལེན་དུའང་བཏབ་ཡོད།
བདེ་སྐྱིད་ཆོས་དབྱིངས་ལ་བློ་སེང་སྒྲིག་འཛུགས་ཀྱིས་དེ་ལྟ་བུའི་འདེམས་ཀའམ་དཀའ་ངལ་སྤྲད་མེད། སོ་སོས་དགོངས་པ་ཞུས་ནས་ཕྱི་ལ་ཐོན་པ་དང་། སྤེན་ཚེ་ལ་རྒྱབ་བསྐྱོར་རྒྱག་གི་ཡིན་ལབ་པ་རེད། ལར་ནས་སོ་སོས་འོས་ཤོག་དེ་སྤེན་ཚེ་ལ་འཕེན་ཆོག་གི་རེད་ལ། སྒྲིག་འཛུགས་ཀྱི་འགྲོ་སྲོལ་ལ་རྡོག་བརྫིས་ཀྱིས་ཁྲེལ་མེད་གནང་དགོས་དོན་ཡོག་མ་རེད།
ཀར་བློ་ཁྱི་ཁ་དེ་ནམ་ཡིན་ན་ཟུག་གི་མ་འདུག་རྣ་ཚ་བ་གཅིག་པོ་དེ་ཁྱོད་རེད
བདེ་སྐྱིད་ཆོས་དབྱིངས་ཀྱིས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། གཞིས་ལུས་མི་མང་། བཙན་བྱོལ་བོད་མི་དང་སྒྲིག་འཛུགས་བཅས་ལ་འགན་ཁུར་ནས་སྲིད་སྐྱོང་བློ་སེང་གི་རྫུན་གཏམ་དང་མགོ་བསྐོར་གྱི་གདོང་འབབ་བཤུས་ཡོད། བློ་སེང་གི་རྒྱབ་སྐྱོར་བ་ཚོས་བཀའ་ཟུར་བདེ་སྐྱིད་ཆོས་དབྱིངས་ནག་པོ་བཟོ་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་འགན་ཁུར་གྱི་མེད་ཚུལ་སྐྱོན་བརྗོད་བྱས་ཡོད་མོད། དོན་དངོས་ཐོག་བློ་སེང་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོར་གཅིག་ཏུ་བསྒྱུར་ཏེ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་གངས་སྐྱིད་ཁུལ་གྱི་གནད་ཡོད་མི་སྣ་ཁག་དང་ལས་བྱེད་བརྒྱ་ཆ་དགུ་ཅུས་བཀའ་ཟུར་མཆོག་གི་གནང་སྟངས་གནང་ལུགས་དེ་དྲང་བདེན་དང་ཕྱི་གསལ་ནང་གསལ། ད་དུང་མི་མང་ལ་འགན་ཁུར་གྱི་འདུག་ལབ་ནས་དགའ་གི་ཡོད། དེ་ལས་ཀྱང་བཀའ་བློན་ཞིག་གིས་བློ་སེང་གི་རྫུན་གཏམ་དང་མགོ་བསྐོར་བྱེད་བཞིན་པ་མིག་མཐོང་ལག་ཟིན་ཡིན་ཡང་བློ་སེང་གིས་ང་བཀའ་བློན་དུ་བསྐོས་སོང་ཟེར་ནས་མིག་བཙུམ་ནས་མི་མང་ལ་མགོ་བསྐོར་མཉམ་དུ་བཏང་ན་འགྲིག་པ་རེད་དམ། དེ་མི་ཚད་བློ་སེང་གིས་མགོ་བསྐོར་གཏོང་བཞིན་པར་རྒྱབ་རོགས་བྱས་ན་དེའི་ཉེས་པ་ནམ་མཁར་མི་ཤོངས་བ་རེད། བཀའ་བློན་གཞན་པ་ཚོས་ཁོག་པའི་ནང་ནས་མེ་སྦར་སྣ་ནས་དུ་བ་ཐོན་བཞིན་བློ་སེང་ལ་ཁྱོན་ནས་དགའ་གི་མེད་ཀྱང་སྐྱབས་མགོན་རིན་པོ་ཆེ་དང་མི་མང་ལ་འགན་ཁུར་གྱི་སྙིང་སྟོབས་མེད་པས་ངོ་གདོང་ལ་བཏོན་ཐུབ་ཀྱི་མེད། དེའི་དཔེ་མཚོན་ནི་བདེ་སྲུང་དང་དཔལ་འབྱོར་བཀའ་བློན་ལྟ་བུ་དང་། མགོ་གཡོག་མགོ་བསྐོར་ལ་རྒྱབ་རོགས་བྱེད་མཁན་གྱི་དཔེ་མཚོན་ནི་ནང་སྲིད་བཀའ་བློན་རྒྱ་སྒྲོལ་ལྟ་བུ་རེད།
སྨྲ་བརྗོད་རང་དབང་མཐོ་དམའ་ཚང་མ་ལ་ཡོད་པ་ལས་བཀའ་བློན་ཚོར་
དམིགས་གསལ་གྱི་སྨྲ་བརྗོད་རང་དབང་ཁྲིམས་ལུགས་གང་གི་འོག་ཏུ་ཡོད་གསལ་བཤད་གནང་རོགས་།
བདེ་ཆོས་ཆོལ་ཁ་དང་ཆོས་ལུགས་ལ་ཁ་ཐགས་རིང་མིན་ནི་ད་དུང་ཐག་བཅད་མི་ཐུབ། ཐག་བཅད་ཐུབ་པ་ནི། ཁྲིམས་སྒྲིག་དང་མི་མཐུན་པའི་དགོངས་ཞུ་གནང་ཡོད་པ་དེ་དངོས་ཡོད་རེད། གཞན་ལོ་གཞི་དང་ཕྱེད་ལྷག་བསྐྱར་ནས་འོས་སྡུད་ལ་ཁེལ་དུས་བློར་བུར་དགོངས་པ་ཞུས་པ་འདི་ཡ་མཚན་རེད། ཁོ་མོས་འགྲོ་བཞིན་པའི་འོས་སྡུད་ལ་ཡིད་མ་རངས་ཚུལ་དང་བློ་སེང་ལ་བརྗོད་པ་ལྟར་བུའི་སྲིད་སྐྱོང་གི་ཞན་ཆ་མང་ཙམ་ཡིག་ཐོག་ལ་བཀོད་ནས་དེ་ཚོ་ཡག་པོ་མེད་ཚུལ་བཤད་འདུག གལ་ཏེ་ཁོ་མོ་ལ་བློ་སེང་གི་ཞན་ཆ་ཁྲིམས་སྒྲིག་དང་མི་མཐུན་པ་དང་དམིགས་གསལ་སྤྱི་མི་ཞིག་མ་བྱས་ནས་ཆོལ་ཁ་དང་ལུང་ཚན་ལ་ཕྱོགས་ཞེས་བྱས་ཏེ་དགྲ་དགའ་གཉེན་སྡུག་གི་ལས་ཀ་འདི་རེད་ཅེས་དཔུང་རྟགས་དང་བཅས་སྟོན་རྒྱུ་ཡོད་ན་ཁོ་མོ་ནི་དྲང་བདེན་སྐྱོང་བའི་བློ་སྤོགས་ཅན་གྱི་བོད་ཀྱི་མཛངས་མ་ཞིག་དུ་གྱུར། གལ་ཏེ་དེ་འདྲ་གང་ཡང་སྟོན་རྒྱུ་མེད་ན་བརྒྱ་བཤད་སྟོང་བཤད་དང་གཡས་སྐོར་གཡོན་སྐོར་གང་བྱས་ཀྱང་། རྣམ་པ་འདྲ་མིན་ཅི་ཞིག་སྟོན་ཡང་ཁོ་མོ་ནི་ཕྱོགས་ཞེན་དང་རང་ཚུགས་མི་ཐུབ་པའི་བུད་མེད་གཡོན་མ་ཞིག་ཏུ་རང་བཞིན་གྱིས་མངོན་པ་རེད། ོ
#7 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
March 11th, 2016 at 2:26 am
བློ་སེང་ཐུག་མྱོང་། སྤེན་ཚེ་མཐོང་མ་མྱོང་། བདེ་ཆོས་ནམ་ཡང་མཐོང་འདོད་མེད་དོ།། །།
ནོར་བཅོས།
#7 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།:
March 11th, 2016 at 2:26 am
བློ་སེང་ཐུག་མྱོངམེད། སྤེན་ཚེ་མཐོང་མ་མྱོང་། བདེ་ཆོས་ནམ་ཡང་མཐོང་འདོད་མེད་དོ།། །།
རྟ་རྒྱུགས་ན་མང་གཙོའི་ཐང་ལ་རྒྱུགས་།
ཁྲོམས་མི་མང་རྒྱང་ནས་བལྟ་མོ་བལྟ་།
འོས་ཐོབ་ཤོར་རླུང་རྟ་སུ་མཐོ་རེད་།
འོས་འཕེན་མི་ཞི་བའི་མི་མང་རེད་།
བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་དངོས་གནས་དྲང་གནས་སྲིད་སྐྱོང་བློ་སེང་ལགས་ཀྱི་ལས་དོན་གནང་ཕྱོགས་དང་ཁོང་ལ་སྲིད་སྐྱོང་ཞིག་ལ་འཛོམས་དགོས་པའི་ཤེས་འཇོན་གཉིས་ལྡན་གྱི་ཁྱད་ཆོས་ཞིག་སྔ་ས་ནས་མེད་པ་གཟིགས་ཡོད་ན་དགོངས་འཆར་དང་ལས་དོན་བྱེད་ཕྱོགས་ཐོག་ལ་སྐྱོན་བརྗོད་དངདགོངས་ཚུལ་སོགས་སྔ་མོ་ནས་གྲོས་ཚོགས་དང་བཀའ་ཤག་ནང་ཚིག་གཅིག་ཀྱང་མི་གསུངས་པ་གང་ཡིན་ནམ་་་འོས་བསྡུའི་སོ་མཚམས་ལ་སླེབས་སྐབས་བོད་ཀྱི་རྩ་དོན་དྲན་པ་ཡིན་ནམ་་་་ཡང་མིན་ན་སྤེན་ཚེའི་ཕྱོགས་གཏོགས་ནས་མ་འོངས་པར་ཁེ་ཕན་སྒྲུབ་སྟངས་ཞིག་ཀྱང་མིན་འགྲོ་བསམ་འོང་།།
ད་ལོའི་བཀའ་ཤག་ནང་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལྟ་བུའི་བོད་སྤྱི་དང་༧གོང་ས་མཆོག མ་འོངས་པའི་བོད་མི་རིགས་ཆེད་དུ་རང་ཉིད་བློས་གཏོང་གནང་ཐུབ་མཁན་ཞིག་མེད་ཀྱང་། དོན་གནས་ཅུང་ཙམ་བཤད་ཕོད་པའི་སྙིང་སྟོབས་ཅུང་ཙམ་མངའ་བའི་བཀའ་བློན་རེ་ཡོད་ནའང་། སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད་མོད། རང་གི་རྐུབ་སྟེགས་བློས་མི་ཐོངས་པ་དག་གིས་ཅི་ཡང་འཇོན་མ་སོང་། རྫུན་གྱིས་འཁོར་ལོ་བསྐོར་ནའང་སྲིད་སྐྱོང་ལ་འབྱར་བསྡད་སོང་། རང་དོན་ལ་གྱོང་བ་དཔེ་རེད།
ཕྱི་དྲིལ་བཀའ་ཟུར་བདེ་ཆོས་ལགས་ནས་འོས་བསྡུ་ཆེན་མོ་སྐབས་མཚམས་གནང་བ་དེར་མོས་འདུན་མེད། ཅི་སྟེ་སྲིད་སྐྱོང་བློ་སེང་ལགས་ཀྱི་ལས་དོན་གནང་ཕྱོགས་ལ་མོས་མཐུན་དང་འགལ་ཟླ་རིགས་བྱུང་ཡོད་ན་སྐབས་དེ་དུས་བཤད་དགོས་པ་ལས་རྩ་དགོངས་ཞུ་དགོས་ནའང་སྐབས་དུས་སོ་སོར་གནང་དགོས། དེ་མིན་སྤྱི་དོན་གལ་ཆེ་བརྩི་ནས་དགོངས་པ་ཞུ་ལུགས་བཤད་པ་ནི་ཆབ་སྲིད་གར་འཁྲབ་བྱས་པ་ཀུན་གསལ་ཡིན། ཁོ་མོས་གསལ་བསྒྲགས་ནང་གསལ་ལྟར་ཕྱི་དྲིལ་ལས་བྱེད་རྒན་པ་ཚོར་མཉམ་རུབ་ཡོད་ལུགས་བཤད་པ་ནི་བདེན་པ་མིན།
བློ་སེང་ཐུག་མྱོང་སྐད་ཆ་བཤད་མྱོང་། སྤེན་ཚེ་མཐོང་མྱོང་སྐད་ཆ་ཉན་མྱོང་། བདེ་ཆོས་ཐུག་མེད་སྐད་ཆ་གོ་སོང་། ལྷག་བསམ་བསྟན་སོང་།
ང་ལ་བློ་སེང་གི་རྒྱུགས་ཁྱི་མིན་པའི་ཁུངས་སུ་དྲངས་པ་ལ། ཡང་། ང་ལ་ལྷག་བསམ་མེད་པར་བསྒྲུབས་འདུག ལྷག་བསམ་ཡོད་ཙང་ཁྱེད་ཚོའི་ཁ་གཏད་བཅོག་བགྱིན་ཡོད་དོ།།
ཁོང་སྲིད་དོན་པ་གསུམ་ག སྔར་ངོ་ཡང་མི་ཤེས། ད་ལྟའི་བར་དངོས་སུ་མཐོང་ཡང་མ་མྱོང་། རྗེས་ུ་ག་དསུ་མཐོན་མིན་ནི། སུས་ཤེས། རྩི་མཐོང་ནི། གསུམ་ག་ལ་བྱེད་དགོས་རེད། བསམ་ཚུལ་བཤད་ཡ་ནི། ངའི་རང་དབང་རེད།
ཀརྡོར་གཉེར་ཕྱག་པ་ལགས། ངས་ཁྱོད་ལ་བཤད་མེད། ང་ཁོང་ཚོ་དང་འབྲེལ་བ་ཡོད་མེད་བཤད་པ་ཡིན།
བློ་སེང་ལྷན་དུ་ལོ་བཞིའི་ལས་བྱས་ཀྱང་།
བཀའ་ཟུར་བདེ་ཆོས་རང་གཟུགས་རིམ་གྱིས་མངོན།
ད་ཡང་སྤེན་ཚེ་འཐོམས་ནས་སླར་བསྐོས་ན།
སྔར་ལམ་ལྡོག་མེད་ལམ་དུ་ཤར་བསྐྱོད་བྱེད།
གཟབ་འཚལ།
བུས། པྰ་ལགས་ལ་ཕྲུ་གུ་བཟོ་སྟངས་བསླབ་པའི་ལས་ཀ་རང་རེད། ཧ་ ཧ་ ཧ་
མ་འོང་པར་སྲིད་སྐྱོང་སུ་ཕེབ་ན་གུས་སྐུར་ཞུ་བ་ལས་ལྡོག་ཕྱོགས་གནང་མི་རུང།
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་སྲིད་སྐྱོང་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་ནས་བསྒྲགས་འདུག ཆོས་དབྱངས་དང་རྒྱ་སྒྲོལ་གཉིས་དབར་ལ་ཧེ་བག་ཆེན་པོ་བྱུང་འདུག