སྤོབས་པ་མཐའ་ཡས།
མི་ཞིག་སྟོན་པ་སངས་རྒྱས་མཇལ་དུ་ཕྱིན།
མི་དེས། “སྟོན་པ། བདག་ལ་བྱིན་རླབས་ཤིག་གནང་རོགས།” ཞེས་ཞུས།
སྟོན་པས། “ཁྱོད་ཀྱིས་ཅི་འདོད།” གསུངས།
མི་དེས། “ང་ཡིས་བདེ་སྐྱིད་འདོད།” ཅེས་ཞུས།
དེ་ནས་སྟོན་པས། “ལེགས་སོ་ལེགས་སོ། དེ་ལྟར་ན་དང་པོ་‘ང་’ཞེས་པ་དེ་འཁྲུལ་འཛིན་ཡིན་པས་ན་སྤོངས་ཤིག དེ་ནས་‘འདོད་‘ཅེས་པ་དེ་སྲེད་པ་ཡིན་པས་ན་སྤོངས་ཤིག དེ་གཉིས་སྤངས་པའི་ཤུལ་ན་གང་ཡོད་པ་དག་ནི་‘བདེ་སྐྱིད་’ཁོ་ན་ཡིན་ནོ།།”
ཞེས་གསུངས་པས་མི་དེས་བདེན་པ་མཐོང་བར་གྱུར་ཏོ།།
གདམས་ངག་ཟབ་ཀི་ཡ།།
ང་སྟོན་པ་ཡིན་ན་གཟན་སྣེ་ནས་ཚལ་བ་ཞིག་གཤགས་ཏེ་འདི་སྐེ་ལ་ཐོགས་ཟེར་ས་རེད།
ཀླུ་སྨྱོན་ལགས། ཁྱེད་ཀྱི་དྲུང་དུ་བྱིན་རླབས་ཞུ་རུ་ཡོང་མཁན་ཚོར་གཟན་སྣེ་ནས་གཤགས་ནས་མ་གནང་རོགས། དེ་མིན་ཕར་ཡོལ་ཙམ་ནས་གད་སྙིགས་ནང་དུ་གཡུག་རྒྱུ་ཡིན་པ་རེད། །
འདི་ནས་འདི་སྐད་བདག་གི་མ་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས། གྲོང་ཁྱེར་ནེའུ་ཡོག་གི་རྒྱ་གར་གྲོང་ཁྱེར་གྱི་ཟ་ཁང་ཞིག་ལ་བཞུགས་པའི་སྐབས། བྲམ་ཟེ་འདྲ་བོ་ཕོ་གསར་ལས་མེད་ཅིག་གིས་ཞབས་ལ་གཏུགས་ནས། ཐལ་མོ་སྦྱར་བཞིན་ཞུས་པར། བཅོམ་ལྡན་འདས། བདག་ལ་སྒོར་མོ་མང་པོ་སྦྱིན་པའི་ལས་ཀ་ཞིག་དགོས་པས་བྱིན་གྱི་རློབས་པར་ཞུ་ཞེས་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་རྩལ་བ། རིགས་ཀྱི་བུ། ཁྱོད་ཀྱིས་དང་པོ་བདག་ཅེས་པ་འདི་དོར་བར་བྱ། དེ་ནས་ལས་ཀ་ཡང་དོར་བར་བྱ། དེ་ནས་སྒོར་མོ་ཡང་དོར་བ་བྱ། སྒོར་མོ་ལ་སྒོར་མོ་མ་བཞུགས་པས་སྒོར་མོའི་རང་བཞིན་ནི་འོད་གསལ་བ་བོ་ཞེས་བཀའ་སྩལ། ཟ་ཁང་འདིའི་ནང་ལ་ཡོད་པའི་རྒྱ་གར་བ་དང་། ཁ་པར་ལག་ན་ཐོག་པའི་གྲྭ་ལོག་རྣམས་དང་། བཙུན་མ་ཟུར་པ་རྣམས་དང་། བོད་པ་དང་བོད་པ་ཟུར་པ་རྣམས་བཅོམ་ལྡན་འདས་ཀྱི་བཀའ་ཐོས་ནས། བཞད་གད་ཀྱི་འུར་སྒྲ་སྲིད་གསུམ་ཁྱབ་པར་ཤོར་ནས། ཐམས་ཅད་ཀྱང་དགྲ་བཅོམས་པ་ཤ་སྟག་ལ་གྱུར་རོ། བཅོམ་ལྡན་འདས་ཀྱི་མདོ་རྫོགས་སོ།