བྱ་གཞུང་འཇམ་བྷེ།
༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་འཕེར་བར་བསྙོན་དུ་མེད།
ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་དར་རྒྱས་ཕྱིན་མིན་གྱི་སྤྱི་ཚོགས་ཆེ་ཆུང་གང་ཡིན་ན་ཡང་། དེ་དང་དེའི་ཁོར་ཡུག་དང་སེམས་ཁམས་གྲུབ་ཆ་དང་བསྟུན་ནས་འཇིག་རྟེན་དེའི་ཚབ་མཚོན་མི་སྣའི་སྐྱེས་བུ་ཞིག་ཡོད་ཡོད་པ་རེད་ལ། དེ་ལྟར་ཡོད་དགོས་པའི་གནས་ལུགས་དང་གཏན་ཚིགས་ཀྱང་ཁུངས་མ་ཞིག་ཡོད་བ་རེད། དེར་བརྟེན། ང་ཚོའི་འཇིག་རྟེན་འདིའི་མི་མང་གི་རེ་བ་དང་ཡིད་ཆེས་བཅོལ་ས། དད་འདུན་དང་འདོད་བློ་སྐོང་བའི་དཀོན་མཆོག་དང་སྐྱབས་ཟེར་བ་འདི་བྱུང་བ་རེད། དེ་བས་ང་ཚོའི་བོད་པའི་སྤྱི་ཚོགས་སུའང་སྔོན་ནས་ད་བར་མི་མང་གི་ཚབ་མཚོན་ཐུབ་པའི་སྐྱེས་བུ་རེ་བྱུང་ཡོད་ལ་འབྱུར་འགྱུར་ཀྱང་དེ་ལྟར་རེད། དེ་ནི་སྔོན་བྱུང་གི་ལོ་རྒྱུས་དང་མིའི་རིགས་ཀྱི་འཚོལ་བསྙེག་གི་བྱུང་རབས་ཀྱི་ཁུངས་ཕུར་ཐུབ་ཐུབ་པ་ཞིག་རེད།
རྒྱུ་མཚན་དེ་ཉིད་ཀྱིས་ང་ཚོའི་བོད་པའི་སྤྱི་ཚོགས་འདི་ལ་ཡང་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཐུབ་པ་དང་། ཡིད་ཆེས་བློ་སྙིང་བཅོལ་སའི་སྐྱེས་བུ་དེ་འདྲ་ཞིག་ངེས་པར་ཏུ་ཡོད་དགོས་པ་རེད་ལ་དེ་ལྟར་ཡོད་ཡོད་པ་ཡང་རེད། དེ་འདྲའི་སྐྱེས་བུ་དེ་ནི་བོད་མི་ས་ཡ་དྲུག་གི་མི་ཕྱེད་པའི་དད་སེམས་དང་། ཚད་མས་དྲངས་བའི་ཡིད་ཆེས་དང་མངོན་འདོད་ཀྱིས་བཞེངས་བསྐྲུན་བྱས་བ་ཞིག་ལས། སྐྱེས་བུ་ཁོ་རང་གི་ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་དང་བཙན་དབང་གིས་དེ་ལྟར་བྱུང་བ་ཞིག་གཏན་ནས་མ་རེད། སྐབས་འགར་དེ་ལྟར་བྱུང་སྲིད་ཀྱང་དེ་ནི་དངོས་ཡོད་དང་མཐུན་པ་ཞིག་མ་རེད།
དེར་བརྟེན་ད་ལྟའི་དུས་ཚོད་འདི་ལ་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཐུབ་པ་དང་བརྒྱ་ཆ་བརྒྱའི་ཡིད་ཆེས་དང་བློ་བཅོལ་ཕེར་བའི་སྐྱེས་བུ་དམ་པ་ཞིག་ཡོད་པ་ནི་༧གོང་ས་མཆོག་ཡིན་པ་སྨྲས་མ་དགོས་པ་ཞིག་རེད། མ་ཟད་བོད་མི་ས་ཡ་དྲུག་ལ་མ་ནོར་ཡང་དག་པའི་ལམ་གྱི་སྣེ་འདྲེན་པ་དང་། མ་འོངས་བའི་ཕུགས་མདུན་དང་འཚོལ་བསྙེག་མངོན་གཟིགས་ཀྱིས་ལམ་སྟོན་གནང་མཁན་ཡང་། ཁོང་ཉིད་ལས་ལྷག་པའི་སྐྱེས་བུ་དམ་པ་ཞིག་མེད་པ་གཏན་ཚིགས་དང་རིག་པའི་སྒྲུབ་མི་དགོས་པ་དང་། ཡིད་སེམས་རྩེ་གཅིག་གིས་འཕྱང་མོ་ཉུག་མི་དགོས་པ་ཞིག་རེད།
འོན་ཀྱང་། དེ་ལས་ལྡོག་པའི་གནས་ཚུལ་སྐྱུག་བྲོ་བོ་དང་ཧང་སང་བ་ཞིག་ལ། མི་ཤེས་ཤེས་རློམ་ཆེ་ཞིང་ཁེངས་དྲགས་ཀྱིས་མགོ་བོ་གནམ་ལ་ཐོག་གི་མེད་ལ། རྐང་པ་ས་ལ་ཐུག་གི་མེད་པའི་རང་ལྟ་མཆོག་འཛིན་ཆེ་བའི་སྨྱུག་འཛིན་པ་སྐོར་ཞིག་གིས། ༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ཐུབ་རབས་དང་། བོད་མི་ས་ཡ་དྲུག་གི་བདེན་མཐའ་སེལ་བའི་ཐད་ཀྱི་༧གོང་ས་མཆོག་གི་ལྟ་བ་ལངས་ཕྱོགས་དང་ཐུགས་དགོངས་དེ་དག ཁོང་རང་མི་སྒེར་གཅིག་གི་འཛིན་སྟངས་དང་ལངས་ཕྱོགས་ཡིན་པ་ལས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་པའི་ལྟ་བ་ལངས་ཕྱོགས་མིན་རབས་དང་། མ་ཟད་བོད་མི་ས་ཡ་དྲུག་གིས་ཀྱང་ལྟ་བ་ལངས་ཕྱོགས་དེ་ལྟར་བཟུང་ན་བཟང་རབས་དང་། གཉིས་ཕན་གྱི་དབུ་མའི་ལམ་དུ་སྐྱོད་ཐུབ་ན་བོད་རྒྱ་གཉིས་ཀར་འཕྲལ་ཕུགས་གང་ལ་ཡང་ཁེ་ཐོབ་ཆེ་རབས་གསུངས་བའི་ཐོབ་ཐང་༧གོང་ས་མཆོག་ལ་ཡོད་བ་མ་རེད་ཞེས་སྨྱོ་ཧམ་དང་ཉོག་བཤད་ལུང་པ་གང་རྒྱག་གི་འདུག
དངོས་གནས་བཤད་ན་སྐད་ཆ་དེ་དག་ནི་༧གོང་ས་མཆོག་གི་བྱམས་བརྩེའི་གྲིབ་བསིལ་འོག་ཏུ་་འཚོལ་བའི་མི་ཞིག་གི་སྐད་ཆ་མ་རེད། དེ་ལྟར་སེམས་ལ་དྲན་ཡང་ཁ་ནས་ཐོན་ཐུབ་པ་ཞིག་མ་རེད། ༧གོང་ས་མཆོག་ལ་དད་མོས་མེད་པ་དང་ཁོང་དང་རྒྱབ་འགལ་དུ་ཕྱིན་པའི་བོད་མི་ཞིག་ཡིན་ན་དེ་ལྟར་བཤད་ཀྱང་ཧང་སང་དོན་མེད་ལ་ཁ་རྡུང་གཏོང་དགོས་དོན་དེ་ལས་ཀྱང་ཡོད་བ་མ་རེད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དེ་ཉིད་ཀྱིས་ལྟོ་གོས་གཏམ་གསུམ་སོགས་འཚོལ་གྱིན་འཚོལ་གྱིན་ལ་ཡང་། རྒྱུ་འབྲས་མེད་པ་དང་རྣ་བར་གཟན་པའི་སྐད་ཆ་དེ་དག་བཤད་ན་དོན་ལ་རྒྱ་མི་ལས་སྡིག་རེད། ནམ་ནམ་ཚེ་ཚེ་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་ཚབ་མཚོན་མི་ཐུབ་རབས་དང་། ༧གོང་ས་མཆོག་ལ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཐག་གཅོད་རྒྱུའི་ཐོབ་ཐང་མེད་རབས་བཤད་ཏེ། བོད་མི་ས་ཡ་དྲུག་བྱེ་མའི་ནང་དུ་ཆུ་འཐིམས་པ་བཞིན་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་ནས་བོད་མི་རིགས་རྨེག་མེད་དུ་གཏོང་འདོད་ཡོད་པ་རེད།
༧གོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཁུར་ཏུ་འཁྱེར་ནས་ཉིན་མཚན་དུས་དྲུག་དུ་བོད་མི་ཡ་ས་དྲུག་གི་ཆེད་དུ་སྐུ་ངལ་མཛད་མེད་གནང་དང་གནང་བཞིན་པ་ཡིན་པས། ཁོང་ཉིད་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་ཐུབ་པ་ལས་གཞན་སུ་གང་གིས་ཀྱང་དེ་ལྟར་མི་ཐུབ།
དེར་བརྟེན། བོད་ཕྱི་ནང་གཉིས་ཀར་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། སྐུ་ལུས་མེ་མཆོད་ཕུལ་མཁན་དེ་དག་ཐམས་ཅད་ཀྱིས་མེ་ཕུང་གི་ཁྲོད་དུ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུས་དགོས་ཞེས་འབོད་ཚིག་མ་སྒྲོགས་པ་གཅིག་ཀྱང་མེད། མ་ཟད་བོད་དུ་སྐད་འབོད་རྒྱག་དུས་ཐམས་ཅད་དུའང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་འབོད་ཚིག་མ་སྒྲོགས་པའང་གཅིག་ཀྱང་མེད།
འོ་ན། དེ་དག་གིས་ཅིའི་ཕྱིར་འབོད་ཚིག་དེ་ལྟར་སྒྲོགས་དགོས་པ་རེད། དད་པ་ཙམ་དང་ཡིད་ཆེས་ཙམ་གྱིས་དེ་ལྟར་སྒྲོགས་པ་ཨེ་རེད། མ་རེེད། གཏད་ནས་མ་རེད། སྐུ་ལུས་མེ་ཕུང་ཕུལ་མཁན་དང་། སྐད་འབོད་གནང་མཁན་དེ་དག་ཐམས་ཅད་ཀྱིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཆེད་དུ་དེ་ལྟར་བྱེད་པ་ལས་མི་སྒེར་གཅིག་གི་ཆེད་དུའམ་༧གོང་མཆོག་ལ་ཡིད་ཆེས་དད་མོས་ཙམ་གྱིས་དེ་ལྟར་གནང་བ་གཅིག་ཀྱང་ཡོད་བ་མ་རེད།
འོ་ན་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཆེད་དུ་དེ་ལྟར་གནང་བ་ཡིན་ན། ༧གོང་མཆོག་གི་མཚན་ནས་ཅིའི་ཕྱིར་འབོད་དགོས་པ་རེད་དམ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ཅིའི་ཕྱིར་འབོད་ཚིག་སྒྲོགས་དགོས་པ་རེད།
གཏན་ཚིགས་དང་རྒྱུ་མཚན་ཁུངས་ཐུབ་པ་མཐར་གཏུགས་ནས་བཤད་ན། ༧གོང་ས་མཆོག་ནི་བོད་མི་ཡ་ས་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་ཐུབ་པའི་བོད་མི་བྱིངས་ཀྱི་ཡིད་ཆེས་དང་བློ་བཅོལ་ཕེར་བའི་དམ་པའི་སྐྱེས་བུ་གཅིག་བུ་དེ་ཡིན་པ་ལས་གཞན་གང་ཡང་ཡོད་པ་མ་རེད། ད་དུང་དེ་ལྟར་ཡིན་པའི་གཞན་རྒྱུ་མཚན་གཞན་ཞིག་ནི། ཆབ་དཔལ་རིག་གསུམ་གྱི་ཡང་རྩེར་སོན་པའི་ཕྱིའི་རྒྱལ་ཁབ་ཁག་གཙོས་རྒྱལ་ཁབ་གཞན་དག་དང་། མི་རིགས་དང་ཆོས་ལུགས་འདྲ་མིན་སྣ་ཚོགས་པ་བགྲང་ལས་འདས་པ་ཞིག་གིས་༧གོང་ས་མཆོག་ལ་གདེང་འཇོག་དང་གུས་ཞབས། རེམ་འདེགས་དང་རྒྱབ་སྐྱོར་སོགས་ཚད་མཐོན་པོ་གང་འདྲ་ཞིག་ཏུ་སླེབས་ཡོད་མེད་གསལ་བཤད་བྱས་མི་དགོས་པ་ཞིག་མ་རེད་དམ།
དེ་ཡང་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་དང་མི་རིགས་ཆོས་ལུགས་སྣ་མང་དེ་དག་གི་དཔོན་རིགས་དང་། མི་མང་གིས་༧གོང་ས་མཆོག་ལ་དད་སེམས་དག་སྣང་ཙམ་དང་། ཁོང་ཉིད་སངས་རྒྱས་རེད་སྙམ་པའི་འདུ་ཤེས་དང་འཛིན་སྟངས་ཤིག་གི་ཐོག་ནས། ཁོང་ལ་གདེང་འཇོག་དང་རྒྱབ་སྐྱོར་ཚད་ལས་བརྒལ་བ་སླེབས་པ་ཞིག་གཏན་ནས་མ་རེད། ཁོ་ཚོའི་སེམས་ལ་༧གོང་ས་མཆོག་ནི་སྤྱིར་བཏང་གི་མི་ཚད་ཐུབ་པ་ཞིག་གི་འདུ་ཤེས་ལས་གཞན་པའི་ལྟ་ཚུལ་འཕར་མ་གང་ཡང་ཡོད་པ་མ་རེད།
དེར་བརྟེན་༧གོང་ས་མཆོག་གི་རླབས་ཆེ་བའི་མཛད་འཕྲིན་དང་། བླ་ན་མེད་པའི་མཁྱེན་དཔྱོད། ཀུན་ཁྱབ་བྱམས་བརྩེའི་གཟི་འོད་ལ་བརྟེན་ནས་གོ་ལ་ཧྲིལ་བོ་འདིའི་སྐྱེ་འགྲོ་མཐོ་དམན་ཐམས་ཅད་ཀྱིས་ཆེས་དགའ་མོས་དང་། སེམས་གཏིང་ནས་བཅོས་མིན་གྱི་སྐྱབས་བློ་གཏད་པའི་ཡིད་ཆེས་དང་། བློ་ཐུབ་ཀྱི་ངེས་ཤེས་གསར་བ་ཞིག་བྱུང་དང་འབྱུང་བཞིན་པ་རེད།
དེ་ནི་གཏན་ཚིགས་དང་རྒྱུ་མཚན་བཀོད་ནས་བསྒྲུབ་མི་དགོས་པར། གྲགས་རྒྱུགས་ཆེ་བའི་བརྙན་འཕྲིན་དང་བརྡ་འཕྲིན་བརྒྱུད་ལམ་ནས། དཔྱོད་ཤེས་ཀྱི་མིག་ཅིག་ཡོད་ན་མཐོང་མཐོང་པ་མ་རེད་དམ། ད་དུང་ཡང་མ་ཤེས་མ་གོ་ཟེར་ན། ཁྱོད་ཀྱི་དོན་ལྔ་སྣོད་དྲུག་ལ་དུག་རླངས་ཡ་མཚན་པ་ཞིག་ཕོག་སོང་བས་རེད། དེ་ནི་སུ་ཡིས་ཕྱིས་དོར་བྱེད་ཀྱང་གཙང་བཟོ་བྱེད་ཁག་པོ་རེད།
༧གོང་ས་མཆོག་གོ་ལ་ཧྲིལ་བོ་འདིའི་ཞི་བདེ་དེད་དཔོན་དང་། བདེན་དོན་གྱི་ཚབ་མཚོན་ཐུབ་པའི་སྐྱེས་བུ་ཞིག་ཏུ་གྱུར་པར་བརྟེན། བོད་མི་རིགས་ཀྱི་བདེ་སྡུག་དང་བདེན་དོན་ཡང་འཛམ་གླིང་མི་མང་གི་རྣ་ཐོས་གོ་ཐོས་སུ་གྱུར་ཏེ། དེང་གི་སྐབས་འདིར་འཛམ་གླིང་མི་མང་ཕལ་ཆེ་བའི་བོད་མི་རིགས་ཀྱི་བདེ་སྡུག་དང་བདེན་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་རེམ་འདེགས་མི་བྱེད་རང་བྱེད་དུ་གྱུར་ཡོད་པ་རེད། དེ་དག་ཐམས་ཅད་༧གོང་ས་མཆོག་བོད་ཡ་ས་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་ཐུབ་པའི་སྐྱེས་བུ་དེ་ཁོ་ན་ཉིད་དུ་ངེས་པས་རེད།
གོང་བརྗོད་ཀྱི་མི་ཤེས་ཤེས་རློམ་ཆེ་ཞིང་ངན་པ་ལང་ཤོར་གྱི་སྨྱུག་འཛིན་པ་དེ་དག་ལ་འདི་ལྟར་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་རྒྱུ་མཚན། མིག་མཐོང་ལག་ཟིན་གྱི་གནས་ལུགས་དང་བདེན་པ་རེ་རེ་གདས་ནས་གསལ་བཤད་དང་ར་སྤྲོད་ཅི་བཞིན་ཞིག་བྱས་ཏེ། གཞན་ལ་ཅི་མི་སྙམ་པར་ཁྱད་དུ་གསོད་པ་དང་རང་ལྟ་མཆོག་འཛིན་པའི་ལྟ་ངན་གྱི་སྨག་རུམ་སྟུག་དྲག་པས་གོ་རྟོགས་ཤིག་སད་པའི་རེ་བ་མེད་མོད། འོན་ཀྱང་། གསལ་བཤད་ཙམ་ཡང་མ་བྱས་ན་ང་ཚོ་ནི་ཁ་མེད་མིག་མེད་ཀྱི་སྤྱི་ཚོགས་ཤིག་ལས་འཚོལ་བར་འདོད་སྙམ་ཆེ་བས་ཡིན།
༢༠༡༤/༩/ ༥༢ ལ།
དང་པོར། དོན་དངོས་པོའི་ཐོག་ནས་འཇོན་སྟངས་ཆེ་ཤོས་ནི་རྒྱ་ཆེ་མི་དམངས་ཡིན། རྒྱལ་ཁབ་ཀྱི་ཆེད་དུ་འཇོན་སྟངས་ཆེ་ཤོས་དང་། ལམ་སྟོན་ཐུབ་མཁན། ནུས་པ་ཡོད་མཁན། ཤེས་ཡོན་ཡོད་མཁན། ལག་རྩལ་ཡོད་མཁན་ནི་བོད་རྒྱ་ཆེ་མི་དམངས་ཡིན། འདིར་ཤེས་དགོས། རྒྱུ་མཚན་འདི་ལ་བརྟེན་ནས་དམངས་གཙོ་ཟེར་བ་འདི་འཛམ་གླིང་ལ་དར་ཁྱབ་ཕྱིན་པ་ཞིག་རེད། མི་དམངས་རྩ་བའི་རྩེ་ལ་བཞག་དགོས་པ་དང་། རྒྱ་ཆེན་མི་དམངས་ཀྱི་ཐག་གཅོད་པ་དང་ལམ་སྟོན་བྱས་པ་དེ་ཉིད་དམངས་གཙོའི་གཞུང་གི་ལངས་ཕྱོགས་ཡིན་དགོས།
༧རྒྱལ་བ་རིན་པོ་ཆེན་ཅི་ཙམ་མཁས་ཀྱང། ཇི་ལྟར་གཟི་བརྗིད་ཆེ་ཡང་། བོད་མི་རིགས་ལ་བཀའ་དྲིན་ཅི་ཙམ་ཆེ་ཡང་ཁོང་གི་ཐག་གཅོད་དང་། ཁོང་སྒེར་གྱི་ལྟ་གྲུབ་དེ་ཉིད་གཞུང་གི་ལངས་ཕྱོགས་འཛིན་མི་རུང་། དེ་འཛིན་དགོས་ན་སྒེར་གཅོད་པའི་གཞུང་ཡིན་པ་ལས་དམངས་གཙོའི་གཞུང་མིན།
གཉིས་པ།་་་རྩོམ་ཡིག་ནང་དུ་་་་་༼དེང་གི་སྐབས་འདིར་འཛམ་གླིང་མི་མང་ཕལ་ཆེ་བའི་བོད་མི་རིགས་ཀྱི་བདེ་སྡུག་དང་བདེན་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་རེམ་འདེགས་མི་བྱེད་རང་བྱེད་དུ་གྱུར་ཡོད་པ་རེད། དེ་དག་ཐམས་ཅད་༧གོང་ས་མཆོག་བོད་ཡ་ས་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་ཐུབ་པའི་སྐྱེས་བུ་དེ་ཁོ་ན་ཉིད་དུ་ངེས་པས་རེད།༽ཅེས་བཤད་འདུག
ལན། རྒྱལ་བ་རིན་པོ་ཆེན་ཁོ་ན་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་ན་་་སྲིད་སྐྱོང་སེང་གེ་ག་རེ་རེད་དམ། རྒྱལ་བ་རིན་པོ་ཆེན་ཡ་ས་དྲུག་གི་ཚབ་མཚོན་ཡིན་ཟེར་བ་ཕར་ཞོག བཙན་བྱོལ་མི་དམངས་ཀྱི་ཚབ་མཚོན་ཡིན་པར་ངོས་ལེན་ག་འདྲ་བྱེད་དགོས་པ་རེད་དམ། བཙན་བྱོལ་བོད་མི་དམངས་ཀྱིོས་འདོད་མོས་ལྟར་དམངས་གཙོའི་ལམ་འོས་བསྡུ་བྱུང་བ་ནི་བློ་བཟང་སེང་གེ་རེད། ད་་་འོས་བསྡུ་ལམ་ནས་བྱུང་བའི་དབུ་ཁྲིད་ལས་ལྷག་གི་མི་དམངས་ཀྱི་ཚབ་མཚོན་ཞིག་སུ་ཡིས་བསྐོས་པ་རེད་དམ། རྒྱ་གཏམ་བོད་རྣ་ལ་མི་འགྲོ་བའི་སྐད་ཆ་རང་རེད།
གལ་སྲིད་རྒྱལ་བ་རིན་པོ་ཆེན་གྱིས་བོད་མི་ཡ་ས་དྲུག་གི་ཚབ་མཚོན་བྱས་ནས་བོད་སྤྱི་པའི་གནད་དོན་ཐག་གཅོད་ནས་འགྲིག་གི་ཡོད་ན་་་་མ་འོངས་པ་བཀའ་སྤྱི་གཉིས་ཀྱང་འོས་བསྡུ་བྱས་དགོས་པ་མི་འདུག་པས་ཡ་ས་དྲུག་གི་ཚབ་མཚོན་ཁོང་གིས་བཀའ་བློན་དང་སྤྱི་འཐུས་སྐོས་རོགས་བྱོས།
གསུམ་པ། ང་དང་ང་ལྟ་བུ་ཚོས་ངོས་ནས་རྩ་བའི་བླ་མ་རྩ་བའི་རྩེ་ལ་བཞག་གི་མེད་ལ་་་་བོད་རྒྱ་ཆེན་མི་དམངས་རྩ་བའི་རྩེ་ལ་བཞག་གི་ཡོད། བོད་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་ན་རྒྱ་ཆེན་མི་དམངས་ཡིན་ལ་མ་འཇོན་ནའང་རྒྱ་ཆེན་མི་དམངས་ཡིན། མ་གཏོགས་ཡ་ས་དྲུག་གི་ཚབ་མཚོན་ཡིན་ཟེར་ནས་བོད་མི་་དམངས་ཀྱི་བསམ་ཚུལ་རྡོག་རོལ་བཏང་ནས་ཐག་གཅོད་བྱེད་ན་མི་འགྲིག འདི་ནི་དམངས་གཙོའི་ལུང་པའི་འགྲོ་སྟངས་རེད།
ཁྱོད་ཚོའི་བཤད་པའི་མི་དམངས་ཀྱི་ཚབ་མཚོན་ཟེར་ནའང་རེད། མི་དམངས་ཀྱི་དབུ་ཁྲིད་ཟེར་ནའང་འདྲ། འདི་ནི་དམངས་གཙོའི་ལམ་ནས་མི་དམངས་ཀྱིས་འོས་བསྡུ་བྱེད་ནས་ཡོང་དགོས་པ་མ་གཏོགས་དད་པ་ཡོད་མེད་དང་བླ་མ་ཡིན་མིན་གྱི་ཁྱད་པ་མེད་ལ་བཀའ་དྲིན་ཆེ་མིན་དང་ཕུང་རྒན་ཡིན་མིན་གྱི་ཁྱད་པ་མེད། དམངས་གཙོའི་ལམ་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ན་དབུ་ཁྲིད་ཡིན་ནོ།།
ལྟས་ངན་ཁྱོད་ག་རེ་ཤོད་ཀྱི་ཡོད་དམ? དོལ་རྒྱལ་ལས་གཞན་སུ་ཞིག་གིས་༧གོང་ས་མཆོག་བོད་ཚབ་མཚོན་མ་རེད་ཟེར་མཁན་མེད་པར་ཁྱོད་ར་བཟི་སོང་ངམ
བོད་ཀྱི་ལ་བཅོས་རོགས
གོང་ས་མཆོག་གིས་བོད་མི་མང་གི་ཚབ་མཚོན་མི་ནུས་ཟེར་མཁན་ནི་ཅོ་རི་དང་པད་མ་འཕྲིན་ལས་སོགས་རྒྱ་ཁྱི་དང་དོལ་ཚོགས་རེ་ཟུང་ལས་གཞན་བོད་པ་སུ་ཡང་མེད། ཁྱོད་ཚོས་ཅི་ཞིག་བཤད་ཀྱང་རང་ཉིད་ཁ་ན་སྐྱད་དང་གཞན་རྣམས་སྙིང་གཟེར་སྐྱེད་ལས་ཅི་ཡང་མེད་པ་ཤེས་པར་གྱིས།
ཅོ་རི་ལགས། ༧གོང་ས་མཆོག་ལས་བོད་མིའི་མདུན་ལམ་སུས་བསྐྲུན་ཐུབ། བློ་བཟང་སེང་གེ་གཞིས་ཆགས་བུ་གུ་རེད། ཁོས་བོད་སྐྱོབ་ཐུབ་བམ། དུས་འདིར་བོད་སྐྱོབ་མཁན་སུ་ཡིན་མིན་ཤེས་ན་བཟང་ཡ
བསོད་ནམས་ལགས། བོད་ཀྱི་མདུན་ལམ་བོད་མི་དམངས་ཀྱིས་བསྐྲུན་ཐུབ། མི་སྒེར་སུ་ཀྱང་བསྐྲུན་མི་ཐུབ། བོད་མི་དམངས་རྡོག་རྩ་ཆིག་སྒྲིལ་བྱུང་ན་བོད་མི་རིགས་ཀྱི་མདུན་ལམ་ཡག་པོ་བསྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། བོད་མི་དམངས་ལས་ལྷག་པ་ཞིག་འཛམ་གླིང་ཐོག་ཏུ་བོད་མི་རིགས་ཀྱི་མདུན་ལམ་ལ་རླབས་ཆེ་བའི་ཕན་ཐོགས་སྒྲུབ་ཐུབ་མཁན་སུ་ཡང་མེད།
སེང་གེ་མི་སྒེར་ཞིག་གིས་བོད་སྐྱོབ་ཐུབ་པའི་རེ་བ་སྤུ་ཙམ་མེད། དེ་དང་དེ་བཞིན་སྐྱེ་བོ་སྒེར་པ་སུ་ཡིན་ནའང་བོད་ཀྱི་མདུན་ལམ་བསྐྲུན་ཐུབ་པ་དང་བོད་སྐྱོབ་ཐུབ་པའི་ནུས་པ་མེད། བོད་སྐྱོབ་ཐུབ་པའི་ནུས་པ་ཡོད་མཁན་ངོ་མ་བོད་རྒྱ་ཆེན་མི་དམངས་ཡིན། བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་བྱས་ནས་བོད་དོན་འཐབ་རྩོད་བྱེད་པ་ཡིན་ན་བོད་སྐྱོབ་ཐུབ་པའི་ཡིད་ཆེས་ཡོད། དེའི་ཕྱིར་དུ་ཆིག་སྒྲིལ་བཤད་ཀྱི་ཡོད།
སྐྱེ་བོ་སྒེར་པ་རེ་གཉིས་ཀྱིས་བོད་སྐྱོབ་ཐུབ་པ་ཡིན་ན་ཆིག་སྒྲིལ་དགོས་ཡ་ཡོད་མ་རེད། འཇིག་རྟེན་བྱེད་པ་པོ་ཁས་ལེན་པ་དང་གཅིག་རེད། ཏྭ་ལའི་བླ་མ་བོད་བྱེད་པ་པོ་ཁས་ལེན་བཞག་ན་་་ཁོང་གིས་བོད་སྐྱོབ་ཀྱི་རེད་བསམས་ནས་ང་རང་ཚོ་སྐྱིད་ཉལ་བརྒྱབས་ནས་བསྡད་ན་མི་འགྲིག་ངོ་མ་ཡིན། བོད་མི་ཡོངས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་ནས་མི་རེས་འགན་རེ་ཁུར་ནས་བོད་དོན་འཐབ་རྩོད་བྱེད་ན་ནུས་པ་ཐོན་ངེས་ཡིན་ནོ།།།
སྤྱིའི་ཆ་ནས་བོད་མི་དམངས་སྒེར་གཅོད་པའི་འོག་ཏུ་བསྡད་ཡུན་རིང་སོང་བས་རྒྱུ་མཚན་གྱིས་ནའང་འདྲ། རྨོངས་དད་ཆེ་དྲགས་པས་ཡིན་ནའང་འདྲ། སོ་སོས་འགན་ཁུར་མི་འདོད་པ་ཡིན་ནའང་འདྲ། མི་སྒེར་པ་ཞིག་གིས་བོད་སྐྱོབ་ཐུབ་སྣང་ཤར། གོང་ས་ཏ་ལའི་བླ་མས་བོད་སྐྱོབ་ཐུབ་སྣང་ཤར། ཁ་ཅིག་གིས་ལྷ་ཆོས་སྐྱོང་སྲུང་མས་བོད་སྐྱོབ་ཐུབ་སྣང་ཤར། འདི་དག་འཁྲུལ་སྣང་རེད། དོན་དངོས་མ་རེད།
བོད་མི་རིགས་རང་ཉིད་རང་གི་མགོན་ཡིན་པས་བོད་མི་དམངས་ཀྱིས་བོད་སྐྱོབ་དགོས། བོད་མི་དམངས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱ་དགོས། བོད་མི་དམངས་ཀྱིས་འགན་ཁུར་དགོས། བོད་མི་དམངས་ཀྱིས་ཇུས་བཏོན་དགོས། བོད་མི་དམངས་ཀྱིས་བོད་དོན་ཐག་གཅོད་བྱ་དགོས། བོད་མི་དམངས་ཀྱིས་འཐབ་རྩོད་བྱ་དགོས། བོད་མི་དམངས་ཆིག་སྒྲིལ་མ་བྱུང་ན་ཏ་ལའི་བླ་མ་༡༠༠་ཡོད་ནའང་བོད་སྐྱོབ་ཐུབ་པའི་རེ་བ་སྤུ་ཙམ་མེད།
ཨོ་རེད་་་ཁང་གསར་རྡོ་རྗེའི་སྐད་ཆ་ཞིག་དྲན་བྱུང་། བཟང་བཟང་བླ་མ་དང་ངན་ངན་དམངས་ཚོགས་ཟེར་བའི་ཐ་སྙད་འདི་ཁང་གསར་རྡོ་རྗེས་བཤད། བོད་པའི་སྤྱི་ཚོགས་ནང་དུ་བཟང་བཟང་བླ་མ་ཡིན། xxx ངན་ངན་མི་དམངས་ཡིན། མ་འཇོན་མཁན་མི་དམངས་ཡིན་ཟེར་ནས་བཤད་ཀྱི་རེད།
ང་ཚོས་རེ་བ་རྒྱག་དགོས་ས་ནུས་པ་ཡོད་པའི་མི་དམངས་ལ་མི་བརྒྱབས་པར་ནུས་མེད་སྐྱེ་བོ་སྒེར་ཞིག་ལ་རེ་བ་བརྒྱབས་བསྡད་པ་རེད། ངས་བལྟས་ན་འདི་ནོར་འཁྲུལ་རེད་བསམས་ཀྱི་ཡོད། xxx། འཇོན་སྟངས་ཡོད་མཁན་ངོ་མ་མི་དམངས་ཡིན། མི་དམངས་ཀྱིས་འཇོན་སྟངས་བཏོན་སའི་ཁོར་གཡུ་བསྐྲུན་དགོས། མི་དམངས་ངན་ངན་དང་མྱི་ཆེན་བླ་ཆེན་ཚོ་བཟང་བཟང་ལ་བརྩི་མི་ཉན།
༧གོང་ས་མཆོག་གི་དུས་རྒྱུན་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་དམངས་རེད། ཁོང་དང་བཙན་བྱོལ་སྒྲིག་འཛུགས་བོད་མིའི་མགྲིན་ཚབ་ཡིན་གསུངས་བ་མ་གཏོག་ཚབ་མཚོན་ཡིན་རབས་ཞིག་གོ་མྱོང་ཐོས་མྱོང་མེད། གཅིག་བྱས་རྩོམ་པ་པོས་མཁས་ཉམས་བསྟན་པའམ་ཡང་ན། བསྟོད་མི་ཤེས་པའི་ཆེ་བསྟོད་མིན་ནམ། བྱས་ཙང་སྤྱི་མཐུས་ཀརྨ་ཆོས་འཕེལ་གྱིས་ཁོ་རང་གིས་ལྷག་བསམ་རྣམ་དག་ཡིན་ན་འདྲ། ཁོ་རང་རང་བཙན་ལས་བསམ་རྒྱུ་མེད་སོང་ན་འདྲ། གང་ལྟར་ཁོས་གྲོས་ཚོགས་ནང་སྤྱི་མཐུས་སྒེར་གྱི་བསམ་ཚུལ་གྱི་གོ་སྐབས་དང་ལེན་བརྒྱུད་༧རྒྱལ་བ་རིན་པོ་ཆེ་རྒྱ་བོད་གནས་སྟངས་དང་རྒྱལ་སྤྱིའི་གནས་སྟངས་ལ་བལྟོས་ནས་ཞལ་ནས་དབུ་མ་གསུངས་དགོས་བྱུང་བ་མ་གཏོག། ཐུགས་ན་རང་བཙན་ཡོད་པ་རེད་ཞེས་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་བཤད་ནས་༧རྒྱལ་བ་རིན་པོ་ཆེའི་ཐུགས་ལ་སྦམ་ཚོད་ཐེངས་གཅིག་བརྒྱབ་པ་དེས་༧རྒྱལ་བ་རིན་པོ་ཆེ་མ་བིན་བཟོས་པ་རེད། དེས་ན་ཁོང་གིས་མགྲིན་ཚབ་ཡིན་གསུངས་པ་ལས་ཚབ་མཚོན་ཡིན་ནམ་ཡང་གསུངས་མེད་ན་ཁོང་མ་བིན་མི་བཟོ་བའི་སྒྲུབ་བྱེད་འདྲ་འཇོག་རྒྱུ་ཨེ་ཡོད།
བླ་མ་མི་བཟང་སློབ་མ་བཟང་།
ཕ་མ་མི་བཟང་བུ་ཕྲུག་བཟང་།
དཔོན་པོ་མཁས་བ་ཚོ་མི་བཟང་བོད་མི་སྦྱང་མེད་ཚོ་བཟང་།
རྒྱུ་ཡོད་བསོད་ནམ་ཅན་ཚོ་མི་བཟང་སྤྲང་པོ་ལས་ངན་ཚོ་བཟང་།
ཆོས་ཡོད་དད་འདུན་པ་ཚོ་མི་བཟང་ལྷ་མེད་ཀླུ་མེད་ཚོ་བཟང་།
xxཅོ་རིའི་ཁྲམ་པ་དང་ཧམ་བཤད་ཚུལ་འདི་འདྲ་ཞིག་རེད།
ཁ་ནས་རྡོག་རྩ་བཤད། ཁག་ནས་དཀྲུག་སྙིང་ལངས་བ་འདི་འདྲ་ཞིག་རེད།
བླ་སློབ་དཀྲུག་འདོད། ཕ་བུ་དཀྲུག་འདོད། དཔོན་འབངས་དཀྲུག་འོད། གོང་འོག་དཀྲུག་འདོད། ཆོས་སེམས་དཀྲུག་འདོད།
དཀྲུག་སྙིང་གི་བསམ་པ་གཏིང་ན་ནག་པའི་དྲ་འབུ་འདི་ཚོས་ཅི་བཤད་ལ་གནས་ལུགས་དང་དགེ་རྩ་ཞིག་བོད་རྒྱ་ཆེ་མི་མང་ལ་རག་རྒྱུ་མེད་པས། ཁོང་ཚོའི་ཁ་ལག་གཉིས་ལ་དགུ་གཏོར་ཞིག་བརྫངས་སོ། ཧ་ཧ་ཧ།
གོང་ས་མཆོག་དབུ་ཁྲིད་ཟུར་པ་ཞིག་དང་རི་བོ་དགེ་ལུགས་པའི་དབུ་ཁྲིད་ངོ་མ་དེ་རེད། ཆོས་ལུགས་ཀྱི་ཆ་ནས་གཤིན་པོ་ལམ་འཇུག་གནང་མཁན་གཙོ་གྲས་གཅིག་རེད། སྲིད་དོན་གྱི་ཆ་ནས་དགོངས་པ་ཞུས་ཟིན་པ་རེད་ལ། ཁོང་གི་གང་གནང་པ་ཚང་མ་ལོ་སྐུ་སྒེར་གྱི་བྱ་སྤྱོད་རེད། མ་འོངས་བོད་ཀྱི་སྲིད་དོན་ག་རེ་བྱེད་མིན་ནི་བོད་མི་མང་གི་ལག་པར་ཡོག་རེད། དེ་ནི་མི་སྒེར་བ་སུ་ལའང་ཡོད་པ་ཞིག་མ་རེད་ལ། བོད་ཀྱི་མགྲིན་ཚབ་པ་ནི་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་ནས་སྐུ་སྲོག་ཤོར་ཟིན་པའམ། བཙོན་དུ་ཚུད་པ། ད་ལྟ་མུ་མཐུད་དུ་ངོ་རྒོལ་གནང་བཞིན་པ་དག་རེད། དེ་མིན་ཚང་མ་ལོ་གཞོགས་འདེགས་པ་རེད་ལ། རྐང་པ་ནས་མར་ལ་མི་འཐེན་རྒྱུ་ནི་བོད་པ་ཞིག་ཡིན་པའི་འོས་འགན་རེད། ད་མཁྱེན་སོང་ངམ།
ཅོ་རི་ཉི་མ་ལགས ཁྱོད་རང་༧ གོང་ས་མཆོག་ལ་འཛིན་སྟངས་དང་དད་མོས་གང་འདྲ་ཞིག་མེད་ཡོད་མི་ཤེས དེ་ནི་ཁྱོད་ཀྱི་སྒེར་གྱི་གནད་དོན་ཞིག་པས་བཟང་ངན་གང་འདྲ་ཞིག་ཡིན་ན་ཡང་དེའི་ཐོག་ནས་ངས་ཁྱོད་ལ་རྒོལ་ལན་གཏོང་གི་མིན། འོན་ཀྱང་། བྱ་བཞག་དང་མདུན་སྐྱོད་གང་ཡིན་ཡང་དངོས་ཡོད་དང་ཕན་གནོད་ལ་ལྟ་དགོས་པ་ཧ་ཅང་གི་གལ་གནད་ཆེན་པོ་རེད། དེ་ལྟར་མ་ཡིན་པར་ངའི་ལངས་ཕྱོགས་འདི་ཡིན་ངའི་ལྟ་བ་འདི་ཡིན་ཞེས་ལྟ་བ་འཁྲེགས་འཛིན་དང་རང་ཕྱོགས་མཆོག་འཛིན་གྱིས་འོ་དོད་ཅི་ཙམ་གྱིས་ཤུགས་དྲག་སྒྲོགས་ན་ཡང་དོན་སྙིང་ཞིག་ཡོད་མེད་གནས་ལུགས་གྱི་ཁ་གྲགས་ནས་ཡོང་གི་རེད། ཡང་ { རྒྱལ་བ་རིན་པོ་ཆེན་ཁོ་ན་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་ན་་་སྲིད་སྐྱོང་སེང་གེ་ག་རེ་རེད་དམ། རྒྱལ་བ་རིན་པོ་ཆེན་ཡ་ས་དྲུག་གི་ཚབ་མཚོན་ཡིན་ཟེར་བ་ཕར་ཞོག བཙན་བྱོལ་མི་དམངས་ཀྱི་ཚབ་མཚོན་ཡིན་པར་ངོས་ལེན་ག་འདྲ་བྱེད་དགོས་པ་རེད་དམ། བཙན་བྱོལ་བོད་མི་དམངས་ཀྱིོས་འདོད་མོས་ལྟར་དམངས་གཙོའི་ལམ་འོས་བསྡུ་བྱུང་བ་ནི་བློ་བཟང་སེང་གེ་རེད། ད་་་འོས་བསྡུ་ལམ་ནས་བྱུང་བའི་དབུ་ཁྲིད་ལས་ལྷག་གི་མི་དམངས་ཀྱི་ཚབ་མཚོན་ཞིག་སུ་ཡིས་བསྐོས་པ་རེད་དམ། རྒྱ་གཏམ་བོད་རྣ་ལ་མི་འགྲོ་བའི་སྐད་ཆ་རང་རེད། } འདི་ཁྱོད་ཀྱི་བློ་རྣལ་དུ་མ་ཕབ་པའི་སྐད་ཆ་ཞིག་རེད། ཁྱོད་ཀྱིས་༧ གོང་ས་མཆོག་ལ་འཛིན་པའི་ལངས་ཕྱོགས་དང་ལྟ་སྟངས་དེའི་དབང་གིས་དེ་ལྟར་ཞིག་ཚོར་གྱིན་ཡོད་བ་རེད། ཡིན་ན་ཡང་། བོད་མི་མང་བརྒྱ་བ་དགུ་ཅུ་གོ་དགུ་ཁྱོད་ལྟར་ལྟ་སྟངས་དེ་འདྲ་ཞིག་ཡོད་བ་མ་རེད། དམིགས་གསལ་དེ་འདྲ་ཞིག་ཡོང་ཆོག་གི་རེད་ལ་ཡོང་བ་ལ་དགག་བྱ་དང་བཀག་འགོག་ཀྱང་ཡོད་བ་མ་རེད། འོན་ཀྱང་ཤེས་དགོས་པ་ཞིག་ལ་་་་རང་གི་འདོད་པ་དང་ལྟ་སྟངས་དེ་བོད་མི་མང་ཡང་དེ་ལྟར་རེད་ཟེར་ན་ཧམ་པ་རེད། དེ་ལས་ཀྱང་གལ་གནད་ཞིག་ནི་བོད་མི་རིགས་ཀྱི་རིག་གཞུང་ཁོར་ཡུག་དང་བཅས་བ་ཆགས་འཇིག་གི་ཉག་ཕྲ་བའི་སྐབས་འདིར་བསམ་ཤུགས་ཡོད་མདོག་དང་མཁྱེན་རྒྱ་ཡོད་རབས་ནུས་རྩལ་ཡོད་མདོག་གིས་ནང་དམེ་ཕུང་དཀྲུགས་མ་བྱེད་ན་བཟང་བར་སྙམ།
ཞོལ་གཡག་འབྲོང་རྒྱུད་ལ ད་དུང་ཡང་ཆོས་ལུགས་འཐེན་འཁྱེར་གྱི་ནང་དམེ་དང་རང་ལྟ་མཆོག་འཛིན་གྱི་ལྟ་ངན་དེས་རང་རིགས་རྨེག་མེད་དུ་གཏོང་ན་འདོད་དམ། ཁྱོད་རང་ཉིད་ཀྱིས་༧ གོང་ས་མཆོག་བོད་ས་ཡ་དྲུག་གི་བདེ་སྡུག་དང་བདེན་དོན་གྱི་ཚབ་མཚོན་འཕེར་བར་་མི་སྙམ་ན་ཡང་། བོད་མི་བྱིངས་ཀྱི་དེ་ལྟར་མི་འཕེར་བའི་ཁ་མཚོན་མ་གཅོད་་་་དེ་ནི་ཁྱོད་ཕྱོགས་ཞེན་ཆེ་དྲག་པ་དང་རང་བློ་དོགས་དྲག་པས་རེད། བོད་མི་ཡ་ས་དྲུག་དེ་ལྟར་ཡིན་མིན་་རང་ཁྱོད་ལྟ་བུ་རེ་ཟུང་མ་གཏོགས་བོད་མི་བརྒྱ་ཆ་དགུ་ཅུ་གོ་དགུས་ཁ་གྲགས་བསྡད་ཡོད་བ་རེད།
བྱ་གཞུང་ལགས། ཁྱོད་ཀྱིས་་་འོན་ཀྱང་། བྱ་བཞག་དང་མདུན་སྐྱོད་གང་ཡིན་ཡང་དངོས་ཡོད་དང་ཕན་གནོད་ལ་ལྟ་དགོས་པ་ཧ་ཅང་གི་གལ་གནད་ཆེན་པོ་རེད། དེ་ལྟར་མ་ཡིན་པར་ངའི་ལངས་ཕྱོགས་འདི་ཡིན་ངའི་ལྟ་བ་འདི་ཡིན་ཞེས་ལྟ་བ་འཁྲེགས་འཛིན་དང་རང་ཕྱོགས་མཆོག་འཛིན་གྱིས་འོ་དོད་ཅི་ཙམ་གྱིས་ཤུགས་དྲག་སྒྲོགས་ན་ཡང་དོན་སྙིང་ཞིག་ཡོད་མེད་གནས་ལུགས་གྱི་ཁ་གྲགས་ནས་ཡོང་གི་རེད། ཅེས་བཤད་འདུག
ལན་་་ཁྱོད་ཀྱི་སྐད་ཆ་འདི་རང་ཐོག་ཏུ་སྐོར་ནས་གོ་བ་རེ་ལེན་ན་ག་འདྲ་འདུག དངོས་ཡོད་དང་ཕན་གནོད་ལ་མི་བལྟ་བ་རང་ལྟ་མཆོག་འཛིན་དང་། ཨུ་ཚུགས་མཐའ་བསྐྱལ་བྱས་ནས་བོད་མི་དམངས་ཀྱིས་འདོད་མོས་ཡོད་མེད་ལ་མ་བསྟུན་པར་དབུ་མའི་ལམ་གྱི་ཐོག་ཏུ་དེད་བསྡད་པ་རེད། བསམ་བློ་ཞིག་ཐོངས་དང་། ཕྱི་བལྟ་ཞིག་བྱོས་དང་། དབུ་མའི་ལམ་གྱིས་ཕན་ལས་གནོན་ཆེ་བ་ཡོད།
༡་་་འགྲོ་བ་མིའི་རིགས་ཀྱིས་འཛམ་གླིང་འདི་ལ་དམངས་གཙོའི་ལམ་དུ་སུ་མགྱོགས་བལྟ་ནས་འགྲོ་དུས་་་དབུ་མའི་ལམ་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་འོག་ཏུ་འགྲོ་ཐབས་བྱས། འདིས་སྤྱི་སེར་དུང་ཕྱུར་༡༣་ལ་གནོན་གྱི་ཡོད་ལ་སྒེར་བོད་མི་རིགས་ལ་གནོོན་གྱི་ཡོད། གནོན་ཡོད་པར་གནད་ལུགས་ཀྱིས་ཁ་གྲགས་འོང་གི་ཡོད།
༢་་་ལྷ་སར་རྒྱ་མི་ཡིས་ཁེངས་སོང་བ་འདི་ཡང་དབུ་མའི་ལམ་གྱི་མཇུག་འབྲས་ཡིན།
༣་་་དབུ་མའི་ལམ་འདིས་བཙན་བྱོལ་མི་དམངས་དུམ་བུ་ཁ་བྲལ་བཟོས་ཡོད། མི་དང་མིའི་བར་ལ་མི་མཐུན་པ་བཟོས་ཡོད། ཚོགས་མི་དང་ཚོགས་པའི་བར་དུ་མི་མཐུན་པ་བཟོས་ཡོད། དཔེར་ན། གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་འགྲོ་བཞིན་ཡོད་པ་འདི་ཡང་དབུ་མའི་ལམ་གྱིས་བཟོས་པ་རེད།
༤་་་དབུ་མའི་ལམ་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས་པ་ནས་བཟུང་བོད་དོན་འདི་རྒྱ་གཞུང་གི་ནང་སྲིིད་ཡིན་པར་དོན་གྱིས་ཁས་ལེན་སོང་བས་བོད་དོན་རྒྱབ་སྐྱོར་བ་ཚོས་ལག་པ་འཆང་ཐབས་མེད་པ་བཟོས་ཡོད། དུ་དུང་་་གནོན་པ་ཆེ་བའི་གནད་དོན་བཤད་ན་མང་ཀྱང་བཤད་ཚོད་མི་འདུག
གཉིས་པ། ཁྱོད་ཀྱིས་་་༼འོན་ཀྱང་ཤེས་དགོས་པ་ཞིག་ལ་་་་རང་གི་འདོད་པ་དང་ལྟ་སྟངས་དེ་བོད་མི་མང་ཡང་དེ་ལྟར་རེད་ཟེར་ན་ཧམ་པ་རེད། དེ་ལས་ཀྱང་གལ་གནད་ཞིག་ནི་བོད་མི་རིགས་ཀྱི་རིག་གཞུང་ཁོར་ཡུག་དང་བཅས་བ་ཆགས་འཇིག་གི་ཉག་ཕྲ་བའི་སྐབས་འདིར་བསམ་ཤུགས་ཡོད་མདོག་དང་མཁྱེན་རྒྱ་ཡོད་རབས་ནུས་རྩལ་ཡོད་མདོག་གིས་ནང་དམེ་ཕུང་དཀྲུགས་མ་བྱེད་ན་བཟང་བར་སྙམ།༽ཞེས་བཤད་འདུག
ལན་་་རང་གི་འདོད་པ་བལྟ་སྟངས་དེ་བོད་མི་མང་ཡང་དེ་ལྟར་རེད་ཟེར་མཁན་ང་ཅོ་རི་ཡིན་ས་མེད། ཁྱོད་རང་ཚོ་རེད། ཡ་ས་དྲུག་གི་ཚབ་མཚོན་ཡིན། ཚབ་མཚོན་གྱི་བལྟ་སྟངས་དེ་ཉིད་བོད་མི་དམངས་ཀྱི་ཡིན་ཟེར་མཁན་ཁྱོད་རང་ཚོ་རེད། སོ་སོར་ལ་ཁ་སྐོར་ནས་བསམ་བློ་ཐོངས།
བོད་མི་རིགས་ཀྱི་རིག་གཞུང་ཁོར་ཡུག་དང་བཅས་བ་ཆགས་འཇིག་གི་ཉག་ཕྲ་བའི་སྐབས་འདིར་ཕུང་དཀྲུགས་བྱེད་མཁན་ང་ཅང་ཡིན་ས་མེད། བོད་མི་མང་སྟོང་ཕྲག་མང་པོ་དང་མ་མཐུན་ནས་ངོ་རྒོལ་སྐད་འབོད་བྱས་བསྡད་ས་དེ་ཅོ་རི་ཡིན་མདོག་མེད། ཁྱོད་རང་ཚོས་ཉམས་སུ་ལེན་དགོས་པའི་སྐད་ཆ་འདི་དག་ང་ལ་བཤད་མ་འོང་རོགས་བྱོས།
གསུམ་པ། ་ཁྱོད་ཀྱིས་་་་༼འདི་ཁྱོད་ཀྱི་བློ་རྣལ་དུ་མ་ཕབ་པའི་སྐད་ཆ་ཞིག་རེད། ཁྱོད་ཀྱིས་༧ གོང་ས་མཆོག་ལ་འཛིན་པའི་ལངས་ཕྱོགས་དང་ལྟ་སྟངས་དེའི་དབང་གིས་དེ་ལྟར་ཞིག་ཚོར་གྱིན་ཡོད་བ་རེད། ཡིན་ན་ཡང་། བོད་མི་མང་བརྒྱ་བ་དགུ་ཅུ་གོ་དགུ་ཁྱོད་ལྟར་ལྟ་སྟངས་དེ་འདྲ་ཞིག་ཡོད་བ་མ་རེད།༽ཅེས་བཤད་འདུག
ལན་་་་ཧཧ་་བོད་མི་མང་བརྒྱ་བ་དགུ་ཅུ་གོ་དགུའི་བལྟ་སྟངས་ག་འདྲ་ཡོད་མེད་ཁྱོད་ཀྱིས་ཇི་ལྟར་ཤེས་སམ། ཁྱོད་ཀྱིས་བོད་མི་མང་བརྒྱ་བ་དགུ་ཅུ་གོ་དགུའི་བསམ་ཚུལ་ག་འདྲ་བྱས་ནས་ཤེས་ཀྱི་ཡོད་དམ། ཁྱོད་ཀྱིས་བོད་མི་བརྒྱ་ཆ་དགུ་ཅུ་གོ་དགུ་ཅོ་རི་དང་བལྟ་སྟངས་མི་མཐུན་པར་ཇི་ལྟར་ཐག་གཅོད་ཐུབ་བམ། ་ཧམ་པ་མ་བཤད།
ཁྱོད་ཚོས་གྲལ་གྱིས་ག་དུས་ཡིན་ནའང་དེ་འདྲ་རྐྱང་བཤད་ཀྱི་རེད། བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་བ་དང་། རང་བཙན་འདོད་མཁན་ཉུང་ཉུང་ནང་གི་ཉུང་ཤོས་ཤིག་རེད་ཟེར་ནས་བསྒྲགས་བསྡད་པ་རེད། འདི་ལ་ཧམ་བཤད་ཟེར་ལེ་རེད་དོ།
ད་ལྟ་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་བྱེད་པའི་དུས་རེད་མ་གཏོགས་ཁོང་གིས་རྩིས་སྤྲད་ཟིན་པའི་འགན་ཞིག་ཕར་གཡོགས་ཨེ་ཐུབ་ལྟ་བའི་དུས་ཤིག་མ་རེད། ཕྲན་གྱིས་སྔར་༼ཏཱ་ལའི་བླ་མའི་སྲིད་འགན་རྩིས་སྤྲོད་ཞིབ་འཇུག༽ཟེར་བའི་རྩོམ་འབྲིང་ཞིག་སྤེལ་མྱོང་། རྣམ་པ་ཚོར་ཐུགས་ཕན་སོས་མིན་གང་ལྟར་དྲ་འབྲེལ་གཤམ་གསལ།
http://www.tibettimes.net/news.php?id=4318
ད་གང་ལྟར་འཇིག་རྟེན་འདིར་མི་མང་གི་ཚབ་མཚོན་ནུས་པའི་མི་སྣ་ཞིག་ཡོད་མ་སྲིད་པར་འདོད་ན་ནི་དེར་ཟད། དེ་མིན་དེ་འདྲ་ཞིག་ཡོད་ན་ནི་བོད་མི་མང་གི་ཚབ་མཚོན་མི་སྣ་ནི་གོང་ས་མཆོག་ལས་ལྷག་པ་གཞན་སུ་ཡང་མེད་པ་རེད། གཉིས་ནས་མི་ལ་ལས རང་ཉིད་ཀྱིས་ཆིག་སྒྲིལ་ལ་གཏོར་བཤིག་གང་ཐུབ་གཏོང་བཞིན་དུ་ད་དུང་ཆིག་སྒྲིལ་དགོས་རབས་བཤད་པ་ནི་འུག་པའི་རྫུན་དྲུག་དང་ཀུན་ནས་མཚུངས།
ཨེ་གནམ་སྟོང། བླ་མ་དང་སློབ་མ་དཀྲུགས་མཁན། ཕ་མ་དང་བུ་གུ་དཀྲུགས་མཁན། ལྷ་དང་འདྲེ་དཀྲུགས་མཁན། ཚོགས་པ་དང་ཚོགས་མི་དཀྲུགས་མཁན་གྱི་ཁ་ལ་དགུ་གཏོར་རྒྱག་དུས་གཟབ་གཟབ་བྱོས་མ་གཏོགས་་་རྒྱག་པའི་ཁ་ལ་མ་ཕོག་མ་རྒྱག་སྣ་ལ་ཕོག་ཡོང་ཨ།་་་་ཧཧ
ལུང་རྟོགས་་ལགས་་་་དེང་སང་ཁྱི་འབོད་འཐེན་གྱི་མཚམས་བཞག་པེ། ཡག་པོ་རེད། མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་ཁོ་ན་བྱེད་ན་ཡག་པོ་ཡོང་གི་མ་རེད། ཁྱི་རྒན་ཞིག་ཡིན་ནའང་རྩིག་ཁུག་ཏུ་བཙིར་ནས་རྡུངས་ན་མཆེ་བ་བཙུགས་ཀྱི་རེད།
འུག་པའི་རྫུན་དྲུག་ལ་གོམས་གཞི་ཆགས་སོང་བའི་མི་དེ་ང་ཡིན་ས་མེད། མི་དམངས་སྟོང་ཕྲག་མང་པོས་སྐྱ་རྫུན་མ་བཤད་ཟེར་ནས་ངོ་རྒོལ་བྱས་ས་ང་ཡིན་ས་མེད།་་་་ཧཧཧཧཧ་ཧམ་བཤད་རང་རེད།
ཅོ་རི་ལ ཕོར་བ་ནང་དུ་ཟ་མ་ཟོས་ནས་ལྟ་ོབ་འགྲངས་རྗེས་ཕོར་བ་དང་དེའི་ནང་གི་བཟའ་བཏུང་གིས་རང་གི་འཚོལ་བསྙེག་ལ་ཅི་འདྲ་ཕན་ཡོད་མེད་ལ་བསམ་གཞིག་ཡེ་ནས་མི་བྱེད་པར་ད་དུང་དྲིན་ལན་ལོག་མཇལ་གྱིས་ཕོར་བ་ནང་དུ་སྐྱག་པ་གཏོང་མཁན་གྱི་རིགས་དེ་རེད་འདུག ཉེ་ཆར་རྒྱ་གཞུང་གིས་གོང་ས་མཆོག་གི་སྐུ་ཚབ་ལ་གྲོས་མོལ་བཤད་འདོད་དང་བྱེད་རྩིས་ཡོད་པ་ལས་གཞན་ལ་དེ་ལྟར་བཤད་འདོད་མེད་རབས་བརྗོད་འདུག ཅིའི་ཕྱིར་དེ་ལྟར་བཤད་ཀྱིན་ཡོད་བ་རེད། བསམ་བློ་ཐོངས དོན་མེད་ལ་འུར་མ་རྒྱགས རྒྱ་ནག་གི་ཤེས་ལྡན་མི་སྣ་དང་བསམ་བློ་བ། རང་དབང་དང་བདེན་པར་མོས་ཤུགས་ཆེ་བའི་སྟོབས་ཆེན་རྒྱབ་ཁབ་གཞན་དང་གཞན་པ་མང་དག་ཅིག ༧ གོང་ས་མཆོག་གི་ཐུགས་མོས་དང་རླབས་ཆེ་ཞིང་བླ་ན་མེད་པའི་དགོངས་གཞི་དང་མཛད་སྤྱོད་ཁག་ལ་ཟབ་མི་ཤེས་པའི་མོས་གུས་ཀྱིས། ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་རེམ་འདེགས་བྱས་དང་བྱེད་བཞིན་པ་ཞིག་ལས། ཁྱོད་ལྟ་བུ་ཁར་ཅི་བཤོང་དང་སེམས་ལ་གང་དྲན་པ་ཁག་ཅིག་གིས་ བདེན་པ་དང་། སྙིང་སྟོབས་། རང་དབང་། ཐོབ་ཐང་། ཞེས་ཐ་སྙད་རྫིག་པོ་དེ་དག་་་་་ཚིག་སྐམ་པོ་ཁོ་ནའི་འུར་སྒྲོགས་བྱས་པས་དེ་ལྟར་ཐོབ་པ་ཞིག་མ་རེད། ཡང་ཕྱོགས་གཅིག་ནས་བཤད་ན། ཁྱོད་ཚོ་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཅི་བཤད་གང་བསམ་ལ་རང་དབང་ཡོད་བ་རེད་མོད། རང་དབང་རེད་ཟེར་ནས་ཡོད་ཚད་བསྐྱུག་དང་ན་ ང་ཚོ་སྤྱི་ཚོགས་འདི་ལ་ལོ་ནས་ཟླ་ལ་རྙིང་རུལ་ཇེ་ཁ་ཇེ་ཁ་རུ་འགྲོ་ཀི་རེད། ཁྱོད་ཀྱང་མི་ཞིག་པའི་ཆ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཕན་གནོད་ལ་མནོ་བསམ་ཞིག་བཏང་ན་མི་ལེགས་སམ། ང་ཚོའི་སྤྱི་ཚོགས་ནང་དུ་ལེགས་ཉེས་དང་བདེན་རྫུན་གྱི་སྤུ་རིས་སོ་སོར་འབྱེད་ནུས་མཁན་ཉུང་ཉུང་ཡིན་པས། ཁྱོད་ལྟ་བུ་དག་གིས་ལྕེ་བདེ་བདེ་དང་བློ་ཉེ་ཉེ་མདོག་གིས་བཤད་ཡམ་མང་པོ་ཞིག་འུར་སྒྲོགས་བྱས་ཀི་བསྡད་ན་ ང་ཚོའི་སྤྱི་ཚོགས་འདི་དངོས་ཡོད་ལ་ཐག་ཇེ་རིང་དང་བདེན་པ་ལ་ཞེན་ཇེ་ལོག་ཏུ་སོང་ནས་གང་ཡང་ལྟ་ས་མེད་པ་ཞིག་ཏུ་འགྱུར་ཉེན་ཆེ་བས། དོན་དམ་པའི་བོད་མི་རིགས་ལ་ཤ་ཞེན་ཞིག་ཡོད་ན་ཚོད་བཟུང་ན་ལེགས་པར་སྙམ། འོན་ཀྱང་། ང་དང་ང་ལྟ་བུ་དག་་གིས་ཁྱོད་ཚོའི་བཤད་ཡམ་དེ་དག་བདེན་ལོས་ཆེ་ཞིག་ཡེ་ནས་མི་འདོད། ངས་ཁྱོད་ལ་ནང་ཁུལ་གྱི་ཁ་བརྡ་ཞིག་བཤད་ཀྱིན་ཡོད་བ་ལས་ཚིག་རྩལ་འགྲན་ཀི་མེད་ལ་རྒྱལ་ཕམ་རྩོད་ཀྱིན་དེ་ལས་ཀྱང་མེད།
ཅོ་རི་གཙོས་མཁྱེན་རྟོགས་མེད་མཁན་དག་གིས་་གནམ་ལོ་ཡག་གི་ཆེད་རྩོམ་དེར་ཅིག་གཟིགས་དང་ཐུགས་ཕན་གསོ་ངེས་རེད།
ཨོ་རེད་་་གནམ་སྟོང་ཀླད་སྟོང་ལགས། ལུང་རྟོགས་ལ་མིག་དཔེར་བལྟོས། ཡ་རབས་བཟང་སྤྱོད་སྦྱོངས། ཁྱི་འབོད་དང་འདྲེ་འབོད་འཐེན་གྱི་མཚམས་ཞོག ལུང་རྟོགས་་ཡར་རྒྱས་འགྲོ་བཞིན་ཡོད་ཟོལ་འདུག ཁྱོད་ཀྱིས་ཀྱང་ཁ་མིག་ཡར་བལྟ་བྱོས་ཤོག་་་་ཨ་་་་་ཧཧཧ འཇིགས་སྐུལ་དྲག་སྤྱོད་པའི་སྐད་ཆ་བཤད་ཀྱི་མཚམས་ཞོག ཡ་ལག་ཡན་ལག་གཅོད་གཏུབ་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་ཞེན་སྣང་ཚ་པོ་དེ་དག་བཤད་མ་སྡོད། སྐྱེ་བ་ཕྱི་མར་སྨྲ་ཤེས་པའི་མ་ཚད་དོན་ཡང་གོ་ཐུབ་མཁན་གྱི་མྱི་ལུས་ལེན་པའི་རེ་བ་ཡོད་རེད།་་་་་ཧཧ
གོང་ས་ཆེན་མོས་བོད་མི་མང་གི་སྐུ་ཚབ་གསུང་ཚབ་མི་འཇོན་པ་མཁྱེན་ནས་ད་ནི་”ལྷ་དང་བླ་མས་སྲིད་གཞུང་སྐྱོང་བའི་དུས་རབས་དེ་མཇུག་རྫོགས་ཟིན་”འདུག་གསུངས་ནས་སྲིད་སྟེགས་ལས་ལོགས་སུ་ཕེབས་པ་མ་རེད་དམ།
གོང་ས་མཆོག་ནས་ལོ་མང་པོའི་རིང་ལ་བོད་མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡོད་ན་མེད་ན་དེ་སྒྲུབ་ཟིན་ནས་ཆབ་སྲིད་ཀྱི་འགན་མི་དམངས་ལ་གནང་ཞིང་ཟུར་དུ་བགྲེས་ཡོལ་དུ་བཞུགས་པ་རེད། ཡིན་ནའང་བོད་མི་རྨོངས་དད་པ་འདི་ཚོས་ད་དུང་ཡང་གོང་ས་མཆོག་
གོང་ས་མཆོག་ཟེར་ནས་ཁག་དཀྲིས་ཀྱང་བྱེད་རྒྱུ་འདི་ཡག་པོ་མ་རེད། མི་བུ་མི་འཇོན་མཁན་འགའ་ཞིག་ཁ་ལ་ཁ་སྤུ་སྐྱེས་ཀྱང་ད་དུང་ཨ་ཕ་ཨ་མ་ཟེར་ནས་སྒོ་ཁྱི་ནང་བཞིན་མི་ཚེར་ཕ་མར་བརྟེན་པ་ནང་བཞིན་རེད། རྒྱ་ནག་གིས་བོད་དོན་དེ་ཏ་ལི་བླ་མའི་གནད་དོན་ཡིན་པས་ཏ་ལི་བླ་མ་དང་མཉམ་དུ་བགྲོས་མོལ་བྱེད་རྒྱུ་ལས་དེ་མིན་བོད་མི་གཞན་དང་མཉམ་དུ་བགྲོས་མོལ་མི་བྱེད་ཟེར་བ་རེད། དེ་ལ་བོད་པས་ཀྱང་དེ་དེ་བཞིན་ནོ་ཟེར་བ་ལྟ་བུ་བྱེད་སྟངས་འདི་ནི་ཆབ་སྲིད་ཀྱི་གནད་དོན་མ་ཤེས་པའི་སྐྱོན་རེད།
ཨ་ཙིས་་་བྱ་གཞུང་ལགས་་་ཐུགས་རྗེ་ཆེ། ཁྱོད་ཀྱིས་ང་ཚོ་མི་རེད་གསུངས་བར་ཧ་ཅང་དགའ་པོ་བྱུང་། ཡིན་ངོ་མ་ང་ཚོ་ཡང་མྱི་ཡིན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་མྱི་ཡི་ལག་ཁྱེར་སྤྲད་ཡོད། ཁྱོད་རང་ངོ་མ་གོ་རྟོགས་མཁན་ཞིག་རེད་ཤག་་་ཧཧ
ལྟོ་ཟ་སའི་ཕར་པ་ནང་དུ་གཅན་སྐྱག་བླུག་མཁན་དང་དྲིན་ལན་ལོག་འཇལ་ཟེར་ན་ཁས་ལེན་གྱི་མིན། ངས་ངོས་ནས་བྱས་ན་ང་ཅོ་རི་༧གོང་ས་མཆོག་ལ་བཀའ་དྲིན་ཆེ་བ་ཡོད། ངས་མི་ཚེ་འདི་ལ་ཁོང་ལ་ཡར་ཕུལ་བ་མང་ལ་མར་ལེན་པ་ཉུང་། རྩིས་ཁྲ་གཙང་མ་རང་གི་སེམས་ན་ཡོད། ངས་ཁོང་གི་ཆེད་དུ་འཛམ་གླིང་ག་པ་ཕྱིན་ནའང་ཏ་ལའི་བླ་མ་སྐུ་ཚེ་ཁྲིར་བརྟན་པར་ཤོག་ཟེར་ནས་བོས་པ་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རྩ་ཕྱིན་ནས་ཏ་ལའི་བླ་མ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་སྐད་འགག་འགག་བར་དུ་བོས་པ་ཡིན།
ཁོང་གི་མཚན་སྙན་འཛམ་གླིང་བཞི་ཕྱོགས་མཚམས་བརྒྱད་ལ་རྒྱས་ཐུབ་པ་བྱུང་བ་འདི་བོད་མི་དམངས་ཀྱི་བཀའ་དྲིན་མ་རེད་པེ། ཡིན་ན་ང་ཅོ་རི་ཡང་ཁོང་གི་ཆེད་དུ་བཀའ་དྲིན་མི་ཆེ་འམ། ཁོང་གིས་ངའི་ཆེད་དུ་ག་རེ་བྱས་མྱངས་ཡོད་དམ། མིང་ཙམ་ཡང་ཤེས་མདོག་ཁག་པོ་མ་རེད། བཀའ་དྲིན་ཆེ་མིན་དང་དྲིན་ལན་འཇལ་དགོས་མིན་བཤད་ན་ཕན་ཐོགས་འདུག་གམ།
གཉིས་པ། ཁྱོད་ཀྱིས་བོད་མི་བརྒྱ་ཆ་དགུ་ཅུ་གོ་དགུའི་བསམ་ཚུལ་ཤེས་ཀྱི་ཡོད་ཟེར་བའི་སྐད་ཆ་ཁུངས་མེད་དེ་དང་གཅིག། དེ་ནས་ཁྱོད་ཀྱིས་རྒྱ་ནག་གི་ཤེས་ལྡན་མི་སྣ་དང་བསམ་བློ་བ། རང་དབང་དང་བདེན་པར་མོས་ཤུགས་ཆེ་བའི་སྟོབས་ཆེན་རྒྱབ་ཁབ་གཞན་དང་གཞན་པ་མང་དག་ཅིག ༧ གོང་ས་མཆོག་གི་ཐུགས་མོས་དང་རླབས་ཆེ་ཞིང་བླ་ན་མེད་པའི་དགོངས་གཞི་དང་མཛད་སྤྱོད་ཁག་ལ་ཟབ་མི་ཤེས་པའི་མོས་གུས་ཀྱིས། ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་རེམ་འདེགས་བྱས་དང་བྱེད་བཞིན་པ་ཡིན། ཞེས་པའི་སྐད་ཆ་འདི་དག་ལ་ཁུངས་དང་ལུང་ག་རེ་ཡོད་དམ།
ཁྱོད་ཡང་ཐམས་ཅད་མཁྱེན་པ་ཨེ་རེད། བོད་མི་བརྒྱ་ཆ་དགུ་ཅུ་གོ་དགུའི་བསམ་ཚུལ་ནི་ཁྱོད་ཀྱིས་ཤེས། རྒྱ་ནག་གི་ཤེས་ལྡན་མི་སྣ་དང་བསམ་བློ་བ་ཚོའི་བསམ་ཚུལ་ནི་ཁྱོད་ཀྱིས་ཤེས། ཁྱོད་དང་ངོ་མ་གང་ཟག་གིས་གང་ཟག་ཚོད་བཟུང་ཐུབ་ཤིག་རེད་ག།
བདེན་པ་དང་། སྙིང་སྟོབས་། རང་དབང་། ཐོབ་ཐང་། ཞེས་པའི་ཐ་སྙད་རྫིག་པོ་དེ་དག་་་་་ཚིག་སྐམ་པོ་ཨེ། མིང་ཚིག་འདི་དག་ལ་དམའ་འབོད་བྱས་ཡོང་དུས་ཁྱོད་རང་གི་ཁོག་ན་སྒེར་གཅོད་པའི་གོམས་གཤིས་དོར་མེད་པའི་རྟགས་རེད།།
ཡང་ཁྱོད་ཀྱིས་་་༼ང་ཚོའི་སྤྱི་ཚོགས་ནང་དུ་ལེགས་ཉེས་དང་བདེན་རྫུན་གྱི་སྤུ་རིས་སོ་སོར་འབྱེད་ནུས་མཁན་ཉུང་ཉུང་ཡིན་༽ཞེས་བཤད་འདུག ང་ཚོའི་སྤྱི་ཚོགས་ནང་དུ་ལེགས་ཉེས་འབྱེད་ཤེས་པའི་མི་ཉུང་ཉུང་ཡིན་ཟེར་བ་ལ་རྒྱུ་མཚན་ག་རེ་ཡོད་དམ། ཁྱོད་ཀྱིས་ང་ཚོའི་སྤྱི་ཚོགས་ནང་དུ་སྨྲ་ཤེས་དོན་གོ་བའི་མི་ཡི་མཚན་ཉིད་ཚང་མཁན་ཉུང་ཉུང་རེད་ཟེར་གྱི་ཡོད་དམ།
ངས་ཐེངས་མང་པོ་ལབ་ཡོད། མི་དམངས་ལ་མཐོང་ཆུང་མ་བྱེད། མི་དམངས་ལས་ལྷག་པའི་ཤེས་ཚོད་མཐོ་བའི་མི་སྒེར་ཞིག་སུ་གང་ཡོད་མ་རེད་ཅེས་ཐག་བཅད་ནས་ལབ་ཡོད། རིག་པ་དང་གཏན་ཚིགས་ཀྱིས་རྒྱབ་བརྟེན་ཡོད་པའི་སྐད་ཆ་ཡིན། མི་དམངས་བླུན་བླུན་དང་། བླ་མ་མཁས་མཁས་མ་བརྩིོ་རོགས་བྱོས། བརྩིས་ན་ནོར་བ་རེད་དོ།
མྱི་ལུས་བྱུང་ཐོག་འདི་ལ་ཡག་པོ་དང་དྲང་པོ། དཀར་ནག་དབྱེ་ཤེས་བ། བཟང་ངན་དོར་ལེན་ཤེས་བ། དགྲ་གྲོགས་ཁ་ངོ་ཤེས་བའི་མི་ བཟང་ས་ནས་བཟང་བ། དཔའ་ས་ནས་དཔའ་བ་ཞིག་བྱུང་སོང་ན། སྐྱེ་བ་ཕྱི་མ་ང་ལ་འབྲེལ་བ་མེད། ཁོ་རེ་དྲིན་ལེན་ལོག་འཇལ་བ་ཅོ་རི་ཁྱོད། ང་དམྱལ་བར་སྐྱེས་ན་དགའ་ནས་འདུག་ལ། ལྷ་ཡུལ་དུ་སྐྱེས་ན་ཡང་དགའ་ནས་འདུག། ཕྱི་མ་ཞིག་ལ་བསམ་བློ་འཁོར་གི་མེད། ཁྱོས་ཡང་སེམས་ཁུར་བྱེད་མི་དགོས།
xxxxxམྱི་སྐད་བཤད་ན་མྱི་ཡི་ལྟ་ཚུལ་ཡོད། ཁྱི་ཟུག་རྒྱག་ན་ཁྱི་ཡི་འདུ་ཤེས་ཡོད། སྤྱིར། ཁྱོད་ལ་རེ་བ་ཆེན་པོ་མེད། xxxxxགང་ལྟར་ནོར་བ་ཡིན་ན། ངས་བཟོད་གསོལ་ཞུས་ཆོག་ལོ།
བྱ་གཞུང་ལགས། གཏམ་ཨ་པས་བཤད་ཀྱི་དེར་མནའ་མས་མ་ཤོད་ཟེར་བ་དང་། ཁྱི་བདག་པོས་བཀག་གྱི་དེར་རྐུ་མས་མ་བཀག་ཟེར་བའི་གཏམ་དཔེར་ལྟར་་་ཁྱོད་ཀྱིས་ང་ལ་ཉམས་ཞིབ་པ་ལྷ་སྡེ་གནམ་ལོ་ཡག་གི་རྩོམ་ཡིག་ལ་སློབ་སྦྱོང་བྱོས་ལབ་ཀྱི་ཡོད་པེ།་་ཧཧཧཧ
བལྟོས་ཨ། སྦྱོངས་ཨ།
ཉམས་ཞིབ་པའི་རྩོམ་ཡིག་ནང་དུ་་་་དམངས་གཙོ་ལེགས་འགྲུབ་ཡོང་ཐུབ་བམ་མི་ཐུབ་ཀྱི་འགག་རྩ་དབང་འཛིན་པར་ཐུག་ཡོད་ཅིང་། ཡག་ཉེས་མ་ལྟོས་པར་སྲིད་དབང་སྒེར་གཅོད་པ་དག་ནི་འདེམས་བསྐོ་བརྒྱུད་ནས་བྱུང་བ་མ་ཡིན་པ་དག་ལ་གོ་བཞིན་པ་དང་། ཁག་ཅིག་གིས་ཆོས་ལུགས་ལག་ཆར་བེད་སྤྱོད་གཏོང་བཞིན་པ་དང་སྐོར་ཞིག་གིས་རིང་ལུགས་ཀྱི་དར་ཆ་ཕྱར་ནས་དབང་བསྒྱུར་སྲ་བརྟན་དང་མཐུད་གནས་ཡོང་ཐབས་ལ་ཧུར་ཐག་འབད་བརྩོན་བྱེད་ཀྱིན་པ་ཞིག་ཡིན་པས། ཆོས་ལུགས་སམ་རིང་ལུགས་བེད་སྤྱོད་གཏོང་མཁན་པ་སུ་ཞིག་ཡིན་རུང་གཅིག་མཚུངས་ཀྱི་བསམ་བློ་འཁུར་སྟངས་ཤིག་ཡོད་པ་ནི་རང་ཉིད་ཀྱི་ལྟ་བའམ་དབང་བསྒྱུར་ནི་ལྟོས་མེད་ཀྱི་ཚད་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་པ་དེ་ཡིན་པས། རང་བཀུར་གཞན་གནོན་འདུན་པས་ཀུན་ནས་བལྟམས་ཡོད་པ་ཞིག་ཡིན།ཞེས་པ་འདི་གཅིག་པོ་ལ་སློབ་སྦྱོང་བྱོས་་་་་ཤོག་ཨ།
ད་དུང་་་དུས་ཚོད་ཡོད་ན་འདི་ལ་སློབ་སྦྱོས་བྱོས།
རྩོམ་ཡིག་ནང་དུ་་་་་མ་གཞི་བོད་མིར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་སྲོལ་འདི་བཞིན་པེ་ཅིན་སྲིད་གཞུང་ཙམ་མ་ཡིན་པར་མི་རིགས་ཆེན་པོའི་བསམ་བློ་ཡོད་མཁན་གྱི་རྒྱ་རིགས་སྤྱི་ཞེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། ཁོ་ཚོས་དེ་ནི་བོད་འདི་རྒྱ་འོག་ནས་མུ་མཐུད་དུ་མགོ་སྒུར་ནས་འདུག་རྒྱུ་མིན་པའི་སྔ་ལྟོས་ཤིག་ལ་ལྟ་བཞིན་འདུག དེའང་རྒྱུ་མཚན་མེད་པ་ཞིག་ཀྱང་མ་རེད། ས་སྐྱ་སྲིད་གཞུང་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་བཙན་བྱོལ་ལ་གོམ་ཁ་བསྒྱུར་ཏེ་དུས་ད་ལྟ་བར་དུ་ཕྱོགས་གཅིག་ནས་བོད་མི་ཡུན་གནས་དང་ཤེས་རིག་དར་སྤེལ་སོགས་ལ་བྱས་རྗེས་བཞག་ཡོད་ནའང་། ཕྱོགས་གཞན་ཞིག་ནས་གཞན་བརྟེན་གྱི་བག་ཆགས་མཐུག་པོ་ཞིག་རྒྱུན་མཐུད་གནང་ཡོད། གཙོ་བོ་སྟོབས་ཤུགས་གཞན་བརྟེན་ནས་འཚོ་བ་གཞན་བརྟེན་བརྒྱུད་ནས་ཡུན་བསྲིངས་ཏེ་ཡོང་ཡོད་པར་མ་ཟད། ནོར་འཁྲུལ་ལྷ་ལ་འགེལ་བ་དང་ནང་འཁྲུག་འདྲེ་ལ་གཏད་པའི་ཐབས་ལམ་ཡང་འདྲ་མིན་ཞིག་བརྒྱུད་འཛིན་བྱས་ཡོད་སྟབས། ༼བླ་མས་ཅི་གསུང་ཆོས་ཡིན། མཛུབ་མོ་གར་བསྟན་ཤར་རེད༽ཅེས་པའི་གཏམ་དཔེ་འདིས་ཀྱང་རང་ཚུགས་ཟེར་བ་ཞིག་གཏན་ནས་ངོ་ཤེས་ཀྱི་མེད་པ་མཚོན་ཡོད་པ་ཞིག་རེད།་་་་་་་ཅེས་གསུངས་འདུག
མི་འདི་རེད་ཅེས་ངོས་འཛིན་ཐུབ་མཁན་དག་གི་སྐད་ཆ་གལ་ཆེན་རེད། དེ་མིན་གསང་མིང་འོག་གི་འདི་དག་མི་གྲལ་ནས་ཐོན་ཚར་བ་རེད་ལ། ཆ་འཇོག་ཀྱང་རྐང་གཅིག་ཡོག་མ་རེད། གོང་ས་མཆོག་ལ་ངོ་མ་དད་པ་ཡོད་མཁན་ཚོའི་བྱེད་སྟངས་འདི་འདྲ་ཡིན་གྱི་མ་རེད། བཤད་སྟངས་ཙམ་རེད། རང་མིང་ཙམ་ཡང་དྲ་བའི་སྒང་ནས་སྨྲ་མི་སྤོབས་འདིས་ཆ་ཚང་གསལ་པོ་དག་པོ་ཆགས་ཚར་བ་རེད། དེང་ཕྱིན་མི་འདིའི་རིགས་ལ་ལན་རྒྱག་དགོས་དོན་ཡོག་མ་རེད།
ལེགས་གསོལ་་་བློ་མཐུན་ཀརྨ་ལགས། ཁྱོད་ཀྱིས་གསུངས་པ་ལྟར་བྱེད་ཞུ་ཆོག
ཆོས་ལུགས་འཐེན་འཁྱེར། ནང་དམེ། རང་ལྟ་མཆོག་འཛིན་ཨེ། ང་ལ་ཆོས་ལུགས་ཞིག་མེད་པས་འཐེན་འཁྱེར་ཇི་ལྟར་བྱེད་དགོས་སམ། བོད་ཀྱི་བྱུང་རབས་ལ་ཕྱིར་བལྟས་ཞིག་བསློག་ན་ནང་དམེ་བཟོ་མཁན་ཕལ་ཆེར་ཆོས་ལུགས་དབང་བསྒྱུར་ལམ་ལུགས་ཀྱི་འཐབ་རྩོད་འོག་བརྗོད་དུ་མེད་པའི་ནག་ཉེས་བསགས་ཡོད་པ་རེད་ལ། བཙན་པོའི་ཕ་གཞིས་དྲོན་མོ་ཡང་ཆོས་ལུགས་དབང་ཆ་འཐབ་རྩོད་ནང་མིང་གི་ལྷག་མ་ཙམ་དུ་བསྐྱལ་བ་དེ་ཨེ་ཤེས།
ངའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་དེ་ནི་མཆོག་འཛིན་བྱས་ཀྱང་རུང་མ་བྱས་ཀྱང་རུང་འདི་ནི་བཙན་པོ་དྲག་པོ་དབང་ཆེན་སུས་ཀྱང་འགོག་ཏུ་མེད་པའི་ཐོབ་ཐང་དེ་རེད། དེས་ན་ངས་དྲིས་པའི་དྲི་བར་ལན་མེད་མཁར་མུན་རུམ་དུ་མཛུབ་མོ་བཙུགས་བསྡད་ན་བདེ་མོ་ཟིག་མ་རེད། ཡང་ཅིག་མིན་ན་ངས་བྲིས་པའི་མཆན་ཐུང་དེ་མ་གོ་ནི་ཡིན་རྒྱུ་མ་རེད། གང་ལྟར་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཡོངས་རྫོགས་ཉན་མཁན་ཞིག་ཡིན་ན་ཁོང་གིས་དུས་ནས་དུས་སུ་བོད་གཞིས་ལུས་མི་དམངས་ཀྱི་མགྲིན་ཚབ་ཡིན་གསུངས་པ་མ་གཏོག་ཚབ་མཚོན་ཡིན་ནམ་ཡང་མི་གསུངས་པས། དེར་རྒྱུ་མཚན་གཏན་གཏན་ཡོད་རྒྱུ་རེད་འདོད་པས་ཁོང་གི་མི་གསུངས་པ་ཞིག་གསུངས་པ་འདྲ་པོ་ཞིག་ཨུ་ཚུགས་ཀྱིས་སྟངས་དེར་ངས་གང་ཟག་ཀརྨ་ཆོས་འཕེལ་དཔེ་མཚོན་དུ་བཀོད་ནས་དྲི་བ་ཞིག་བཏང་ཡོད། དེར་ལན་མི་འདེབས་པའི་རྒྱུ་མཚན་ཅི་རེད། མ་གཞི་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་བགྲེས་ཡོལ་ཆ་ཚང་གནང་བསྒྲུབས་ནས་ད་ཆ་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་གནང་གི་མེད་ཞེས་ཡང་ཡང་བཀའ་ཕེབས་ཀྱང་། ལམ་དབུ་མའི་ཀླད་སྟོང་འདི་ཚོས་ཁོང་བཙན་གྱིས་ཆབ་སྲིད་སྡིང་ཆའི་སྟེང་དྲུད་ཡོང་བ་མ་ཟད། པེ་ཅིང་གིས་ཆབ་སྲིད་བགྲེས་ཡོལ་ཨ་རི་ནུབ་ཕྱོགས་ལ་འཁྲབ་སྟོན་རེད་བཤད་པ་དེར་རམ་འདེགས་བྱེད་ཀྱི་ཡོད་པ་མ་རེད་པས།
ཅོ་རི་བློ་མཐུན། ཁྱོད་ཀྱི་ཁ་ལ་ཡང་ཁྱི་དང་སྐྱག་པ་ལས་ལྷག་པའི་བཟང་པོ་ཞིག་ཐོན་རྒྱུ་ཡོད་པ་མཐོང་ཐོས་མེད། ཧཧཧ གོང་ས་བཅུ་བཞི་པ་ཆེན་པོ་ནི་བོད་མི་མང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་ཡིན་པས། ཁྱོད་ཚོས་བཤད་སྟངས་ལ་འགྱུར་བ་ཅུང་ཟད་བཏང་ནས་དོན་ལ་ཁོང་གི་མཚན་མཐོང་དང་གཟི་བརྗིད། ཁོང་གིས་བོད་མི་མང་གི་སེམས་ནང་འཛིན་པའི་གོ་གནས་སོགས་མར་བཅོག་ཐབས་ཀྱི་ཁ་འཇམ་ཁོག་རྩུབ་ཀྱི་བྱ་སྤྱོད་འདིས། བོད་མི་མང་ནམ་ཡང་མགོ་སྐོར་གཏོང་ཐུབ་མི་སྲིད་པ་རེད་ལ། བོད་མི་མང་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་འཛིན་པའི་དད་སེམས་དང་དུང་སེམས། ཁོང་ནི་བོད་མི་རིགས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན་པའི་གནས་བབ་འདི་སྔར་ལྟར་གནས་རྒྱུ་ཡིན་པ་དེ་ཤེས་པར་གྱིས།
ལུང་རྟོགས་ལགས། བོད་མི་རིགས་ཀྱིས་རང་དབང་དང་ཐོབ་ཐང་གྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་ཡོད་པ་ལས་རྒྱལ་བ་རིན་པོ་ཆེན་ལ་དད་སེམས་དང་དུང་སེམས་ཀྱི་ཆེད་དུ་འཐབ་རྩོད་བྱེད་བཞིན་མེད། གལ་སྲིད་བཙན་བྱོལ་མི་དམངས་ལ་དམངས་གཙོའི་གསོལ་རས་གནང་བར་བདེན་ན་་བོད་མི་ས་ཡ་དྲུག་གི་ཚབ་མཚོན་ཡིན་ཟེར་གྱི་མཚམས་ཞོག་དང་དགའ་གི་རེད།
དམངས་གཙོའི་འོས་བསྡུ་ལམ་ནས་མ་བྱུང་བའི་དཔོན་གནས་དང་གོ་གནས་དེ་དག་སྒེར་གཅོད་པའི་གོ་གནས་རེད། xxx
བློ་མཐུན་འབྲོང་ལགས། ཁོ་ཚོས་ལན་རྒྱག་ཐུབ་ཀྱིན་མ་རེད། གནས་ལུགས་མེད་པའི་སྐད་ཆ་ཡིན་དུས་ལན་མི་ཕོག་པར་གསལ་པོ་རེད། དེ་ལས་ཨུ་ཚུགས་རྒྱག་གྱི་གཡོག་ཞོག གནས་ལུགས་དང་རྒྱུ་མཚན་མེད་པ་ཞིག་དྲ་ཐོག་ཏུ་བཤད་བསྡད་ཀྱི་ཡོད་པར་ངོས་འཛིན་གནོང་དང་འགྲིག་གི་རེད་འདོད་་་་ཧཧཧ
ལུང་རྟོགས་་་ཧཧཧ་་་བོད་མི་དམངས་མགོ་སྐོར་སྔ་བཏང་མྱངས་མེད་ལ་རྗེས་སུ་གཏོང་མི་སྲིད། མ་ཡིན་ཡིན་མདོག་དང་མ་མཁྱེན་མཁྱེན་མདོག་བྱས་ནས་བོད་མི་རིགས་ཀྱི་ལས་མཐའ་འདི་ལ་ཐུག་བསྡད་ཡོད་པས་ལྷ་མཁྱེན་བླ་མཁྱེན་འདྲེ་མཁྱེན་གསུམ་ལ་ཡིད་ཆེས་རྩ་བ་ནས་བརླགས་སོང་།
ད་ནི་་་བོད་མི་རིགས་ཀྱི་མིག་མདུན་དུ་གནས་ཚུལ་གང་ཡིན་ཀྱང་དྲང་པོ་དང་བདེན་པ་རྣམས་ངོ་སྤྲོད་བྱེད་དགོས་པ་ནི་ལག་ཏུ་སྨྱུག་གུ་འཛིན་པའི་དོན་ཆེན་ཡིན་བསམས་ཀྱིན་ཡོད། དེར་བརྟེན་་་ངས་དྲང་བདེན་རྩ་བའི་རྩེ་ལ་བཞག་གི་ཡིན་མ་གཏོགས་རྒྱལ་བ་རིན་པོ་ཆེན་རྩ་བའི་རྩེ་ལ་བཞག་གི་མིན། བློན་པོ་གཡོ་ཅན་དེ་དག་ལ་མི་དམངས་མགོ་སྐོར་གཏོང་བཅུག་གི་མིན། ཆོས་ལུགས་ཀྱི་དར་ཆ་ཕྱར་ནས་བོད་མི་དམངས་མགོ་སྐོར་བྱས། བླ་མའི་དར་ཆ་ཕྱར་ནས་བོད་མི་དམངས་མགོ་སྐོར། དམ་ཚིག་དང་བཀའ་དྲིན་གྱི་དར་ཆ་ཕྱར་ནས་བོད་མི་རིགས་མགོ་སྐོར་གཏོང་དགོས་ན་སྲོག་ཐུག་ཀྱང་ཁས་ལེན་གྱི་མིན།
ཞོལ་གཡག་ལ ཁྱོད་ལ་རང་ལུགས་གཏད་སོ་གང་ཡང་མེད་པར་ར་ལང་ཆ་ལང་དེ་འདྲ་ཡིན་ས་རེད་བ། དེ་འདྲའི་མི་ཞིག་ལ་བདེན་པ་དང་དངོས་ཡོད་བཤད་བརྡར་བྱས་འདོད་མེད། རང་གིས་གང་འདོད་ཅི་འདོད་བྱོས་དང་དགག་བྱ་སོགས་གང་ཡང་མེད། སྙིང་རྗེ་་་་་སྙིང་རྗེ་་་་་
ཅོ་རི་ལ ཁྱོད་དངོས་གནས་ཅོ་རི་ཡིན་ས་རེད་། { རྒྱ་གར་སྐད་ལ་ཅོ་རི་ཟེར་ན་རྐུན་མའི་དོན་རེད } ཧཧཧཧཧཧཧ ཁྱོད་དང་པོ་འདིར་འབྱོར་དུས་སྐྱག་པ་སྤར་བ་གང་བཙིར་ནས་སླེབས་པ་དེ་བརྗེད་སོང་བ་ཨེ་རེད། དེང་གི་སྐབས་འདིར་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འགྲོ་ཤེས་པ་དང་ཟ་མཐུང་སོགས་ཀྱི་དཀའ་ངལ་མེད་དུས་ཁ་རྒྱགས་ཆེ་ཀ ༧ གོང་ས་མཆོག་གིས་ཅོ་རི་ཁོ་ལ་དོན་མི་ཆད་པ་དང་དྲིན་ལན་མཇལ་མི་དགོས་ན་ཁོས་༧རྒྱལ་བ་རིན་པོ་ཆེ་ལ་དེ་ལྟར་བྱས་དོན་མེད་ཟེར་ཀི ངོ་མ་་མྱི་འདི་ལ་སྙིང་རེ་རྗེ་་་་འདིའི་ཕ་མ་སོགས་ཀྱི་་རང་གི་བུ་ཕྲུག་གི་སྐད་ཆ་འདི་འདྲ་བཤད་ཀི་ཡོད་བ་གོ་ཐོས་བྱུང་ན་སྙིང་ལ་ན་ཟུག་གིས་འདུག་ཇི་ལྟར་བཟོད། ངས་ཁྱོད་ལ་སྙིང་རྗེ་ཟེར་ན་་་ཁྱོད་དགོད་མོ་ཤོར་སྲིད། འོན་ཀྱང་དོན་དངོས་ལ་དེ་ལྟར་ཞིག་རེད་འདུག གལ་སྲིད་ཁྱོད་དོལ་རྒྱལ་རྗེས་འབྲང་བ་ཞིག་ཚེ་ངས་ཁྱོད་ལ་ལེགས་ཉེས་ཀྱི་སྐད་ཆ་གང་ཡང་མི་བཤད། ང་ཚོ་དང་ཁྱོད་ཚོ་བསྙེག་ལམ་རྨང་ནས་ཐ་དད་ཡིན་པས་ཁྱོས་ཀྱང་ཚུར་ཅག་ཅག་བཤད་ཀི་མ་འདུག གལ་སྲིད་དེ་ལྟར་ཡིན་ན་ལྐོག་སུད་སུད་བྱེད་དགོས་དོན་གང་ཡང་ཡོད་བ་མ་རེད། སེསམ་ཤུགས་ཆེ་མདོག་གིས་ཕུང་དཀྲུགས་མ་བྱེད་རོགས། ལྟོ་གོས་དེ་ལྟར་འཚོལ་གྱིན་ཡོད་ན་གནས་ཚུལ་ཐ་དད་རེད།
སྤྲང་པོའི་དབྱུག་པར་མགོ་འཇུག་ཡོད་པའི་གཏམ་དཔེ་འདི་མེས་པོས་ང་ཚོར་གནང་བའི་གདམས་ངག་ཡིན། འོན་ཀྱང་ད་ཆ་རང་གི་བློ་ལ་མི་འཐད་ན་ཆེས་རིན་ཐང་བྲལ་བའི་ཐ་སྙད་རྩ་ཆེན་རྣམས་མི་ཞིག་གི་བསམ་སྤྱོད་ཡེ་ནས་མེད་པའི་ཀླ་ཀློའི་ཚོགས་ཀྱིས་ཁ་བརྡའི་གནས་འདིར་འདྲུད་ཡོངས་ནས་མི་ཡི་ནང་གི་རྩེ་ཕུད་ཀྱི་སྐྱེ་བུ་དམ་པ་ལ་འོས་འཚམས་མིན་པའི་ངན་སྨྲས་དང་ལོག་བཤད་ལོག་སྣང་སོགས་རང་སྣང་འཁྲུལ་བའི་ངན་དགུ་ཐ་དག་རང་གིས་བཤད་བཞིན་པའི་བོད་རྒྱ་ཆེའི་མི་དམངས་ཀྱི་ཁེ་ཕན་དང་བདེ་དོན་ལ་རྩ་གཅིག་ཏུ་གཞོལ་བཞིན་པའི་སྐྱེ་བུ་རླབས་ཆེན་ཚོར་རྒོལ་བ་ནི་བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་ན་ཁྱེད་ཚོའི་ངོ་གདོང་ནི་ཅི་འདྲའི་ཐུགས་པ་ལ་ཨང་སྙམ་ཞིང་མཚར་སྣང་སྐྱེས། ངོ་མ་རྐུན་མ་ཧམ་ཆེན་གྱི་མི་གསོད་ཟེར་བའི་དཔེ་ནི་ཁྱེད་ཚོར་ཅི་འདྲའི་འཚམས་པ་ལ་ཨང་སྙམ། ད་དུང་ང་ཡི་དྲང་བདེན་རྩ་བའི་རྩེ་ལ་འཇོག་པ་མ་ཏོག་རྒྱལ་བ་རིན་པོ་ཆེ་རྩ་བའི་རྩེ་ལ་འཇོག་གི་མིན་ཟེར། ཁྱོད་ཀྱི་སྐད་ཆ་དེ་ཁྱོད་ཀྱིས་བཀུར་བཞིན་པའི་བོད་རྒྱ་ཆེའི་མི་དམངས་ལ་དྲང་པོ་རྩ་བ་ནས་མ་རེད། ཡང་དགོས་ཁྱོད་ཀྱིས་བཤད་བཞིན་པའི་གནས་ལུགས་དེས་ཁྱོད་ལ་ཁ་ལོག་བརྒྱབ་ཅིང་ངོས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། ཁྱེད་རང་བསམ་པ་དཀར་བའི་མི་ཞིག་དང་ལས་ལ་བརྩི་བའི་སྐྱེ་བོ་ཞིག་ཡིན་ན་ཅི་ནས་ཀྱང་བཀའ་དྲིན་དང་དམ་ཚིག་ཟེར་བའི་དར་ཆ་དེ་ཁྱེད་རང་གི་འཚོ་ལམ་ན་ཁྱེད་རང་མི་ཞིག་ཏུ་སྒྲུབ་བྱེད་ཀྱི་མཚོན་རྟགས་ཡག་ཤོས་དེ་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད།
ཅོ་རི་ཤི་མེད་པོ་འདིས་ག་དུས་ཡིན་ནའང་དཀྲུགས་ཤིང་འཕེན་ཐུབ་ཐུབ་བྱེད་གི་འདུག །ག་དུས་ཡིན་ནའང་ཁྱོད་ཚོ་དང་ང་ཚོ་ཞེས་དུམ་བུ་གཉིས་སུ་འབྱེད་ཀྱིན་འདུག ང་ཚོ་ཞེས་བའི་ཁྱོད་ཀྱི་དཔུང་ཁག་དོལ་ཚོགས་ཡིན་ནམ་ཡང་ན་རྒྱ་ནག་ཡིན། ༧ གོང་ས་མཆོག་དང་བཙན་བྱོལ་གཞུང་གི་མིང་བཙོང་ནས་ཁྱོད་སུད་སི་ལ་སོང་བ་ཡིན་པ། དེ་རིང་ཁ་སང་ཁྱོད་གཉོམ་ལག་རྒྱས་ཡོག་ག ཧ་ཧ། མགོ་བོ་རྫི་མའི་ནང་ལ་ཤོང་གི་མ་རེད་ཁོ་རེ།
ཁྱོད་ཚོས་བཤད་ཀྱི་རེད། རང་དང་བློ་ལ་མ་བབ་དུས་དོལ་རྒྱལ་རྗེས་འབྲངས་པ་རེད་ཟེར་གི་རེད།་ཧཧ་་་ང་ཅོ་རི་དོལ་རྒྱལ་གྱི་རྗེས་སུ་འབྲངས་ཀྱི་ཕར་ཞོག གནམ་འདིའི་འོག་གི་སྲུང་མ་ཡིན་ཟེར་མཁན་དང་ལྷ་ཡིན་ཟེར་མཁན་འདི་དག་ཚང་མ་ལ་དད་པ་ཟེར་བ་སྤུ་ཙམ་མེད།
ངས་ངོས་ནས་བྱས་ན་ལྷ་སྲུང་མདའ་ཁུར་མདུང་ཁུར་དེ་དག་རོང་བའི་ཞིང་ཁ་ནང་གི་བྱེའུ་བཀག་རྐྱེན་འདྲ་པོ་རེད་བསམས་ཀྱི་ཡོད། རྩྭ་ཡིས་བཟོ་པའི་མྱི་ཞིག་ལ་གོས་གོན་ནས་ཞིང་ཁའི་དཀྱུས་ཏུ་བཙུགས་ཀིན་རེད། བྱེའུ་ཞིང་ཁའི་ནང་དུ་འབྲུ་རིགས་ཟ་མཁན་བྱེའུ་མི་འོང་བའི་ཆེད་དུ་རེད།
ལྷ་སྲུང་དེ་དག་མྱི་རྨོངས་དད་ཅན་རྣམས་ལ་འཇིགས་སྣང་སྐུལ་རྐྱེན་ཙམ་རེད་མ་གཏོགས་དངོས་ཡོད་ལག་ལེན་ཐོག་ཅི་གང་ཕན་གི་མ་རེད་ལ་ནུས་པ་རྩ་བ་ནས་ཡོད་མ་རེད། ཡོད་བསམས་ན་་གནས་ཆུང་དང་དཔལ་ལྡན་ལྷ་མོ། སྲུང་མ་དམར་ནག་གཉིས་བཅས་ཆ་ཚང་ང་ཅོ་རིའི་ཐོག་ཏུ་གསོད་མཁན་གཏོང་འོང་རོགས་བྱོས། ངས་ལྷ་སྲུང་དེ་དག་ལ་སྐྱག་པ་ཟོ་ལབ་ཆོག་་ཧཧཧ
ཡིད་ཆེས་སོང་ངམ། ཡིད་མ་ཆེས་ན་་་དམ་པ་དགེ་ཆོས་མགོ་ལ་བཞག་ནས་ངས་མནའ་སྐྱེལ་ཆོག དོལ་རྒྱལ་སྔ་ཡང་བརྟེན་མྱངས་མེད་ལ་རྗེས་སུ་ཡང་མི་བརྟེན་པར་དགེ་ཆོས་མཆོག་དཔུང་དུ་བཙུགས། དེ་མི་དགོས་ཁྱོད་ཚོའི་གནས་ཆུང་དང་ལྷ་མོ་ཟེར་དེ་དག་ཀྱང་མི་བརྟེན་པར་མཆོག་གསུམ་དཔུང་དུ་བཙུགས།
ཁྱོད་ཚོས་ང་ཅོ་རི་ལྷ་འདྲེའི་རྨོངས་དད་བྲལ་ཟིན་པའི་མི་ཞིག་ལ་དོལ་རྒྱལ་རྗེས་འབྲངས་པ་རེད་ཟེར་བ་འདི་ཁྱོད་རང་ཚོས་ཧམ་བཤད་དང་རྫུན་བཤད་རེད། ད་དུང་་་དོལ་རྒྱལ་བ་ཚོས་ང་ཅོ་རི་ལ་ལྟོ་ཕོག་འདྲ་ཞིག་སྤྲད་ཀྱི་ཡོད་མདོག་མདོག་སྐད་ཆ་བཤད་སྟངས་འདི་དག་དྲང་བདེན་སྤུ་ཙམ་མེད་པའི་སྐད་ཆ་དང་། ང་ཅོ་རི་ཡང་མྱི་ངན་ཁྱོད་རང་ཚོ་ནང་བཞིན་ལྟོ་ཡིས་བསླུ་ཐུབ་པའི་མི་ཞིག་ལ་ངོས་འཛིན་བྱས་པ་མ་གཏོགས་དོན་ལ་གནས་སྐད་ཆ་སྤུ་ཙམ་ཡོད་ལེ་མ་རེད་་་ཁོ་རེ།
དེ་ལས་ཁྱོད་རང་ཚོ་ལ་གནས་ལུགས་བཤད་རྫོགས་ནས་དེ་འདྲ་མི་ལག་དཀའ་མེད་བྱུང་ལབ་དང་། ངས་ངོས་ལེན་བྱེད་ཆོག
ཨོ་རེད་་་ཐུགས་སྲས་ལགས། ང་ཅོ་རིའི་རིག་པའི་དགག་བྱ་ལ་མི་ཆེན་དང་མི་ཆུང་གི་ཁྱད་པར་མེད། རྩེ་ཕུད་ཀྱི་སྐྱེ་བོ་ཟེར་ནས་གཏན་ཚིགས་རིང་པས་དགག་མི་ཆོག་པ་དང་། ཉམ་ཆུང་ནུས་མེད་ཟེར་ནས་དགག་ཆོག་པའི་ལུགས་སྲོལ་ཞིག་ང་ཅོ་རིའི་རྟོག་གེ་ལ་མེད།
ངོ་མ་རྐུན་མ་ཧམ་ཆེན་གྱི་མི་གསོད་ཟེར་བའི་དཔེ་དེ་ང་ཚོ་ལ་ཡོང་ཐབས་མེད། རྐུ་མ་ཧམ་ཆེན་ང་ཚོ་མ་རེད། ཚེ་སྟོད་ཀྱི་ལྷ་དེ་ཚེ་སྨད་འདྲེ་ལ་བསྒྱུར་མཁན་དང་། བོད་རྒྱལ་པོའི་མགོ་ལ་གླང་རྭ་བཙུགས་མཁན། བོད་མི་རིགས་ཀྱི་ཁ་ལ་གཅན་སྤྲད་མཁན། དགྲ་ལ་ཁ་འཁོར་གཉེན་ལ་རྐུབ་སྟོན་ང་ཚོ་མ་རེད། དེ་འདྲ་བྱས་བསྡད་མཁན་ཚོ་ལ་རྐུན་མ་ཧམ་ཆེན་ལབ།
སྤྱིའི་ཆ་ནས་ཁྱོད་ཚོ་གནས་ལུགས་བཤད་རྫོགས་ཡོང་དུས་རྐུ་མ་རེད་ཟེར་བ་དང་དོལ་རྒྱལ་རྗེས་འབྲངས་རེད་ཟེར་བ་སོགས་ཁྱོད་ཚོའི་གཏན་ཚིགས་རིག་པ་ཡོད་ན་མེད་ན་དེ་རེད་བ།་་་ཧཧཧ་་་ངོ་མ་སྙིང་རྗེ་ཡ་རང་རེད་དོ།།
ཁྱོད་ཚོས་་ལབ་བསྡད་པའི་མིང་ཚིག་འདི་དག་རེད། ཅོ་རི་ཁྱི་རེད། ཅོ་རི་དྲ་འབུ་རེད། ཅོ་རིོ་དོལ་རྒྱལ་བརྟེན་མཁན་རེད། ཅོ་རི་རྒྱ་མི་རྒྱུགས་ཁྱི་རེད། ཅོ་རི་རྐུ་མ་རེད། ཅོ་རི་འདྲེ་རེད།། ཡ་རམས་བཟང་སྤྱོད་བཤད་མཁན་ཏ་ལའི་བླ་མའི་རྗེས་འབྲངས་པ་ཡིན་ཟེར་མཁན་ཚོས་སྐད་ཆ་བཤད་སྟངས་འདི་རེད་་་ད། ཨོ་་་ཧཧཧ…
གོང་གི་ངན་པར་སྨྲས་པའི་ཅོ་རི་ཁྱི་རེད་ཟེར་བ་ནས་ཅོ་རི་འདྲེ་རེད་ཟེར་བའི་བར་གྱི་སྐད་ཆ་འདི་ངས་བཤད་མེད། འོན་ཀྱང་ངས་ཁྱོད་ལ་བཤད་འདོད་པ་ཞིག་ནི་ཁྱོད་ལ་མི་ཡི་རིན་ཐང་མིན་འདུག་ཟེར་བཤད་པར་སྤོབས། ཁྱོད་ཀྱིས་བཀོད་པའི་གཏན་ཚིགས་དང་གནས་ལུགས་ཐམས་ཅད་ལྟར་སྣང་དང་མགོ་ལྡོག་ཤ་སྟག་ཡིན་པས། ཁྱོད་ཀྱིས་སྒྲུབ་བྱ་དེ་ཡང་རང་ཉིད་མི་འགྲལ་ལས་ཕུད་པའི་གནས་ལུགས་དེ་རེད། མ་ཟད་ཕག་པས་བལྟས་ན་ཕག་ཚང་གཞལ་ཡས་ཁང་ཟེར་བའི་གཏམ་དཔེ་འདི་ཁྱེད་ལ་སྐྱེས་སུ་ཆེད་དུ་མངགས་ནས་ཕུལ། དེ་ངས་ཁྱེད་ལ་བཤད་འདོད་པ་དང་ཕུལ་འདོད་པ་འདི་ཡིན།
༸གོང་ས་མཆོག་ནི་བོད་མི་རིགས་ལ་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་བཀའ་དྲིན་ཆེ་ཤོས་ཡིན་པ་ནི་ཁ་ནས་དངོས་སུ་སྨོས་མ་སྨོས་ཙམ་ལས་དོན་ལ་བོད་མི་རིགས་ཀུན་གྱིས་འདོད་བཞིན་ཡོད། དེ་ནི་རྩོད་མེད་རེད།
རྒྱ་མིའི་རྒྱུགས་ཁྱི་ཟེར་བ་དང་། དོལ་རྒྱལ་རྗེས་འབྲངས་པ་ཟེར་བ་དང་། དྲ་འབུ་ཟེར་བ་དང་། དབྱེན་དཀྲུག་པ་ཟེར་བ་སོགས་ནི་ཉམ་ཆུང་གི་མགོ་ལ་ཐོ་བ་བརྡུང་ཆས་ཡག་ཤོས་དེ་རེད། སྐྱོན་བརྗོད་དང་སྨྲ་བརྗོད་རང་དབང་ནི་བྱིས་པ་བཙས་མ་ཐག་པ་ནས་རང་ཆས་སུ་ཡོད་པས་སུས་ཀྱང་རྡོག་རོལ་གཏང་མི་ཐུབ། ༸གོང་ས་མཆོག་དོན་དམ་བཀའ་དྲིན་ཚོར་ཤེས་ན་ཁོང་གིས་གནང་བའི་དམངས་གཙོའི་ཁེ་དབང་ལ་རྩིས་སྲུང་བྱོས། དེ་ནི་བོད་མི་མཆོག་དམན་བར་གསུམ་དང་། གསར་རྙིང་དང་། ཆོལ་ཆོས་དབྱེར་མེད་ལ་ཀུན་སྙོམས་སུ་ཡོད་པས་དེ་ལ་རྩི་སྲུང་བྱོས།
མཆན་འདེབས་པ་ ༥ ལ་ལན་འདེབས་ན། ཁྱེད་ཀྱིས་བློ་སེང་གིས་བོད་སྐྱོབ་མི་ཐུབ། ཅིའི་ཕྱིར་ན་གཞིས་ཆགས་བུ་ཡིན་པས་སོ་ཟེར། དང་པོ་ཁྱོད་ཀྱི་ཕྱོགས་རིས་ཀྱི་ལྟ་ངན་དེ་དོར་ནས་བློ་གཟུ་བོར་གནས་ནས་ལན་ཐོབ། ང་ཚོ་བོད་མི་རིགས་ལ་ཕོངས་པ་ནི་ཆིག་སྒྲིལ་དེ་རེད། ཁྱེད་དང་ཁྱེད་འདྲ་བ་རྣམས་ནི་ཆིག་སྒྲིལ་གཏོར་བཤིག་གཏོང་མཁན་གཏེ་བོ་དེ་རེད། ཁྱོད་ཀྱི་ཕ་གཞིས་འཕྲོག་མཁན་གཞིས་ཆགས་བུ་རེད་པས། བོད་རྒྱལ་ཁབ་དགྲ་ལག་ཏུ་ཤོར་བཅུག་མཁན་གཞིས་ཆགས་བུ་རེད་པས། བྱས་ཙང་། སྐྱོན་བརྗོད་བྱེད་ན་གསར་འབྱོར་ལ་སྐྱོན་བརྗོད་རི་ལྟར་སྤུངས་ནས་བྱེད་ཐུབ་ལ། སྐྱོན་བརྗོད་ཀྱི་གཞི་ཡང་ཧ་ཅང་མང་། དེ་བས་ཆིག་སྒྲིལ་ལ་འདང་རྒྱབ་ནས་ཕྱིན་ཆད་རང་མཚམས་འདྲ་མིན་མ་སྤེལ་ན་ལེགས།
ཆོལ་ཁ་དང་ཆོས་ལུགས། གསར་རྙིང་དབྱེ་ཕྱེས་ནས་སྐྱོན་འདོགས་འདྲ་མིན་སྤེལ་བ་ནི་འགོ་བའི་ནད་བཞིན་དུ་གཏན་དུ་སྤོང་ཐབས་བྱེད་དགོས།
ཅོ་རི། མི་རིགས་ཀྱི་ཚབ་མཚོན་པ་ཞེས་པ་ནི་སྒེར་གཅོད་དབང་བསྒྱུར་བའི་གོ་དོན་མ་རེད། མི་མང་མང་ཆེ་བས་གུས་བཀུར་དང་འདོད་བློ་ཡོད་མཁན་གྱི་མི་དེ་ནི་མི་རིགས་དེའི་ཚབ་མཚོན་པ་རེད། གནས་ལུག་འདི་ཙམ་ཡང་མི་ཤེས་ན་ད་དུང་རྟོག་སད་པ་ཨམ་ཞིག་ཡིན་མདོག་བྱེད་པ་ངོ་མི་ཚའམ། དཔེར་ན་ཨོ་བྷ་མས་ཨ་རིའི་མི་མང་གི་ཚབ་མཚོན་ཐུབ་ཀྱི་རེད་ལ། མོ་དྷིས་ཀྱིས་རྒྱ་གར་མི་མང་གི་ཚབ་མཚོན་ཐུབ་ཀྱི་རེད། འོན་ཀྱང་དེ་དག་སྒེར་གཅོད་དབང་བསྒྱུར་བ་མ་རེད།
བློ་བཟང་སེང་གེ་རིན་པོ་ཆེན་བཙན་བྱོལ་བོད་མིའི་ཚབ་མཚོན་ཡང་ཡིན་གྱི་རེད་བ།
ཨོ་བྷ་མ་དང་མོ་ཏུག་གཉིས་དམངས་གཙོའི་ལམ་ནས་ཕེབས་པ་རེད་ག་་་་་མ་གཏོགས་འཁོར་གཡོག་ཁ་ཅིག་གིས་ཚབ་མཚོན་ཡིན་ཟེར་ནས་བསླེབས་པ་མ་རེད་བ།་་་སྤྱིའི་ཆ་ནས་ང་ཅོ་རི་མྱིའི་གྲལ་དུ་མེད་ཙང་་་དེ་འདྲ་ཞིག་མ་གཏོགས་ཤེས་ལེ་མིན་་་་་་ཧཧཧ
མ་གཞི་ནས་རྨོངས་དད་འོག་གི་ཆོས་བཟི་མྱི་ཡིན་ཟེར་མཁན་ཚོའི་མཉམ་དུ་བསྡད་པ་ལས་ཕལ་ཆེན་ཁྱི་སློབ་སྦྱོང་ཡོད་མཁན་ཚོའི་མཉམ་དུ་སྐྱིད་ས་ཡང་རེད། ཡིན་ནའང་ཕག་པའི་མཉམ་དུ་མིན་ཐག་མིན་ད། སྐུ་ཚེ་རིང་རྒྱུ་ཚོ། དེ་འདྲ་གསུངས་མི་ཉན། ཕག་པ་ཟེར་བའི་རིག་པ་རྟུལ་པོ་ཤ་རྒྱག་པ། དྲི་མ་ངན་པ། ཟ་ལཡ་ལ་དགའ་པོ། མིན་མིན་ཡོང་ཡ་མེད། ཁྱོད་ཚོས་ང་ཅོ་རི་ཕག་ཚང་ནང་དུ་མ་གཡུག་དང་་་ཁ་བརྡའི་ཐོག་ཏུ་མཆན་བུ་འབྲི་མི་ཡོང་་་་་ཐུགས་རྗེ་གཟིགས།
མཆན་ཆ་ཚང་བཀླགས་ཟིན། ཅོ་རི་སྔོན་མ་གསར་གཏོད་དང་། བསམ་བློ་གསར་པ། དྲང་བདེན་ཞིག་ཡིན་བསམ་གྱི་ཡོད། ད་ཆ་ཁོ་བོད་གངས་ཅན་ལ་ལྷག་པར་བཀའ་དྲིན་ཆེ་བ་༧ གོང་ས་མཆོག་ལ་ཟུར་ཟ་བྱེད་ཀྱི་འདུག ཁོ་རང་ཕྱི་རྒྱལ་ལ་སླེབས་དུས་བོད་པ་ལས་ལྷག་པ་༧གོང་ས་མཆོག་གི་མཚན་སྙན་མ་ཐོས་སམ། བོད་ཀྱི་མིང་འདི་ཡང་ཁོང་མེད་ན་དེ་སྔ་ནས་ནུབ་ཟིན་པ་མགོ་མ་ཚོས་སམ། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་རྒྱ་ནག་གི་ད་དུང་ཡང་༧ གོང་ས་མཆོག་ལས་མིན་པའི་བོད་པ་ཆོས་སྲིད་ཀྱི་དབུ་ཁྲིད་ཞིག་ཁས་མི་ལེན་པ་མ་མཐོང་སམ། བསམ་བློ་ཡང་བསྐྱར་བཏང་དགོས། འདི་ཚོ་རྨོངས་དང་མ་རེད་དངོས་ཡོད་རེད་ཅོ་རི་ལགས།
ཚེ་སྟོད་ཀྱི་ལྷ་དེ་ཚེ་སྨད་ཀྱི་འདྲེ་ལ་བསྒྱུར་དུས་ལྷ་དེ་གཏན་གཏན་ཅོ་རེ་འདྲ་བ་ཞིག་ཡོད་པ་ཐག་ཆོད། མ་ཟད་རྐུན་མ་ཡིན་ན་ཚེ་འཇུག་ཀྱང་རྐུན་མ་བྱེད་དགོས་པ་འདི་ཅོ་རིའི་བཀའ་བཅད་ཡིན་རྒྱུ་རེད། བོད་རྒྱལ་པོའི་མགོ་ལ་གླང་རྭ་བཙུགས་དུས་འཛུགས་སའི་རྒྱལ་པོ་འདི་ཅོ་རི་འདྲ་བ་ཞིག་ཡོད་པ་ཐག་ཆོད། ད་ཆ་གླང་རྭ་འཛུགས་ཡུལ་དེ་ཁྱེད་རང་ཡིན་གྱི་རེད། བོད་མི་རིགས་ཀྱི་ཁ་ལ་གཅིན་ལྡུད་མཁན་དེ་ཅོ་རིའི་ལོག་ཤེས་དང་རྨོངས་ཐོམ་ལ་སྣང་བ་མ་གཏོགས་བོད་མི་མང་ཀྱི་ཚད་མའི་སྣང་ངོར་ཅི་རི་ནི་གང་དུ་ཡང་གནས་ལུགས་ལས་ལྡོག་ནས་འགན་སེམས་ཆེན་པོ་འཁུར་ནས་མཐུན་སྒྲིལ་དང་གཅིག་མཐུན་གྱི་ཁྲོན་པའི་ནང་དུ་གཅིན་སྐྱག་དོར་མཁན་དེ་ཡིན་སྟབས་རང་མི་རིགས་ལ་སྐྱག་གཅིན་ལྡུད་མཁན་གྱི་འགྲལ་འགོར་སླེབས་ཡོད།
དགྲ་ལ་ཁ་འཁོར་གཉེན་ལ་རྐུབ་སྟོན་མཁན་གྱི་རྒོད་པོ་གྱོང་མེད་དེ་ཅོ་རི་ཁྱོད་ཡིན། ཁྱོད་ཀྱིས་བྲིས་པའི་མཆན་པུ་རྣམས་བོད་རྒྱ་ཆེའི་མི་མང་གིས་གློ་སྙིང་འབྲང་གསུམ་གཏོད་ས་དང་གནམ་འོག་གི་ཤེས་པ་རྣམ་དུ་གནས་པའི་མི་རྣམས་ཀྱིས་གོང་བཀུར་དང་དགའ་པོ་བྱེད་སའི་རླབས་ཆེན་གྱི་སྐྱེས་བུར་རྒོལ་བ་ནི་དགྲ་དགའ་གཉེན་སྡུག་ཡིན་པས། ཁྱེད་རང་གཅེར་པུར་རྒྱུ་བའི་གཉེན་ལ་རྐུབ་སྟོན་མཁན་གྱི་འགྲལ་འགོར་སླེབས་ཡོད། ཁྱེད་ཀྱི་བྱེད་སྟངས་དང་ལས་སྟངས་དེ་ལ་བལྟ་དུས་ཁྱོད་ཀྱིས་སྨྲས་བཞིན་པའི་བོད་རྒྱ་ཆེའི་མི་མང་དང་དེའི་ཁེ་ཕན་ད་དུང་དྲང་བདེན་དང་གནས་ལུགས་སོགས་སྐད་ཆ་སྦོམ་པོ་དེ་དག་ཁྱེད་ཀྱི་ཁ་ནས་ཐོན་དུས་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བའི་གཏམ་དཔེ་འདི་སླར་ཡང་ཁྱེད་ལ་ཕུལ་དགོས་བྱུང་།
ཧ་ཧ། ཤན་པས་སྙིང་རྗེ་དང་རྐུན་པོས་སྦྱིན་གཏོང་གི་ཕན་ཡོན་འགྲེལ་སྟངས་དེར་ཡ་མཚན་འདྲ་ཞིག་སྐྱེས་སོང་།
མ་གཞི་ངས་དྲིས་པའི་དྲི་བར་ལན་མེད་མཁར་འབྲེལ་མེད་དོན་གཞན་གྱི་གཏམ་ཉོག་གླེང་ནས་གཡོལ་ཐབས་བྱེད་སྟངས་འདི་ཅི་རེད། ངས་དྲིས་པའི་དྲི་བར་ལན་འདེབས་མེད་ན་ཁྱོད་བདེན་དོན་གྱི་བརྡར་ཤ་ནི་རི་བོང་གི་རྭ་དང་ནམ་མཁའི་མེ་ཏོག་ལས་མ་འདས། བདེན་དོན་བརྡར་ཤ་གཏོང་བའིིི་གདེངས་སྤོབས་ཡོད་ན་གཞན་གྱི་དྲི་བར་ལན་འདེབས་དགོས་པ་རེད།
དེས་ན་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་མཐོང་ཆུང་དང་ཁྱད་བསོད། བརྙས་བཅོས་བྱེད་པའི་ལམ་ལུགས་འདིའི་འོག་ནས་ཁྱོད་ཀྱི་རྩོམ་ཡིག་འདིའི་ཁ་ཕྱོགས་དང་སྤུ་མདོག་ཇེ་གསལ་ཇེ་གསལ་རེད། བྱས་ཙང་༧རྒྱལ་བ་རིན་པོ་ཆེར་བསྟོད་གླུ་བགྱེར་མཁན་མི་འདི་འདྲ་མང་སོང་བས་ཁོང་གི་ཐུགས་དགོངས་ཡོངས་སུ་རྫོགས་པ་ཞིག་མི་འགྲུབ་པ་ནི་ཅི་ཁག།
ཨ་ལས་་་དེ་འདྲ་ཡིན་པ་རེད། ངས་ནི་གྲལ་མཐའ་ཞིག་ལ་བསྡད་ཡོད་བསམས་ཀྱི་ཡོད་ཀྱང་། ཁྱོད་ཀྱིས་བཤད་སྟངས་ལྟར་ན་གྲལ་འགོ་མང་པོ་ཞིག་བསླེབས་ཚར་འདུག་ག མ་ཟད་ང་ཅོ་རི་དང་ལྷ་སྲས་དར་མ་གཉིས་འདྲ་པོ་ཡོད་གསུངས་ན་ཏོག་ཙམ་ཆེ་འགྲོ་བ་མ་རེད་དམ། སྐབས་རེ་ལ་ཕག་ཚང་ནང་དུ་གཡུགས་ནས་ཕག་པ་ཡིན་མདོག་མདོག་བཤད། ཡང་སྐབས་རེ་ལ་བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་དང་འདྲ་པོ་ཡོད་མདོག་མདོག་བཤད་་་་ཧཧཧཧཧ
ད་ཡིན་ན་ག་རེ་བཤད་ན་ཤོད་ཤོག གང་དྲན་དྲན་ཟེར་བ་དེ་འདི་རེད།
བཀའ་དྲིན་གསོ་བ་ལ་མཆོག་ཏུ་འགྱུར་བ་ནི་ཁོང་གི་ཚད་ལྡན་གྱི་བཀའ་སློབ་བཟང་པོ་དག་ལག་ལེན་གཏང་རྒྱུ་དེ་རེད། ཁྱེད་ལ་གོང་ས་མཆོག་གི་གཤམ་གྱི་གསུང་དེ་གོ་དུས་ཚོར་བ་ཇི་འདྲ་རེད། ང་དང་ངའི་ཉེ་འཁོར་ན་ཡོད་པའི་མི་ཚོ་སྐབས་དེ་དུས་རང་དབང་མེད་པར་ངུ་ཤོར་སོང་།
གོང་ས་མཆོག་གིས་ཚོགས་འདུ་ག་གེ་མོ་ཞིག་གི་སྐབས་ལ།
“ངས་འཛམ་གླིང་ཤར་ནུབ་གང་སར་སྙིང་རྗེ་དང་བྱམས་སེམས་སྤེལ་བར་ཞུ་བ་རྒྱག་དགོས་སར་ཞུ་བ། སྤྲེལ་ལད་ཁྲབ་དགོས་སར་སྤྲེལ་ལད། ལུང་རིགས་གོ་མཁན་ལ་ལུང་རིགས། དབང་དང་མན་ངག་དགོས་མཁན་ལ་དབང་ལུང་ཕུལ་ནས་སྙིང་རྗེ་དང་བྱམས་སེམས་སྤེལ་ཐབས་བྱེད་ཀྱི་ཡོད། ཁྱེད་ཚོ་ཁག་གཅིག་གི་དེ་ཤེས་ཀྱི་ཡོད། རྒྱུ་མཚན་གཙོ་བོ་ག་རེ་རས། དགོས་པ་ག་རེ་རས། ཏ་ལའི་བླ་མ་ཤར་ནུབ་གང་སར་རྒྱུག་དགོས་པ་དེ། ཏ་ལའི་བླ་མ་སེམས་ཅན་ཉམས་ཐག་དེ་ཚོར་སྙིང་རྗེ་ཆེན་པོ་སྐྱེ་བཞིན་ཡོད། ཟས་ཀྱི་དམིགས་ཡུལ་མིན་པར། སྐྱིད་རྒྱག་པ་གཏོང་ཆེད་གཅིག་པུར་སེམས་ཅན་ལ་ག་ཚོད་སྡུག་གཅོད་གཏོང་གི་མིན་འདུག་གམ། ཉིན་མ་གཅིག་ལ་སེམས་ཅན་ག་ཚོད་བཤས་ཀྱི་མིན་འདུག་གམ། ཚུར་ལ་ང་ཚོར་ཁབ་གཅིག་ཕོག་དུས་སྐད་ངན་ཤོར། རང་གི་ཕྲུ་གུར་དུག་སྦྲང་ཞིག་གི་སོ་བརྒྱབ་ན། སེམས་ལ་སྡུག་བསྔལ་ཆེན་པོ་བསླེབས། ཕ་གིར་གྲི་ཆེ་ཆུང་སྣ་ཚོགས། འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས། འཕྲུལ་འཁོར་ཆེ་ཆུང་སྣ་ཚོགས་བཀོལ་ནས་སེམས་ཅན་གསོ་གསོད་ཚོང་བསྒྱུར་བྱེད་དུས། སེམས་སྐྱིད་པོ་མིན་འདུག ངས་དངུལ་སྤྲད་ནས་ཁོང་ཚོ་ཉོ་མི་ཐུབ། ད་རེ་བ་གཅིག་ཡོད་པ་ནི། མིའི་སེམས་ལ་སྙིང་རྗེ་ངོ་སྤྲོད་དང་རྒྱུད་སྐུལ་བྱེད་རྒྱུ་རེད། སྙིང་རྗེ་རྒྱུད་ལ་སྐྱེས་ནས་སེམས་ཅན་ལ་བྱམས་སེམས་ཆེ་རུ་ཕྱིན་ན། ངའི་ཤར་རྒྱུག་ནུབ་རྒྱུག་གི་དམིགས་ཡུལ་དེ་ཡིན། ཆོས་ལུགས་སྤེལ་རྒྱུ་ནི་དམིགས་ཡུལ་མིན། སེམས་བཟང་པོ་ངོ་སྤྲོད་རྒྱུ་དེ་ཡིན།
དུས་འཁོར་དབང་ཆེན་སྐབས་ལ་གལ་ཆེ་ཤོས་དེ་སྔོན་འགྲོའི་ཆོས་བཤད་སྐབས་ཀྱི་སྙིང་རྗེ་དང་བྱམས་སེམས་ངོ་སྤྲོད་དེ་ཡིན། ཕྱི་རྒྱལ་ལ་ཆོས་ལུགས་འདྲ་མིན་དང་། ཆོས་དད་མེད་པ་མཉམ་དུ་སྙིང་རྗེ་དང་སྤྱོད་བཟང་ངོ་སྤྲོད་བྱ་རྒྱུར་ཤུགས་གཙོ་བོ་རྒྱག་གི་ཡོད། སེམས་ལ་འགྱུར་བ་གཏོང་མ་ཐུབ་ན། རེ་བ་གཞན་མིན་འདུག”
བཀའ་དྲིན་ཚིག་གི་དར་ཆ་དགུང་ལ་ཕྱར་བ་འདིས།
དྲིན་ཅན་འབངས་ཀྱི་མགོ་བོ་ག་ནས་སྐོར་སྐོར་རེད།
དྲིན་ལན་ལོག་འཇལ་ཟེར་བའི་ཤན་པའི་རལ་གྲི་འདིས།
རྒྱལ་གཅེས་བོད་མིའི་མགོ་སྐེ་ག་ནས་གཅོད་གཅོད་རེད།།
དད་པ་ཡིད་ཆེས་ཟེར་བའི་དབང་སྒྱུར་སྲིད་ཇུས་འདིས།
དད་ལྡན་མི་དམངས་རང་དབང་ག་ནས་འཕྲོག་འཕྲོག་རེད།
བླ་མའི་རྗེས་འབྲངས་ཟེར་བའི་གཅིག་རྗེས་གཅིག་མཐུད་འདིས།
དམར་པོའི་རྩ་ཁྲིམས་འོག་ཏུ་གཅིག་རྗེས་གཉིས་ཁྲིད་རེད།།
ཅོ་རི་ལ ད་ངས་ཁྱོད་ལ་རྩོད་བརྒྱག་ན་མི་འདོད་ཀི ཁྱོད་ལ་དུས་ཀུན་ཏུ་རུལ་དྲི་ཀྱི་ལི་ལི་་འདུག ཁྱོད་ནི་ཆོས་མེད་ལྷ་མེད་སྨྲ་བ་ཞིག་ཡིན་རབས་བཤད་ཀི་འདུག དེ་ན་ཆོས་མེད་ལྷ་མེད་སྨྲ་བའི་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། འོ་ན་་་་་ནང་ཆོས་ཞེས་བ་ནི་ཅི་ཞིག་རེད་དམ། དེ་ནི་གང་ཞིག་ལ་ངོས་འཛིན་དགོས་པ་རེད། ནང་ཆོས་ཞེས་བ་དེའི་ཡང་སྙིང་ཅི་ཞིག་རེད། དེ་དག་ལ་མཁྱེན་དཔྱོད་ཡོད་ནས་དེ་ལྟར་སྨྲ་དགོས་པ་རེད། དོན་མེད་ལ་དེ་ལྟར་སྨྲ་ན་དོན་དངོས་སུ་རང་ཉིད་ཀྱིས་རང་ཉིད་རྩ་མི་ཚང་མཁན་ཞིག་ཡིན་པ་བཟོས་སོང་བ་རེད།
ཆོས་གྲོགས་རྣམ་པ ཅོ་རི་ལ་ཁ་མ་རྩེ་་་་་འདི་ནི་ཅི་བསམ་འདི་བསམ་མེད་པར་རང་སྣང་གང་དྲན་གྱིས་་ཁ་གནམ་ལ་གདངས་ཏེ་ལག་པ་དགུང་ལ་གཡུག་ནས་མཐོ་འབྲིང་བར་གསུམ་ཡོད་ཚད་རྐང་བརྫིས་ལ་བླང་ནས་འགྲོ་མཁན་ཞིག་རེད་འདུག འདི་ལ་ཁ་རྩེེ་དགོས་པ་གང་ཡང་ཡོད་བ་མ་རེད།
ཧ་ཧ། བྱས་ན་ལྷ་མེད་སྨྲ་བ་འབའ་པ་ཕུན་དབང་མི་རིགས་ཀྱི་དཔའ་བོ་རེད་ཟེར་གྱི་ཡོད་པ་མ་རེད་དམ། འོན་ཀྱང་འདི་ན་ཆོས་རྩོད་བརྒྱག་གི་ཡོད་པ་མ་རེད་ལ་མི་རིགས་ཀྱི་རྩ་དོན་དང་འབྲེལ་ནས་གླེང་གི་ཡོད་པ་རེད། ཆོས་རྩོད་རྒྱག་དགོས་ན་རྨོངས་དད་ཀྱི་ལྕགས་འབག་གྱོན་པའི་སེམས་གཙོ་སྨྲ་བ་ཁྱོད་ཚོར་བཤད་རྒྱུ་ཡོད།
མ་གཞི་ནང་ཆོས་ནི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་རྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་པ་འདིའོ།
སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ནི། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་ཆོས་ལུགས་ཤིག་ཡིན། རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་ཀྱིས་ནང་པ་ཡིན་མིན་ཐག་གཅོདགང་ཡང་མི་ནུས།
སྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པོར་རྟོག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། འདི་ཙམ་གྱི་གོ་བ་ཡང་ཤེས་མི་འདུག། སྐྱོ་བ་ལ།
འདིའི་དོན་ནི། སྟོན་པའི་བཀའ་ཆོས་རྟོག་དགོས་བ། བརྟོགས་པས་མ་ཚད་མཉམ་སུ་བླང་བར་བྱ་བ་ལས། ཁ་འདོན་གྱི་ཚུལ་དུ་བཞག་མི་རུང་བར་སྲེག་བཅད་བརྡར་གསུམ་གྱི་སྒོ་ནས་དོན་ལེགས་པར་གོ་དགོས་བ་ཡིན་པ་གསུང་བ་ལས།
སངས་རྒྱས་ཡིས་ངས་སྐྱོན་ཅན་ཞིག་བཤད་ཡོད། ངས་བཤད་པ་དེ་ལོག་པར་རྟོག་ནས། སྐྱོན་རྒྱོབས། དགག་པ་རྒྱོབས། ལོག་འགྲེལ་བྱས་ཟེར་བའི་དོན་མ་རེད་དོ། ལྐུག་ཕྲུག་ཚོ།
བརྟགས། གོང་གི་ན་རོ་དེ་ཕྱིས་ཡིན།
ཉམས་སུ
སྤོབས་པ་མཐའ་ཡས་ལགས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཆུང་བྱིས་པའི་དུས་ནས་གསེར་ཁྲི་ལ་བསྐྱལ་བཞག་པ་བདེན་པ་རེད། འོན་ཀྱང་དེ་བྱ་སྤྱོད་སྡུག་པོ་ཞིག་ཡིན་མིན་ཅང་མི་ཤེས་ལ། གལ་ཏེ་སྡུག་པོ་ཞིག་ཡིན་དབང་དུ་བཏང་ཡང་དེ་ནི་གཤམ་གྱི་ལས་བྱེད་དང་མི་མང་ཚོའི་སྐྱོན་ལས་ཁོང་གི་སྐྱོན་ཅང་མ་རེད། གཉིས་ནས་གོང་ས་མཆོག་དགུང་ལོ་བཅུ་དྲུག་ལས་མ་ལོན་པའི་བྱིས་པ་ཞིག་ཁྱིའི་ཟ་འཕྲོ་ལྟ་བུར་གྱུར་པའི་སྡེ་པ་གཞུང་གི་སྲིད་ཁྲིར་བཀོད་ནས། ཁོང་གི་སློང་སྦྱོང་སོགས་ཀྱི་དུས་སྐབས་རྩ་ཆེན་མང་པོ་ཞིག་ལ་དོ་ཕོག་ཕྱིན་ཡོད་པ་བཤད་མ་དགོས་ཀྱང་། ཁོང་གི་རྣམ་དཔྱོད་དང་རིག་སྟོབས་ཁྱད་འཕག་ལ་རྟེན་ནས་ནང་ཆོས་ཀྱི་སློབ་སྦྱོང་མཐར་ཕྱིན་གནང་བ་མ་ཚད། རྒྱལ་སྲིད་ལ་མི་རབས་མང་པོར་བྱེད་མ་ཐུབ་པའི་ལེགས་བཅོས་མང་པོ་གནང་ཡོད་པ་ཤེས་གསལ་རེད་ལ། ལྷག་པར་དུ་རྒྱ་དམར་གྱི་དྲག་ཤུགས་འོག་བོད་ཀྱི་ཕ་ཆུས་ཤོར་ནས་སྤྲང་པོ་བཞིན་ཁ་ཕོར་ཙམ་ལས་ཁྱེར་རྒྱུ་མེད་པར་ཡུལ་གྱར་ལ་ཕེབས་དགོས་བྱུང་ཡང་། བཙན་བྱོལ་ནང་ལ་བོད་ཀྱི་སྲིད་གཞུང་སླར་གསོ་དང་སློབ་གྲྭ་དང་དགོན་སྡེ་གསར་འཛུག་གནང་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱང་ནས། འཛམ་གླིང་འདིས་སྟེང་ལ་བོད་པ་ཞེས་མི་མང་པོས་དགའ་མོས་དང་བརྩི་འཇོག་བྱེད་ས ཞིག་ཆགས་པ་འདི་ཡང་། གོང་ས་ཆེན་པོའི་འཇོན་ཐང་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་གཟུར་གནས་སུས་ལྟས་ཀྱང་ནམ་ལང་ཉི་ཤར་རེད་ལ། ལྷག་པར་དུ་དེང་སྐབས་འཛམ་གླིང་མི་མང་གི་དགའ་མོས་ཆེ་ཤོས་ཞུ་ས་དང་། གྲགས་ཅན་གྱི་གཟེང་རྟགས་བརྒྱ་ཕྲག་མང་པོ་ཚང་ཁ་ཤིག་ཤིག་གིས་ཕུལ་ཡུལ་དུ་གྱུར་པ་འདི་ནི་གོང་ས་ཆེན་པོ་ཁོང་ཉིད་ཀྱི་རྣམ་དཔྱོད་དང་འཇོན་ཐང་ལ་རྟེན་ནས་བྱུང་བ་ལས་གཞན་སུ་ལ་ཡང་རག་ལས་པ་ཞིག་མ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལྟ་བུ་ཞིག་ལ་མཚོན་ན་སྤྱིར་ཁོ་རང་གི་འབད་བརྩོན་དང་འཇོན་ཐང་ལ་རྟེན་ནས་སྲིད་ཁྲིར་སླེབས་པ་ཞིག་ཡིན་ཡང་། ཁོ་རང་ལམ་སང་སྐད་གྲགས་ཆེན་པོ་ཆགས་པ་ནི་ཨ་རི་རྒྱལ་ཁབ་ཀྱི་གཟི་བརྗིད་ལ་རྟེན་ནས་བྱུང་བ་ཁོ་རང་སྲིད་ཁྲིར་འཁོད་ནས་རིང་པོར་མ་ལོན་པར་ནོ་སྦེལ་ཞི་བདེའི་གཟེང་རྟགས་ཐོབ་ཡོད་པ་འདིས་གསལ་པོ་རེད། དེས་ན་རྒྱལ་བ་རིན་པོ་ཆེ་དང་ཨོ་བྷ་མ་སྡུར་ཐབས་རྩ་བ་ནས་མེད་པ་རེད། གསུམ་ནས་བོད་རྒྱལ་ཁབས་ཁོང་གི་སྐུ་དུས་སུ་ཤོར་ཡོད་ཀྱང་དེ་ནི་མི་རབས་སྔ་མ་མང་པོའི་བྱེད་ཉེས་ཀྱི་འབྲས་བུ་ཁོང་གི་སྐུ་དུས་སུ་སྨིན་པ་ཞིག་ཡིན་པ་ལས། ཁོང་གི་མཛད་པ་མ་འགྲིག་ནས་ཤོར་སོང་བ་ཞིག་མིན་པ་ལོ་རྒྱུས་ཀྱིས་དཔང་པོ་བྱས་ཡོད། དཔེར་ན་མི་ཞིག་གིས་རྒྱུན་རིང་པོ་གཟུགས་པོར་འཕྲོད་བསྟན་མ་བྱས་པར་ནད་འདྲ་མིན་གྱིས་ཟིན་སོང་ན། འཆི་རན་ཁར་སླེབས་སྐབས་སྨན་པ་མཁས་པ་ཅི་འདྲ་ཞིག་ཡིན་ཡང་སྐྱབས་ཐབས་མེད་པ་དང་ཅིག་མཚུངས་རེད།
ལུང་རྟོགས་ཀྱིས་བཤད་པ་རྣག་ཐོག་གཙགས་ཁེལ་རང་རེད།
བྱ་གཞུང་ལགས། ཁྱོད་ཀྱིས་ང་ལ་རྩོད་རྒྱག་འདོད་ཡོད་ནའང་་རྒྱག་ཐུབ་པའི་ཆ་རྐྱེན་མི་འདུག ངའི་མཉམ་དུ་རྩོད་པར་གཏམ་ལ་ཁ་ཚིག་དང་སྒྲུབ་བྱེད་གཏན་ཚིགས་རིག་པ། དྲང་བདེན་གྱི་དཔང་པོ། དངོས་ཡོད་གནས་ཚུལ་དང་མཐུན་པ་བཅས་ཚང་དགོས་རེད། སེམས་ལ་ཞོག་ཨ
དེ་ནས་་ཁྱོད་ཀྱིས་ང་ཅོ་རི་ཆོས་མེད་སྨྲ་བ་རེད་ཟེར་བའི་སྐད་ཆ་འདིར་ཁས་ལེན་གྱི་མིན། ཁྱོད་ཀྱིས་ཅོ་རི་ཆོས་མེད་སྨྲ་བ་རེད་ཟེར་ནས་བཤད་ཕོད་པའི་གཏན་ཚིགས་ག་རེ་ཡོད་དམ། ཁྱོད་ཚོའི་གནས་ཆུང་དང་ལྷ་མོ་སོགས་མདའ་ཁུར་མདུན་ཁུར་གྱི་འཇིགས་སྐུལ་དྲག་སྤྱོད་པའི་ཟོལ་བལྟ་ཕྱི་ལ་བསྟན་བསྡད་ཡོད་པའི་སྲུང་མ་དེ་དག་ལ་དད་པ་མེད་ན་ཆོས་མེད་སྨྲ་ཡིན་དགོས་པ་ཨེ་རེད།་་་ཧཧ
ཡིན་དགོས་ན་ཤཀྱའི་རྒྱལ་པོ་ཡང་ཆོས་མེད་སྨྲ་བ་ཨེ་རེད། ཁྱོད་ཚོའི་མདའ་ཁུང་མདུན་ཁུར་གྱི་ཤན་པའི་གཟིགས་བརྙན་ཅན་གྱི་སྲུང་མ་དེ་དག་ལ་དད་པ་མེད་པའི་ཕྱིར། དེར་ཐལ། ཤཀྱའི་རྒྱལ་པོ་སྐབས་སུ་སྲུང་མ་དེ་དག་གི་དྲི་མ་ཙམ་ཡང་མེད་པའི་ཕྱིར།
ཁྱོད་ཀྱིས་་་་འོ་ན་་་་་ནང་ཆོས་ཞེས་བ་ནི་ཅི་ཞིག་རེད་དམ། དེ་ནི་གང་ཞིག་ལ་ངོས་འཛིན་དགོས་པ་རེད། ནང་ཆོས་ཞེས་བ་དེའི་ཡང་སྙིང་ཅི་ཞིག་རེད།་་ཅེས་དྲིས་འདུག ངས་ཁྱོད་ལ་ནང་ཆོས་ངོ་སྤྲོད་དང་སློབ་ཁྲིད་ཏོག་ཙམ་བྱེད་ཆོག ཡིན་ཀྱང་ཁྱོད་ཀྱིས་དགེ་བའི་བཤིས་གཉེན་གྱི་འདུ་ཤེས་འཇོག་མི་དགོས། ཅོ་རི་ལ་དགེ་ཕྲུག་ཁྱོད་རང་འདྲ་བའི་་དབང་རྟུལ་མཁོ་ལེ་མིན།
ཤཀྱའི་རྒྱལ་པོའི་ཆོས་ལུགས་ཟེར་ན་་་སྟོན་པའི་དམ་ ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། ཅེས་པ་ལྟར་ལུང་རྟོགས་ཀྱི་ཆོས་འདི་གཉིས་རེད། འདི་གཉིས་ཉམ་ཆུང་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མེད་པ་བཟོ་ཆེད་དུ་རེད། མ་གཏོགས་ཉམ་ཐག་པའི་སེམས་ཅན་རྣམས་ལ་དབང་སྒྱུར་བྱེད་པའི་ལག་ཆ་མ་རེད། ཤེས་པར་བྱོས་ཨ།
ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་རང་རྒྱུད་ལ་ཡོད་ན་ཆོས་པ་རེད་མ་གཏོགས་མདའ་ཁུར་མདུན་ཁུར་དེ་དག་གི་མདུན་དུ་རྔ་སྒོག་རྡུངས་བ་ཙམ་གྱི་ཆོས་པ་དང་ཆོས་ཡོད་སྨྲ་བ་མི་འགྱུར། ལྷག་པ་ཏུ་ཐེག་ཆེན་པའི་ཆོས་ལུགས་འདི་ཉམ་ཆུང་བའི་སེམས་རྣམས་རྩ་བའི་རྩེ་ལ་བཞག་དགོས་པའི་ཆོས་ཞིག་རེད་མ་གཏོགས་བླ་སྤྲུལ་རྩ་བའི་རྩེ་ལ་བཞག་དགོས་པའི་ཆོས་ལུགས་ཤིག་མ་རེད། མ་གྱུར་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་དགའ་ཞེན་ཡོད་དགོས་པ་ལས་རྟོག་བཟོས་སྤྲུལ་སྐུ་དང་སྲུང་མ་ལ་བརྩེ་བ་དང་དགའ་ཞེན་ཡོད་དགོས་པ་ཞིག་མ་རེད།་་་ཧཧཧཧ ཁ་ལ་ཉོན་པོ་བྱས་ན་་་རྗེས་སུ་མུ་མཐུད་ནས་སློབ་ཁྲིད་བྱེད་ཆོག
ཅོ་རི་ལ ངས་ཁྱོད་འདྲ་འདྲའི་་སྨྱོ་བཤད་བརྒྱག་མཁན་ཞིག་དགེ་རྒན་ལ་བསྟན་ཚེ་ཉིན་ལྔའི་རིང་ལ་བྱ་མགོ་{ བླུན་པོའི་དོན } ཆགས་ས་རེད། ཧ་ཧ་ཧ ཁྱོའི་ལན་འདི་འདྲ་ཞིག་ཡིག་ངོ་མི་ཆོད་པའི་ཨ་མ་རྒན་མོ་ཞིག་གིས་་ཀྱང་འཁྱོངས་ཀྱིན་རེད་ཡ། ད་རང་གི་མཚང་ཕྱིར་བཏོན་ཀི་མ་འདུག ཨ་དྲིན་ཆེན་པོ ཁྱོད་ལ་ཅིག་ཡོད་པ་དེ་མི་ཤེས་ཤེས་རློམ་གྱིས་མཁས་ཉམས་སྟོན་རྒྱུ་དང་། སྐྱེས་མཆོག་ཚོར་རྒོལ་ངན་བཙུགས་ནས་རང་ལྟོ་དང་རང་གི་མཚན་སྙན་འཚོལ་བསྙེག་བྱེད་རྒྱུ་དེ་རེད། ཨ་ཨ་་ཨ་་་ཅོ་རི་འདིས་་་རང་ལྟོ་དང་རང་གི་མཚན་སྙན་འཚོལ་སྟངས་འདི་འདྲ་སྡུག་ཐུག་ཞིག་ ངོ་མ་ཡིད་སྐྱོ་ཀི་ཡ་་་་་་
དཀར་མཛེས་གངས་ཕྲུག་གི་མིང་འོག་ཏུ་ཡོད་པའི་མི་ཁྱོད་ཀྱིས་དཀར་འཛེས་ཅེས་མིང་འདི་ཁུར་ཆོག་པའི་ཐོབ་ཐང་ག་རེ་ཡོད་དམ། དང་པོར། ཁྱོད་རང་ངོ་སྤྲོད་ཤིག་བྱོས་དང་། དཀར་མཛེས་ག་ནས་ཡིན་མིན། ད་ལྟའི་སྡོད་གནས་ག་པ་ཡིན་མིན། ༧རྒྱལ་བ་རིན་པོ་རིན་མགོ་ལ་བཞག་ནས་ངོ་སྤྲོད་ཤིག་བྱོས་དང་་་་དེ་ནས་དཀར་མཛེས་བ་ཡིན་མིན་ཤེས་འོང་།
དེ་འདྲ་མི་ནུས་ན་དཀར་མཛེས་ཅེས་པའི་མིང་འདི་ཁུར་མ་ཡོང་ཨ་་་ཟེར་གྱི་ཡིན།
ཨེ་་་་་་བྱ་མིང་ཅན། ཨ་མ་རྒད་མོ་ཟེར་ནས་མཐོང་ཆུང་བྱེད་མཁན་གྱི་མི་ཞིག་ལ་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཕྱོགས་ནས་ཤེས་ཚོད་ཀྱི་དྲི་ཙམ་མི་དྲོ་བའི་རྟགས་རེད། ཨ་མ་རྒད་མོ་ཟེར་ནས་མཐོང་ཆུང་བྱས་་་་ངོ་མ་མྱི་ཁྱོད་ལ་པག་རྟགས་འདུག་་་ཧཧཧ ངས་བལྟས་ན་ཁྱོད་རང་རྡ་སའི་སྐུ་ངོ་ཇག་དཔོན་ཞིག་གིོ་རྐུབ་་གཡོག་བྱས་ནས་ལྟོ་འཚོལ་གྱི་མེད་དམ་བསམས་ཀྱི་འདུག
ཅོ་ཉི་སོགས་གཟིགས་དང་། ནོར་བ་ལ་ནོར་བ་ངོས་འཛིན་གནང་འདུག་པ་ལས། ནོར་བ་འགྲིག་ཐབས་ཀྱི་འགྲེལ་བཤད་རྒྱབ་མི་འདུག་ བསྟན་གྲོལ་ནས་ད་བར་དགོངས་དག་ཞུ་སོང་ངམ། ཁོ་སྒྱུ་རྩལ་ང་རྒྱལ་ཅན་ཞིག་དང་། གཡོ་སྒྱུ་ཅན། ཕྱོགས་ལྷུང་ཅན་ཡིན་པ་གསལ་པོ་རེད། གསར་གཏོད་ཚོས་དུས་ནམ་ཡིན་ལ། དགོངས་དག་དང་སྐྱོན་གསལ་ཞུ་ཐུབ་ན་རང་གི་མངོན་འདོད་ལམ་འགྲོ་ཡོང་བར་ཤིན་ཏུ་ཕན། དེ་མིན་བོད་པ་ཚོ་མ་ཤེས་མ་འཇོན་རྐྱང་ལབ་བསྡད་ནས་ཅི་ཕན། དང་པོ་རང་སྐྱོན་ངོ་ཤེས་པ་དགོས་པ་ནི་ལས་འགུལ་གང་ལའང་མཚུངས་པ་རེད།
http://www.tibettimes.net/news.php?showfooter=1&id=9366
ཅོ་རི་འདྲ་བའི་ཁྱི་རྒན་དེ་ཚོའི་མི་རྒྱུད་ཁོ་རང་བོད་མ་ཤོར་གོང་ནས་རྒྱ་ཡི་རྒྱུག་ཁྱི་བྱས་ནས་བསྡད་པ་རེད་བྱས་ཙང་བཀའ་དྲིན་ཟེར་བའི་ཚིག་སྒྲུབ་དེ་མི་དེ་ཚོའི་གོ་བ་ལེན་ཐུབ་ཀྱི་མ་རེད་ ཁོ་ཚོ་ལ་དགོས་ཡས་དེ་རྒྱུ་དང་དངུལ་ལོར་རེད་དེའི་ཆེད་དུ་སོ་སོའི་ཕ་མ་སྤུན་མཆེད་ཡིན་ཡང་དངུལ་ལོར་གྱིས་ཆེད་དུ་ཙོང་ཐག་གཅོད་རེད་ བྱས་ཙང་ལྷག་བསམ་དང་བཀའ་དྲིན་བསམ་ཤེས་ཅན་གྱི་བོད་རིགས་སྤུན་ཟླ་ཚོ་མི་དེ་ཚོ་ལ་ནམ་ཡང་ཡ་བྱེད་རྒྱུ་མེད་རེད་
ཅོ་རི་་་་་་་ཁྱོད་ད་ངོ་མ་ཚོད་དཔག་ར་བྱེད་མི་ཤེས་དགོས་ཀི་ཡ་་་་ཧ་ཧ་ཧ་་་ཧ་་་་རྒན་མོའི་རྐུབ་འོག་ནས་འཚོལ་རྒྱུ་ལས་་དེ་ཧྲ་ཀི་པ་ཧཧཧཧཧཧ
ཧཧཧཧ་་་་་ང་ཨེ་་མཚོ་མགོ་ནས་ཡིན་་་་་ད་ཤེས་སོང་ངམ་་་ཨ་ཁོ་རེ་་་་ལྷ་དང་བླ་མ་ལ་དད་ལོག་སོང་ན་དམྱལ་བར་ལྷུང་ཡོང་་་་མཎི་དུང་་་་ལབ་ཡིན་གོ
བྱ་གཞུང་་་བྱ་མིང་ཅན། ཁྱོད་ཀྱིས་ཨ་མ་རྒད་མོ་ཟེར་ནས་མཐོང་ཆུང་དང་ཁྱད་གསོད་བྱས་པ་འདིས་ང་ཅོ་རི་སྙིང་ལ་རྒྱག་སོང་། ཐབ་ཚང་ནང་དུ་ཁ་ལག་བཟོ་བཞིན་བཟོ་བཞིན་ཁོང་ཁྲོ་ལངས་ཡོང་གི་འདུག པག་ཕྲུག་ཁྱོད་ཀྱིས་ཉོན་ཨ།
འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་སྐྱེས་ཕོ་རབ་ཚོས་ཨ་མ་རྒད་མོར་རྩ་བའི་རྩེ་ལ་བཞག་གི་རེད། གུས་བཀུར་ཚོད་མཐོ་བྱེད་ཀྱིན་རེད། ཨ་མ་རྒད་མོ་ཞིག་གིས་འགྲམ་ལྕག་ཞིག་རྒྱག་ནའང་མགོ་བོ་སྒུག་ནས་བསྡད་ཀྱི་རེད། དེ་འདྲ་བའི་བུ་ལ་སྐྱེས་ཕོ་རབ་ཟེར་བ། ཟས་ཞིབ་པོ་ཞིག་ཡོད་ན་ཨ་མ་རྒད་མོའི་ཁ་ལ་སྤྲོད་ཀྱིན་རེད། གོས་འཇམ་པོ་ཞིག་ཡོད་ན་ཨ་མ་རྒད་མོ་ལ་གོན་གི་རེད། དུས་རྒྱུན་དུ་ཁ་བཟང་དང་ཚིག་བཟང་བཤད་ཀྱིན་རེད། བུ་དེ་འདྲ་སྐྱེས་པ་ཕོ་ཟེར་ལེ་རེད་གོ་་་་ཁོ་རེ།
གཉིས་པ། དམ་པའི་ལྷ་ཆོས་ཀྱི་ཕྱོགས་ནས་བཤད་ན་ཐེག་པ་ཆེན་པོ་ཆོས་ལ་སློབ་སྦྱོང་བྱེད་མཁན་ཞིག་ངོས་ནས་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཀྱིན་རེད། ཐོག་མར་མ་ཤེས་དང་དྲིན་དྲན་ལ་བློ་སྦྱོང་གི་རེད། ཨ་མ་རྒད་མོ་ལ་མཐོང་ཆུང་བྱེད་མཁན་གྱི་སྐྱེ་བོ་ཞིག་ཡིན་ཐེག་ཆེན་ཆོས་པའི་དྲི་མ་ཙམ་མི་ཁ།་་་ཁོ་རེ།
གསུམ་པ། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བལྟས་ན་ཕོ་མཐའ་གླུད་རྫས་འདྲ་བ་ཚོས་མ་རྒན་སྒོ་རྒྱབ་ཏུ་ཕུད་ཀྱིན་རེད། མནའ་མ་འཆལ་མོ་ཞིག་གི་མཉམ་དུ་སྡོད་ཀྱི་རེད། མྱི་དྲག་བླ་དྲག་དང་ཐུག་དུས་སུག་བཞི་ས་ལ་བཙུགས་ནས་ལྕེ་ཡང་ཁྱི་ལྟར་བརྐྱངས་ཀྱིན་རེད། ཉམ་ཆུང་བའི་སྐྱེ་བོ་ཞིག་དང་ཐུག་དུས་དམར་སྟག་གི་མཆེ་བ་ཡོད་མདོག་སྟོན་གི་རེད། དེ་འདྲ་བའི་བུ་ལ་ཕོ་མཐའ་གླུད་རྫས་་ཟེར་ལེ་རེད་་་་ཁོ་རེ།
ཨ་མ་རྒད་མོ་ཐུབ་དུས་ཁ་ངན་དང་ཚིག་ངན་ལབ་ཀྱིན་རེད། ཟས་ཞིམ་པོ་ཞིག་ཡོད་ན་མནའ་མའི་ཁ་ལ་བླུག་གི་རེད། གདོང་དགྲ་དང་ཐུག་དུས་ཞི་བདེ་བཤད་ལེ་རེད། གཉེན་ཕུ་ནུའི་ཐོག་ཏུ་གྲི་འགོ་འཇུ་ལེ་རེད། བུ་དེའི་གྲལ་གྱིས་ཁྱི་རྒན་ཞིག་ཀྱང་ཐུབ་ལེ་མ་རེད་་་་ཁོ་རེ།
ཅོ་རི་ལ རང་་གི་བློ་རིག་དང་སྨྲ་ལྕེ་སོགས་གང་ཐད་ནས་ཨ་མ་རྒན་མོ་དང་འདྲ་ཤད་ཆེ་བས་་་་་་རང་དེ་དང་མཚུངས་དཔེ་སྦྱར་ན་སྙིང་ལ་ན་ཟུག་སྐྱེས་་ན་ཁག་མི་འདུག ཅོ་རི་འདི་ལ་སྙིང་རེ་རྗེ། བཤད་རྒྱུ་གང་ཡང་མ་རེག་པར་ཡང་སྙིང་རྗེ་ཆེ་མདོག་གིས་ཨ་མ་རྒན་མོ་ལ་ཅིག་ཅིག་བྱས་སོང་་་ཉིག་ཉིག་བྱས་སོང་ཟེར་ཀི་འདུག་་་་ཧཧཧཧཧ་་་ཁྱོད་ལ་དེ་འདྲའི་གུས་བརྩི་དང་སྙིང་རྗེ་ཞིག་མེད་པ་ནམ་ལང་ཉི་མ་ཤར་ཤར་རེད་ཚང་མའི་སེམས་ལ་འཕྲིགས་སེ་ཡིན་ནི་རེད། གཞན་པ་ཕར་ཞོག རང་གི་ཨ་མའི་བཀའ་དྲིན་་ཡང་བསམ་ཤེས་ཐུབ་ཀྱིན་མེད་པའི་མི་ཞིག་ཡིན་པ་་་ག་རེ་རྫིག་རྫིག་བྱེད་ཀི་ཡོད།
ཕཻ། རྨོངས་དད་ཀྱི་ཆོ་ག་མཁན།།
ཏང་ཕྲུག་གི་རྣམ་པ་འཛིན།།
ཏང་ཕྲུག་འགའ་བྲན་ཏུ་བཀོལ།།
དོལ་ཕྲུག་གི་ཅོ་རུལ་ལ།།
ཁྱི་བརླུག་གི་ཚོད་མ་འབུལ།།
མུར་མུར་ནས་མ་འཛད་ཀྱི་བར།།
ཁ་སྐྱག་དྲི་ཡི་འཚུབས་སེ་འཚུབ་སེ་བར།།
བོད་མི་རིགས་ལ་མ་དམོད་ཅིག།།
བོད་ཁ་བརྡར་ལ་ཏྲེ་ཧོར་ཡིན།།
རྒྱའི་ཁ་བརྡར་ལ་རྒྱ་མཚོ་ཆེ།།
དམ་སྲི་དང་མའོ་དཔོན་གྱིས།།
གཅིན་ཁུ་སྐྱག་ཁུ་དབུལ།།
མང་པོ་ཞིག་གིས་མཐའ་དེད་ན་གོང་ས་མཆོག་བོད་ལ་བཀའ་དྲིན་ཆེན་པོ་ཡིན་པས་བོད་ཀྱིས་ཁོང་གི་བཀའ་དྲིན་འཇལ་དགོས་ཤིང་། གལ་སྲིད་བོད་མི་ཞིག་གིས་ཁོང་གི་བཀའ་དྲིན་འཇལ་མ་ནུས་བ་འམ། དེ་ལ་བསམ་ཤེས་མེད་ན་ཀླ་ཀློ་བརྩི་མཁན་གྱི་མི་མང་པོ་ཞིག་འདུག ངས་བསམ་ན་བོད་མི་ཚོ་གོང་ས་མཆོག་ལ་བཀའ་དྲིན་ཆེ་བ་ཞིག གོང་ས་མཆོག་བོད་ལ་བཀའ་དྲིན་ཆེན་པོ་མ་རེད། བོད་མི་མང་པོ་ཞིག་གིས་གོང་ས་མཆོག་ལ་དད་གུས་ཚད་མེད་བྱས་མིན་ལ་མ་ལྟོས་བ། ཁོང་གིས་རྒྱལ་ཚོགས་ཀྱི་དབུ་ཁྲིད་ལྟར་འཛམ་གླིང་སྤྱིའི་གནད་དོན་ལས། བོད་དོན་ཉུང་བ་གླེང་གི་ཡོད། གལ་སྲིད་བོད་མི་མང་གིས་གོང་ས་མཆོག་ལ་བཀུར་བཀུར་ཞིག་ཕྱི་མི་སུ་ཞིག་ལ་བཀུར་ཡང་། དེས་བོད་མི་རྣམས་ལ་ཡག་པོ་བྱེད་ངེས་རེད། ང་ཚོ་ལྟ་བུ་སུས་ཀྱང་བཀུར་མཁན་དང་རེ་བ་བྱེད་མཁན། ཡིད་ཆེས་བྱེད་དཀོན་པའི་མི་དག་གིས་ཀྱང་རང་དོན་གྱི་ཞོར་དུ་བོད་དོན་གླེང་གི་ཡོད། གུས་བཀུར་དང་རེ་བ་བྱེད་ཡུལ། ལྷག་པར་དུ་ལྷ་ལྟར་མཆོག་མཁན་གྱི་མི་ཞིག་གིས་རང་ལ་དེ་ལྟར་བྱེད་མཁན་ལ་བྱམས་སྐྱོང་བྱེད་དགོས་བ། ཚད་ལྡན་གྱི་མི་ཞིག་གི་གོམས་གཤིས་ཡིན་པས་གོང་ས་མཆོག་གིས་བོད་དོན་དང་། མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་ཀྱང་། དེ་ལྟར་བཀའ་དྲིན་བསམ་ཤེས་སུ་སྒོམ་དགོས་མེད། རྒྱུ་མཚན་ནི། གོང་ས་མཆོག་གིས་བོད་ལ་ཕན་ཐོགས་པ་ལས། བོད་ཀྱིས་ཁོང་ལ་ཕན་ཐོགས་པ་མང་པས་ཡིན། ཡིན་ཏེ། བོད་པ་ཚོས་དེ་ལྟར་མ་བཀུར་ན་གོང་ས་མཆོག་ནི་རང་བཞིན་གྱི་སྐྱེས་བོ་ཕལ་བ་ཞིག་ཡིན་པས་ཡིན། མ་ཟད་ཕན་ཐོགས་པ་ཙམ་གྱིས་བཀའ་གསུངས་ཅི་སྒྲུབ་བྱེད་དགོས་ཚེ། རྒྱ་ནག་གི་དྲིན་གྱིས་སྐྱོང་བའི་བོད་མི་རྣམས་ཀྱིས་རྒྱ་ནག་གི་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་ཤིང་། དེ་ལྟར་གྱུར་ན། འཇིག་རྟེན་འདི་གཉའ་གནོན་རང་དབང་དཀའ་ལ། སྐྱར་ཟློས་ལས་གསར་བཏོད་མེད་པའི་འགོག་རྐྱེན་ཡོད།
ངོ་ཚའི་ཚིག་དོན་མི་རྟོགས་པའི་མི་གཤིས་རུལ་ཟིན་པའི་ཅོ་རི་དབུ་བཞུགས་པའི་རྗེས་འབྲངས་པ་ཚོས་བཀའ་དྲིན་བསམ་ཤེས་སྐོར་གྱི་སྐད་འགོ་མཐོ་དུས་ངོ་མ་བགད་མོ་རྐུབ་ནས་ཤོར་སོང་། ཁྱེད་ཚོས་བདེན་པ་ཡོད་དོག་དང་དྲང་བདེན་ཡིན་དོག་ད་དུང་མི་རིགས་ཀྱི་ལ་རྒྱ་ཡོད་དོག་ངང་ནས་མི་རིགས་དེའི་རུས་རྐང་དང་དེའི་འགན་ཁྲི་འཁུར་མཁན་རྣམས་ལ་དུས་ནམ་ཁོམ་ལ་ཤ་ཁྱི་སྐར་མར་ཟུག་ཟུག་དེ་འདྲ་བྱེད་དུས་ཁྱེད་ཚོར་བཀའ་དྲིན་བསམ་ཤེས་ཟེར་བའི་ཚིག་དེ་བཤད་པའི་ཐོབ་ཐང་མིན་འདུག ལར་གོང་གི་ཨ་ནུའི་སྐད་ཆར་བལྟས་ན་ཨ་མའི་བཀའ་དྲིན་ཡང་མི་དྲན་མཁན་ཞིག་ཡིན་བཟོ་འདུག ངོ་མ་ཁྱེད་ཚོར་བདུད་ཀྱི་བྱིན་རླབས་བཞུགས་པ་ཡིན་བཟོ་འདུག
ངས་གོང་དུ་ཞུས་བ་བཞིན་བཀའ་དྲིན་ཞེས་བའི་སྐད་ཆ་བཤད་ས་ཡོད་ན། བོད་མི་མང་གོང་ས་མཆོག་ལ་བཀའ་དྲིན་ཆེན་པོ་རེད། གོང་ས་མཆོག་གི་ལག་འོག་ནས་བོད་ས་ཤོར་མིན་ལ་མ་ལྟོས་བ་བོད་པ་མང་ཤོས་ཀྱིས་ཁོང་ལ་གུས་བཀུར་བྱེད་པ་ཙམ་མ་ཟད། རྔུལ་ཁྲག་ལས་བསགས་པའི་དངུལ་དངོས་མང་པོ་ཞིག་གོང་ས་མཆོག་ལ་ཕུལ་བཞིན་ཡོད། ཡིད་ཆེས་མེད་ན། སྐུ་སྒེར་ཡིག་ཚང་གི་སྒོ་རུ་ཕྱིན་དང། རྟོགས་ངེས་རེད།
བོད་མི་མང་གོང་ས་མཆོག་ལ་བཀའ་དྲིན་ཇི་ལྟར་ཆེ་སོང་བ་རེད། ཁོང་ལ་གུས་བཀུར་བྱས་པ་ཙམ་གྱིས་བཀའ་དྲིན་ཆེན་པོ་རེད་ཟེར་བ་ཡིན་ན། འོ་ན་ཕ་མ་བུ་ཕྲུག་ལ་བཀའ་དྲིན་མི་ཆེ་བར་བུ་ཕྲུག་ཕ་མ་ལ་བཀའ་དྲིན་ཆེན་པོ་རེད་ཟེར་རྒྱུ་ཡིན་ནམ། བུ་ཕྲུག་ཕལ་མོ་ཆེས་སོ་སོའི་ཕ་མ་ལ་གུས་སྐུར་ཆེན་པོ་བྱེད་ཀྱི་ཡོད་པས་སོ། པད་ཤག་ཕུལ་བས་བཀའ་དྲིན་ཆེན་པོ་རེད་ཟེར་བ་ཡིན་ན་དེ་བསམ་བློ་མ་བཏང་བའི་སྐད་ཆ་རེད། གོང་ས་མཆོག་ལ་པད་ཤག་གང་ཡོང་བ་བོད་གཞུང་དམངས་གཉིས་ཀྱི་གཙོས་པའི་ཉམ་ཐག་མི་མང་གི་ཆེད་དུ་བཏང་གཏན་གི་ཡོད་པ་ལས་ཁོང་ཅིག་པུས་བེད་སྤྱོད་བཏང་གནང་གི་མེད་པ་གསལ་པོ་རེད། ད་དུང་བཙན་བྱོལ་ནང་གི་སྒྲིག་འཛུག་དང་སློབ་གྲྭ་ཁག་སོགས་ཕལ་མོ་ཆེར་ར་ཁོང་གི་མཚན་གནས་རྗེས་འབྲེལ་གྱི་སྟེང་ནས་ཕྱིའི་རོག་དངུལ་རག་གི་ཡོད་པ་རེད། དེས་ན་འདི་ལྟ་བུ་བཤད་མཁན་ནི་བཀའ་དྲིན་ལ་བསམ་ཤེས་མེད་པའི་མི་བུ་བསམ་མེད་དག་ཡིན་པ་གསལ་པོ་རེད།
ཡང་རྒྱུད་རློམ་པ་དེས་༧སྐྱབས་མགོན་རིན་པོ་ཆེར་མི་མང་གིས་ཕུལ་བའི་དད་རྫས་ལ་མིག་ཚ་བའི་སྐད་ཆ་བཤད་བཞིན་འདུག
དེ་ནི་རང་རྒྱུ་རང་གིས་ཕུལ་འོས་པའི་ཡོན་གནས་ཤིག་ལ་རང་དབང་གིས་ཕུལ་བ་ལས་༧སྐྱབས་མགོན་རིན་པོ་ཆེས་བཙན་བསྡུ་གནང་བ་ཞིག་རྩ་བ་ནས་མིན་པ་དེ་ཁྱེད་ཀྱིས་ཤེས་དགོས། མ་ཟད་ཁྱེད་ཀྱིས་ཀྱང་འབུལ་དངོས་དེའི་ཆ་ཤས་ཤིག་སྐྱབས་མགོན་རིན་པོ་ཆེའི་ཕྱག་བརྒྱུད་ནས་ཡུལ་གནས་ག་གེ་མོ་ནས་ཟས་ཡོད་པ་ཐག་ཆོད། ཁྱོད་ཀྱིས་༧སྐྱབས་མགོན་རིན་པོ་ཆེའི་ཕྱག་འོག་ནས་བོད་ས་ཤོར་བ་རེད་ཟེར། བྱས་ན་ཁྱེད་ཀྱི་ཁ་དེ་དང་ལག་པ་དེ་ཁྱེར་ནས་བོད་ལེན་དང་། ངས་ཁྱེད་ལ་གུས་བརྩི་བཞུས་ཆོག དེ་མིན་ཉིན་ཞག་ཕྲུགས་གཅིག་རང་གི་འཚོ་གནས་ཆེད་དུ་ས་རྒྱུག་གནམ་རྒྱུག་བྱེད་བཞིན་རང་གི་རང་དབང་གཞན་ལ་དངོས་དངུས་ཆེད་དུ་བཙོང་ནས་རང་མི་རིགས་དང་དེའི་སྣེ་ཁྲིད་པར་རྒོལ་བའི་བྱ་བ་ལ་བརྩོན་པ་ནི་མེས་པོའི་རྐང་འདྲེན་རང་ཡིན། ད་དུང་བཀའ་དྲིན་གྱི་སྐོར་ལ་ཧམ་པ་ཆེན་པོས་སྐྱག་ལག་འཆང་བ་ནི་འཆོལ་གཏམ་རང་རེད།
བོད་མིས་ཕུལ་བ་དེ་དད་རྫས་ཡིན་པས་བཀའ་དྲིན་དྲན་མི་དགོས་ཡ་དང་། སྐུ་མདུན་གྱིས་གནང་བ་དེ་དད་རྫས་མིན་པས་བཀའ་དྲིན་དྲན་དགོས་བ་ཞིག་རེད་དམ། དེ་ལྟར་ཡིན་ན། དྲང་བདེན་དང་རྒྱུ་འབྲས་ཟེར་བའི་སྐད་ཆ་མི་འདུག བོད་མི་མེད་ན་གོང་ལ་མཆོག་ལ་ཕྱི་རོལ་ན་རོགས་དངུལ་ག་འདྲ་བྱས་ནས་རེག་དགོས་རེད་དམ། དགོན་པ་རྒྱག་བྱེད་དུ་སྦྱིན་བདག་ཁ་ཤས་རེག་སྲིད་པ་ལས་གཞན་དུ་ཁག་པོ་རེད། སློབ་གྲྭ་རྒྱག་རྒྱུའང་གཙོ་བོ་ནེ་རོ་ཡི་དགོངས་བ་རེད། སློབ་གྲྭ་རྒྱག་པས་བཀའ་དྲིན་ཞུ་དགོས་དྲན་ན་ནེ་རོ་ལ་གཙོ་བོ་ཞུ་དགོས་བ་ལས། གཞན་རྣམས་ཕལ་བ་རེད། སློབ་གྲྭ་མང་པོའི་སྦྱིན་བདག་ཀྱང་རྒྱ་གར་སྲིད་གཞུང་རེད།
ཧཧ། རང་ཁ་རང་གསོ་ཡི་ཆེད་དུ་མི་རྒྱུག་པ་སུ་ཞིག་གིས་ང་ལ་རིན་མེད་དུ་སྤྲད་མཁན་མེད་པས་ཡིན། གལ་སྲིད་ང་ལ་ཡང་བོད་མི་རྣམས་ཀྱིས་བླ་ཆེན་ཚོ་ཕུལ་བ་བཞིན་དངུལ་དངོས་ཕུལ་ན། འཚོ་བའི་ཆེད་དུ་རྒྱུག་མི་དགོས་བ་དུས་ཚོད་ཡོད་ཚད་བོད་དོན་དུ་བཏང་ཆོག་ལ། ཕྲན་ལྟར་བཏང་མཁན་ཡང་མང་པོ་ཡོད་བ་རེད། འོན་ཀྱང་། བླ་ཆེན་རྣམས་བོད་མི་རྣམས་གྱིས་གང་འདོད་དུ་འབུལ་བཞིན་ཡོད་ཀྱང་། ཁོང་ཚོའི་ཁྲོད་ནས་རང་གི་ཆོས་རྒྱུད་དང་དགོན་སྡེ་གསར་སྐྲུན་ལ་འབད་མཁན་ལས། བོད་དོན་གླེང་མཁན་ཧ་ཅང་གི་ཉུང་ཉུང་རེད། གལ་སྲིད་བོད་དོན་གླེང་བ་ཡིན་ན། ཆབ་སྲིད་ཡིན་ཞིང་། ཆོས་པས་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་ཟེར་ནས་བཞུགས་མཁན་མི་ཉུང་བ་འདུག ང་ཚོའི་བོད་དོན་གླེང་ཞིང་། ལྷད་མེད་ཀྱི་སེམས་འཁུར་བྱེད་པ་ནི་ལྷད་མེད་ཀྱི་དུང་ཞེན་ཡིན་པ་ལས། སུ་ཞིག་གིས་ཀྱང་བོད་དོན་གླེང་བ་ཡིན་ན་དངུལ་དངོས་ཀྱི་རོགས་བྱེད་ཟེར་མཁན་བྱུང་མ་མྱོང་ལ། དེ་ལྟར་བྱེད་པའི་རེ་བ་བྱེད་མཁན་ཡང་ཉུང་ཉུང་རེད། ཅི་སྒྲུབ་དང་བླངས་ལས་རིན་པ་འབབ་ཀྱིན་མེད། འོན་ཀྱང་། བོད་ཀྱི་དབུ་ཁྲིད་ཚོ་དང་བླ་ཆེན་རྣམས་ལ་རིན་པ་འབབ་ཀྱིན་ཡོད་བ་རེད། མི་མང་གིས་རེ་བ་བྱེད་ཀྱིན་ཡོད་བ་རེད། རེ་བས་རྔུལ་ཁྲག་གིས་བསགས་པའི་དངུལ་དངོས་ཕུལ་བཞིན་ཡོད་བ་རེད། དེ་དག་གི་གྲགས་པ་དང་མངའ་ཐང་རྒྱས་བྱེད་དུ་བཏང་བ་ཡིན་ན་ལོག་འཚོ་རེད།
བོད་ཀྱི་དབུ་ཁྲིད་རྣམས་ཀྱིས་མི་མང་གི་སྣེ་མ་ཁྲིད་པ་ང་ཚོ་ལྟ་བུ་མི་སེར་ཕལ་བ་ཞིག་བོད་དོན་་གྱི་ཆེད་དུ་ཤི་ཡང་རང་གི་སྡུག་གྱོང་ལས་གྲུབ་འབྲས་རེད། རྒྱུ་མཚན་ནི། བོད་མི་མང་ནི་བོད་ཀྱི་དབུ་ཚོའི་ལག་པ་ནས་ཡོད་བ་ལས་མི་མང་ཕལ་བའི་ལག་ཏུ་མེད་པས། དབུ་ཁྲིད་ཅིག་གི་འགྲེལ་ལོག་ཅིག་གིས་མི་སེར་བློས་བཏང་མཐའ་དག་ནག་པོ་བཟོ་ཐུབ། གནས་ཚུལ་འདི་ཙམ་མི་རྟོགས་ཡིན་ན། ཆབ་སྲིད་ལྟ་ཅི་སྤྱི་ཚོགས་ཀྱི་མི་སྡེའི་འགྲོ་སྟངས་ཀྱང་ཡག་པོ་མ་ཤེས་བའི་སྐྱོན་རེད། བོད་ཀྱི་ལས་དབང་འདི་དབུ་ཁྲི་ཚོའི་ལག་ནས་མེད་པ་མི་སེར་ཕལ་ཞིག་གི་ལག་ཏུ་ཡོད་ཅིང་། ཐོབ་ཐུབ་ཡ་ཞིག་ཡིན་ན། དབུ་ཁྲིད་ཟེར་བ་དགོས་མེད་རེད་ལ། མི་མང་གི་དཔུང་རོགས་ཡོང་ཡ་རེ་བ་བྱེད་པའང་དོན་མེད་རེད། ཉིད་ཀྱིས་གསལ་བོ་ཤེས་དགོས་བ་ཞིག་ལ། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ལས་དབང་འདི་ཡུལ་དེའི་རྒྱ་་ཆེའི་མང་ཚོགས་མང་ཤོས་ཀྱི་ལག་ཏུ་ཡོད་བ་ལས་མི་སེར་སྒེར་བ་ཞིག་གི་ལག་ཏུ་མེད། རྒྱ་ཆའི་མང་ཚོགས་ཀྱི་ནུས་བ་གཅིག་ཏུ་སྤུངས་ཐུབ་མིན་དང་། དེ་དག་མངོན་འགྱུར་ཡག་པོ་ཞིག་བྱུང་མིན་ནི་ཡུལ་དེའི་མི་རིགས་ཀྱི་སྣེ་ཁྲིད་པ་དག་གི་ལག་དུ་ཡོད་བ་ལས། མི་སེར་སྒེར་བ་ཞིག་གི་ལག་ཏུ་མེད། དེ་བརྟེན། ཁྱེད་ཀྱིས་ཕྲན་བོད་ལེན་དུ་་རྒྱུག་དང་ཞེས་བ་ནི་ནར་མ་སོན་པའི་བསམ་བློ་ལས། སྤྱི་ཚོགས་ཀྱི་གནས་ཚད་ངེས་རྟོགས་པའི་མི་ཞིག་གིས་དེ་ལྟར་སྨྲ་མི་སྲིད། ཡིན་ཏེ། ང་ལ་བོད་ཀྱི་སྣེ་ཁྲིད་པ་མིན་པས་ཡིན།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་ཚང་མར་བློ་སྒོ་འབྱེད་སོང་། ཐུགས་རྗེ་ཆེ། ངོ་མ་དེ་འདྲ་རེད། གོང་ས་མཆོག་གིས་དབུ་ཁྲིད་ནས་རིན་པོ་ཆེ་དག་གིས་བོད་ལ་བཀའ་དྲིན་རྗེས་དྲན་གྱི་ཉིན་ཞིག་གཏན་ལ་ཕབ་འོས་པ་ཞིག་རེད།
xxx
ཁྱེད་ཀྱིས་བཤད་པའི་སྐད་ཆར་བལྟས་ན་ངན་ཁག་ཚང་མ་༧སྐྱབས་མགོན་རིན་པོ་ཆེའི་དབུ་ཐོག་ཏུ་གཡོགས་རྒྱུ་ལས་ཁྱེད་ཀྱིས་ད་བར་རང་གིས་ཅི་བྱེད་ལ་ལྟ་མྱོང་ཡོད་ས་མ་རེད། མ་ཟད་སྔར་ཡང་བོད་ས་ཤོར་བ་དེ་ཁྱེད་འདྲ་བའི་རྒྱབ་གཏོད་པ་མང་དྲག་པ་དང་། ད་ལྟ་ཡང་དཀའ་ལས་ཁག་པོ་སྟེ་ཁྱེད་འདྲ་བའི་ངོ་ལོག་པ་མང་སོང་བས་རེད། ད་དུང་ཁྱེད་འདྲ་བའི་མི་ངན་མ་རུང་བའི་ཚོགས་ཀྱིས་བོད་ཀྱི་བདེ་སྡུག་ལ་འགན་འཁུར་ལྡན་པའི་སྣེ་ཁྲིད་པ་དག་ལ་སྐྱོན་བརྗོད་དང་སྒྲོ་འདོགས་བྱེད་རྒྱུ་ལས་དེ་དག་གིས་གསུངས་བའི་ལམ་སྟོན་ལ་ཁ་འཛེར་སྣ་འཛེར་བྱེད་པ་དེ་བོད་མའི་ཁྲག་བརྒྱུད་ཀྱི་ཞབས་འདྲེན་དང་ཡང་དགོས་ཁྱེད་ཀྱིས་ཕ་མ་གཉིས་ཀྱི་ཞབས་འདྲེན་ཡིན། ཁྱེད་འདྲ་བའི་ངོ་ལོག་པ་དང་རྒྱབ་གཏོད་པ་གང་མང་ཞིག་གི་བྱེད་སྟངས་ཐ་ཤལ་དེའི་རྣམ་སྨིན་ལས་ཆེ་ས་བོད་རྒྱལ་ཁབ་དང་དེ་ལ་དགའ་གུས་ལྡན་པའི་དེའི་མངའ་ཁོངས་མི་མང་གི་རང་དབང་ཤོར་བ་དང་ཆུང་ས་ངོ་ལོག་པ་ཁྱེད་ཚུན་བཅས་ཀྱི་རང་དབང་ཤོར་བ་རེད།
ངས་ཁྱེད་ལ་བོད་ལེན་དུ་རྒྱུག་དང་ཟེར་བའི་སྐད་ཆ་སྟེ་ནར་མི་གསོན་པའི་བསམ་བློ་ལས། སྤྱི་ཚོགས་ཀྱི་གནས་ཚད་ངེས་རྟོགས་པའི་མི་ཞིག་གིས་དེ་ལྟར་སྨྲ་མི་སྲིད་ཞེས་ཟེར། བྱས་ན་༧རྒྱལ་བ་རིན་པོ་ཆེའི་ལག་འོག་ནས་བོད་ས་ཤོར་བ་རེད་ཟེར་བའི་ངན་ཁག་མི་གཅིག་ལ་དཀྲི་བ་དེ་བསམ་བློ་ནར་སོན་ཞིང་ཁ་ཕྱོགས་འབོར་བའི་རང་ཚོང་བ་ཁྱེད་ཚོའི་སྤྱི་ཚོགས་ཀྱི་གནས་ཚད་རྟོགས་པའི་སྒྲུབ་བྱེད་རེད་དམ། ལར་ཁྱེད་འདྲ་བའི་མི་ཚོས་དྲང་བདེན་དང་རྒྱུ་འབྲས་ཀྱི་སྐད་ཆ་ཁ་ནས་བཏོན་དུས་ཡིད་བློ་བདེ་པོ་ཞིག་འདུག་གམ། རང་ཁ་རང་བཙོང་ནས་གསོ་བཞིན་པའི་ཁྱེད་ཚོར་ཁྱི་ཞིག་གི་མཐོང་ལས་མི་སྤྲད་མཁན་ཚོས་ཁྱེད་ཚོར་ཁྱི་ལྟོ་སྐྲོད་བཞིན་ཡོད་པས་ད་དུང་མུ་མཐུད་ནས་ཁྱི་ཟུག་བརྒྱབ་དགོས། ངོ་མ་མི་ཞིག་གིས་ཁྱི་གོག་བྱེད་དུས་དཀའ་ལས་ཁག་པོ་ཡོད་ཀྱི་རེད་ད། དད་རྫས་ནི་ཡོན་གནས་དམ་པ་ཞིག་ལ་ཕུལ་རྒྱུ་ཡིན་པ་ལས་ཁྱི་གོག་ཞིག་ལ་འབུལ་བྱེད་རྩ་བ་ནས་མ་རེད། དེ་ན་དད་རྫས་ལ་མིག་རིལ་ཧྲིག་ཧྲིག་མ་བྱེད་དེ་ལས་ཁྱི་ལ་མཁོ་བའི་ནང་དཀྲུག་སློང་བྱེད་དང་དེ་མིན་གྱི་རང་རིགས་ལ་རྒོལ་བའི་རུས་པ་འདྲ་བཙལ་བར་རྒྱུག ངོ་མ་ཁྱི་ཕྲུག་དེ་སྙིང་རྗེ།
བོད་པ་ཚོས་སྐུ་མདུན་ལ་ཡར་ཕུལ་བ་ལས་ཁོང་གིས་མར་གནང་བ་ཧ་ཅང་མང་གི་རེད། དེའི་རྒྱུ་མཚན་ནི་ཁོང་གི་པད་ཤག་མང་ཆེ་ཤོས་ནི་ཕྱིའི་རོག་ཚོགས་དང་སྦྱིན་བདག་སོགས་ནས་ཡོང་གི་ཡོད་པ་ལས་བོད་པ་ཚོས་ཕུལ་བཞག་པ་ཞིག་མ་རེད། གལ་ཏེ་ཡིན་པའི་དབང་དུ་བཏང་ཡང་གོང་ས་མཆོག་ནི་ནང་པའི་དགེ་སློང་ཞིག་ཡིན་པས་ཁོང་ལ་པད་ཤག་ཕུལ་བ་དེ་བཀའ་དྲིན་ཆེན་པོ་གང་ཡང་མ་རེད། གོང་ས་མཆོག་ལ་ཕྱིའི་རོག་དངུལ་དེ་དག་བོད་མི་ལ་རྟེན་ནས་རག་གི་ཡོད་པའི་དབང་དུ་བཏང་ཡང་། དེ་དག་ལོངས་སྤྱོད་མཁན་ནི་བོད་མི་ཚོ་ཡིན་པ་ལས་གོང་ས་མཆོག་མིན་པས་བོད་མི་ཚོ་གོང་ས་མཆོག་ལ་བཀའ་དྲིན་ཆེ་བའི་རྒྱུ་མཚན་གང་ཡང་འགྲོ་གི་མ་རེད། སློག་གྲྭ་རྒྱག་རྒྱུ་དེ་ནེ་རུས་དགོངས་འཆར་གཏོན་ཡོད་པ་བདེན་ཡང་སློབ་གྲྭའི་གྲོན་དངུལ་ནི་གོང་ས་མཆོག་དང་བཙན་བྱོལ་གཞུང་གིས་ཐབས་འཚོལ་བྱས་པ་ལས་ནེ་རུས་སྤྲད་པ་མ་རེད། སློབ་གྲྭ་མང་པོའི་སྦྱིན་བདག་རྒྱ་གར་སྲིད་གཞུང་ཡིན་ན། དེ་ཡང་གོང་ས་མཆོག་དང་བཙན་བྱོལ་གཞུང་གི་དབུ་ཁྲིད་ཚོས་རྒྱ་གར་གཞུང་ལ་ཡར་ཞུ་བྱས་ནས་བྱུང་བ་རྒྱ་གར་གཞུང་གིས་འགྲོ་སོང་གཏོང་ས་མ་རག་ནས་སྤྲད་ཡོང་བ་ཞིག་མིན་པ་ཤེས་པར་གྱིས།
བོད་དོན་ཞེས་པ་དེ་སྐད་འབོད་དང་ངོ་རྒོལ་ཁྲོམ་སྐོར་ཅིག་པུ་ལ་གོ་རྒྱུ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མིན་བླ་ཆེན་ཚོས་བོད་དོན་སྒྲུབ་ཀྱི་མེད་པར་བཤད་ན་དེ་ནི་ཧམ་བཤད་རང་རེད། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམ་རྒྱུན་འཛིན་དང་ཉམ་པ་སླར་གསོ། དེ་བཞིན་འཛམ་གླིང་ས་ཕྱོགད་གང་སར་ཁྱབ་སྤེལ་གཏོང་མཁན་ནི་བོད་ཀྱི་བླ་སྤྲུལ་དང་དགོན་སྡེ་ཁག་ཡིན་པ་རེད་ལ། སྐྱ་བོ་ཚོས་རང་ཁ་སོས་ལ་མ་སོས་ལས་འདི་ཚོའི་ཐད་ལ་ཅི་ཡང་འཇོན་གྱི་མེད་པ་ནམ་ལང་ཉི་ཤར་རེད། གཞན་ཡང་བླ་ཆེན་རྣམ་ཀྱིས་དགོན་སྡེ་གསར་སྐྲུན་སོགས་ཀྱི་སྦྱིན་བདག་ནི་མི་རིགས་གཞན་དག་ཡིན་པ་ལས་བོད་པ་སྦྱིན་བདག་ཆེན་པོ་བྱེད་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད། གཉིས་ནས་ང་ཚོས་བོད་དོན་གླེང་གི་ཡོད་ཟེར་ན་དེ་ནི་ངོ་ཚ་མེད་པའི་སྐད་ཆ་རེད། ང་ཁ་བརྡ་དྲ་ཐོག་འདིར་ཡོང་ནས་ལོ་ཤས་ཡིན་ཡང་། ཁྱོད་ཚོས་རྟག་པར་བོད་ཀྱི་ཆོས་ལུགས་དང་རིག་གཞུང་བླ་མ་སོགས་ལ་ཁ་གཏོང་ནས་སྡད་པ་ལས་བོད་དོན་གླེང་གི་ཡོད་པ་ཞིག་མཐོང་མ་མྱོང་། གཉིས་ནས་བོད་བཙན་བྱོལ་གཞུང་ནི་དམངས་གཙོ་ཡང་དག་པའི་གཞུང་ཞིག་རེད་ལ། ད་ལྟའི་དབུ་ཁྲིད་ཚོ་ཡང་བོད་མི་མང་གིས་འོས་ཤོག་བླུག་ནས་གདམ་བཞག་པ་ཞིག་ཡིན་པས་མི་མང་དབུ་ཁྲིད་ཚོའི་ལག་ན་ཡོད་པར་བཤད་པ་ནི་ལོག་བཤད་རང་རེད། དེང་སང་ཐ་ན་བོད་མིའི་མགོན་སྐྱབས་གོང་ས་མཆོག་ལ་ཡང་དྲ་ཐོག་ནས་ཚིག་མཚོན་གང་བྱུང་བཏབ་ཆོག་པ་འདི་མི་མང་ལ་རང་དབང་ཡོད་པ་ལས་དབུ་ཁྲིད་ཚོས་གང་བྱས་མིན་པའི་གཏན་ཚིག་ཡང་དག་རེད། བོད་ཀྱི་བདག་པོ་ནི་བོད་རྒྱ་ཆེའི་མི་མང་རེད་ལ་རང་ཉིད་ཀྱང་བོད་རྒྱ་ཆེའི་མིང་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས་བོད་མི་མི་རེ་ངོ་རེ་ལ་འགན་ཡོད་པས། ང་བོད་ཀྱི་སྣེ་ཁྲིད་པ་མིན་པས་ང་ལ་འགན་ཁུར་མེད་ཟེར་ན་དེ་ནི་རང་འགན་མ་ཁུར་བའི་སྐད་ཆ་རེད།
ཕྱོགས་རིས་གདོན་ནད་ཀྱིས་ཟིན་པའི་སྐྱེ་བོ་རེ་འགའི་བྱ་སྤྱོད། རང་ཉིད་དགའ་ས་དང་དུང་སའི་མི་བུ་ཞིག་གིས་བྱ་བ་སྣ་རེ་ཙམ་སྤེལ་བ་ཡིན་ན་ས་སྟེང་དུ་མི་ཤོང་པའི་བསྟོད་ར་འུར་སྒྲོག རང་ཉིད་མི་དགའ་སའི་མི་བུ་ཞིག་གིས་འོད་སྟོང་འབར་བའི་མཛད་རྗེས་འཛམ་གླིང་མི་མང་གི་མིག་སྔར་ཡོད་བཞིན་དུ་མཐོང་བྱེད་ཀྱི་མིག་ཟུང་ཞར་ར་གྱུར་ཟིན་པའི་སྐྱེ་བོ་རང་ལྟ་མཆོག་འཛིན་མཁན་ཚོས་བྱ་སྤྱོད་ལ་ངེས་པར་འབྱུང་ཡོང་གིན་འདུག ། xxxx
གནས་ལུགས་དང་རྒྱུ་མཚན་གྱིས་མ་འདང་ན་ཞེན་འདོད་ཀྱིས་གཞན་ལ་ངན་སྨོས་བྱེད་རྒྱུ་ལས་གཞན་དུ་མེད་པ་ནི་དད་པ་རིང་ལུགས་པ་ཆོའི་ཆོས་ཉིད་རེད། སྐུ་མདུན་དངུལ་དངོས་མི་དགོས་ན་སྐུ་སྒེར་ཡིག་ཚང་གི་ཞབས་འདེབས་བསྡུ་ཁང་སྒོ་རྒྱག་ངེས་ཀྱང་དེ་ལྟར་མི་བྱེད་དགོས་དོན་ཡང་། ཧ་མ་གོ་བའམ་མི་གོ་ཁུལ་བྱེད་པ་ནི་ཞེན་འདོད་དུ་མ་ཕྱིན་ཞིང་། མཐོ་པོ་་ལ་སྤྲེའུ་ལད་བྱེད་པའི་བྱ་སྤྱོད་ལས་གཞན་དུ་མ་མཐོང་། མི་འདིའི་རིགས་ནི་མཐོ་པོ་མ་གཏོགས་གཞན་རྣམས་མིག་ལམ་དུ་མེད་མཁན་ཚོ་རེད་ལ། མཐོ་དམན་གྱི་དབྱེ་བ་ཆེ་བས། ཚེ་གང་འདྲ་མཉམ་དང་རང་དབང་། ཐོབ་ཐང་རླགས་པའི་སྡུག་ངལ་ཆེ། ཡིན་ཡང་། མང་པོ་ཞིག་གཞན་གྱི་བསམ་བློ་སྒྱུར་ཟིན་པས་ཚེ་གང་རང་ཉིད་རང་གིས་རྟོགས་མི་ཐུབ་ཀྱང་། རང་ཉིད་གཞན་གཡོག་བྱེད་པའང་དགའ་བ་སྒོམ་གྱི་ཡོད། དེ་ཚོ་ནི་ཚེ་གང་རང་དབང་རླགས་པའི་བྲན་གཡོག་པ་རྣམས་ཡིན་ཞིང་། ཁོང་འཚོ་བའང་རང་ཉིད་ཀྱི་སླད་དུ་མིན་པ་གཞན་ཞིག་གི་ཆེད་དུ་ཡིན་པས་ཞིབ་ཏུ་བསམ་ན་སྙིང་རྗེ་ཡི་ཡུལ་དུ་ཁུམས།
ཧཧཧ ཨ་ནུ་ཐང་པ་ད་དེ་འདྲ་ཞིག་ལས་བཤད་རྒྱུ་མེད་སོང་བ་ཨེ་རེད། སྐུ་སྒེར་ཡིག་ཚང་གི་ཞལ་འདེབས་སྡུ་ཁང་དེ་སྐུ་མདུན་གྱིས་སྒེར་དངུལ་བསགས་ས་མ་རེད་ད། དེར་ཡོང་བའི་དངུལ་དེ་ཚོ་བོད་གཞུང་དམངས་གཉིས་དང་ཉམ་ཐག་མི་མང་ཚོས་ལོངས་སྤྱོད་ཀྱི་ཡོད་པ་རེད། མཐོ་དམན་སུ་ཡིན་ཡང་བྱ་བ་བཟང་པོ་སྒྲུབ་མཁན་དང་དྲང་བདེན་ལམ་ལ་འགྲོ་མཁན་ཚོར་གུས་བཀུར་དང་རྒྱབ་སྐྱོར་བྱེད་དགོས་པ་ནི་འཇིག་རྟེན་མིའི་བཟང་སྤྱོད་རེད། མཐོན་པོ་ཞིག་གིས་ཅི་ཞིག་བྱས་ཀྱང་སྐྱོན་དུ་མཐོང་བ་དང་དེ་ལ་གུས་བཀུར་བྱེད་ཚད་སྤྲེལ་ལད་དུ་མཐོང་བ་ནི་རང་ཉིང་ང་རྒྱལ་དང་ཕྲག་དོག་ཆེ་བའི་རྟགས་རེད། མི་ངན་པ་ཚོའི་དཔོན་བྱེད་པ་ལས་སྐྱེས་བུ་དམ་པ་ཚོའི་གཡོག་པོ་བྱེད་རྒྱུ་བྱུང་ཡང་དེ་ནི་དགའ་བ་སྒོམ་འོས་པ་ཞིག་རེད། དྲན་གཡོག་ཞེས་པ་ནི་རང་དབང་མེད་པར་དྲན་དུ་བཀོལ་བ་ལ་ཟེར་གྱི་རང་འདོད་ཀྱིས་མི་བཟང་པོ་གོང་དུ་བཀུར་བ་ལ་མི་ཟེར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གློ་དམག་ལ་གནང་བའི་དམག་དངུལ་དག་དམག་མི་ལ་མ་སྤྲད་པ་སུ་ཞིག་གིས་ལྐོག་ཟ་བྱས་བ་རེད། ཤེས་ཀྱིན་ཡོད་དམ། དེ་དག་གི་ལོ་རྒྱུས་དང་། བོད་མི་ཚོས་ཁྲག་རྣག་གིས་བསག་པའི་དངུལ་དངོས་དེ་དག་ཅི་ལྟར་འབུལ་བཞིན་ཡོད་པ་ཤེས་ན་བཀའ་དྲིན་དང་ཡང་དྲིན་གྱི་དེ་ཉིད་རྟོགས་ངེས་རེད། ཨོོ་རེད། ཕར་ལ་ཕུལ་བ་དད་རྫས་དང་དངས་བླངས། བཟང་པོ་ལ་རོགས་སྐྱོར་བྱས་བར་གོ་དགོས་ན། མར་ལ་གནང་བ་སྦྱིན་པ་དང་སྐྱོབ་གསོ། ཚོང་རྫས་ལས་བཀའ་དྲིན་ལ་བགྲང་དགོས་བ་ཅི་ཡིན་ནམ། རིག་པ་མགོ་མཚུངས་རེད། བརྩི་དགོས་ན་གཉིས་ཀ་བཀའ་དྲིན་ལ་བརྩི་དགོས་ལ། བརྩི་མི་དགོས་ན་གཉིས་ཀ་བཀའ་དྲིན་ལ་བརྩི་མི་དགོས་བས། བཀའ་དྲིན་བསམ་ཤེས་དང་། དྲིན་ལོག་ཅེས་བའི་སྐད་ཆ་འདི་ཡོང་ས་མེད། དྲིན་ལོག་ཅེས་བའི་སྐད་ཆ་འདི་ཡོང་ས་ཡོད་ན་གུང་ཁྲན་གྱིས་དྲིན་གྱིས་སྐྱོང་བའི་བོད་མི་ཚོས་ཀྱང་གུང་གཞུང་གི་བཀའ་དྲིན་འཇལ་དགོས་ཤིང་། དེ་འཇལ་ཆེད་དུ་བོད་མིའི་ཐོབ་ཐང་རྩོད་མཁན་ཚོ་ལ་ཁ་རྡུང་བཏང་བ་ལུགས་མཐུན་དུ་འགྱུར་བས་ཡིན།
ཤེས་དང་ཤེས། དེ་དག་ནི་དེའི་སྐབས་ཀྱི་ཆུ་སྒང་གི་དམག་དཔོན་འབའ་པ་རྒན་ཡེ་ཤེས་་ཞེས་པ་དེས་ཟས་པ་རེད་ལ། ད་དུང་བལ་ཡུལ་གཞུང་ལ་མགོ་བཏག་ནས་དམིགས་གསལ་ཐོབ་ཐང་རག་སྟེ་བཙན་བྱོལ་བོད་མི་གཞན་སུ་ལ་མེད་པའི་བལ་ཡུལ་གྱི་ན་རིས་ཏ་ཡོད་པའི་གཞིས་ཆགས་དུས་ད་ལྟ་ཡང་ཡོད་པ་རེད། བོད་མིའི་ཁྲག་གསོག་རྣག་གསོག་བྱས་པའི་དངུལ་དངོས་རྣམ་རང་ཉིད་ཀྱིས་འདོད་མོས་ཐོག་ནས་ཕུལ་བ་ལས་སུས་ཀྱང་བཙན་དབང་བྱས་ནས་བླང་སོང་བ་མ་རེད། བོད་མིའི་ཡར་ཕུལ་བ་ལས་མར་གནང་བ་མང་བ་ཡོད་པ་ངས་གོང་དུ་བཤད་ཡོད་ལ་མདོར་ན་སྐུ་མདུན་གྱི་པད་ཤག་ཕལ་མོ་ཆེ་ནི་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་གི་ཡོད་པ་ལས་བོད་མིའི་ཕུལ་བཞག་པ་ཞིག་མ་རེད། ལར་ནས་བཀའ་དྲིན་རྩི་བ་ཞེས་པ་དེ་དངུལ་དངོས་ཅིག་པུའི་ཐོག་ནས་རྩི་དགོས་པ་ཞིག་མ་རེད། སྐུ་མདུན་གྱིས་ད་བར་དུ་བོད་མིའི་དབུ་ཁྲིད་གནང་སྟེ་ཕྱོགས་གང་ཐད་ནས་སྐུ་ལས་མང་པོ་སྐྱོན་ཡོད་པ་དེ་དག་ཤེས་དགོས།
ད་དུང་བཤད་རྒྱུ་ཞིག་ལ་གུང་ཕྲན་གྱིས་དངོས་གནས་དྲིན་གྱིས་སྐྱང་པའི་བོད་མི་ཞིག་ཡོད་ན་བཀའ་དྲིན་ལ་བསམ་ཤེས་ལོས་དགོས། ཁྱོད་རང་གི་ཞེ་འདོད་ཡང་ཕལ་ཆེར་དེ་ཡིན་མདོག་ཁ་པོ་རེད། འོན་ཀྱང་གུང་ཕྲན་གྱིས་བསམ་པ་རྣམ་དག་གིས་དྲིན་གྱིས་སྐྱང་བཞག་པའི་བོད་མི་ཞིག་ཡོད་པར་མི་འདོད། ཁོ་ཚོས་དངུལ་དངོས་ཅུང་ཟད་རེ་སྤྲད་ཡོད་ན་ཐད་དེ་ནི་རང་ཉིད་ཀྱི་མངོན་མདོད་སྒྲུབ་རྒྱུའི་ཆེད་དུ་ཡིན་པ་འདས་པའི་ལོ་རྒྱུས་ལ་ལྟས་ན་གསལ་པོ་རེད།
རྒྱ་ལོ་དམག་ཕོག་ཟ་མཁན་རེད། རྒྱ་རི་ཁེ་བཟང་ལེན་མཁན་རེད། རྒྱ་ལ་ཁ་བསྐོར་བྱས་པའི་དུས། གཉིས་ཀ་རྒྱལ་བའི་དུས་སྐལ་ཕྲ།
དངུལ་དངོས་ལ་རང་གི་རང་དབང་བཙོང་ཟིན་པའི་རྒྱ་ཁྱི་ཚོས་གནས་ལུགས་དང་རྒྱུ་མཚན་ཁ་ལ་ཁྱེར་ནས་དོན་དམ་དུ་ཧམ་པ་བཤད་ནས་མི་གསོན་པོ་ཁྱུར་མིད་བཏོང་རྩིས་བྱེད་པ་ནི་གནས་ལུགས་ལ་འགྲོ་ས་མེད་ལ་རྒྱུ་མཚན་ལ་ཡང་ཁག་དཀྲི་འདོགས་ས་རྩ་བ་ནས་མེད་ཀྱང་ད་དུང་མུ་མཐུད་ནས་མཆོངས་རྐྱང་བྱེད་པ་ནི་སྙིང་རྗེ་སྐྱེས་འོས་པའི་དད་མེད་དང་མི་གཤིས་བཙོང་ཟིན་པའི་ཁྱི་གོག་ངན་པའི་སྐྱུག་བྲོ་བའི་བྱེད་སྟངས་ཡིན་པས་ངོ་མ་ཁྱི་ཕྲུག་དེ་ཚོར་སྙིང་རྗེ། དེའི་རིགས་ཀྱིས་མཐོ་བ་༧ སྐྱབས་མགོན་རིན་པོ་ཆེ་དང་ཆུང་བ་གད་པ་ཡན་ཆད་བོད་མི་རིགས་ཀྱི་བདེ་དོན་ལ་ཕན་པའི་ལས་ཀྱི་འགན་འཁུར་བ་དང་བོད་མི་རིགས་ཀྱི་ལ་རྒྱ་བསྟན་བསྲུང་བྱེད་མི་ཀུན་ལ་དངོས་ཤུགས་རྒྱུད་གསུམ་ནས་ཡི་གེ་ན་གཅིག་ཡན་ཆད་ནས་ཐོ་བཙམས་པ་ནི་བོད་མི་རིགས་དང་དེའི་འགན་འཁུར་པའི་རླབས་ཆེན་གྱི་སྐྱེ་བུ་རྣམས་ཀྱིས་དབུ་འཕང་སྨད་པར་འདོད་པ་ནི་ཁོང་ཚོའི་དོན་གྱི་དམིགས་ས་ཡིན། འོན་ཀྱང་ད་ཆ་ཡུལ་ལུང་གང་དུ་ཡང་བོད་དང་བོད་མའི་མགོ་འཕང་གོང་ནས་གོང་དུ་མཐོར་སོང་བ་དེས་ཁྱི་གུ་ཆུང་ཆུང་དེ་ཚོ་དང་དེའི་སྦྱིན་བདག་རྣམས་ཡིད་བདེ་བ་ཞིག་ནམ་ཡང་ཡོང་ཐབས་མེད། མ་ཟད་ཁྱི་གུ་ཆུང་ཆུང་ཁྱེད་ཚོ་ཡང་དུས་ཡུན་རིང་པོ་མི་འགོར་བར་སྦྱིན་བདག་ལ་བེད་མེད་ཏུ་གྱུར་བར་ངེས་པས། སྐབས་འདིར་ཁྱེད་ཚོ་ཁྱི་ལྟོ་ཟ་ས་ནི་ཕལ་ཆེར་ཁྱེད་ཚོས་ངུ་ཟུག་བྱེད་སའི་སྙིང་རྗེའི་བདག་ཉིད་ཆེན་པོ་དེ་དང་དེའི་མངའ་འོག་ནས་ཡིན་ངེས། ང་རང་ནི་སྐྱེས་མཆོག་དམ་པའི་ཁྱད་འཕགས་ཀྱི་ཡོན་ཏན་མཐོང་ནས་རང་དབང་དང་དད་པ་ཡིད་ཆེས་ཀྱི་ངང་ནས་རྗེས་སུ་འབྲངས་པ་ཞིག་ཡིན་ལ་སྐྱིད་སྡུག་ཅི་ཞིག་བྱུང་ཡང་འགྱོད་པ་གཏན་ནས་སྐྱེས་ས་མ་རེད། དེ་འདྲའི་སྐྱེ་བུ་ཞིག་གི་ཐབ་ཕྱིད་བྱེད་དགོས་བྱུང་ཡང་ང་རང་གཏན་ཏུ་དགའ་བར་ངེས། ཁྱི་ཕྲུག་ཁྱེད་ཚོ་ནི་སྒོར་མོ་མིག་ལ་བསྟན་ན་རང་གི་ནང་ཁྲོལ་ཀྱང་བཙོང་བའི་མི་ཞིག་ཡིན་པས་གཞན་མི་རིགས་ཀྱི་ལ་རྒྱ་དང་དྲང་བདེན་ལ་སོགས་པ་རྣམས་ལྟ་ཅི་སྨོས། མ་ཟད་སྙིང་རྗེ་སྐྱེ་དགོས་པ་ཞིག་ལ་ང་ཚོ་ཙམ་མ་ཟད་ཁྱེད་ཀྱི་སྦྱིན་བདག་གིས་ཀྱང་ཁྱེད་ཚོར་ཁྱི་ཞིག་གི་མཐོང་ལས་མེད་དུས་ངོ་མ་ང་ཁྱེད་ཚོར་ལྷག་ཏུ་སྙིང་རྗེ་སྐྱེ་བཞིན་འདུག ཁྱེད་ཚོ་ནི་ཚེ་གང་མི་ཞིག་གི་རིན་ཐང་བཙོང་ནས་ཁྱི་ཞིག་གི་རིན་ཐང་ཉོ་མཁན་གྱི་རྒྱབ་གཏོད་པ་དང་ངོ་ལོག་པ་ཤ་སྟག་ཡིན། ཁྱེད་ཚོ་འཚོ་བའང་མི་ཞིག་གི་ངོ་བོའི་ཐོག་ནས་མ་ཡིན་པར་ཁྱི་ཞིག་གི་ངོ་བོའི་ཐོག་ནས་འཚོ་དུས་མི་ཚེ་དེར་སྙིང་པོ་ཅི་ཞིག་ཡོད་དམ། སྙིང་ཁོང་རུས་པའི་གཏིང་ནས་སྙིང་རྗེ་སྐྱེས་ཤིང་འདུག ལས་སྣང་མི་དག་པའི་ཁྱི་ཕྲུག་དེ་ཚོ་སྙིང་རྗེ།
རྒྱ་མོ་མནའ་མ་ལེན་མཁན་དང་རྒྱའི་གསོལ་སྟོན་ཡང་ཡང་བཞེས་མཁན་དག་རྒྱ་ཁྱིའི་སྐྱུག་བྲོ་བའི་བྱ་སྤྱོད་དང་མི་རིགས་བླ་བཙོང་ཟིན་པའམ་ཟོས་ཟིན་ན། ད་དུང་བཙོང་རྒྱུ་ཞིག་དང་ཟ་རྒྱུ་ཞིག་ལྷག་མེད་ཚོད་ཡིན། ད་དུང་སྙིང་རྗེའི་འཁྲབ་སྟོན་པས་དད་མེད་རིང་ལུགས་པ་སྐྱོབས་ནུས་མེད་རྒྱུ་ན་རང་མགོ་ཐོན་ན་ཡང་ལྷ་རྒྱལ་རེད། དེ་ལྟར་སྐྱེས་མཆོག་དམ་པར་དད་མདོག་དང་རྗེས་འཇུག་པ་ཡིན་མདོག་བྱས་ཀྱང་དོན་དངོས་མི་འདི་ཚོས་ཁ་གདངས་ཚད་ངན་སྨོད་ཡོད་དགུས་ངུ་འབོད་བྱེད་སྟངས་འདི་དད་གཙོ་སྨྲ་བ་རིང་ལུགས་པའི་ཁྱད་ཆོས་ཡོད་ན་མེད་ན་དེ་རེད་ལ། སྐྱེས་མཆོག་གིས་གསན་ཡོད་ན་ཞལ་སྐྱེམས་པོ་ག་ཚོད་ཅིག་འབྱུང་ངེས་སམ། རྗེས་འཇུག་མཐའ་ཤལ་འདི་འདྲ་ཞིག་གཟིགས་དུས་སྐྱེས་མཆོག་གི་སྙིང་རྗེའི་ཡུལ་འདི་ལས་ལྷག་ཅིག་ཡོད་མི་སྲིད་པ་རེད།
སོ་སོ་མིང་ལྷག་གི་འོག་ཏུ་གབ་ནས་ཐུགས་སྲས་ཡིན་ན་ཅིག་ཡིན་མདོག་མདོག སྤྱི་ཚོགས་ནང་དུ་རང་མིང་ཙམ་ཡང་སྟོན་མི་ཕོད་པའི་ཐུགས་སྲས་ཁྱད་མཚར། ངས་བལྟས་ན་ཁྱོད་ཀྱིས་ཁྱི་འབོད་འཐེན་སྟངས་འདི་སྤྲང་ཕྲུག་ཕོ་བ་རྒྱག་ཡོང་བའི་མྱི་གཤིས་ཙམ་ལས་ཐུགས་སྲས་ཟེར་བའི་དྲི་མ་ཡང་མི་འདུག
ད་དུང་་སྐྱེས་ཆེན་ཞིག་གི་རྗེས་འབྲངས་ཡིན་མདོག ཐུགས་སྲས་ཁྱོད་འདྲ་བ་ཞིག་མ་གཏོགས་མེད་ན་འགྲོ་བ་མི་རིགས་ཀྱི་གད་རྙིགས་ནང་དུ་ལྷུང་གྱི་ཡིན་པར་གཏན་ཁེལ་རེད། དགོད་བྲོ་བ་ཞིོག་་་ཇག་པའི་ཐུགས་སྲས་འདིས་་ཁ་ནས་སྙིང་རྗེ་དང་སྙིང་རྗེ་ཟེར་ནས་འབོད་ཀྱི་འདུག ཇག་པའི་སྙིང་རྗེ་དང་རྐུ་མའི་སྦྱིན་གཏོང་དེ་ཚོ་བོད་མི་རིགས་མགོ་སྐོར་གཏོང་རྐྱེན་ཡིན་པས་ང་ཚོ་ལ་མི་དགོས། རྒྱུས་ཡོད་་་་ཐུགས་རྗེ་ཆེ།
ཅོ་རིལ་འདི་མི་དྲང་མོ་ཞིག་རེད་བསམ་བྱུང་ཡང་། གཡོ་སྒྱུའང་ཆེ་ཙམ་འདུག་པ་ནི་གོང་དུ་མཆན་ཨང་ ༣༩ པར།
# 39 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
September 30th, 2014 at 12:46 PM
ཁྱོད་ཚོས་་ལབ་བསྡད་པའི་མིང་ཚིག་འདི་དག་རེད། ཅོ་རི་ཁྱི་རེད། ཅོ་རི་དྲ་འབུ་རེད། ཅོ་རིོ་དོལ་རྒྱལ་བརྟེན་མཁན་རེད། ཅོ་རི་རྒྱ་མི་རྒྱུགས་ཁྱི་རེད། ཅོ་རི་རྐུ་མ་རེད། ཅོ་རི་འདྲེ་རེད།། ཡ་རམས་བཟང་སྤྱོད་བཤད་མཁན་ཏ་ལའི་བླ་མའི་རྗེས་འབྲངས་པ་ཡིན་ཟེར་མཁན་ཚོས་སྐད་ཆ་བཤད་སྟངས་འདི་རེད་་་ད། ཨོ་་་ཧཧཧ…” ཞེས་པ་དེའི་ཐོག་ནས་མཚོན་ཐུབ།
རྒྱུ་མཚན་ཅི་ཞིག་གིས་ཡིན་ནམ་ཟེར་ན་ངས་དཔེ་མཚོན་གཅིག་འཇོག ཁ་སྔོན་ཞིག་ལ་ཁོས་ ༧རྒྱལ་དབང་ལྔ་བ་མཆོག་ལ་ “བདུད་ཕྲུག་” ཅེས་ལབ་སོང་། ༧རྒྱལ་དབང་ལྔ་བ་ཙམ་མ་ཟད་སྟོན་པ་བཅོམ་ལྡན་འདས་ལ་ག་རེ་ལབ་ཀྱང་ཁོ་རང་གི་འདོད་པ་རེད།
ཡིན་ནའང་མི་འགྲིག་པ་ཞིག་ནི། གཞན་གྱི་སྒང་ལ་སྡུག་ཚད་ངན་ཚད་ཅི་འདོད་འདོད་དུ་བཤད་དེ། གཞན་གྱིས་ཚུར་སྡིགས་ཡོང་ན། ལྟོས་དང་། ཁོ་ཚོས་ང་ལ་སྡིགས་གི་འདུག་ཅེས་བཤད་པ་དེ། ཕོ་ཁྱོ་ག་ཞིག་གི་བྱེད་སྟངས་མ་རེད་འདོད། མི་འདི་ཚོའི་གྲས་ལ་ཆུང་དུས་སུ་རང་གི་རྩེད་གྲོགས་ཚུན་ཆད་ནས་རྒྱང་ཐག་རིང་ཙམ་བཏང་སྟེ་འཛེམས་མཁན་ཞིག་ཡིན། མི་འདིའི་རིགས་ནི་བཀྲ་མི་ཤིས་པ་ཞིག་གི་སྣ་འདྲེན་ཡིན་པ་རྣམ་པ་ཚོ་ལའང་ཉམས་མྱོང་ཡོད་སྲིད། དེས་ན་ལུང་རྟོགས་སོགས་ཀྱིས་ཀྱང་མི་འདིའི་རིགས་ལ་ད་ནས་བཟུང་ཁ་ཡ་མ་བྱས་ན་དགའ་གི་རེད།
ཁ་བརྡ་ཡིས་ཁོ་བཀག་པའི་དབང་དུ་བཏང་རུང་ “ངའི་སྨྲ་བརྗོད་རང་དབང་འཕྲོག་སོང་” ཞེས་ཁྱི་སྐད་ལུང་པ་གང་བརྒྱག་གི་རེད། དེ་ལས་ཁ་ཡ་མ་བྱས་ནས་གཡུག་བཞག་ན་གང་འཚམས་ཞིག་ནས་ཁ་གནམ་ལ་འཁོར་ནས་ཁྱི་སྐད་ཟུག་ནས་སྡོད་རྒྱུ་མ་གཏོགས། བྱེད་རྒྱུ་གཞན་མེད། ཟུག་སྐད་ཇེ་ཆེ་དང་ཇེ་མང་དུ་འགྲོ་བཞིན་པ་འདི། ང་ཚོས་ཁ་ཡ་བྱས་ཙང་རེད། དེ་བས་ཅོ་རིལ་ལ་ཁ་ཡ་མ་བྱེད་རོགས་ཞེས་འབོད་སྐུལ་ཞུའོ།།
ཅོ་རིལ་གྱི་བློ་མཐུན་ཀརྨ་བློ་གསལ་ཡང་དེ་བཞིན་རེད། སོ་སོ་གསང་མིང་ཞིག་གི་རྒྱབ་ལ་ཡིབ་ཡོད་པ་དེ་བཞག་ནས། དེ་ལྟར་བྱེད་མཁན་གཞན་ཚོའི་ཐོག་ལ་གོང་གི་མཆན་ ༢༧ པ་རུ་སྡུག་སྐད་འདི་ལྟར་བརྒྱབ་འདུག
# 27 ཀརྨ་བློ་གསལ་་ལགས་ཀྱིས་མཆན་བཏབ་པ།:
September 30th, 2014 at 6:03 AM
མི་འདི་རེད་ཅེས་ངོས་འཛིན་ཐུབ་མཁན་དག་གི་སྐད་ཆ་གལ་ཆེན་རེད། དེ་མིན་གསང་མིང་འོག་གི་འདི་དག་མི་གྲལ་ནས་ཐོན་ཚར་བ་རེད་ལ། ཆ་འཇོག་ཀྱང་རྐང་གཅིག་ཡོག་མ་རེད། གོང་ས་མཆོག་ལ་ངོ་མ་དད་པ་ཡོད་མཁན་ཚོའི་བྱེད་སྟངས་འདི་འདྲ་ཡིན་གྱི་མ་རེད། བཤད་སྟངས་ཙམ་རེད། རང་མིང་ཙམ་ཡང་དྲ་བའི་སྒང་ནས་སྨྲ་མི་སྤོབས་འདིས་ཆ་ཚང་གསལ་པོ་དག་པོ་ཆགས་ཚར་བ་རེད། དེང་ཕྱིན་མི་འདིའི་རིགས་ལ་ལན་རྒྱག་དགོས་དོན་ཡོག་མ་རེད།”
མི་འདི་ཚོའི་བཤད་སྟངས་ལས་སྟངས་འདི་འདྲ་རེད། གཞན་ལ་བལྟ་བའི་མིག་རྣོན་པོ་ཞིག་ཡོད་རུང་། རང་ལ་བལྟ་བའི་མེ་ལོང་ཆག་རོ་ཞིག་ལས་མེད་པ་རེད།
ཅ༵་ཟིང་ཁྱི་རྒན་ངུ་ཟུག་ཅན་དེས་བདེན་དོན་ཧམ་པས་ཟ་བ་ནི།།
རི༵་དང་རྒྱ་མཚོ་ཟ་བཏུང་བྱས་ཡང་རྒྱགས་མེད་དཔེ་ལས་མཐུ་བས་ན།།
ཉི་༵མོ་འདྲ་བའི་དྲིན་ཆེན་མགོན་ལ་སྐུར་འདེབས་རྔམ་ཁ་སྟུག་དྲག་པས།།
མ་བཟོད་རྒྱ་ཁྱིའི་སྣ་ལ་གཏད་ནས་ཚིག་གི་དབྱུག་པ་བསྣུན་དགོས་བྱུང་།།
ཅོ༵་ཅོ་སྒྲོགས་ལ་འགྲན་ཟླ་མེད་ཅིང་རང་འགན་རང་གིས་འཁུར་མྱོང་མེད།།
རི༵་བོ་ལྟ་བུའི་སྤོབས་པ་མཐོ་ཡང་དམངས་ཕན་བྱ་བཞག་རྡུལ་ཙམ་མེད།།
ཉི༵་ལྟར་མཆན་བུ་མང་དུ་སྤེལ་ཡང་ལེགས་བཤད་ཡི་གེ་ན་གཅིག་མེད།།
མ༵་ལ་རྒྱབ་གཏོད་མི་རིགས་ངོ་ལོག་ཅོ་རི་འཚོ་བར་སྙིང་པོ་ཅི།།
ཅ༵་ལེ་ཅོ་ལེའི་མཆན་བུའི་ནང་དུ་ངན་སྨྲས་ལུང་པ་གང་བྲིས་ནས།།
རི༵་བོ་གངས་ཅན་པ་ཡི་སེམས་ལ་རྨ་ཁ་གཏོད་རྒྱུ་མང་དྲག་ན།།
ཉི༵་མོ་མཚན་མོ་གང་དུ་རིགས་ཡང་གླུད་དང་འདྲེ་ལ་འགྱུར་དུས་སུ།།
མ༵་འགྱུར་འགྲོ་བའི་མགོན་པོ་བྱོན་ཀྱང་སྐྱབས་ནུས་མེད་དེ་ཤེས་པར་བགྱིས།།
ཐུ༵གས་རྗེ་ཆེན་པོའི་ཞོ་ཤས་འཚོ་བའི་གངས་ཅན་བོད་མའི་གྲལ་མཐའ་བ།།
སྲ༵ས་ཆུང་ང་རང་ལོ་ན་ཆུང་ཡང་དྲིན་གྱི་རིན་ཐང་ཤེས་ཀྱི་ཡོད།།
ཅོ༵་རི་ཁྱི་རྒན་གྲོད་པ་རྒྱགས་དུས་བདག་པོར་རྨུག་མཁན་ཁྲེལ་མེད་དེས་།།
རི༵་བོ་གངས་ཅན་པ་དག་མདུན་ན་འགྲན་པའི་དོ་ཟླ་ཡོངས་དོག་མེད།།
བཀའ་དྲིན་དང་དྲིན་ལོག་གླེང་སྐབས་སྐད་ཆ་འདྲ་མིན་སྣ་ཚོགས་སུ་འགྲོ་བཞིན་འདུག དོན་དངོས་རྒྱལ་བ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཆེན་པོ་རེད་དམ། བོད་པ་རྒྱལ་བ་རིན་པོ་ཆེ་ལ་བཀའ་དྲིན་ཆེན་པོ་རེད། དོན་དངོས་བོད་པ་རྒྱལ་བ་བཀའ་དྲིན་ཆེ་བ་ལས་རྒྱལ་བ་བོད་ལ་བཀའ་དྲིན་ཆེ་བ་ཉུང་ཚུལ་རིག་དང་གཏན་ཚིག་གིས་སྒྲུབ་ཡོད། འདོད་པ་མེད་མཁན་ཡོད་ན། རིག་པ་འཁུར་ཤོག གནས་ལུགས་འཁུར་ཤོག མེད་པ་ཡིན་ན་རང་འཚང་སྟོན་བྱེད་ལས་ཅི་ཡང་མིན་ཞིང་། ཀློག་མཁན་རྣམས་ཀྱང་ལྐུག་པ་མ་རེད།
རིག་པ་དང་གཏན་ཚིག་རེ་རེ་ཞིན་དུ་དགག་ཡོད་ད་ཅི་ཞིག་ཁུར་ཤོག་ཟེར་གྱི་ཡོད་དམ། དགག་པ་ལ་དགག་ལན་མ་ཕོག་ན་ཁུར་ཤོག་ཅེས་འུར་རྒྱག་པས་ཅི་ཕན། ཧཧཧ
བོད་ཀྱི་བཀའ་དྲིན་བསམ་མི་ཁྱབ།
བོད་མི་བོད་ལ་མ་བརྟེན་མེད།
གོང་ས་ཡང་ནི་དེ་བཞིན་ཏེ།
བོད་་དྲིན་ཡང་ཡང་དྲན་པར་ཤོག
ངོ་ལོག་ཨ་ནུ་ལྟ་བུར་༧རྒྱལ་བ་མཆོག་ནི་སུ་གང་མིན།
བོད་རྒྱལ་༧རྒྱལ་བ་མཆོག་ལ་དམ་ལོག་རྗེས་འཇུག་མེད་ན་བཟང་།།
བུ་གུའི་རིག་ཕྲན་ཞིག་ལ་གཏན་ཚིག་བརྙེད་པའི་སྣང་བ་འཕྲུལ།།
སྣང་བ་འཕྲལ་འཕྲུལ་བར་ནས་ནར་མ་སོན་པའི་ལྐུག་བཤད་ཤོར།། ཧ་ཧ་ཧ།
བྱས་བ་དྲིན་དུ་མི་རིག་སྐྱོན་དུ་རིག།
སྐྱོན་མཚང་རང་མགོར་ལོག་ནས་མི་ཁ་ཉོས།།
གངས་ཅན་འབངས་དམངས་ཡོངས་ཀྱིས་ཐལ་བ་གཏོར།།
ལས་ངན་ཁྱེད་ཚོར་མི་རིན་མ་ཐོབ་སྐྱོ། ཧ་ཧ་ཧ།
དུས་ཚོད་འཕྲོ་བརླག་རེད། xxx སོ་སོ་གཅིག་པོས་སྡུག་སྒོང་རྒྱོབ། ཧ་ཧ་ཧ།
གནམ་ལགས། རྒྱུ་མཚན་གྱི་མ་འདང་ན་ངོ་ལོག་ཟེར་གྱི་འདུག དེ་ནི་ཁྱེད་ཉིད་དད་དམ་ཁ་ལ་འཁྱེར་ནས་དྲང་བདེན་དང་གནས་ལུགས་ལ་རྒོལ་མཁན་ཡིན་པས། དྲང་བདེན་དང་རང་དབང་ལ་རྒོལ་མཁན་བ་མ་རེད་དམ། དེ་ལྟར་ཡིན་ན། ཁྱེད་ཉིད་དྲང་ལོག་པ་རེད།
འཛམ་གླིང་ས་སྟེང་ཁུག་པ་མང་པོ་ལ།།
ང་རང་བོད་ཡིན་ཟེར་ན་མི་ཤེས་མང་།།
ཕྱོགས་བཞི་མཐའ་བརྒྱད་གོ་ལ་ཟླུམ་པོའི་སྟེང་།།
༧རྒྱལ་བ་ཏ་ལའི་སྦྱར་ན་མི་ཤེས་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
འཛམ་གླིང་སྤྱི་ཁྲིམས་ཀུན་གྱི་རྩི་ཁྲིམས་ལ།།
མི་རིགས་དབྱེ་མེད་ཐོབ་ཐང་གཞི་གཅིག་རུང་།།
ཏ་ལའི་བླ་མའི་མི་ལ་ཐར་མོ་སྦྱོར།།
མི་རིགས་གཞན་ལས་བློ་ཐག་ཉེ་རུ་འཛིན།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
སེམས་ཅན་བདེ་དོན་ཡང་དགས་བོད་དོན་གསུང་།།
ཉིན་མཚན་དབྱེར་མེད་འཇིག་རྟེན་སྐྱོང་དུ་སྐྱོད།
ལས་འབྲས་རྩ་བ་བྱང་ཆུབ་སེམས་ཉིད་ཁྲིད།
ནང་བསྟན་རིགས་པའི་རྒྱུ་ངོམ་གླིང་ལ་གསོལ།།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
བལ་བོ་རྒྱ་གར་འགྲིམ་དུས་སྤྲང་ཕྲུག་བོད།
ཤོག་གི་སྣ་གཅིག་སྒོར་མོ་སྐར་གཅིག་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་ཁོ་ན་ལས།།
གར་འགྲོ་འདིར་འདུག་ཕྱོགས་ལ་ཁྲིམས་ཞིག་མེད།
རྒྱལ་བ་མཆོག་གི་བཀའ་དྲིན་འདི་འདྲ་རེད།
བྲིས་ན་ཚར་ཡ་མེད་པའི་བཀའ་དྲིན་ནི།
བཤད་ན་གོ་ཡ་མེད་པའི་ཨ་ནུ་སོགས།།
ལས་སྐལ་ལོག་པའི་མྱི་ཡི་སྙིགས་མ་ཚོར།།
འདི་འདྲ་བཤད་པའི་དགེ་བ་མ་འཆིས་ཀྱང་།།
རྒྱལ་བ་མཆོག་གི་བཀའ་དྲིན་དྲན་བྱེད་ཙམ།།