ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ཉིན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག དེ་ཡང་བཀའ་དྲུང་ཡིག་ཚང་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ རེས་གཟའ་ལྷག་པའི་སྔ་དྲོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག་པས། ད་ཉིན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ནས་བདེ་སྲུང་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་གནང་རྒྱུ་གནང་སོང་བའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༦ ལ།།
སེམས་སྐྱོ། སེམས་སྐྱོ། སེམས་ཤུན་ཏུ་སྐྱོ།
བློ་ཕམ་བློ་ཕམ།ཅིག་འགྲིག་གི་མེད་རྟགས་རེད།
སྐད་འཕྲིན་ནས་མཐོང་སྐབས་ཡིད་ཆེས་མ་སོང་།ད་བདེན་པ་རེད་འདུག་ག་
སློབ་བཟང་སངས་རྒྱས་ཀྱི་བཀའ་དང་དམ་ལ་མི་གནས་མཁན་རྣམས་དགོངས་པ་མ་ཞུས་ཐབས་མེད་ཆགས་ཀྱི་ཡོད་པསི་རྟགས་རེད།
ཁྱོག་ནས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུས་པ་ཡིན།
བོད་ཀྱི་བང་ཆེན་ ༢༠༡༦ ཟླ་བ་ ༤ ཚེས ༦ ཆུ་ཚོད ༦:༢༧༠ ཕྱི་དྲོ།
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། ཁོང་གིས་ལས་གནས་དེར་འགན་མ་ཁྱོག་ནས་བཟང་སྤྱོད་ཀྱི་ཐོག་དགོངས་པ་ཞུས་པ་ཡིན་སྐོར་གསུངས་སོང་།
dongchuk_2016_4_6བདེ་སྲུང་བཀའ་བློན་གྱི་ལས་ཤག་ཏུ་བཅར་ནས་གསར་འགོད་པས་ཁོང་དགོངས་པ་ཞུ་དགོས་དོན་གང་ཡིན་སྐོར་བཅར་འདྲི་ཞུས་པར། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱིས་གསུང་དོན། “སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་ལྗིད་པོ་ཕེབས་པ་དང་། དེའི་ཐོག་གྲོས་ཚོགས་ཚར་རྗེས་གཏང་རག་གི་མཇལ་འཕྲད་ཞུ་སྐབས་ཆོས་སྐྱོང་ཚོས་ཧ་ལས་པའི་བཀའ་ལུང་ལྗིད་པོ་ཕེབས་འདུག དེ་འདྲ་ལ་བརྟེན་ནས་སོ་སོའི་འགན་དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། འགན་ཁུར་མ་ཐུབ་པའི་གནས་སྟངས་ཀྱི་རྡོག་ཁྲེས་སེམས་ནང་ཡོད་པས། བཟང་སྤྱོད་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པ་སྲིད་སྐྱོང་ལ་བཅར་ནས་དགོངས་ཤོག་ཕུལ་བ་དང་། ལས་དོན་མཚམས་བཞག་པ་ཡིན་”ཞེས་གསུངས་སོང་།
སྲིད་སྐྱོང་གིས་དགོངས་ཞུ་སྐོར་ལ་ག་རེ་གསུང་ཡོད་མེད་སྐོར་དྲིས་པར། ཁོང་གིས། “ང་སྲིད་སྐྱོང་ལ་བཅར་སྐབས། སྲིད་སྐྱོང་དབུས་པས་བཀའ་བློན་ཚང་མས་བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་འཁྱོལ་ལ་ཉེ་བ་ཡིན་པས། དགོངས་ཤོག་དེ་ཕྱིར་འཐེན་གནང་རོགས། ལོ་མང་མཉམ་དུ་ལས་ཀ་བྱས་པས་གོ་བསྡུར་ཙམ་ཡང་མ་བྱུང་བར་བློ་ཕམ་ཡོད་སྐོར་གསུངས་སོང་། ཁོང་ཚོར་ཐུགས་ཁག་མི་འདུག ཡིན་ཡང་སོ་སོས་རང་ཐག་རང་གཅོད་ཡིན་པ་ལས། གོ་བསྡུར་བྱས་ན་རྣམ་པ་ཚོས་ག་རེ་བཀའ་གནང་རྒྱུ་ཡིན་དང་། དགོངས་ཤོག་ཕུལ་བ་དེ་སྐུ་ངོ་སྲིད་སྐྱོང་གིས་འགྲིག་གི་འདུག་གསུངས་རྒྱུ་མིན་པ་ངས་ཚོད་ཐིག་པ་ཞིག་རེད། ངས་སེམས་ཐག་བཅད་ཟིན་པས་འགྱུར་བ་མེད་ཞུས་པ་ཡིན་”ཞེས་གསུངས་སོང་།
ཁོང་གིས་སྔོན་མའི་ལས་གནས་སྐོར་གསུང་དོན། “ཐོག་མ་ང་དགའ་ལྡན་ཕོ་བྲང་གི་དབུ་ཁྲིད་པའི་བཀའ་ཤག་ནང་སླེབས་པ་རེད། ༢༠༡༡ ལོར་༧སྐྱབས་མགོན་རིན་པོ་ཆེས་སྐུ་དབང་མང་ཚོགས་ལ་རྩིས་སྤྲོད་གནང་རྗེས་དེའི་ནང་ལས་ཀ་འགན་ཁུར་ཐུབ་ཀྱི་མི་འདུག་ལབ་ན། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་འགྲུབ་རྒྱུར་ཞབས་འདེགས་མ་ཞུས་པའི་བཟོ་ཆགས་ཀྱི་འདུག་བསམ་ནས་བཀའ་ཤག་ནང་བསྡད་པ་རེད། སྲིད་སྐྱོང་གིས་ངའི་མིང་ཁྱབ་བསྒྲགས་བྱས་ཚར་འདུག་པས། དང་ལེན་མ་བྱས་ན་གླེང་སློང་མང་པོ་ཆགས་ཀྱི་རེད་བསམ་ནས་ང་བསྡད་པ་རེད། བཀའ་སློབ་ཀྱི་གཞི་དང་ལྷག་པར་དུ་ཆོས་སྐྱོང་ཚོས་གསུང་པ་དེ་གཞི་ཆེན་པོ་མཐོང་བས། སོ་སོས་འགན་མ་འཁྱོག་ནས། བཟང་སྤྱོད་ཀྱི་འགན་ཁུར་པའི་ཐོག་ནས་དགོངས་པ་ཞུས་པ་ཡིན་པ་ལས་གཞན་པའི་གནས་ཚུལ་གང་ཡང་མེད་”ཅེས་གསུངས་སོང་།
སྐུ་ཉིད་ཀྱིས་སྔོན་ནས་བདེ་སྲུང་དྲུང་ཆེ་དང་བཀའ་བློན་ཐེངས་གཉིས་གནང་བ་རེད། ཉེ་ཆར་༧སྐྱབས་མགོན་པོོ་ཆེའི་བཀའ་སློབ་དང་ཆོས་སྐྱོང་གིས་ཅིག་གསུངས་པ་རེད། དེ་བར་དུ་ལས་ཀ་བྱས་ནས་བསྡད་པས། ད་ལྟ་སྔོན་མ་འཐུས་ཤོར་མང་པོ་ཤོར་བར་ངོས་འཛིན་བྱེད་ཀྱི་ཡོད་དང་། མ་འོངས་པའི་ཟླ་ཤས་རིང་འཐུས་ཤོར་འགྲོ་ཉེན་ཡོད་པས་དགོངས་པ་ཞུས་པ་ཡིན་ཞེས་དྲིས་པར།
ཁོང་གིས། “ང་རང་གིས་ལས་འགན་ཐོག་ནས་བདེ་སྲུང་ནང་སྐུ་ཕྱྭའི་ཐོག་འཐུས་ཤོར་སོང་བར་ངོས་འཛིན་ཞུ་ཡི་མེད། བར་ལམ་ཞིག་ནས་གནས་ཚུལ་ལྷང་ཞིག་བྱུང་བ་ཡོད་རེད། དེ་ཚོ་གནས་སྟངས་གཅིག་རེད་མ་གཏོགས་འཐུས་ཤོར་སོང་བ་དང། མ་འོངས་པར་འཐུས་ཤོར་འགྲོ་བ་དེ་འདྲ་མ་རེད། མི་ཚང་མར་བཟང་སྤྱོད་ཀྱི་འགན་ཞིག་ཡོད་རེད། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་ལ་ཕྱི་ལོག་གི་སྒྲོམ་དང་མི་དགོས་པ་ཆ་རྐྱེན་གཅིག་རེད་དེ། ༧སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་པ་དང་། སྐུ་བསོད་དང་ལྷག་པར་དུ་དཀར་ཕྱོགས་ཀྱི་བོད་ཀྱི་སྲུང་མ་རྣམས་ཀྱི་གྲོགས་དང་འཕྲིན་ལས་ཀྱི་འགན་ཁུར་མེད་ན། བློས་འགན་བཟོད་པ་ཡོད་པ་མ་རེད། དེ་མི་སོ་སོས་བསམ་བློ་གཏོང་སྟངས་རེད། དེ་འདྲའི་ཐོག་འགན་འཁྱོག་གི་མི་འདུག་ཅེས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་པ་དེ་རེད་”ཅེས་གསུངས་སོང་།།
བཀའ་ཤག་ལྷན་ཚོགས་ཐོག་ནས་བདེ་སྲུང་བཀའ་བློན་གྱི་འགན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ཀྱིས་ཁུར་རྒྱུ་ཐག་གཅོད་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
བང་ཆེན་ནས་དྲངས།
ཧཧཧཧ། ཁི་རང་རྗེས་མ་སླར་ཡང་བདེ་སྲུང་བཀའ་བློན་འདུག་འདོད་ཡོད་ནའང་དེ་གོ་སྐབས་མེད་པ་ཤེས་ནས་ལས་ཀ་འདུ་འདྲ་ལས་བསྡད་པ་རེད། འདི་ཡང་ཡ་རབ་བཟང་སྤྱོད་ག་ལ་ཡིན།
@ འཇིགས་བྲལ། བང་ཆེན་ཀློག་མཁན་མེད་ཙང་ཁ་བརྡ་བརྒྱུད་ནས་བརྒྱུད་སྤེལ་བྱེད་ཀྱི་ཡོད་དམ། མ་གཞི་བང་ཆེན་ནི་མདོ་སྟོད་ཆོལ་ཁའི་གསར་འགྱུར་འགོད་ས་ལས་སྤྱིར་བཏང་གི་གསར་འགྱུར་བརྒྱུད་ལམ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཉུང་ཉུང་རེད། གལ་ཏེ་བང་ཆེན་ལ་དུས་བབས་། ཕ་ཡུལ་ལ་སོགས་པའི་གསར་འགྱུར་བརྒྱུད་ལམ་གཞན་དང་མཚུངས་པར་གོ་གནས་དང་ཆེ་མཐོང་ཡོང་བ་ལ་དང་པོ་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱེར་དེ་མེད་པའི་ཐོག་ནས་གསར་འགྱུར་འགོད་དགོས་པ་ཤིན་ཏུ་ནས་གལ་ཆེ།
འདི་ནི་བརྒྱུད་ལམ་རིག་པའི་རྩ་འཛིན་ལྟ་བུ་རེད།
བདེ་སྐྱིད་ཆོས་དབྱངས་དགོངས་པ་ཞུས་པ་མདོ་སྨད་ཆོལ་ཁའི་ཕྱོགས་ཞེན་དང་། །
ཚོགས་གཙོ་སྤེན་པར་འོས་ཤོག་ཐོབ་ཕྱིར་རེད་ཅེས་བློ་སེང་ཕྱོགས་གཏོགས་གླེང་། །
འབྲོང་ཆུང་དངོས་གྲུབ་དགོངས་པ་ཞུས་པ་ཆོལ་ཁ་གང་ལ་ཕྱོགས་ཞེན་དང་། །
སུ་ལ་འོས་ཤོག་ཐོབ་ཕྱིར་རེད་ཅེས་ད་ནི་འགྲེལ་བཤད་ཇི་ལྟར་རྒྱག །
སྐུ་ཚེ་གང་ལ་བབ་བརླིང་བརྟན་གསུམ་ངང། །
གངས་ཅན་པ་ལ་ཞབས་འདེགས་སྒྲུབ་མཁས་པའི། །
མི་རྗེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག །
བཀའ་དྲིན་མཚུངས་མེད་ཁྱེད་ལ་རྗེས་དྲན་ཞུ། །
མི་ངན་འགའ་རེས་ཁྱེད་ལ་སྨད་པ་དང་། །
བཟང་སྤྱོད་དགོངས་ཞུ་མ་འགྲིགས་ཟེར་བ་སོགས། །
ཧམ་གཏམ་རི་ལྟར་སྤུངས་པར་ངེས་མོད་ཀྱང་། །
ཁྱེད་ཀྱི་ཤེས་འཇོན་ལྷག་བསམ་མངོན་པར་བསྟོད། །
ད་ལན་བདེ་སྐྱིད་མདོ་སྨད་ཕྱོགས་གཏོགས་ཡིན་པར་རྟེན་མདོ་སྨད་སྲིད་སྐྱོང་ལ་མདོ་སྨད་ཀྱི་ངོ་རྒོལ་མཚོན་ཆེད་དང་འབྲོང་ཆིང་དབུས་གཙང་རྟེན་དབུས་གཙང་གིས་ངོ་རྒོལ་མཚོན་ཆེད་རེད་འདུག་ལྷ་སྲུངའཁྲུགས་ན་འདི་ཚོར་འཁྲུགས་དགོས་པ་རེད། ཨ་ཁ་ད་མཇུག་མ་བསྐྱེལ་ནས་ཕྱིར་ཐོན་བྱེད་པ་ནི་རྩ་བའི་དམ་བཅའ་ལ་འགལ་ཟླ་བྱུང་བ་རེད། དམ་ལས་འགལ་བ་རེད།
དཔོན་པོ་རྐུབ་སྟེགས་ནས་དགོངས་པ་ཞུ་མཁན་ལ་ཡག་པོ་ངོས་འཛིན་གནང་དགོས། མི་ཚེ་ཧྲིལ་པོ་ལ་ཞབས་སྟེགས་བཟུང་སྡོད་ན་དེ་ཡང་མང་གཙོ་འགྲོ་ལུགས་དང་མི་མཐུན་སྙམ། བློ་ཕམ་པ་ལ་ཟླ་ཤས་རིང་ལས་རྒྱུན་མཇུག་སྐྱོང་མ་ཐུབ་པར་ལྷ་འདྲེས་ལུང་བསྟན་ལ་སྐྲག་ནས་བྲོས་སོང་འདི་འཇིག་རྟེན་པའི་ཁ་རྒྱུན་ལ་ཕོ་ཁྱོ་ཀ་མ་རེད་ཟེར་བ་དང་ཁྱད་མི་འདུག་གམ།
དེ་རིང་སྔ་དྲོར་བདེ་སྲུང་བཀའ་བློན་མཆོག་གིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། དེ་ནི་ཉེ་ལམ་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་། དེའི་རྗེས་ཚེ་རིང་མཆེད་ལྔ་དང་གནས་ཆུང་སོགས་ཀྱིས་བཀའ་ལུང་ཕེབས་པ་དེ་དག་ལ་འགན་མ་ཁྱོག་པར་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་གསུངས་སོང་།
དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། བཀའ་ཤག་གིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ་བཀའ་བློན་མཆོག་གི་དགོངས་ཞུ་ཕྱིར་འཐེན་ཡོང་བའི་རེ་སྐུལ་ཞུས་ཀྱང་གྲུབ་འབྲས་མ་ཐོན་སྟབས། གནས་སྐབས་རིང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་བཞེས་རྒྱུའི་ཐག་གཅོག་གནང་ཡོད་འདུག
དེ་རིང་ཉིན་རྒྱབ་འདི་གའི་གསར་འགོད་པས་བདེ་སྲུང་བཀའ་བློན་མཆོག་ལ། འདི་ལྟར་བློ་བུར་དུ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་དྲིས་པར་ཁོང་གིས། རྒྱུ་མཚན་གཙོ་བོ་དེ་རྣམ་པ་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། ཉེ་ལམ་སྨན་རྩིས་ཁང་གི་མཛོད་སྒོའི་ཐོག་ལ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་ལྕི་མོ་ཞེ་དྲགས་ཕེབས་ཡོད་པ་རེད། དེའི་ཐོག་ལ་ཉེ་ཆར་གྲོས་ཚོགས་གྲོལ་བའི་སྐབས་སུ་གཏང་རག་གི་སྤྱན་འདྲེན་ཞུས་པའི་སྐབས་སུ་ཆོས་སྐྱོང་ཚོས་ཀྱང་བཀའ་ལུང་ལྕི་མོ་ཞེ་དྲགས་ཕེབས་འདུག དེ་འདྲར་བརྟེན་ཏེ། སོ་སོའི་འགན་དེ་རང་བློ་རང་གིས་ལྐོག་ཏུ་མ་གྱུར་བ་ཡིན་སྟབས། དེ་འདྲའི་ཐོག་ནས་འགན་དེ་འཁུར་མ་ཐུབ་པ་ཞིག་ལ་སེམས་ནང་དོགས་གཞི་ཡོད་སྟབས། བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པར་ང་སྲིད་སྐྱོང་སར་བཅར་ནས་དགོངས་ཤོག་ཕུལ་ཏེ་ངོ་བཤུས་བཀའ་དྲུང་དང་ལས་ཁུངས་ལ་སྙན་སེང་ཞུས་པ་ཡིན། ངས་ལས་དོན་མཚམས་འཇོག་དགོས་པའི་གནས་སྟངས་དེ་འདྲ་ཞིག་ཐོག་ནས་བསམ་བློ་བཏང་བ་ཡིན། ཞེས་གསུངས་སོང་།
ཡང་གསར་འགོད་པས་དེ་རིང་བཀའ་ཤག་ལྷན་རྒྱས་ཚོགས་པའི་སྟེང་སྲིད་སྐྱོང་མཆོག་གིས་དགོངས་ཚུལ་གང་འདྲ་གསུངས་ཡོད་མེད་དྲིས་པར་ཁོང་གིས། ང་ད་ནིང་སྲིད་སྐྱོང་ལས་ཁུངས་ལ་བཅར་བ་ཡིན། དེའི་རྗེས་ལ་བཀའ་དྲུང་དང་བདེ་སྲུང་ལས་ཁུངས་ལ་བཅར་ཏེ་དགོངས་པ་ཞུ་དགོས་པའི་དངོས་ཡོད་གནས་ཚུལ་འབྲེལ་བཤད་ཐུང་ཙམ་ཞུས་ཏེ་ཕྱི་ལ་འཐོན་གྲབས་སྐབས། བཀའ་ཤག་ལྷན་རྒྱས་ཀྱིས་ང་ཡར་ཁྱུག་ཙམ་ཡོང་རོགས་གསུངས་སོང་། དེ་ནས་ང་རང་བཀའ་ཤག་ཏུ་བཅར་སྐབས་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་ཚང་མས་བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་རིང་པོ་མེད་པར་འཁྱོལ་ལ་ཉེ་སྟབས། དགོངས་ཤོག་དེ་ཕྱིར་འཐེན་གནང་ན་ཡག་པོ་འདུག་ཅེས་རྒྱུན་རིང་པོར་ཕྱག་ལས་མཉམ་དུ་གནང་བ་ཡིན་སྟབས་གོ་བསྡུར་ཙམ་ཡང་མ་བྱུང་བ་དེར་ཐུགས་ཕམ་གྱི་རྣམ་པའང་བྱུང་སོང་ཡང་། ངས་རྣམ་པ་ཚོར་ཐུགས་ཁག་ཁྱོན་ནས་མི་འདུག ངས་སོ་སོས་རང་ཐག་རང་གཅོད་བྱས་པ་ཞིག་ཡིན། ངས་གོ་བསྡུར་བྱས་པ་ཡིན་ན་རྣམ་པ་ཚོས་ག་རེ་བཀའ་གནང་རྒྱུ་ཡིན་པ་དེ་ངས་ཚོད་ཐུག་གི་རེད་ལ། ངས་དགོངས་ཤོག་ཕུལ་ན་སྐུ་ངོ་སྲིད་སྐྱོང་གིས་འགྲིག་གི་འདུག་གསུང་རྒྱུ་མིན་པ་དེའང་ངས་ཚོད་ཐུག་པ་ཞིག་རེད། ངས་སེམས་ཐག་བརྒྱ་ཆའི་བརྒྱ་བཅད་དེ་ཡར་བཅར་བ་ཡིན། འགྱུར་བ་གང་ཡང་གཏོང་རྒྱུ་མེད་ཅེས་སྙན་གསེང་ཞུས་ཏེ་དགོངས་པ་ཞུས་པ་ཡིན། ཞེས་གསུངས་སོང་།
སྐུ་ཉིད་བཀའ་ཤག་སྐབས་སྔ་མ་དང་ད་རེབ་བཀའ་ཤག་སྐབས་གཉིས་རིང་བཀའ་བློན་གྱི་ཕྱག་ལས་གནང་བ་རེད། ད་རེབ་འདི་ལྟར་གློ་བུར་དུ་དགོངས་པ་ཞུ་དགོས་བྱུང་བ་དེར་ཐུགས་ཕམ་ཡོད་མེད་དྲིས་པར་ཁོང་གིས། ངས་བཀའ་ཤག་སྐབས་གཉིས་ནང་ཞབས་ཞུ་ཞུས་པ་རེད། ཐོག་མ་དགའ་ལྡན་ཕོ་བྲང་གིས་དབུ་ཁྲིད་པའི་བཀའ་ཤག་ནང་བསྡད་པ་རེད། རྩ་བའི་རྣམ་པ་ཚང་མས་མཁྱེན་གསལ་རེད། ང་ཆབ་སྲིད་པ་མ་རེད། གཞུང་ཞབས་བྱས་ཏེ་བཀའ་ཤག་བཅུ་གསུམ་པའི་ནང་བསླེབས་ཕྱིན་པ་རེད། ༢༠༡༡ ལོར་༧སྐྱབས་དགོན་རིན་པོ་ཆེ་མཆོག་གི་སྐུ་དབང་ཆ་ཚང་མང་ཚོགས་ལ་བརྩིས་སྤྲོད་གནང་བའི་བརྒྱུད་རིམ་དེ་སྐུ་མདུན་སྐུ་ཆུང་ངུའི་སྐབས་ནས་ཐུགས་རེ་གནང་བསྡད་པ་ཞིག་དང་། དགོངས་པར་ཡོད་པ་ཞིག་མར་བརྒྱུད་བསྒྲགས་གནང་ཡོང་སྐབས། ང་རང་དགའ་ལྡན་ཕོ་བྲང་གིས་ཐུགས་འགན་བཞེས་པའི་སྐབས་ལ་དེའི་ནང་ལས་ཞབས་ཞུས། ད་ཐུགས་འགན་མར་གནང་བའི་སྐབས་ལ་ངས་ལས་འགན་འཁུར་ཐུབ་ཀྱི་མི་འདུག་ལབ་ན། ཕྲན་བུ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བསྒྲུབ་པ་ལས་སོ་སོས་ཞབས་འདེགས་མ་ཞུས་པའི་བཟོ་ལྟ་ཞིག་ཆགས་ཀྱི་འདུག་བསམ་ནས་བསམ་བློའི་རྨང་གཞི་དེ་འདྲ་ཞིག་གི་ཐོག་ནས་བཀའ་ཤག་ནང་བསྡད་པ་རེད། སྐབས་དེར་སྐུ་ངོ་སྲིད་སྐྱོང་གིས་ངའི་མིང་གསལ་བསྒྲགས་ཀྱང་གནང་ཚར་འདུག དེ་དང་ལེན་འདྲ་བོ་མ་བྱས་པ་ཡིན་ན་༧སྐུ་དབང་རྩིས་སྤྲོད་གནང་ཚར་ཙམ་རེད། དེ་འདྲའི་སྤྱི་ཚོགས་ཀྱི་གཡོ་ཁྱོམ་ནང་དུ་གླེང་སློང་མང་པོ་ཞིག་ཆགས་ཀྱི་རེད་བསམ་ནས་ང་བསྡད་པ་རེད།
བཀའ་ཤག་གཉིས་ཀའི་ནང་དུ་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་གོ་སྐབས་བྱུང་བ་རེད། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཅེའི་སྐུ་ཕྱྭའི་ཐོག་ལ་ལས་འགན་བྱེད་པའི་གོ་སྐབས་བྱུང་བ་དེ་ང་རང་སྐལ་བ་བཟང་པོ་ཡིན་བསམ་ཡོད། དེར་བརྟེན། ལས་ཀའི་ཐོག་ནས་ང་ལ་འགྱོད་པ་སྐྱེ་དགོས་པ་དང་བློ་ཕམ་བྱེད་དགོས་པ་གང་ཡང་མེད། ཡིན་ནའང་སང་ཉིན་གནངས་ཉིན་ལས་འགན་འཁྱོལ་འགྲོ་བཞིན་ཡོད་པའི་བཀའ་ཤག་གི་ལས་རྒྱུན་ཞིག་གི་ནང་དུ་མཇུག་སྐྱོང་མ་ཐུབ་པ་དེར་སེམས་ནང་ཏོག་ཙམ་མ་བདེ་བ་ཞིག་ཏན་ཏན་ཡོད། ཡིན་ནའང་ངས་ཐག་གཅོད་བྱས་པ་དེ་འགྲིག་ཡོད་བསམ་གྱི་ཡོད། ང་རང་གིས་བསམ་བློ་ཞིབ་ཚགས་པོ་བཏང་སྟེ་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། བློ་བདེ་བོ་བྱས་ཏེ་ལུགས་དང་མཐུན་པ་བྱས་ཏེ་དགོངས་པ་ཞུས་པ་ཡིན། གཙོ་བོ་བཟང་སྤྱོད་དང་འགན་འཁུར་བའི་ཐོག་ནས་དགོངས་པ་ཞུས་པ་ཡིན། གཅིག་བྱས་ན་རྣམ་པ་ཚོ་གཞོན་སྐྱེས་ཡིན་སྟབས་བསམ་བློའི་ནང་བག་ཆགས་འདྲ་བོ་མེད་ན། སོ་སོའི་བསམ་བློ་གཏོང་ཕྱོགས་དང་ལྟ་ཕྱོགས་ཤིག་རེད། ངས་དཔེ་མི་སྲིད་པའི་འགན་ལྗིད་པོ་མཐོང་སོང་། བཀའ་སློབ་དེ་དང་། ལྷག་པར་དུ་ཆོས་སྐྱོང་ཚོའི་བཀའ་ལུང་ལྗིད་པོ་གསུངས་ཡོད་སྟབས། སོ་སོས་འགན་མ་ཁྱོག་པའི་གནས་སྟངས་ཤིག་མཐོང་སྟེ་དགོངས་པ་ཞུས་པ་རེད་མ་གཏོགས་གཞན་པའི་གནས་ཚུལ་གང་ཡང་མེད། ཅེས་གསུངས་སོང་།
ཡང་གསར་འགོད་པ་ཞིག་གིས། སྐུ་ཉིད་ཀྱིས་རྒྱུན་རིང་པོར་བདེ་སྲུང་ནང་ཕྱག་ལས་གནང་བ་རེད། ཉེ་ལམ་༧གོང་ས་མཆོག་གིས་བཀའ་གནང་བ་དང་ཆོས་སྐྱོང་ཚོས་བཀའ་ལུང་ཕེབས་པ་བཅས་ལ་བརྟེན་ཏེ་དགོངས་པ་ཞུས་པ་དེ་སྔོན་མ་ནས་འཐུས་ཤོར་ཕྱིན་པ་ཞིག་ལ་དངོས་འཛིན་གནང་གི་ཡོད་དམ། མ་འོངས་པར་འཐུས་ཤོར་འགྲོ་སྲིད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དྲིས་པའི་ལན་དུ། ང་རང་གི་ལྟ་སྟངས་བྱས་ན། སྐུ་ཕྱྭའི་ཐོག་བདེ་སྲུང་གིས་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། བར་ལམ་ཆིབས་བསྒྱུར་དེ་འདྲའི་སྐབས་སུ་གནས་ཚུལ་གླེང་ཙམ་རེ་ལྷག་པ་དེ་འདྲ་བྱུང་པ་རེད། དེ་དག་ཚང་མ་གནས་སྟངས་གཅིག་རེད། དེ་བཞིན། མ་འོངས་པར་འཐུས་ཤོར་ཆེན་པོ་ཡོང་སྲིད་པའི་གནས་བབ་དེ་འདྲ་ཡང་མ་རེད་བསམ་གྱི་འདུག ང་ཚོ་མི་ཚང་མར་བཟང་སྤྱོད་ཀྱི་འགན་ཞིག་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་ཟེར་བ་དེ་ཕྱི་ལོགས་ཀྱི་སྒྲོམ་དང་གནས་བབ་དེ་དེང་དུས་དང་མཐུན་པའི་ཆ་རྐྱེན་ཞིག་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་རང་གི་ཐུགས་དགོངས་དང་སྐུ་གཟུགས། ལྷག་པར་དུ་དཀར་ཕྱོགས་སྐྱོང་བའི་བོད་ཀྱི་སྲུང་མ་རྣམས་གྱི་གྲོགས་དང་འཕྲིན་ལས་དང་། འགན་འཁུར་མེད་པ་ཡིན་ན་དེ་བློས་འགན་བཟོད་ཐུབ་ཅིག་ཡོད་པ་མ་རེད། དེ་མི་སོ་སོའི་བསམ་བློ་གཏོང་ཕྱོགས་རེད། དེར་བརྟེན་འགན་ཁྱོག་གི་མི་འདུག་ཅེས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་སོང་།
ཡང་གསར་འགོད་པས་༧གོང་ས་མཆོག་དང་ཆོས་སྐྱོང་ཚོས་བཀའ་ལུང་དེ་ལྟར་ཕེབས་པ་དེ་ལ་མ་འོངས་པའི་སྲིད་སྐྱོང་གིས་བསླབ་བྱ་གང་འདྲ་ཞིག་ལེན་དགོས་པར་གཟིགས་ཀྱི་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། དེ་ངས་ཞུ་ཐུབ་པ་མ་རེད། སོ་སོས་བསམ་བློ་གཏོང་དགོས་པ་རེད། མང་ཚོགས་ངོས་ནས་ཁ་ཤས་ཀྱིས་འགྲིག་འདུག་གསུང་མདོག་ཁ་བོ་རེད་ལ། ཁ་ཤས་ཀྱིས་འགྲིག་མི་འདུག་གསུང་མདོག་ཁ་བོ་རེད། དེར་ང་ལ་བསམ་ཚུལ་གང་ཡང་མེད། ངའི་སེམས་ནང་ལྗིད་ཁོག་ཚ་ཤོས་དེ་ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་མིའི་གནས་སྟངས་དེ་རིམ་པས་གསལ་བོ་ཆགས་ཀྱི་རེད་བསམ་གྱི་འདུག ངས་ལོ་མང་པོ་ཞེ་དྲགས་ཤིག་ལ་ལས་ཁུངས་ནང་ལས་ཀ་བྱས་པ་ཡིན་སྟབས། བོད་ཕྱི་ནང་གཉིས་སུ་འབྲེལ་བ་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་བོད་ནང་དུ་འབྲེལ་བ་དམ་པོ་ཡོད་པའི་མི་སྣ་དེ་འདྲ་ཡོད། སོ་སོ་ལས་གནས་ག་རེ་ཡིན་མིན་ལ་མ་ལྟོས་པར། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་སེམས་འཁུར་བྱས་ཏེ་འབྲེལ་བ་གནང་སྡོད་མཁན་དེ་ཚོར་བློ་བུར་དགོངས་པ་ཞུས་འདུག་ལབ་ན། ཁོ་རང་ཚོའི་བསམ་བློའི་ནང་སེམས་འཚབ་ཡོང་གི་རེད་བསམ་གྱི་འདུག ང་རང་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་གི་འགྲོ་ས་ཡོད་པ་མ་རེད། ཡིན་ནའང་རིམ་གྱིས་གསལ་བོ་ཆགས་ཡོང་གི་རེད་བསམ་གྱི་འདུག མང་ཚོགས་ཚོས་ཐུགས་བློ་བདེ་བོ་གནང་དགོས་པ་རེད་བསམ་གྱི་འདུག མང་ཚོགས་ཀྱི་ངོས་ནས་སོ་སོའི་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་ལྟ་ཚུལ་མ་འདྲ་བ་ཏན་ཏན་ཡོང་གི་རེད་དེ། དེའི་ཐོག་ལ་མ་འགྲིག་པ་དང་མ་མཐུན་པ། བློ་ཕམ་དེ་དགོངས་པ་ཞུས་པ་དེ་འདྲའི་གནས་སྟངས་གང་ཡང་མ་རེད། བཟང་སྤྱོད་ཀྱི་ཐོག་ནས་འགན་ཞིག་མ་ཁྱོག་པའི་ཐོག་ནས་དགོངས་པ་གནང་རོགས་ཞུས་པ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། པདྨ་རྒྱལ།
དུས་བབ་ནས་དྲངས།
བློ་བཟང་སངས་རྒྱས་དང་མཉམ་དུ་སྤྱི་དོན་སྒྲུབ་རྒྱུ་ཅུང་དཀའ་ངལ་ཡོད་པ་འདྲ། གཅིག་རྗེས་གཉིས་མཐུད་དུ་གཞུང་ཞབས་ཕྱི་རྗེས་ཅན་ཉམས་མྱོང་དང་ལྷག་བསམ་གྱིས་ཕྱུག་པ་ཚོས་རྩ་དགོངས་ཞུས་པ་མཐོང་དུས། ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབ་ལ་སེམས་འཚབ་ལངས་ཀྱིན་འདུག
ད་བར་སྲིད་སྐྱོང་ལ་བཟོ་ལྟ་དང་རེ་བ་མེད་པ་བསམ་ཡོད་ཀུན་གྱིས་ཤེས་ཀྱང་། བཀའ་ཤག་ནང་ལྷག་བསམ་དང་ཉམས་མྱོང་ཅན་གྱི་བཀའ་བློན་འགའ་ཞིག་ཡོད་སྙམ་སྟེ་རང་གིས་རང་ལ་སེམས་གསོ་གཏོང་གི་ཡོད་ཀྱང་། ད་ལམ་བདེ་སྲུང་བཀའ་བློན་མཆོག་དགོངས་ཞུ་གནང་བས་ད་ནི་རེ་བ་ཡོད་ཚད་བརླག་སོང་། ད་ཡིན་ན་བཙན་བྱོལ་གཞུང་གི་གསང་བ་ཡོད་ཚད་སྙིང་རྗེ། རྒྱ་གར་གཞུང་ཡང་ཐུགས་འཚབ་གནང་དགོས་པ་ཆགས་སོང་། ད་གཟིལ་བརྗིད་ཁོག་སྟོང་ཚོ་ནམ་ལང་སོང། གསུང་དང་ལེགས་ཐོངས།
སྨན་རྩིས་ཁང་ལ་བཀའ་བཀྱོན་གནང་ན་་་་ཁོང་དགོངས་པ་ཞུས་དགོས་པའི་རྒྱུ་མཚན་མཐོང་མ་སོང་།
ད་ཡིན་ན་ཆབ་སྲིད་ནང་དུ་ལྷ་དང་བླ་མ་ཀུན་གྱིས་བཀའ་སྐྱོན་གནང་ཐག་ཆོད་དེ་མཐའ་མར་བོད་དེ་གང་ཡང་གཞི་འཛིན་ས་མེད་པ་ཆགས་ངེས་རེད། ལྷ་འདྲེ་སྨྱོ་རྒྱུ་མང་དྲག་ན་གཞུང་ཞབས་ཚང་མས་དགོངས་པ་ཞུ་རྒྱུ་ལ་ཉེན་ཁ་ཡོད་པ་རེད
http://tibettimes.net/འཁྱོལ་ལ་ཉེ་བའི་བཀའ་ཤག་/
ཕྱི་དྲིལ་བཀའ་བློན་གཟའ་ཉི་མ་ལ་རྩ་དགོང་ཞུས་།
སྡེ་སྲུང་བཀའ་བློན་ལྷ་དཀར་ཉིན་རྩ་དགོང་ཞུས་།
ཨ་ཁཁ་འགོ་ལོག་མང་པོ་རྩེད་སོང་བཀའ་བློན་ཚོ་།
ཧཱུམ། སྔོན་ཚེ་དབང་དྲག་པདྨའི་སྐུ་དྲུང་དུ། །སངས་རྒྱས་བསྟན་པ་འཛིན་པའི་སྐྱེས་བུ་ལ། །གྲོགས་དང་འཕྲིན་ལས་སྒྲུབ་པའི་གཡར་དམ་ཅན། །མཐུ་ལྡན་སྲུང་མ་རྣམས་ཀྱིས་དགྲ་བགེགས་བསྒྲོལ། །
ཆེས་བཀུར་འོས་དང་བློ་གཏད་ཆོག་པའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་རྩ་དགོངས་ཞུས་འདུག་སྟབས་ཆེས་བློ་ཚབ་ཡོང་བཞིན་འདུག ད་སྲིད་སྐྱོང་བློ་སེང་ལགས་ནས་དབུ་འཁྲིད་པའི་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ལ་བློ་ཚབ་དང་ངང་སྐྲགས་ཡོང་བཞིན་འདུག བཀའ་བློན་དང་ལས་བྱེད་རྒན་གྲས་མང་པོ་རྩ་དགོངས་ཞུ་སྟངས་ལ་བལྟས་ན་སྲིད་སྐྱོང་བློ་སེང་ལགས་ནས་འགྲིག་གི་མེད་པ་མངོན་གསལ་རེད། འོན་ཀྱང་བཙམ་བྱོལ་བོད་མི་ནས་ཁོང་ལ་སླར་ཡང་ལོ་ ༥ རིང་གོ་སྐབས་གནང་ཡོད་སྟབས་ང་ཚོའི་སྒྲིག་འཛུགས་ས་བརྟན་ཡོད་པ་དེ་དག་གི་གནས་སྟངས་ཇི་འདྲ་ཆགས་སམ། ད་བསམ་བློ་གཏིང་ཟབ་མོ་གཏོང་དགོས་དུས་ཚོད་རེད་འདུག ཨ་ཁ་ཁ་ བཙན་བྱོལ་བོད་མིའི་ལས་དབང་ལ་ལྟོ་དང།།།།
བློ་སེང་རྒྱབ་སྐྱོར་དང་བཅས་པའི་བྱེད་སྟངས་ལ་འདི་ལྟར་རྩ་དགོངས་ཞུ་རྒྱུ་ལས་ལྷག་མེད། དཔལ་ལྡན་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་བཀའ་ཤག་སྦོ་ལུག་གི་འདུག་ཟེར་བ་དངོས་ཡོད་རེད་འདུག ལྷིང་འཇགས་མེད་པ་ལྷས་གསུངས། འཐུས་ཤོར་ཕྱིན་པ་བླ་མས་གསུངས་ཀྱང་ད་དུང་ཧམ་པ་རི་ཙམ་བཤད་ནས་མི་མང་ལ་མགོ་སྐོར་དང་གཞན་ལ་སྙོན་འཛུགས། ལུང་ཚན་དང་དོལ་ཚོགས་ལ་སྐྱབས་བཅོལ་བའི་སྲིད་སྐྱོང་ལ་ཞེ་མེར་ཞིང་སྐྱུགས་ལོག
རྡོག་བསྒྲིལ་ནས་བཤད་ན། བཀའ་བློན་ལ་མུ་མཐུད་དེ་བཞུགས་ན། བཟང་སྤྱོད་དང་འགལ་གྱི་འདུག དེར་བརྟེན་བཟང་སྤྱོད་དང་མི་འགལ་བའི་ཕྱིར་དུ་དགོངས་ཞུ་བྱས་པ་ཡིན་གསུངས་ཡོད། ཕོ་རབ་ཟེར་ན་དེ་རེད། ངོ་ཚ་ཁྲེལ་གཞུང་སྤངས་ནས་དབང་ཆ་མིང་གྲགས་རྫུན་གྱིས་བཏེགས་ནས་སྡོད་མཁན་ཚོར་ཕོ་རབ་ཟེར་བ་མིན། དེ་ཚོ་ནི་ཟ་འདྲེ་རེད།
བློ་བཟང་སེང་གེས་འཇོན་ན་འདྲ། མའཇོན་ན་འདྲ། ནུས་པ་གང་འཚམ་བཏོན་ཡོད་པ་རེད། ཡིན་ནའང་། གྲུབ་འབྲས་འདི་ཡིན་ཟེར་བ་ཞིག་མེད་པའི་སྒང་ལ། འཐུས་ཤོར་མང་པོ་ཞིག་བཏང་བ་ཆགས་ཡོད་པ་རེད། ད་ཆ་གཞི་ནས་འཐུས་ཤོར་མཐོང་གི་ཡོད་པ་དེ་འདྲ་མ་རེད། གྲོས་ཚོགས་རིམ་པའི་ནང་ལ་སྤྱི་འཐུས་སྤྱི་སེམས་ཅན་ཚོས་ལམ་སྟོན་དང་རེ་འདུན་ཞུས་ཡོད་པ་རེད། ཉན་འཇོག་མ་བྱས་པ་རེད། ཉམས་མྱོང་གིས་མ་འདང་བ་རེད། བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་ཁ་ཤས་ཡོད་པ་རེད། དེ་རྒྱབ་སྐྱོར་བྱེད་སྟངས་ཡག་པོ་གང་ཡང་མ་རེད། འཐུས་ཤོར་འགྲོ་བར་རྒྱབ་སྐྱོར་བྱས་པ་འདྲ་པོ་ཆགས་ཡོད།་དངོས་གནས་ཤ་ཚ་ཡོད་ན། འཐུས་ཤོར་གཏོང་མི་ཉན་པ་དང་། གང་ན་འཐུས་ཤོར་འགྲོ་གི་ཡོད་པ་དེ་གསལ་བཤད་བྱས་ནས་གཞོགས་འདེགས་བྱེད་དགོས་པ་རེད་དེ། དེ་འདྲ་གནང་མཁན་མེད་པ་རེད། སྲིད་སྐྱོང་གི་ལས་འགན་ནི་འོས་ཤོག་གཅིག་པོར་འབད་པ་བྱེད་རྒྱུ་དེ་མ་རེད། གྲུབ་འབྲས་ལྡན་པའི་ལས་ཀ་བྱེད་ཐུབ་དགོས་པ་རེད། ད་ལྟ་བློ་བཟངསེང་གེ་ལོ་ལྔ་རྫོགས་འགྲོ་གི་ཡོད་པ་རེད། མཐའ་མ་དེར། ལོ་ལྔ་དེ་འཐུས་ཤོར་ཞེས་པའི་ཚིག་འདིའི་འོག་ལ་སྡོམ་རྒྱག་དགོས་པ་ཆགས་ཡོད། དགའ་ན་འདྲ། མ་དགའ་ན་འདྲ། བདེ་སྲུང་བཀའ་བློན་མཆོག་གིས་མུ་མཐུད་ནས་ཨུ་ཚུགས་དང་རི་བོང་རྡོ་རྫུས་བྱས་ནས་བསྡད་ན། བཟང་སྤྱོད་དང་འགལ་བ་ཞིག་ཡིན་པ་ལ་བསམ་གཞིགས་དང་ཉམས་ལེན་གྱིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་ཡག་པོ་རེད།
ད་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དགོངས་པ་ཞུས་ན། བློ་སེང་དང་ཁོང་གི་ཕྱག་རོགས་(མདོ་སྟོད་པ་)གཉིས་དང་སྤྲེལ་ལད་པ་གཉིས་མ་གཏོགས་ལྷག་གི་མ་རེད། དེ་དུས་ཞབས་འདྲེན་ནང་གི་ཞབས་འདྲེན་དེ་ཆགས་ཀྱི་རེད།
༢༠༡༦ སྲིད་སྐྱོང་འོས་བསྡུའི་ནང། །
ལུང་ཚན་ཆོལ་ཁའི་འཐེན་འཁྱེར་དར་ཆ་འཕྱར། །
བཟང་སྤྱོད་མེད་ཐོག་གཞན་ལ་སྡིགས་ར་བསྐུལ། །
ཉམས་ཆུང་མི་མངས་རྫུན་གཏམ་དག་གིས་བསླུས། །
ལས་འབྲས་ཟེར་བ་ཆོས་མེད་སྨྲ་ལྟར་དོར། །
ད་ནི་རིམ་གྱིས་(བཀའ་ཤག་ནང་གི་)རུལ་དྲི་ཕྱི་རུ་འཐུལ། །
ཧར་མ་བརྒྱབ་ནས་བཤད་ན་བཀའ་ཟུར་ཁོང་ལ་རང་གི་ཉམས་མྱོང་སྟེང་ནས་བཟང་ངན་གང་ཡང་ལབ་མི་ཐུབ་ནའང་། ང་ཚོའི་སྤྱི་ཚོགས་ནང་ཁོང་བརྩི་བཀུར་དང་ཡིད་གཏད། བསྟོད་བསྔགས་དང་རེ་བ་ཞུ་ཡུལ་གྱི་མི་སྣ་ཞིག་ཏུ་ངོས་འཛིན་ཡོད་པ་ལ་ཀུན་ཀྱིས་བསྙོན་མི་ནུས། ལོ་ཡུན་དེ་འདྲའི་རིང་ཁོང་གིས་གང་དུ་བདེ་སྲུང་བཀའ་བློན་གྱི་འགན་བཞེས་ནས་བསྡད་པར། རང་གི་སྤྱི་ཚོགས་ཀྱི་མིས་གོང་ཞུས་བཞིན་ལེགས་གསོལ་བགྱིད་སྟངས་འདིས་ཀྱང་། ང་ཚོའི་སྤྱི་ཚོགས་ཀྱི་ངོས་འཛིན་དེར་ཡིད་མ་ཆེས་རང་ཆེས་ཤིག དེས་ན། ཐེངས་འདིའི་ལས་ཡུན་རྫོགས་པར་ཟླ་ཤས་ཤིག་ལས་མེད་རུང་དགོངས་ཞུ་སྐབས་འདི་འདྲར་ཕུལ་བ་ནི། ཅི་བཤད་རུང་དོན་དག་ཆེ་ཞིག་ཡོད་པར་མ་ཟད། ཆབ་སྲིད་རིག་པའི་ངོས་ནས་མི་མང་ལ་གོ་བརྡ་ཡང་གང་ཞིག་སྤྲད་པའི་ལྟས་རེད་བསམས་ན། ངོ་མ་སེམས་ཀྱང་མི་སྐྱིད་པ་ཞིག་རེད། ཐུགས་རྗེ་གཟིགས། ཤེས་མྱོང་འཇོན་གསུམ་གྱིས་ཕྱུག་པར་གྲགས་པའི་རྒན་པ་ཁྱེད་ཚོས་ང་ཚོ་མ་གཡུགས།
གོང་གི་དོལ་ཚོགས་ཀྱི་ངག་ཚབ་དེར་སྨྲས་པ། ཅི་སྟེ་བློ་སེང་གི་ལག་ནས་༸གོང་ས་མཆོག་གིས་དབང་ཆ་བཞེས་ཆོག་པ་ཨང་སེམས་ཀྱང་། ཁོང་གིས་དམངས་གཙོའི་ཁེ་དབང་མི་དམངས་ལ་གནང་བ་རེད། བློ་སེང་ལ་མི་འདོད་ཚེ་མི་བརྒྱུད་མི་དགོས་པར་འོས་བསྡུའི་སྔོན་ལ། བློ་སེང་གི་འཐུས་ཤོར་ལ་ཕྱག་མཛུབ་གནང་བ་ཙམ་གྱིས། ཁོ་པར་ཐེངས་གཉིས་པའི་སྲིད་སྐྱོང་གི་གོ་སྐབས་མེད་པ་དེ་ཤེས་དགོས། འོན་ཏེ་འོས་བསྡུའི་རྗེས་ནས་འཐུས་ཤོར་གསུངས་པ་དེ། སླད་ཕྱིན་གྱི་ལམ་སྟོན་ཡིན་པ་ངེས་དགོས། ༸གོང་ས་མཆོག་རྒས་ཡོལ་མཛད་ཀྱང་ཁོང་ཉིད་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་ཡོད་པ་དེར། མི་དམངས་ཀྱི་སེམས་ནང་གཞན་སུས་ཀྱང་ཚབ་བྱེད་ནུས་བྲལ་བ་ཡིན་པ་དེ་ཤེས་དགོས། ད་ཆ་འཐུས་ཤོར་ཕྱིན་ཡང་ཧ་ལས་དགོས་དོན་མེད། ལམ་སྟོན་དང་བོད་མི་ཚོ་རྡོག་ལ་འདྲིལ་མཁན་སེམས་དཔའ་མི་གཟུགས་སུ་བྱོན་པ་ཞིག་ཞལ་དྲོན་མོར་བཞུགས་ཡོད། དེ་ལས་ཉི་མ་དེ་ནུབ་ཚེ་གང་འདྲ་ཆགས་འོང་ངམ་སྙམ་པའི་བློ་ངལ་འདུག ཆོལ་ཁ་གསུམ་པོའི་མཐུན་སྒྲིལ་གྱི་ཨ་ལོང་གུག་པོ་འདི་དང་། མི་སྨྱོན་པ་ཚོའི་འདུ་བྱེད་དག་གིས།
འབྲོང་ཆུང་དངོས་གྲུབ་ནི་ང་ལ་མཚོན་ན་ཧ་ཅང་བརྩི་བཀུར་ཞུ་ཡུལ་གྱི་མི་སྣ་ཞིག་ཡིན། ཁོང་གིས་བཀའ་བློན་ནས་དགོངས་པ་ཞུས་རེད་ཅེས་པ་དེ་གོ་དུས་གང་ཡིན་ན་བསམ་སོང་ལ། སེམས་ནང་ཧ་ཅང་རྙོག་འཛིང་ཅན་གྱི་ཚོར་བ་མང་པོ་ཞིག་སླེབས་བྱུང་། དེ་བས་ཁོང་གིས་དགོངས་པ་ཞུ་དོན་གང་ཡིན་གྱི་གསལ་བཤད་ལ་སེམས་ཚོར་ཆེན་པོས་སྒུག་པ་ཡིན། དངོས་འབྲེལ་བྱས་ན་ཆུ་ཚོད་འགའ་ནི་དུས་ཡུན་རིང་པོ་མིན་ཡང་ང་ལ་མཚོན་ན་དུས་ཚོད་ཡུན་རིང་ཞིག་ལ་སྒུག་པ་ལྟ་བུའི་ཚོར་སྣང་བྱུང་། གང་ལྟར་དུས་ཚོད་རེ་གཉིས་ཀྱི་རྗེས་སུ་ཁོང་གིས་གསལ་བཤད་དེ་གསར་ལམ་བརྒྱུད་ནས་ཡིག་ངག་གཉིས་ཐོག་ནས་གོ་བྱུང་།
དང་པོ། དགོངས་པ་ཞུ་དོན་༧གོང་ས་མཆོག་གིས་སྨན་རྩིས་ཁང་དུ་བཀའ་སློབ་ནན་པོ་གནང་བ་དང་འབྲེལ་བ་འདུག དེའི་ཐོག་ནས་བསམས་ན་དགོངས་པ་ཞུ་དགོས་མཁན་དེ་འཕྲོད་བསྟེན་བཀའ་བློན་དང་། འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་རྩིས་ཁང་དང་། བདེ་ལེགས་སྨན་ཁང་གཙོས་པའི་སྡེ་ཚན་ཁག་གི་འགན་འཛིན་ཚོས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་ལས། བདེ་སྲུང་བཀའ་བློན་དགོངས་པ་ཞུ་དགོས་དོན་དམིགས་བསལ་རྒྱུ་མཚན་མ་མཐོང་། ལྷག་ཏུ་ཁོང་གིས་བདེ་སྲུང་ནས་འཐུས་ཤོར་ཕྱིན་མེད་གསུངས་འདུག་ལ། མ་འོངས་པར་ཡང་འགྲོ་གཞི་མེད་སྐོར་གསུངས་འདུག དེ་བས་རྒྱུ་མཚན་འདི་རྒྱུ་མཚན་ཡང་དག་ཅིག་ཏུ་མ་མཐོང་།
གཉིས་པ། གནས་ཆུང་དང་། ཚེ་རིང་མ་སྤྱན་འདྲེན་སྐབས་བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་སྤྱི་གཉིས་ནས་ལྕགས་ཀྱིས་བྲབ་པ་དང་། ཕར་འཐེན་ཚུར་འཐེན་འགའ་བྱས་པ་དང་། ལྷས་གསུངས་པ་རེད་ཟེར་དོན་ལ། ༧གོང་ས་མཆོག་གི་སྐུ་ཕྱྭ་ལ་འགན་བཟོད་མིན་བཤད་སྐོར་དེ་རྒྱུ་མཚན་དུ་བགྲངས་འདུག བདེ་སྲུང་བཀའ་ཟུར་མཆོག་ལྷ་འདྲེ་ལ་ཡིད་ཆེས་ཆེ་ཐག་ཆོད་པ་ཡིན་འགྲོ གང་ལྟར་བཀའ་ཤག་དང་། ལྷག་ཏུ་ཁོང་གིས་བོད་མི་མང་གི་ཆེད་དུ་ལས་འབྲས་དཔང་འཕེར་གྱི་སྒོ་ནས་བདེ་སྲུང་བཀའ་བློན་གྱི་ལས་དོན་སྒྲུབ་ཡོད་ན་བློ་བདེ་པོ་བྱེད་ཆོག་གི་རེད་བསམ་གྱི་འདུག ལྷ་འདྲེ་ལ་སྐྲག་དགོས་མ་རེད། དེ་ནི་ནང་པའི་སྐྱབས་འགྲོའི་བསླབ་བྱ་རེད།
གསུམ་པ། བསམ་ཚུལ།
དེང་སང་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབང་ཆའི་ཆེད་དུ་འཐབ་རྩོད་ཅིག་འགྲོ་བཞིན་པར་མཐོང་གི་ཡོད་ལ། བཀའ་ཟུར་མཆོག་དགོངས་པ་ཞུ་དོན་དེ་འདྲའི་ཆབ་སྲིད་དང་འབྲེལ་མེད་པར་སྨོན།
འོས་བསྡུ་ཚར་བ་དང་། འཐུས་ཤོར་ཡོད་ཚུལ། ལྷ་འདྲེ་ཁྲོས་ཚུལ། འགན་མི་བཟོད་ཚུལ་འདི་ཚོ་ཡང་དབང་ཆའི་འཐབ་རྩོད་དེའི་ཆ་ཤས་མིན་པའི་སྨོན་ལམ་འདེབས་བཞིན་ཡོད།
མ་གཞི་ནས་ཆོས་ཕྱོགས་ནས་བཤད་ན། རྭ་ལོ་ཙྭ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་ཀུན་ཁྱབ་སྙན་ཁྱབ་པའི་རྔ་སྒྲ་སོགས་ཚད་ལྡན་དུ་ངོས་འཛིན་པའི་སྐྱེས་བུ་དག་གི་རྣམ་ཐར་མཇལ་ན་ལྷ་འདྲེ་ལ་ཆ་འཇོག་ག་ཚོད་བྱེད་དགོས་མིན་ཡང་ཤེས་ཡོང་།
བསམ་ཡུལ་ལས་འདས་སོང་བདེ་སྲུང་ཉམས་མྱོང་ཆེ་ཤོས་ཁོང་རྩ་དགོངས་ཞུས་པ་ཧ་ཅང་བློ་ཕམ།ཡིན་ནའང་མི་ཚེ་ལ་གཞུང་དམངས་ལ་ཞབས་ཞུ་བསྒྲུབས་པ་དཀའ་དྲིན་ཆེ་ཞུ་ཡ་ཡིན།
རྙིང་པ་ཚོ་དགོངས་པ་ཞུས་ན། གཞོན་སྐྱེས་ཚོ་ལ་གོ་སྐབས་རེད། གཞོན་སྐྱེས་ཚོ་ད་ངར་ཤོག ད་ཐོན་ཤོག །
ད་དུང་སྟོང་གསར་པ་བྱུང་ན་ཡང་། ང་ནི་དགའ་བསུ་ཞུ་མཁན་དང་། མི་རབས་གསར་པས་འཇོན་བགྱིད་ཡོད་པའི་རྟགས་སུ་གོའོ།།
ལོག་འགྲེལ་མ་གནངས་རོགས། བདེ་སྲུང་བཀའ་བློན་གྱིས་དགོངས་པ་ཞུ་དོན་དེ། བཟང་སྤྱོད་ལ་འགན་འཁྱེར་བ་ཡིན་ཞེས་གསུངས་འདུག་ག དེ་ལྟར་ན། ད་ལྟའི་བཀའ་ཤག་ནང་མུ་མཐུད་བསྡད་ན། བཟང་སྤྱོད་དང་འགལ་བ་ཆགས་ཀྱི་འདུག་དགོངས་ནས་དགོངས་པ་ཞུས་པ་རེད། དེ་ལ་འགྲེལ་བཤད་གཞན་པ་དགོས་པ་མ་རེད།
བདེ་སྲུང་བཀའ་ཟུར་མཆོག་གིས།
https://www.facebook.com/rfa.tibetan/videos/920845701368003/
བོད་ཀྱི་རྟ་རྒྱུགས་རྟ་རྩལ་ལ་ལན་ཅིག་གཟིགས་དང་། བོད་ལ་རང་དབང་ཐོབ་པར་ཐེ་ཚོམས་མི་འདུག
https://www.facebook.com/jampa.monlam.58/videos/815102458586924/
ཕྱི་སྡོ་བོད་མི་རང་དབང་རེད། །མི་དམངས་ཐམས་ཅད་དམངས་གཙོ་རེད།།
དཔོན་རྒན་ཐམས་ཅད་ཁྲི་ནས་བབས། །ན་ཆུང་རྣམས་ལ་གོ་སྐབས་ཐོབ།
དམངས་གཙོ་ཡར་རྒྱས་འགྲོ་རྟགས་རེད། །
ད་དུང་གྲོས་ཚོགས་ནང་སྤྱི་འཐུས་བྱས་ནི་ལོ་ཉི་ཤུ་བརྒལ་བའི་རྒན་གྲས་འགའ་ཤས་འདུག་པས་རང་རེའི་ལུང་པ་དང་མི་རིགས་ཀྱི་ཐོབ་ཐང་འཐབ་རྩོད་ལ་དགོངས་པ་བཞེད་དེ་ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་ནས་དགོངས་པ་ཞུས་ཏེ་གཞོན་སྐྱེས་ཤེས་ཡོན་ཅན་ཚོར་གོ་སྐབས་བསྐྲུན་ན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
ཁ་བརྡ་འགན་འཛིན་ནས་སྐལ་ཚེ་ཟེར་མཁན་དེའི་མཆན་མ་བཀག་ན་མི་དེས་གོང་ས་མཆོག་ལ་མཚན་དམད་ཞུ་རྒྱུའི་ལྐོག་གཡོ་བཅངས་བཞིན་འདུག་ན་རྒྱ་ནག་གི་ལག་ཆར་འགྱུར་ཉེན་ཆེ་བས་དོགས་གཟོན་བྱ་རོགས་།
བློ་སེང་ལ་དམའ་འབེབས་པ་ནི་རྒྱ་ཆེའི་བོད་མིར་དམའ་འབེབས་བྱས་པ་མཚུངས། མི་མང་གིས་བསྐོས་པ་རེད་པ། ད་ཀྲུང་གོའི་བོད་ལྗོངས་ནས་ཁ་སྔོན་བཤད་པ་ལྟར་ཏ་ལིའི་རུ་ཚོགས་ནང་འཛིངས་ནང་འཁྲུགས་བྱེད་ཀྱི་འདུག་ཟེར་ནས་བསྒྲགས་སོང་ང། དེ་ལ་བཀའ་སྤྱི་གཉིས་ནས་གསལ་བཤད་བྱས་པ་རེད་དེ་ཡིན་ནའང་དོན་དངོས་ལ་ནང་འཛིངས་བྱེད་པ་ཚད་མས་གྲུབ་སོང།
དྲང་པོ་བཤད་ན་བདེ་སྲུང་བཀའ་བློན་གྱིས་དགོངས་པ་ཞུ་དོན་ལ་རྒྱུ་མཚན་གཉིས་བགྲངས་འདུག གཅིག་ནི། རྒྱལ་བ་རིན་པོ་དགོས་ཚོམ་གྱི་བཀའ་སློབ་དེ་དང་། གཉིས་པ་ནི། ལྷ་འདྲེ་ཁོག་ཞུགས་ཀྱི་རྫུན་ལུང་སྨྱོ་རྟགས་དེ་གཉིས་ཐུགས་ལ་མ་འཕྲོད་པའམ་དེ་ལ་ཞེད་སྣང་སྐྱེས་སོང་ཟེར་གྱིན་འདུག མདོར་ན། དམངས་གཙོ་དང་།་དེངས་རབས་ཅན། ཤེས་རིག་ཅན་གྱིས་ཁོར་ཡུག་དང་དུས་རབས་འདི་ལ་དེ་ཚོ་འཚམས་པོ་མེད་པ་ཤེས་ནས་དགོངས་པ་ཞུས་པ་ཡིན་ཟེར་གྱིན་འདུག ང་ཡིན་ན་ཡང་དངོས་པ་ཞུ་ས་རེད།
སྤོབས་མཐའ་ལགས་ལྷ་བབ་སྲོལ་དེ་ཡང་ཡང་ཁྱོད་ཀྱིས་མི་དགའ་ས་དེའི་སྲོལ་ཡིན་གྱི་རེད། ངོ་མ་བོད་རྒྱུད་ནང་བསྟན་པ་འདི་ལ་ཡུལ་གཞན་གྱིས་ནང་པར་མི་བརྩི་བ་འདི་ལའང་དགོས་པ་རྒྱུ་མཚན་འདྲ་མི་འདུག་གམ། དྲང་པོར་ཤོད་དང། ག་དུས་ཡིན་ནའང་ཉེས་པའི་ཆ་དེ་ཅིག་ཅིག་མག་མག་ནས་བྱུང་རབས་དང་དེའི་སྲོལ་ངན་ལུས་ཚུལ་དང། བཟང་རབས་ལེགས་རབས་དེ་ཚོ་ང་ཚོས་ཡིན་རབས་བཤད་ན་ཁྱེད་རྣམ་དཔྱོད་ཅན་ཅིག་ལ་ཆ་བཞག་ན་དུས་རབས་དང་དང་དེང་རབས་དང་མཐུན་པ་ཞིག་འདུག་གམ། ངོ་མ་ད་ཡིན་ན་ལྷ་གསོལ་ཀླུ་གསོལ་བྱེད་མཁན་དེ་སུ་ཡིན་མིན་སྟོན་གྱི་མི་འདུག་གམ། དྲང་པོར་གཞིགས་ནས་གཅིག་གསུང་རྒྱུ་ཡོད་ན་ངས་དོ་སྣང་བྱེད་ཀྱི་ཡོད། དེ་མིན་རང་ཕྱོགས་གཞན་ཕྱོགས་སུ་བཟུང་ནས་སྐད་ཆ་བཤད་ན་ཉན་འདོད་མེད། ཁྱེད་རང་རྣམ་དཔྱོད་ཅན་ཅིག་ཡིན་མིན་བལྟ་གི་ཡོད།
བདེ་སྲུང་བཀའ་བློན་གྱིས་༧གོང་ས་མཆོག་གི་བཀའ་བཀྱོན་དང་ཆོས་སྐྱོང་རྣམ་པའི་བཀའ་བཀྱོན་མ་ཕེབས་ཀྱི་བར་བློ་སེང་གིས་ལས་སྟངས་དང་བྱེད་སྟངས་ལ་སྐྱོན་མ་མཐོང་བར་ད་རེས་གཞིས་ནས་འགན་ལེན་བཟོད་ཀྱི་མེད་པ་གསུངས་པ་དེ་མགོ་བདེ་པོ་བྱས་པ་ཞིག་ལས་གཞན་གང་ཡང་མ་མཐོང་།
དེ་ལྟར་ཡང་ལས་ཡུན་མ་འཁྱུར་གོང་ལ་དགོངས་པ་ཞུས་པ་འདིས་བློ་སེང་གིས་གྲོས་ཚོགས་ནང་ཧིན་རྡི་སྐད་ནང་ སྒེར་གྱི་” डजत izzat” སྲུང་སྐྱོབ་ཐུབ་སོང་ཅེས་པའི་གཏམ་བཤད་དཔའ་རྩལ་ཆེ་མདོག་གི་སྒང་བུགས་དེ་བཏོལ་གནང་བར་བཀྲིན་ཆེ་ཞུ།་ བློ་སེང་ཅེས་པའི་མི་འདིས་༧གོང་ས་མཆོག་དད་པ་ཡོད་པ་ང་ལ་ཡིད་ཆེས་མེད་།
འོ་ཡ། དཔྱོད་ལྡན་ཁྱུང་སེ་ལགས། ལྷ་འདྲེ་ཁོག་བབ་ཟེར་བ་དེ་ཅིག་ཅིག་ཚང་གི་སྒོ་ཁྱི་ཐབས་ཆག་ཅིག་རེད། སྒོ་ཁྱི་དེ་མངགས་ནས་གནའ་སྔོན་མ་མི་མང་པོ་སོ་བརྒྱབ་ཏུ་བཅུག་པ་རེད། དེང་སང་སོ་ངོ་མ་རྒྱག་པའི་ནུས་པ་མེད་ན་ཡང་ཟུག་འདུག་གི་ཡོད་རེད། ཡར་ཐོན་ཅན་གྱི་སྤྱི་ཚོགས་ཀྱི་སྔོན་དུ་ངོ་གནོང་དགོས་པ་ཞིག་ཡིན་པ་མ་ཟད་ང་ལྟ་བུ་རྨོངས་དད་ཀྱིས་རུལ་བསྡད་ཡོད་མཁན་ཞིག་གིས་བལྟས་ན་ཡང་ལྷ་ཕབ་ནས་ཆབ་སྲིད་ཀྱི་མདུན་ལམ་དྲི་བ་དེ་ངོ་མ་དེངས་རབས་སྤྱི་ཚོགས་ལ་མ་འཚམས་པ་ཞིག་ཡིན་པ་ཤེས་ཡོང་གིན་འདུག
ངོ་མ་དམངས་གཙོའི་ནུས་པའམ་མི་མང་གི་ནུས་པ་དང་དེངས་རབས་ཤེས་ཡོན་གྱི་ལེགས་ཆ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་ན་ལྷ་འདྲེ་འབེབས་སྲོལ་འདི་ཚོ་ལས་ལྷག་པའི་རྗེས་ལུས་ཀྱི་བྱེད་སྟངས་ཤིག་ཡོད་རྒྱུ་མ་རེད། ང་དམངས་གཙོའི་ལམ་སྲོལ་ལས་འདེམས་ཐོན་བྱུང་བའི་དབུ་ཁྲིད་ཅིག་ཡིན་ན་གཞུང་ངོས་ནས་ལྷ་འབེབས་སྲོལ་འདི་གཏན་ནས་མི་དགོས་པ་བཟོ་ས་རེད། མི་སྒེར་ནས་གང་བྱེད་རང་རང་གི་འདོད་མོས་རེད། ལྷ་ཕབ་ནས་མི་མང་གི་སྐྱིད་སྡུག་ཅིག་ཤེས་གི་ཡོད་ན་ལྷ་ལ་དྲིས་ནས་སྲིད་གཞུང་བསྐོ་བཞག་མི་བྱེད་པར་མི་མང་གིས་བདམས་དགོས་དོན་མི་འདུག་ག
#41 སྤོབས་པ་མཐའ་ཡས། ་ལགས་ཀྱི་གསུང་འདི་ལ་རྒྱབ་སྐྱོར་དང་། ངོས་ལེན་མེད། རྒྱུ་མཚན་དུས་ཚོད་ཁོམ་ན་འབྲི་ཆོག
་་་་་་་་་་ བློ་སེང་ཅེས་པའི་མི་འདིས་༧གོང་ས་མཆོག་དད་པ་ཡོད་པ་ང་ལ་ཡིད་ཆེས་མེད་། ་་་་་་་ ཟེར།
ད་ལན་སྤོབས་མཐའ་འདི་ཡིས་མི་སྐད་ཅིག་བརྒྱབ་སོང། ངོ་མ་རེད་རེད་འདི་ཡི་རིགས་མེད་པར་བྱེད་དགོས་འདུག་སྔོན་མ་ཡང་ལྷ་བབས་ནས་རྙིང་དགེ་གཉིས་དཀྲུགས་སོང། དེ་ནས་དགེ་ལྡན་ནང་དཀྲུགས་སོང། དེ་ནས་ལོ་ཤས་མི་འགོར་བར་བོད་རང་བཙན་ཐོབ་ཀྱི་རེད་ཟེར་ནས་མི་མང་ལ་མགོ་འཁོར་བཏང་སོང། དེ་ནས་ཡང་དབུ་རང་གཉིས་དབར་དཀྲུགས་སོང། དེ་ནས་ཆུ་སྒང་ནང་དཀྲུགས་སོང། ད་ཆ་མི་མང་དང་མི་མང་གིས་བསྐོས་པའི་ལས་ཀྱི་སྣེ་མོའི་དབར་ལ་དཀྲུགས་སོང། ད་གང་དཀྲུགས་འདོད་ཡིན་ནམ། བོད་རྒྱུད་ནང་བསྟན་པ་ཚོས་དགོངས་པ་ཟབ་མོ་ཞིག་བཞེས་དགོས་པའི་དུས་རེད། ཡང་ན་སྤོབས་མཐས་བཤད་པ་བཞིན་སྲིད་སྐྱོང་དང་བཀའ་སྤྱི་བཅས་ཚང་མ་ལྷ་ཡིས་བསྐོས་པ་ཡིན་ན་བོད་མི་ཚོའི་བློ་བདེ་ས་རེད། མ་རེད་པས། རྗེས་མར་ལྷ་ཡིས་བསྐོས་པའི་བཀའ་སྤྱི་དང་དེའི་སྒྲིག་འཛུགས་ལ་ལྷ་ཡི་སྒྲིག་འཛུག་གམ་ལྷ་ཡི་བཙན་བྱོལ་གཞུང་ཞེས་ངེས་པར་དུ་འདོགས་དགོས། གཞི་ནས་སྒྲིག་འཛུག་འདི་བཞིན་ལྷ་སེམས་ལྟར་ཞི་བདེའི་གནས་སུ་འགྱུར་ཡོང་གི་རེད། མ་གཞི་ནས་གོང་ས་མཆོག་ལས་རྣམ་དཔྱོད་དང་ཐབས་ཤེས་ཆེ་བ་ཞིག་མེད་པས་དྲེགས་པའི་ལྷ་ལ་རེ་དགོས་པ་གང་ཡིན་ནམ།
ད་སྙིང་རྗེ་ཁྱེད་རྣམས་ཚིག་ངན་འདྲ་བཤད་ནས་མི་ཚེ་རྫོགས་འདུག
དགོས་པའི་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་བཤད་རྒྱུ་མེད། མི་དགོས་པ་ནང་ལ་ཕྱོགས་ཞེན་གྱི་འཐབ་རྩོད་ཤ་སྟག་བཤད་འདུག
སེར་མོ་བ་འདི་ཚོ་ཆོས་བཞིན་བསྒྲུབ་མ་ཐུབ། འཇིག་རྟེན་གྱི་ལམ་ལུགས་ཡང་སྤང་མ་ཐུབ།
མི་ཚེ་ཆོས་རྩོད་ལ་སྐྱེལ་ཡང་། བློ་ཕུག་ལྷ་འདྲེ་ལ་གཏད།
ཆོས་དང་འཇིག་རྟེན་ཁ་ཁ་གནང་ནས་རྒྱུད་བྱམས་བརྩེས་བརླན་ཡོད་པ་ཞིག་ཆོས་པ་འདི་ཚོས་གནང་ན་ང་ཚོ་བོད་པ་ཚང་ངོ་མ་དགའ་འོས།
དེ་མིན་ཁག་པོ་རེད་ཡ་ཡ་ཡ་ཡ་
#44 ཁྱུང་སེ། ་ལགས་ཀྱིས་སྤེལ་བ་འདི་ལ། ངོས་ལེན་དང་། རྒྱབ་སྐྱོར་མེད།