ཐེ་འོད་ཟེར།
གཡོ་སྒྱུ་ཁྲལ་གསུམ་དཔུང་ཤེད་ཀྱིས།།
བསྐོས་པའི་ཆོས་རིག་བཀའ་བློན་གྱི།།
ཁྲི་རྒན་སྟེང་གི་སྨྱོ་གཏམ་ལ།།
སེམས་ལྡན་སུ་ཞིག་ཡི་རང་བྱེད།།
རྒྱལ་བསྟན་རིན་ཆེན་གསེར་གྱི་ནོར།།
ལུང་ཙམ་ཉིད་ལ་མ་བརྟེན་པར།།
དཔྱད་གསུམ་ཚད་མས་འཛིན་པ་ལ།།
སྡང་བའི་རོ་ལངས་བྱ་སྤུ་གནོན།།
གཡོ་ཅན་སྦྲུལ་གྱིས་སོས་བཏབ་པའི།།
རོ་མདངས་འབར་བའི་ནད་པ་ཞིག།
གངས་ཅན་ཆོས་རིག་བཀའ་བློན་ལ།།
གང་ནས་བལྟས་ཀྱང་འོས་མ་ལགས།།
དགྲ་ལ་རྒོལ་གཏམ་བཤད་མི་ཕོད།།
ནང་ཁུལ་མཐུན་ལམ་སིལ་བུར་གཏོར།།
ཆོལ་ཁ་དཀྲུག་པའི་ཐ་ཤལ་བ།།
ཆོས་རིག་ཁྲི་ལས་ཕབ་རན་འདུག།
རང་ཅག་བལྟ་བའི་མིག་དང་སྙིང་།།
གཅིག་པུར་གྱུར་བའི་སྐྱབས་མགོན་ལ།།
གནོད་བྱེད་དགྲ་དགའ་བྱ་སྤུ་གནོན།།
མི་ངན་གང་ལ་དོགས་ཟོན་མཛོད།།
བྱ་སྤུ་གནོན་ཟེར་པའི་གྲྭ་རྒན་གཡོ་སྒྱུ་ཅན་དེ་ནི་ཆོས་རིག་བཀའ་བློན་ལས་མར་བབས་ན་ཡག་ཤོས་རེད།
མང་གཙོའི་སྤྱི་ཚོགས་ནང་མགོ་ཁྲིད་ལ་མི་མང་གིས་ཡིད་ཆེས་མི་བྱེད་པའི་ཉིན་ནས་མགོ་ཁྲིད་ཀྱི་རྐུབ་བཀྱག་ཤོར་བ་རེད། བྱ་སྤུན་གནོན་ལགས། བྱ་སྤུ་གནོན་གྱིས།
བླངས་དོརབདའ་འདེད་ཨེ་གནང་སྐུ་ངོ་བཀའ་བློན་སྐུ་ཁོར།
ཐུགས་དྲན་ཉམས་པ་མི་མངའ་བླངས་དོར་ཙ་གཙིགས་ཆེན་པོ་།
གཞན་ལ་གནོན་པའི་རལ་གྲི་རང་སྲོག་གཅོད་བྱེད་འགྱུརཏ་རེ།
ར་སྤུས་བཟོས་པའི་འུར་རྡོ་ར྄་རྒན་མགོ་ལ་ལྷུང་པ་ལས་འབྲས།
བར་གཅོད་རེད་ད་མ་གསུང་ཆོས་རིག་བཀའ་བློན་བྱ་སྤུ་གནོན།
ལས་འབྲས་ཁེས་ལེན་གནང་ནས་བཟང་སྤྱོད་དགོང་པ་ཞུས་ན།
ཐ་མའི་མི་ལུས་རིན་ཆེན་མི་སྤྱོད་ལྷ་ཆོས་མཐུན་ཡོང་ཏ
༸ཡིད་བཞིན་ནོར་བུའི་བཀའ་དྲིན་འོག་ཆོས་རིག་གོ་ས་ཐོབ་ས་ཐོབ་ནའང་ངན་པ་ལག་སྤྲེལ་བྱས་པ་ནི་དྲིན་ལན་ལོག་མཇལ་རེད། མྱུར་དུམརྩ་དགོངས་ཞུ་རོགས།
ཆོས་རིག་བཀའ་བློན་ནས་མྱུར་དུ་རྩ་དགོངས་ཞུ་རོགས།
དྲ་འབུ་ལས་ངན་ཚོ། ཆོས་རིགས་བཀའ་བློན་རྩ་དགོངས་ཞུ་ན་ཁྱོད་ཚོ་གང་ཐོབ་ཀྱི་འདུག། ངས་ངོ་མ་མི་ཤེས་གི།
རྐུབ་སྟེགས་ལ་ཤི་འཐམ་རོ་འཐམ་བྱེད་པ་དང་། སྒྲིག་འགལ་གྱི་རྒས་ཤག་འཕར་མ་བླངས་པ་སོགས་ལ་བརྟེན་རྩ་དགོངས་ཞུ་དགོས།
ངན་པར་ལག་འབྲེལ་བ་ཚོ་ཆར་གཅོད་མ་གནང་བ་ཡིན་ན་ནམ་ཡང་མཐུན་སྒྲིལ་ཡོང་མི་སྲིད་དོ།
རྟ་ལམ་བོང་གུས་འགོག་དུས་བུང་མགོ་གསུང་གཏང་ལས་མོ་།
ཡ་མེད་བཙོངས་ནས་མ་ཞུག་བདའ་འདེད་གཏོང་བ་གནང་དང།
གཞུང་རྒྱུ་གསེར་གྱི་ཐམ་ག་གང་བྱུང་དགེར་བདག་གནང་གིས།
ཐ་ཤལ་ཇག་པའི་མཚན་ཉིད་མཉམ་མཐུན་གནང་བ་ཨེ་རེད་ཁྲིམས།
མ་གཞི་མི་ལ་དགོས་ཀྱི་མི་ལ་རྒྱུ་དག་དགོས་ཀྱི་གསུང་ཐང་ལས་མོ།
ཇོ་ལགས་ཆབ སྲིད་ནག་པོ་རྒྱུ་དག་མེད་པས་ལན་སོ་གསུང་ལས་མོ།
ཕ་བཟང་ཇ་ཁུག་གཡང་ཁུག་བུ་ངན་ལགས་ནས་གཏོར་མགོ་ཚུགས་
སྐྱི་གཡའ་བ
བྱ་སྤུ་གནོན་དང་ཨོ་རྒྱན་སྡོམ་ཤོར་གཉིས།།
ཁྱི་དང་སྤྱང་ཁུ་ངན་པ་ཁ་མཐུན་ལ།།
བཀའ་ཤག་ཀླུ་བྱམས་ཚུལ་ཁྲིམས་གཡོ་ཅན་སོཊ།།
ཝ་མོ་དཔུང་བར་བསྒྲིགས་པ་ངོ་རེ་ཚ།།