༄༅། ། ཚང་མས་མཁྱེན་གསལ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་རིགས་ཀྱི་འཚོ་གནས་ལ་དམིགས་བསལ་འགན་འཁྲི་དང་ལོ་རྒྱུས་ལྡན་པའི་གཉིས་སྨན་སྲིད་བྱུས་ཙམ་མ་ཟད། འཇིག་རྟེན་ཞི་བདེར་སྨན་པའི་ཐབས་ལམ་ཡང་དག་ཅིག་ཀྱང་ཡིན། བོད་གཞུང་མང་བཙན་བྱོལ་དུ་འབྱོར་རྗེས་ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ལ་གཟིགས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དབུ་ཁྲིད་འོག་ཡང་དག་པའི་མང་གཙོའི་ལམ་ནས་གཏན་འབེབས་བྱས་པའི་སྲིད་བྱུས་འདི་ཉིད། དབུས་བོད་མིའི་སྒྲིག་འཛུགས་ནས་མི་ལོ་བཅུ་ཕྲག་གསུམ་ལྷག་རིང་དམ་འཛིན་གནང་བཞིན་པ་དང། མི་མང་ནང་སྲིད་བྱུས་འདིའི་རྒྱ་ལས་མ་བརྒལ་བར་བོད་ཀྱི་བདེན་དོན་རྩོད་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཆགས་ཡོད་པའི་ཁྲོད། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་གནང་བའི་གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་བོད་བར་ཞི་བའི་གོམ་བགྲོད་ནི་དེའི་དཔེ་མཚོན་གསལ་ཤོས་ཤིག་ཡིན། ཁོང་མ་བུ་གསུམ་གྱི་མངོན་འདོད་དོན་ཚན་ལྔ་དེ་དང་པོར་ཁྱབ་བསྒྲགས་བྱས་པ་ནས་བཟུང། ངེས་ཤེས་རྙེད་པའི་ཁོང་གི་ཆོད་སེམས་དེར་ཤེས་ལྡན་ཀུན་གྱིས་རྗེས་སུ་ཡི་རངས་ཞུས་ཡོད་པ་མ་གཏོགས། གསུམ་བཅུའི་དུས་དྲན་ཉིན་ཁོང་མ་བུ་གསུམ་གྱི་གཡས་གཡོན་དུ་འཚང་ཁ་རྒྱབ་སྟེ། གསར་འགྱུར་བརྒྱུད་ལམ་སོགས་སུ་མིང་ཙམ་ཐོན་ཐབས་ལ་རྩི་ཤིང་རླུང་ཁྱེར་གྱི་ཟློས་གར་འཁྲབ་རྒྱུ་མ་བྱུང།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་འཐབ་རྩོད་ནི་དུས་ཐུང་ངང་མཇུག་སྒྲིལ་འགྲོ་བ་ཞིག་མིན་ལ། བསམ་སྤྱོད་འཚེ་བ་ཅན་དང། གློ་བུར་གྱི་ཚོར་བ་བཅས་དང་མ་འབྲེལ་བས་རྒྱ་ནག་གཞུང་ནས་ཀྱང་འགྲེལ་བརྗོད་ལོག་པ་སྤེལ་ལམ་མེད་པ་མ་ཟད། འཇིག་རྟེན་འདིར་བློ་གཟུ་བོར་གནས་པ་ཀུན་གྱིས་བསྔགས་འོས་ཀྱི་ཞི་བའི་འཐབ་རྩོད་ཅིག་རེད་འདུག་པས། བཙན་བྱོལ་བོད་མིའི་མི་ལོ ༥༣ ཀྱི་བདེན་དོན་འཐབ་རྩོད་ནང་མིག་དཔེར་འོས་པ་དང་གཞན་འགྲན་མེད་པ། ཆོལ་གསུམ་གཞིས་བྱེས་མི་མང་གི་མངོན་འདོད་བསྒྲུབ་པའི་འཐབ་རྩོད་ནང་གསེར་ཡིག་གིས་བྲིས་པའི་ལོ་རྒྱུས་ཤིག་ཀྱང་ཆགས་བཞིན་པ་ཡིན།
ཁོང་མ་བུ་གསུམ་གྱིས་རྒྱ་ནག་གི་རྒྱལ་དར་གཅིག་པུ་འཕྱར་བ་མིན་པར། བོད་དང་རྒྱ་གར། བལ་ཡུལ་བཅས་ཀྱི་རྒྱལ་དར་མཉམ་འཕྱར་གྱིས་བོད་ཀྱི་བདེན་དོན་འཐབ་རྩོད་གནང་བ་ནི་དངོས་ཡོད་དང་མཐུན་ལ། རྣམ་དཔྱོད་ལྡན་པ། དབུ་མའི་ལམ་གྱི་ནང་དོན་སྒྲུབ་པའི་འཐབ་རྩོད་བྱ་ཕྱོགས་བཅས་ཡིན། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་རྒྱུའི་གྲོས་མོལ་འགྲོ་བཞིན་པ་འདི་དང་རྒྱ་ནག་གི་རྒྱལ་དར་འཕྱར་སྟེ་ཞི་བའི་འཐབ་རྩོད་གནང་བཞིན་པ་གཉིས་ནི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཆེད་རེད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུའི་མངོན་འདོད་ཁ་ཞེ་གཉིས་མེད་ཡིན་པ། བོད་མི་མང་རང་གི་ངོས་ནས་འདི་ལྟའི་ལས་འགུལ་བརྒྱུད་རྒྱ་ནག་དང། འཛམ་གླིང་མི་མང་ལ་ར་སྤྲོད་བྱ་རྒྱུ་ནི་དབུ་མའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་ལ་སྤེལ་དགོས་པའི་འཐབ་རྩོད་རྩེ་གྲས་ཡིན་སྟབས། ཁོང་མ་སྨད་གསུམ་གྱི་རྣམ་དཔྱོད་ལྡན་པའི་འཐབ་རྩོད་འདི་ལ་ཡོངས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་པའམ། རྒྱ་ནག་མི་མང་གི་སེམས་ལ་ཞེ་འཁོན་བསྐྲུན་རྒྱུ་མིན་པར། རྒྱ་ནག་གི་འགོ་ཁྲིད་མཁྲེགས་འཛིན་ཅན་ཚོས་བོད་ནང་ལག་བསྟར་བྱས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཀྱི་ཁ་གཏད་དུ་འཚེ་མེད་ཞི་བའི་ལམ་ནས་ལངས་པ་ཞིག་ཡིན།
མཐའ་དོན། འཛམ་གླིང་གང་སར་བཞུགས་པའི་བཙན་བྱོལ་བོད་མི་ཆེ་ཕྲ་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལྟར་བོད་མི་དཀྱུས་མ་ཞིག་གིས་བོད་གཞིས་བྱེས་མི་མང་གི་མངོན་འདོད་རྒྱ་ནག་གཞུང་ལ་དངོས་སུ་བརྡ་སྤྲོད་བྱེད་ཆེད། རང་ཉིད་བློས་གཏོང་གནང་བཞིན་པ་འདི་ནི་ཡོངས་སུ་རྒྱབ་སྐྱོར་གྱི་གནས་ཡིན་པས། མུ་མཐུད་དུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ། ལས་འགུལ་འདི་འདྲ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འབྱུང་རྒྱུར་དེ་བས་ཀྱང་འབོད་སྐུལ་ཞུ་རྒྱུ་ཡིན། །
དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས།
བོད་རྒྱལ་ལོ། བོད་གཞུང་མང་གི་མངོན་འདོད་རྒྱལ་ལོ།
བོད་རྒྱལ་ལོ ༢༡༣༨ ཕྱི་ལོ ༢༠༡༢། ཟླ ༥། ཚེས ༨ཉིན།།
དབུ་ལམ་ཚང་གིས་དངོས་སུ་ཁོང་མ་བུ་གསུམ་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། ཁོང་གསུམ་གྱིས་ལས་འགུལ་འགོ་བཙུགས་དུས་ནས་གཞོན་ནུ་འཇམ་ཐེང་ངེར་བསྡད་སོང་ང་།
མ་ཟད་ག་དུས་ཡིན་ན་གཞོན་ནུས་མི་མང་ནང་དཀྲུག་བསྡད་ཀྱི་འདུག། རང་བཙན་རྩོད་མཁན་སློབ་ཕྲུག་ཚོགས་པ་ལ་ལྟོས་དང་་་་སོ་སོའི་ལས་སྲ་ཐག་ཐག་གནང་ནས་མི་མང་ནང་བརྡབ་སུག་གཏོང་གི་མི་འདུག་འདི་འདྲ་དགོས་པ་རེད།
གཞོན་ནུས་འགྲོ་ཤེས་སྡོད་ཤེས་བྱས་ན་བཟང་།
གླིང་ཚ་མ་བུ་གསུམ་གྱི་བསམ་དོན་འགྲུབ་པར་ཤོག། ཤོག་ ཤོག ཤོག
ཚེ་བརྟན་རྡོ་རྗེ་བུ་གསུམ་གྱིས་སེམས་ཐག་འདི་འདྲ་བཅད། དཀའ་ལས་འདི་འདྲ་བརྒྱབས། ལམ་ཐག་འདི་འདྲ་རིང་མོ་ཞིག་ལ་གོམ་པ་རེ་རེ་་་རེ་རེ་བརྒྱབས་ནས་བོད་མི་མང་གི་ཆེད་དུ་དཀའ་སྡུག་འདི་འདྲ་ཞིག་ཕྲག་ཏུ་ལེན་གྱིན་ཡོད་ན་ཡང་། གུང་ཁྲན་ཏང་གི་དར་ཆ་འཕྱར་པ་དེས་མི་མང་པོའི་སེམས་ལ་དོག་འདྲོགས་ཞིག་བསླངས་པ་རེད་ལ། རང་གི་རྐང་རྗེས་དེ་ཡང་རང་གི་ལག་པས་བསུབ་པ་ནང་བཞིན་མཐོང་།
དབུ་མའི་ལམ་མི་མང་ལས་འགུལ་ཁང་ཡིན་ན་ཡང་སྒེར་ཚུགས་ཀྱིས་ལས་འགུལ་བརྟན་པོ་རེ་རང་ཚུགས་ཀྱིས་སྤེལ་པར་འབད་བརྩོན་དང་སྟ་གོན་བྱེད་འོས་པ་ལས། ཚོགས་པ་གཞན་དང་མི་སྒེར་གཞན་གྱི་ལངས་ཕྱོགས་དང་ལས་འགུལ་ལ་འགྲེལ་བཤད་རྒྱག་ཁུལ་བྱས་ན། དབུ་མའི་ལམ་རང་ཉིད་ཀྱི་མཇུག་མ་ཇེ་ཕྲ་དང་།ལྗིད་ཁོག་ཇེ་ཡང་ལ་འགྲོ་བའི་སྔ་བལྟས་ཡིན།
དེང་སྐབས་ཁེ་ཕན་ཁོ་ན་ལ་ལྟ་བའི་སྐབས་འདིར་རྡ་སར་རྒྱ་རིགས་འབྱོར་ལྡན་ཡོང་མཁན་མང་དུ་འགྲོ་ཡི་འདུག་ལ། བོད་རང་བཙན་རྩོད་མཁན་དང་གཞོན་ལྷན་ཚོགས་པ་སོགས་ལ་ངོ་རྒོལ་བྱེད་མཁན་ཡང་མང་དུ་འགྲོ་ཡི་འདུག བོད་ནང་ནས་རྒྱ་མིའི་དར་དམར་མར་ཕབ་ཏེ་ངོ་རྒོལ་བྱེད་ཀྱི་ཡོད། བཙན་བྱོལ་ནང་རྒྱ་མིའི་དར་དམར་བསྒྲངས་བའི་དུས་ཚོད་དུ་སླེབས་འདུག ངོ་མ་བོད་དོན་ཆེད་སྲོག་ཤོར་མཁན་ཚོ་སྙིང་རྗེ། ཁོང་ཚོའི་དམིགས་ཡུལ་ལ་བསམ་བློ་གཏོང་མཁན་ཞིག་ཡོད་དམ།
ད་དུང་ལ་དོགས་པ་ཞིག་འདུག རྒྱ་དར་ཁྱེར་མཁན་དེ་གླིང་ཚ་མིན་ན། ཤར་ཕྱོགས་ཁུག་རྟས་རྒྱབ་སྐྱོར་བྱས་ཡོད་ཀྱི་རེད་དམ། བཙན་བྱོལ་ནང་བོད་མི་སྒེར་བ་རྒྱ་ལ་ཐུག་འཕྲད་བྱས་པར་ཡང་ངོ་རྒོལ་བྱས་པ་མང་པོ་ཡོད། དེ་ཡང་སྔོན་མ་མ་ཡིན་པར་༢༠༠༧ ལོ་ཡས་མས་རེད།
ངས་བལྟས་ན་ས་མཚམས་གསལ་བོ་ཕྱེས་འདུག་བསམས།
སྐར་ལྔའི་དར་དམར་ནམ་མཁར་བཀྱགས་ནས་རླབས་ཆེན་མེས་རྒྱལ་གྱི་པང་དུ་ལོག་འགྲོ་བའི་རྒྱལ་གཅེས་ཚེ་རྡོར་མ་བུ་ཚོ་བཀྲ་ཤིས་བདེ་ལེགས། རྣམ་པ་ཚོ་ད་དབྱུགས་ཞོག་་་་་་་་་་་་་་་་་་་་་་་་
གཞོན་ནུ་ཚོགས་པར་འདི་ལྟ་བུའི་སྒྲོ་འདོགས་བྱེད་པ་ནི་བོད་མིའི་ཤ་ཁྲག་མེད་པ་རང་རེད། གུང་ཁྲན་གཞུང་གིས་གཞོན་ནུ་ཚོགས་པར་སྒྲོ་འདོགས་ཚད་མེད་བྱེད་པའི་སྐབས་འདིར་བོད་མིའི་ལུས་ལ་རྒྱ་དམར་གྱི་སེམས་དང་ལྡན་པའི་རྒྱུག་ཁྱི་དེ་དག་གིས། གཞོན་ནུ་ཚོགས་པས་ཉེ་ཆར་མཉམ་འབྲེལ་རྒྱ་ཚོགས་རང་དབང་མེད་པར་བོད་མིའི་བདེན་དོན་ལ་བསམ་བློ་བཏང་ནས་གུང་བྲན་དང་བཀའ་མོལ་བྱ་རྒྱུ་ཡིན་ཞེས་དངོས་སུ་ཁས་ལེན་བྱེད་དགོས་བྱུང་བ་སོགས་གཞོན་ནུའི་བྱས་རྗེས་མ་ཤེས་པ་ནི་ཡ་མཚན་སྐྱེས་གཞིར་འགྱུར། སོ་སོའི་བསམ་དོན་སྒྲུབ་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ལུང་འདྲེན་བྱེད་པ་དང་། རང་ཉིད་འདོད་པ་མེད་པའི་སྐབས་༧གོང་ས་མཆོག་གི་བཀའ་ལ་དྲང་ངེས་ཀྱི་ཁྱད་པར་འབྱེད་པ་ལ་སོགས་པའི་སྐབས་འཚོལ་བ་དེ་དག་ལ་སྙིང་རྗེ་སོང་།།
གཞོན་ནུ་ཚོགས་པར་འདི་ལྟ་བུའི་སྒྲོ་འདོགས་བྱེད་པ་ནི་བོད་མིའི་ཤ་ཁྲག་མེད་པ་རང་རེད། གུང་ཁྲན་གཞུང་གིས་གཞོན་ནུ་ཚོགས་པར་སྒྲོ་འདོགས་ཚད་མེད་བྱེད་པའི་སྐབས་འདིར་བོད་མིའི་ལུས་ལ་རྒྱ་དམར་གྱི་སེམས་དང་ལྡན་པའི་རྒྱུག་ཁྱི་དེ་དག་གིས། གཞོན་ནུ་ཚོགས་པས་ཉེ་ཆར་མཉམ་འབྲེལ་རྒྱ་ཚོགས་རང་དབང་མེད་པར་བོད་མིའི་བདེན་དོན་ལ་བསམ་བློ་བཏང་ནས་གུང་བྲན་དང་བཀའ་མོལ་བྱ་རྒྱུ་ཡིན་ཞེས་དངོས་སུ་ཁས་ལེན་བྱེད་དགོས་བྱུང་བ་སོགས་གཞོན་ནུའི་བྱས་རྗེས་མ་ཤེས་པ་ནི་ཡ་མཚན་སྐྱེས་གཞིར་འགྱུར། སོ་སོའི་བསམ་དོན་སྒྲུབ་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ལུང་འདྲེན་བྱེད་པ་དང་། རང་ཉིད་འདོད་པ་མེད་པའི་སྐབས་༧གོང་ས་མཆོག་གི་བཀའ་ལ་དྲང་ངེས་ཀྱི་ཁྱད་པར་འབྱེད་པ་ལ་སོགས་པའི་སྐབས་འཚོལ་བ་དེ་དག་ལ་སྙིང་རྗེ་སོང་།།
ཀློད་དང་མ་ཀློད་བདག་དབང་ཡོད་ཚད་ཀློད།།
ཤོར་དང་མ་ཤོར་གོ་སྐབས་ཡོད་ཚད་ཤོར།།
གནང་དང་མ་གནང་སྲིད་དབང་དམངས་ལ་གནང་།།
འཁྲུག་དང་མ་འཁྲུག་རྡ་སའི་ཚོགས་པ་འཁྲུག།།
མྱང་དང་མ་མྱང་གཞི་སྡོད་བོད་མིས་མྱང་།།
བདེན་པ་རྒྱབ་སྐྱོར་ཨེ། རྒྱ་ནག་གི་རྒྱ་དར་འཁྱར་བ་བདེན་པ་ཡིན་པས་རེད་པས། དར་དམར་དེ་བོད་དུ་ཡོང་ནས་བོད་རིགས་ས་ཡ་༡ ཙམ་བསད་པ་བདེན་པ་ཡིན་པས་རེད་པས། བཙན་བྱོལ་གཞུང་ལ་ཁྲིམས་ཤིག་ཡོད་ན་གནད་དོན་འདི་ཁྲིམས་ལ་གཏུགས་དགོས་ངེས་རེད།
དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཚོ་གཙོས་འབྲེལ་ཡོད་ལས་ཀྱི་སྣེ་མོ་དང་ཕྱོགས་གང་ཡིན་ལ་ཇུས་གཏོགས་ཚ་མཁན་ཚོ། ལམ་དབུ་མའི་ལྟ་གྲུབ་དང་དམིགས་འདུན་ཕྱོགས་ལ་མཁྱེན་ཆུབ་ཟབ་མོའམ་དགོངས་དོན་མཐིལ་ཕྱིན་པ་ཞིག་རྟོགས་མེད་ན་སུ་དང་གང་ཡིན་གྱིས་ཁྱི་ཁ་བརྡར་ནས་གཉིས་སྨན་དབུ་མའི་ཐབས་ལམ་རྩེད་སྤྱད་དང་། སྤྱི་ཚོགས་ཆུང་ཆུང་འདི་ཕུ་དཀྲུགས་མདའ་དཀྲུགས་མ་བྱེད་རོགས། གལ་སྲིད་རྒྱ་སྒོར་གྱིས་ཁ་ལོ་བསྒྱུར་བའི་མི་ཞིག་ཡིན་ན་ནི་ཁྱོད་ཀྱི་ཁྱད་ལས་སམ་ཆེད་ལས་དེ་རེད། མིན་ན་་་་་་རྩམ་དྲི་འཐུལ་བའི་བོད་མི་ཞིག་ཡིན་ཚེ་མ་མཐའ་ཡང་རང་གི་མི་རིགས་དང་སྤྱི་ཚོགས་ལ་མནོ་བསམ་ཞིག་གཏོང་དགོས།
ཚང་མས་ཤེས་དགོས་པ་ཞིག་ལ། རྒྱ་ནག་གི་རྒྱལ་དར་འཁྱེར་བ་དེས་རྒྱ་ནག་མི་མང་ལ་བརྩི་བཀུར་བྱས་པ་ལས། རྒྱ་ནག་དམར་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་མི་མཚོན།
རྒྱལ་དར་ཞིག་འཁྱེར་ནས་མི་སྒེར་གྱི་བསམ་ཚུལ་བསྟན་པ་ཙམ་གྱིས་ཅལ་འདྲོགས་བྱེད་པ་འདིས་བཙན་བྱོལ་བོད་མི་ཚོར་དམངས་གཙོའི་གོ་རྟོགས་ཞན་པ་མངོན། བཙན་བྱོལ་བའི་དྲ་འབངས་ལ་ལ་ནི་རྒྱ་ནག་དམར་ཕྱོགས་པ་དང་འདྲ། ཁོ་ཚོས་བསམ་ན། མི་མང་དམངས་གཙོའི་ལམ་བུར་ཞུགས་ནས་བསམ་ཚུལ་མི་མཐུན་པ་འདོན་པ་དེ་མཐུན་སྒྲིལ་དང་བརྟན་བརླིང་གི་དཀྲུག་ཤིང་ཡིན་པར་བརྗོད་ཀྱིན་འདུག བསམ་ཕྱོགས་ཇི་འདྲའི་གུ་དོག་པ་ལ་ཨང་།
དེ་ནི་ཡར་ཐོན་གྱི་རྣམ་པ་ཞིག་ཡིན་པས། ཁྱོད་ཚོ་དངངས་སྐྲག་སྐྱེ་དོན་ཅི་ལ་ཡོད།
བསམ་ཚུལ་དང་བགྲོ་གླེང་གི་འོ་མ་བསྲུབས་ན། ད་གཟོད་རིག་པ་དང་ཐབས་ལམ་གྱི་མར་འོང་བ་ཡིན། བོད་དོན་ཐག་གཅོད་ཀྱི་ལམ་བུ་སྣ་ཚོགས་གསར་དུ་རྙེད་པའང་སྲིད།
ཁྲག་གི་འཚོས་པའི་དར་དམར་མཐོང་བས་ཕ་མེས་རྣམས་ཀྱི་ཤ་ལན་མ་ཐུབ་ཡིད་ནས་ཁོངས་ཁྲོ་སྡང་།
མ་བུ་གསུམ་གྱི་ལྷག་བསམ་ཆེ་ཡང་སྐར་ལྔའི་དར་དམར་བསྒྲེང་པས་དགྲ་གཉེན་གང་ཡིན་སོམ་ཉིར་ལུས།
གཞོན་ནུས་དགག་ཅིང་རྒན་པོས་བསྟོད་པའི་དུས་རབས་འདི་ནང་གངས་ཅན་པ་ཡི་སྐྱིད་སྡུག་གང་དུ་འཚོལ།
མི་ཡུལ་འདི་རུ་སླར་ཡང་ནང་འཁྲུགས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ཟླ་ནག་པོ་བསུ་བཞིན་འདུག
རྒད་པོ་ཚེ་རིང་བདག་གིས་མི་མྱོང་དགུ་མྱོང་ད་ནི་མི་མཐོང་དགུ་མཐོང་མཐོང་ལས་ཤི་ན་དགའ།
ལམ་དབུ་མའི་ཡིན་ནམ་བདེན་པའི་འཐབ་རྩོད་ཡིན་།
ང་རྒྱ་ནང་ན་ལོ་༡༣ཙམ་བསྡད་པ་ཡིན། རྒྱ་ནག་པའི་སེམས་ཁམས་ལ་ཡངརྒྱུས་ལོན་ཡོད། དབུ་མིའི་ལམ་ཟེར་བ་དེ་སྟོང་བསམ་ཁོ་ན་རེད། རྒྱ་སྐད་དུ་与虎谋皮ཟེར་སྲོལ་ཞིག་ཡོད་རེད། ང་བོད་ནང་ལ་འདུག་མཁན་ཞིག་ཡིན་པའི་ཆ་ནས་དངོས་གནས་ངོ་གནོང་གི
རང་ལུས་མེ་བསྲེགས་གཏོང་མཁན་གྱི་ཁ་ཆེམས་ལ་འདང་རེ་བརྒྱབ་མྱོང་ངམ། བོད་རང་བཙན་མེད་ན་བོད་དོན་ཐག་གཅོད་བྱེད་རྒྱུ་ནི་སྟོབས་བསམ་ཁོ་ན་རེད། ཕྱི་ཕྱོགས་ཀྱི་དམངས་གཙོ་དོན་གཉེར་བ་ཟེར་མཁན་ཚོས་ཅིའི་ཕྱིར་དབུ་མིའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ལས་རང་བཙན་ནམ་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་མི་བྱེད་པ་རེད། འདི་ཁོང་ཚོའི་ཤ་གསེང་རུས་གསེང་དུ་འཐིམ་པའི་རྒྱ་ཁབ་གཅིག་གྱུར་ཆེན་པོ་大一统思想བསམ་བློ་དེ་ནས་བྱུང་བ་རེད། གཞུང་ཕྱོགས་ནས་དབུ་མའི་ལམ་བྱས་ན་ཆོག་མོད། དམངས་ཁྲོད་དུ་འདི་ལྟ་བུའི་ཚོགས་པ་བཙུགས་ནས་ཀྲུང་གོའི་དར་ཆ་འཕྱར་བ་ནི་བོད་ནང་གི་བོད་མི་རྣམས་ཀྱི་འདོད་བློ་དང་ཡོངས་སུ་འགལ་བ་རེད།
རྒྱ་དར་འཕྱར་བར་རྒྱབ་སྐྱོར་མེད། །
དེ་ཡི་འོག་ནས་མྱངས་པས་ཆོག །
དེ་ཡང་སྐྱོན་བརྗོད་བྱས་པ་མིན། །
ས་ཆེན་གོམ་པས་འཇལ་བ་ལ། །
ལེགས་སོའི་བསྔགས་བརྗོད་མེད་པའི་ཁར། །
ཁ་རྡུང་གཏོང་བ་ཧ་ཅང་ཐལ། །
ལར་ནས་རང་དབང་ལུང་པ་རུ། །
སྨྲ་བརྗོད་ཐོབ་ཐང་འདྲ་མཉམ་ཡིན། །
རང་ཡུལ་དུ། བོད་རང་བཙན་ཡོད་བཞིན་བདག་པོ་སྐྱོན་མ་ཐུབ་པར་རྒྱ་མིའི་ལག་ཏུ་བསྐྱལ།
དེའི་ངན་ཁག་གཡས་དཀྲིས་གཡོན་དཀྲིས་གནང་།
གཞན་ཡུལ་དུ། རང་བཙན་བཙན་རྩོད་བཞིན་མེད་པ་བཟོས་ནས། དབུ་མའི་ལམ་དུ་བསྐྱལ།
དེ་ཡང་མགོ་མ་ཐོན་པར་གཡས་སྐྱོབ་གཡོན་སྐྱོབ་བྱེད་དགོས་འདུག
ད་ཆ་སྐར་ལྔའི་དར་ཆ་དགུང་སྔོན་དུ་བསྒྲེངས་ནས། རྒྱ་མིའི་འོག་ཏུ་སྡོད་ཀྱི་ཡིན་ཟེར་ཡང་། ཁ་ཡ་བྱེད་མཁན་མེད་པ་དེ། སུའི་ལས་འབྲས་འཁོར་བ་ཡིན་ནམ།
དྲང་མོས་བཤད་པ་ཤིན་ཏུ་དྲང་།
གསད་ན་ལེགས་པ་རང་རེད། ད་ལྟའི་རྒྱ་ནག་གི་རྒྱ་གླུ་བཏང་པས་གུང་བྲན་གཞུང་གི་རྒྱ་གླུ་བཏང་བ་ཡིན་ནམ་མ་ཡིན།།
མེ་བསྲེགས་ཀྱིས་སྐུ་སྲོག་ཤོར་བ་རྒྱ་གཅེས་དཔའ་བོ་སྣང་གསལ་ལགས་དམ་པ་ཁོང་གི་ཞལ་ཆེམས་ལས། བོད་རིགས་རྒྱ་ངན་འདིའི་འོག་ནས་ཐར་བ་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་དེས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་་སྲོག་བཅད་ཞེས་འཁོད་འདུག། །།
དབུ་མིའི་ལམ་གྱི་ལས་འགུལ་ཚོགས་པས་ལས་འགུལ་འདི་བཞིན་སྤེལ་བས་རྒྱར་མི་ཕན། བོད་ལ་གནོད། གལ་སྲིད་དེས་རྒྱ་བོད་བར་གྱི་དཀའ་རྙོག་ལ་ཕན་གྱི་ཡོད་ན། དང་ཐོག་ཁྱེད་ཚོའི་ཚོགས་པའི་ཚོགས་ཁངསྟེང་རྒྱ་དམར་གྱི་དར་རྒྱལ་དེ་གཙུག་དགོས།
རང་ཅག་རང་མགོ་མ་མཐོན་པར་འཇིག་རྟེན་གྱི་ཞི་བདེ་གླེང་བ་ནི་གོད་བྲོ་བའི་གཏམ་ཞིག་རེད། གླིང་ཚ་མ་བུ་གསུམ་གྱི་གོམ་སྟབས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་རྒྱུ་ཡིན། ཁོང་ཚོའི་མངོན་འདོད་དང་ལས་འགུལ་གྱི་ལག་བསྟར་དེ་དག་དེ་སྔོན་སུམ་ཅུའི་དུས་དྲན་སྐབས་གསལ་སྟོན་བྱས་པ་རེད། ཡིན་ནས་དངོས་སུ་ལག་བསྟར་བྱེད་སྐབས་འགྱུར་བ་ཞིག་ཕྱིན་པ་ནི་ཁོང་མ་མེད་གསུམ་གྱི་དར་དམར་འཕྱར་བ་དེ་རེད། ངས་གཞིགས་ན་དར་དམར་འཕྱར་རྒྱུ་དེ་ཕྱིས་སུ་དབུ་མའི་ལམ་ཚོགས་པ་ཞེས་པ་འདིས་རྒྱུད་སྐུལ་བྱས་པ་མིན་གྲབ་སེམས། གལ་སྲིད་ཁོང་ཚོའི་དེ་སྔོན་ནས་དེ་ལྟར་འཆར་གཞི་ཞིག་ཡོད་ན་ལས་འགུལ་འགོ་བཙུགས་དུས་ནས་དར་དམར་སྒྲེང་པ་ཡིན་ན་འཐུས་ཚང་བྱུང་བ་རེད། ཡང་དར་དམར་འཕྱར་བ་དེ་ས་མཚམས་མང་པོ་གྲིམས་དགོས་པ་ལ་བརྟེན་ནས་ཁོང་མ་མེད་གསུམ་གྱི་ཕྱིས་སུ་དྲན་པ་ཞིག་ཀྱང་ཡིན་སྲིད། གལ་ཏེ་དེ་ལྟར་ཡིན་ན་ཁོང་རྣམས་ནས་གསལ་བཤད་བྱས་པས་ན་གྲིག་གི་འདུག གཞོན་ནུ་ཚོགས་པའི་ལང་ཕྱོགས་ཐ་དད་རེད་ལ་ཁོང་རྣམས་ཀྱིས་ཆེད་མངགས་མོས་མཐུན་མེད་སྐོར་བརྗོད་དགོས་དོན་ཡང་ཆེར་མ་མཐོང་། བོད་སྤྱི་བའི་དོན་དུ་འདི་ལྟར་སེམས་ཤུགས་བཅངས་པ་ཙམ་གྱི་རྒྱབ་སྐྱོར་ཞུ་འོས་པ་ཞིག་རེད།
ཐ་དོན་ངས་བལྟས་ན་དབུ་མའི་ལམ་ཚོགས་པས་བསྒྲགས་གཏམ་སྤེལ་སྟངས་དེར་བལྟས་ན་དངོས་ཤུགས་རྒྱུད་ནས་ཚོགས་པ་འདིས་ལས་དོན་དང་སྲིད་བྱུས་བསྒྲུབ་ཆེད་སྐུལ་མ་བཏང་བ་ཞིག་ལ་མཐོང་། ཁོང་ཚོ་རང་ཉིད་ལ་བསྒྲགས་གཏམ་སྤེལ་བ་ལས་ལས་འགུལ་སྣེ་འཁྲིད་རྒྱུ་རྫོགས་པ་འདྲ། མི་ལོ་༣༠ཙམ་སོང་བས་ཕལ་ཆེར་སྐུ་ཐང་ཆད་པ་ཡིན་འགྲོ
གླིང་ཚ་མ་བུ་གསུམ་གྱི་འཐབ་བརྩོད་་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་རྒྱུ་ཡིན། འོན་ཀྱང་སྐར་ལྔའི་དར་ཆ་ལག་ཏུ་བཟུང་བ་དེར་མཐའ་གཅིག་ཏུ་ངེས་ལེན་མེད།
ད་ཡིན་ད
བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་བོད་ནང་དུ་བཙན་འཛུགས་བྱས་པའི་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་མར་ཕབ་ཅི་ཐུབ་བྱེད་ཀྱི་ཡོད་པ་མ་ཟད་འུ་ཐུག་ནས་ཞལ་ཆེམ་འཇོག་གིན་འཇོག་གིན་སྐུ་སྲོག་མེར་བསྲེགས་བཏང་དང་གཏོང་བཞིན་ཡོད་རེད། དེ་དག་རྒྱབ་སྐྱོར་བྱེད་རྒྱུ་ལྟ་ཞོག་དེ་དག་ལ་བརྒྱ་ཆ་བརྒྱ་ཐམ་པར་རྒྱབ་འགལ་བྱེད་མཁན་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགོ་གཙོ་ཚོ་དང་དེ་ཚོའི་ངན་སྐུལ་འོག་ཏུ་རང་སྡུག་རང་མྱོང་གི་ས་ཆེན་གོམ་པས་འཇལ་བའི་རྐང་རྗེས་ལག་བསུབ་བྱེད་མཁན་བོད་མི་རིགས་ཀྱི་ཞབས་འདྲེན་གླིང་ཚ་མ་བུ་གསུམ་རྒྱ་ནག་གི་སྐར་ལྔའི་དར་དམར་ཕྱར་བ་དེ་ལ་མཐའ་གཅིག་ཏུ་དགག་པ་ཡོད་ལ། སྐར་ལྔའི་དར་དམར་ཕྱར་མི་དགོས་ཡང་ལྔའི་དར་དམར་ཕྱར་ནའང་བལ་པོའི་ས་ཐོག་ནས་གོམ་གང་གཏོང་གིན་མ་རེད། གང་ལྟར་རྒྱ་ནག་གི་ལག་འཁྱེར་མེད་པའི་ཐོག་ནས་བོད་དུ་ཕར་བདེ་མོའི་ཐོག་ལོག་རྩིས་ཡོད་ཀྱི་རེད་དེ་་་དེའི་ལས་དོན་འགྲུབ་ཀྱི་མ་རེད་དོ། མདོར་ན་ཁོང་གསུམ་གྱི་གོམ་བགྲོད་དེ་བོད་ཕྱི་ནང་གི་དཀྲུག་ཤིང་ཆེད་དུ་རེད་འདུག་ངས་གཞི་ནས་ཤེས་སོང་།
དབུ་མའི་ལམ་རྒྱ་མིའི་ལས་དོན་རུ་ཁག་གི་ལས་བྱེད་ཏང་ཡོན་རྣམས་ལ་ཞུ་རྒྱུ་ཁྱོད་ཚོས་རྒྱ་དར་འཕྱར་བ་ཤིན་ཏུ་བཟང་། ད་དུང་རྒྱལ་གླུ་དང་ཁྱོད་ཚོའི་ལས་ཁུངས་ནངམོའི་སྐུ་པར་ཆེན་པོ་གང་མགྱོགས་སྒྲིག་བཤོམས་བྱེད་དགོས། ཁྱོད་ཚོ་ནི་ཕུལ་བྱུང་གི་ཏང་ཡོན་དང་། ཁ་བྲལ་ངོ་རྒོལ་་བྱེད་མཁན་ལས་ཁུངས་ལྟེ་བ་དེ་རེད།
ནམ་ཞིག་ཁྱོད་ཚོ་རྒྱ་དར་ཁྱེར་ནས་པེ་ཅིང་ལ་ལོག་རྒྱུ་ང་ཚོས་སྒུག་ཡོད་།
བྱམས་པ་ཕུན་ཚོགས་ནས། ཙད་ཅན།
ང་འདྲེ་ཡིན་ཡང་ཁོང་མ་བུ་གསུམ་གྱིས་སྐར་ལྔའི་དར་དམར་དང་གངས་ཀྱི་སེང་དར་གཉིས་མཉམ་ཁུར་གནང་གིན་པར་ལེགས་སོ་ཟེར་ཐབས་མི་འདུག རྒྱུ་མཚན་ཏེ་སྐར་ལྔའི་དར་དམར་འདིའི་འོག་ནས་སེང་དར་ཅན་གྱི་མི་རིགས་འདིའི་ཚེ་སྲོག་གྲངས་མེད་ཅིག་ཤོར་མྱོང་ལ་ད་དུང་དུ་ཡང་ཤོར་བཞིན་ཡོད། སེང་དར་ཅན་གྱི་མི་རིགས་འདིས་ནམ་ཡང་མགོ་སྒུལ་ཐབས་མེད་པའི་སྐར་ལྔའི་དར་དམར་ལ་ང་འདྲེ་རྐང་ཐོས་ཀྱང་མགོ་བོ་སྒུལ་མི་སྲིད།
སེང་དར་ཅན་གྱི་ཕ་ས་ན་སྐར་ལྔའི་དར་དམར་འབར་བཞིན་ཡོད་ལ་ཁྱི་སྐྱག་གཡུག་སའི་སྙིགས་དོང་ནང་དུ་ཡང་གཡུག་ཅི་ཐུབ་ལྟ་གི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་སྐྲག་མི་དགོས་པའི་གངས་དཀར་གྱི་ཕ་རོལ་ཞིག་ནས་ད་བཟོད་་་་་གཡུག་གིན་པའི་གད་སྙིགས་རྫོབ་པོ་དེའི་ནང་གི་དྲི་ངན་འཐུལ་བའི་དར་དམར་ལ་གུས་ཚུལ་གྱི་ངོ་གདོང་གཉིས་པ་ཞིག་སྟོན་གིན་པར་ཅི་འདྲའི་དགོད་སྤྲོ་བའི་གནས་ཤིག་རེད་ཨང་། །
ཟེ་མ་ར་མགོ་ཁྱོད། རྩེ་མང་བས་ན་ཁྱོད་དཀྲུག་ཤིང་གི་མགོ་པར་མཐོང་། གླིང་ཚ་མ་བུ་གསུམ་གྱིས་ཡོད་ཚད་བློས་བཏང་གནང་ཏེ་གོམས་བགྲོད་བྱས་དང་བྱེད་བཞིན་པ་དེར། ཁྱོད་ཕྲག་དོག་དུག་ཆུས་གཟིར་ནས་སྨྱོ་ལབ་ལུང་པར་མི་ཤོང་བ་བརྒྱབ་ཀྱང་ཕན་ཐོགས་མེད། ཚང་མས་ལས་འགུལ་བྱེད་མཁན་ལ་བསྟོད་གླུ་འུར་རེར་སྒྲོག་བཞིན་མདུན་ནས་མདུན་དུ་བསྐྱོད་རྒྱུ་རེད། ཁྱོད་སྡུག་མིག་ལྟོས། བལྟས་མོ་རིམ་པས་མཐོང་ཡོང་།
གླིང་ཚ་མ་བུ་གསུམ་རྟག་ཏུ་རྒྱལ་གྱུར་ཅིག
བོད་ཀྱིས་གྷན་ཏི་ཆུང་ཆུང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ན་མོ།།
ཧཧ་་་་རྒན་དྷེ་ཨེ གན་ངྷེ་ཡི་དབྱིན་ཇིའི་རྒྱལ་དར་འཁྱེར་ནས་ཁྲོམ་སྐོར་གང་ན་གནང་འདུག རྒྱལ་དར་ལྟ་ཅི་དབྱིན་ཇིའི་ཇ་དངོས་གཅིག་ཀྱང་རྒན་དྷེའི་བེད་སྤྱོད་མི་བྱེད་རྒྱུའི་ལས་འགུལ་སྤེལ་ཡོད། ར་མགོ་ལུག་སྦྱར། མཐོང་རྒྱ་ཆུང་ན་དེ་ལྟར་ལོས་ཡིན།
ཡོད་ཚད་ག་རེ་བློས་བཏང་འདུག བོད་དུ་འགྲོ་མི་ཐུབ་ཅིང་ཉེན་ཁ་མེད་པ་༢༠༠༨ལོའི་ལས་འགུལ་ལས་རྟོགས་ཟིན། ཚེ་རྡོས་ཀྱིས་གནས་ཚུལ་དེ་གསལ་པོ་ཤེས་ཡོད་པ་རེད། དེ་ནི་གཙོ་བོའི་སྐད་གྲགས་གྱི་ཆེད་དུ་རེད། རྒྱ་དར་འཁྱེར་བ་ཙམ་གྱིས་འགྲིག་གི་མི་འདུག མོའོ་པར་དང་རྒྱ་ནག་གི་མི་རབས་བཞི་ཡི་པར་འཁུར་ན་རྒྱ་གཞུང་གིས་སྣེ་ལེན་ཡག་པོ་བྱེད་ངེས་རེད། དེ་ལྟར་གནང་ན་བོད་ནང་དུ་བདེ་འཇགས་ངང་ལོག་ཐུབ། རྒྱ་གཞུང་གིས་སྣེ་ལེན་ཡག་པོ་བྱེད་ངེས་རེད། གཅིག་བྱས་ན་བལ་བོད་ས་མཚམས་སླེབས་སྐབས་དེ་ལྟར་བྱ་ཤས་ཆེ།
མི་ཤས་ཀྱི་དཀྲུགས་ཤིང་གི་ཐ་སྙད་བེད་སྤྱོད་བཏང་ན་གཞན་གྱི་སྐྱོན་བརྗོད་འགོག་ཐབས་བྱས་ཀྱང་དོན་དངོས་གྱི་གནས་ཚུལ་ནི་གང་ཞིག་ཡིན་ཡང་བཤད་དགོས་ལ། ཉེས་ཆད་ཅི་ཞིག་ཡིན་ཡང་གཅོད་དགོས། དཀྲུགས་ཤིང་དང་གཏན་ལྷིང་བྱས་བའི་ཚིག་འདིའི་དོན་གྱིས་མི་རྣམས་ཀྱི་རང་དབང་འཕྲོག་བྱེད་ཀྱི་རྟ་རེ་ཡིན་ལ་ཉེས་ཅན་རྒྱལ་ཡན་བཏང་བྱེད་ཀྱི་ཐབས་ལམ་ཞིག་ཡིན། ཉེས་ཅན་གུ་ཡང་བཏང་བའི་གནས་སྐབས་སུ་ཐ་སྙད་འདི་བེད་སྤྱོད་བཏང་བཞིན་ཡོད། རྒྱུ་མཚན་ནི་དཀྲུགས་ཤིང་དང་གཏན་ལྷིང་ཟེར་བའི་ཐབས་ལམ་འདིའི་ཉེས་ཅན་པ་དག་སེལ་དང་བཟོད་སྒོམ་གནང་བའི་ནུས་བ་ཡོད་པས་རེད།
དྲ་གྲོགས་ཚོ་ཐུགས་བསམ་ཡག་པོ་བཞེས་དང་དབུ་ལམ་གྱི་རིན་ཐང་དང་ཆེ་མཐོང་གཟི་འཇིད་ལ་ངེས་པར་དགོངས་པའི་དཀྱིལ་ཏེ་དབུས་སུ་མ་བཞག་ན། ཉིན་ཞིག་དབུ་ལམ་དབུས་སུ་མ་གནས་པར་ཕྱོགས་གཅིག་ཏུ་མི་ལྷུང་པའི་ངེས་པ་མི་འདུག ཚོགས་པ་དང་གང་ཟག་སྒེར་མང་པོ་ཞིག་གི་ཁེ་ཕན་སྒྲུབས་ཆེད་དུ་བེད་སྤྱོད་བྱས་ཏེ་མཐའ་མར་དབུས་སུ་མ་གནས་པར་ད་ལྟ་རྒྱ་དམར་འགོ་འཁྲིད་ཚོའི་ཕྱོགས་རྟོགས་བསམ་རྒྱབ་བསྐྱོར་དུ་ལངས་པ་ནི་ཤིན་ཏུ་བླ་ཕམ་གྱི་རང་བཞིན་ལས་མ་འདས། བོད་ནང་ལ་བོད་མི་ཚོས་དར་དམར་དེ་བཙན་དབང་གི་སྒྲེངས་སུ་འཇུག་རུང་དེ་ལ་ཁ་གཏད་དུ་ལངས་ཏེ་གཅེས་པའི་རང་སྲོག་ཚུན་ཆེད་གཏོང་བཞིན་པ་དང་ཕྱི་ཚོགས་ནས་དབུ་ལམ་ཁ་ལ་འཁྱེར་ཏེ་སྐར་ལྔའི་དར་དམར་ཁྲག་དྲི་དྲོ་བ་འདི་འཆར་ནས་བོད་དོན་རྩོད་ཀྱི་ཡོད། བོད་མིར་གདུང་ཞེན་ཡོད་ཟེར་བ་ནི་ཡ་མཚན་དངོས་འབྱུང་ལྟ་བུ་ཞིག་མིན་ནམ།
དྲ་གྲོགས་ད་ནི་དགོངས་པ་རྒྱ་ཆེ་བཞེས་པའི་དུས་སུ་འབའ་པ་འདྲ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་དགོངས་ཏེ་དབུ་མའི་ལམ་གྱི་སྲིད་ཇུས་རིན་ཐང་དང་ཆེ་མཐོང་གཟི་འཇིད་ལ་ངེས་པར་དགོངས་བཞེས་བྱེད་པའི་དུས་སུ་འབབ་འདུག བར་ལམ་ཚོགས་པ་དང་གང་ཟག་སྒེར་མང་པོ་ཞིག་གི་ཁེ་ཕན་སྒྲུབས་ཆེད་དུ་ལམ་དབུ་མ་བེད་སྤྱོད་བྱས་ཏེ་མཐའ་མར་དབུས་སུ་མ་གནས་པར་ད་ལྟ་རྒྱ་དམར་འགོ་འཁྲིད་ཚོའི་ཕྱོགས་རྟོགས་བསམ་རྒྱབ་བསྐྱོར་དུ་ལངས་པ་ནི་ཤིན་ཏུ་བླ་ཕམ་གྱི་རང་བཞིན་ལས་མ་འདས། དངོས་ཡོད་གནས་ཚུལ་ལ་ད་ལྟའི་ཆར་བོད་ནང་རྒྱ་དམར་གྱི་བཙན་དབང་གི་ཐོག་ནས་དར་དམར་སྒྲེང་འཛུགས་བྱེད་དུ་འཇུག་རུང་རྒྱལ་གཅེས་དཔའ་བོ་དང་དཔའི་རྣམས་ཀྱིས་དེར་ཁ་གཏད་དུ་ལངས་ཏེ་གཅེས་པའི་རང་སྲོག་བློས་གཏོང་བྱེད་པའི་དུས་སྐབས་སུ་བཙན་བྱོལ་རང་དབང་ལུང་པར་གནས་པའི་བོད་མི་དང་ཚོགས་པའི་དང་བླངས་ཀྱིས་སྐར་ལྔ་དར་དམར་འཆར་ཏེ་བོད་དོན་འཐབ་རྩོད་དང་བོད་ཞེན་ཡིན་སྐོར་བཤད་བཞིན་པ་ནི་ཡ་མཚན་དངོས་བྱུང་ཞིག་མ་ཡིན་ནམ།།
ལ་རྒྱའི་བདག་པོ་ཁྱོད་ལ་ནན་གྱིས་ལབ་རྒྱུར་་་་་་ངས་རྒྱ་ནག་གི་རྒྱལ་དར་ཕྱར་བའི་ལས་འགུལ་ལ་ནམ་ཡང་ངོ་རྒོལ་ལས་རྒྱབ་སྐྱོར་རྩ་བ་ནས་མེད།
ཚང་མས་ལས་འགུལ་སྤེལ་མཁན་ལ་བསྟོད་གླུ་འབུལ་གྱི་ཡོད་ན་ཉེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་བོད་མི་རིགས་ཀྱི་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་རྒྱ་དར་ཕྱར་མཁན་གླིང་ཚ་མ་བུ་གསུམ་དང་དེ་དང་དེ་རིགས་རྒྱ་དར་ཕྱར་ནས་ལས་འགུལ་གང་སྤེལ་ན་དགག་པ་ཡོད་ཟེར་བ་ལས་རྒྱབ་སྐྱོར་བྱེད་མཁན་་་(ལ་བདག)་་་ཁྱོད་ཙམ་ལས་མཆན་འགོད་མཁན་ཕལ་ཆེར་གྱིས་དགག་པ་རྒྱབ་འདུག་གམ་རྒྱབ་སྐྱོར་བྱས་འདུག་ཁྱོད་རང་སྡུག་མིག་གིས་ལྟོས་ཤིག
མདོར་ན་ནམ་ཡང་་་རྒྱ་དམར་གྱི་སྐར་ལྔའི་དར་དམར་ཕྱར་ཏེ་་་ཕྲག་་ན་དོགས་པ་ཡོད། དེ་མིན་བོད་མི་རིགས་ཀྱི་ལ་རྒྱའི་འཐབ་རྩོད་དང་ལས་འགུལ་གང་སྤེལ་ཏེ་སྐད་གྲགས་ཇི་ལྟར་བྱུང་ཡང་ཡི་རངས་ལས་ཕྲག་དོགས་རྩ་བ་ནས་མེད་དོ།
!!
དཀོན་མཆོག་གིས་མཁྱེན།
ཟེ་མ་ར་མགོ་རང་རེད། ལྟས་ཕྲུག་ཁྱོད་ཀྱིས་བོད་ཀྱི་རྩ་དོན་རྩོད་མཁན་ལ་ཡིབ་རྡོ་ཞུས། དཀྲུག་ཤིང་གི་ཚིག་ངན་དྲ་རྒྱའི་སྟེང་དུ་གཡུག གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་འདྲ་པོ་ལྟས་ཕྲུག་ཁྱོད་འདྲས་འཇོན་རྒྱུ་ལྟ་ཞོག་རྨི་ལམ་དུའང་འཁོར་མྱོང་མེད་འགྲོ། སྐྱག་ཟན་པ་རང་རེད།
གཞན་སྦྱོར་ཕུན་ཚོགས་མཐོང་ཚེ།
མི་བཟོད་ཕྲག་དོག་སྐྱེས་ནས།
མདའ་དཀྲུག་ཕུ་འདེད་བྱེད་མཁན།
ལྟས་ངན་ཟེ་མ་ར་མགོ།
ཟེར་མ་རན་གོང་ལ་ཟེར་བ་དེར། ཟེར་མ་རན་གོང་ལབ་ཀྱི་ཡོད།
ངོ་མ་སྙིང་རྗེ། གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ།
ཕྱི་ལོ ༢༠༡༢ ཟླ ༣ ཚེས ༡༠ ཉིན་ཏེ་སུམ་བཅུ་དུས་དྲན་ཉིན་མོར་ཁོང་མ་མད་གསུམ་གྱིས་བོད་ཀྱི་རྩ་དོན་ཆེད་ཡོད་ཚད་བློས་བཏང་ཟེར་ནས། བོད་དོན་ཆེད་གོམ་བགྲོད་མགོ་བརྩམས་ཤིང་ཕྱག་ཏུ་བོད་ཀྱི་སེང་དར་འཕྱར་ནས་་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཐོན་སྐབས། བོད་མི་མང་པོས་མིག་ནས་མཆི་མ་ཤོར་བཞིན་ཁོང་གསུམ་ལ་སྐྱེལ་མ་བྱས་ཡོད། ཁོང་མ་བུ་གསུམ་དྷ་ས་ནས་ཐོན་ཏེ་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་དབུ་ལམ་གྱི་འཇབ་འོག་ཏུ་ཚུད་ནས་བོད་ཀྱི་སེང་དར་གྱི་སྒང་ལ་རྒྱ་ནག་གི་དར་ཆ་བསྒྲེངས་ཡོད་པ་རེད། དེ་ནི་ཁོང་མ་བུ་གསུམ་གྱི་ཐོག་མི་དམིགས་ཡུལ་ལས་འགལ་ཏེ་བོད་རྒྱ་གཉིས་སྨན་ཟེར་བའི་དབུ་ལམ་ཁང་གི་འགོ་འཁྲིད་འགའ་ཡི་ལག་ཆ་རུ་གྱུར་ཡོད། ངོ་མ་སྙིང་རྗེ། ད་ནས་ཁོང་ཚོས་རྐང་པ་ན་ན་དང་རྔུལ་ཆུ་ཐོན་ཐོན་གྱིས་རྒྱ་ནག་གི་རྒྱ་དར་འཕྱར་བཞིན་གོམ་བགྲོད་དུ་འགྲོ་བཞིན་པ་ནི་དོན་སྙིང་མེད་པ་ཆགས་སོང་། ངོ་མ་སྙིང་རྗེ།
ད་ཡིན་ན་དབུ་ལམ་ཁང་གིས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་སྨོན་ཚིག་དེའི་ཚབ་ཏུ་ཧུའུ་ཅིང་ཐོ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་ག་དུས་ལས་འགུལ་སྤེལ་རྒྱུ་ཡིན་ནམ། བོད་ཀྱི་རྒྱལ་གླུ་ཚབ་ཏུ་རྒྱ་ནག་གི་རྒྱལ་གླུ་ག་དུས་ལེན་ཡོང་ན། ནམ་ཞིག་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་གི་རྒྱ་དར་འཕྱར་ནས་མགོ་བཏགས་ཞུ་རྒྱུ་ཡིན་ནམ།
དབུ་མའི་ལམ་ལས་འགུལ་ཁང་ཡིན་ན་འདིས་གོང་ས་མཆོག་གིས་བསྟོན་གནང་བའི་དབུ་མའི་ལམ་ལ་ཞབས་འདེགས་ཞུ་རྒྱུའི་ཚབ་ལ་ཞབས་འདྲན་ཞུ་ཡི་འདུག འདི་ཚོའི་ལས་ཀ་ནི་ནང་ཁུལ་སྐྲུག་རྒྱུ་ལས་ཅི་ཡང་མི་འདུག ང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ཡང་ལས་འགུལ་ཁང་འདི་ལ་རྒྱབ་སྐྱོར་བྱེད་མི་ཐུབ།
དྲ་འབུ་ཚོ་སྤྱི་ཚོགས་ནང་འདྲོགས་འགོ་མ་བསླངས་རོགས།
རྒྱ་ཁྱི་ཚོ་སྤྱི་ཚོགས་ནང་དཀྲུགས་ཤིང་མ་བརྒྱབ་རོགས།
སྐབས་འཚོལ་བ་ཚོ་སྤྱི་ཚོགས་ནང་གླེང་གཞི་མ་བཟོས་རོགས།
བསམ་མེད་ཚོ་ཚོར་སྣང་སྐྱེན་པའི་གནད་དོན་ལ་བསམ་ཞིབ་ཙམ་ཡང་མ་བྱས་པར་སེམས་ལ་གང་ཤར་མ་བརྗོད་རོགས།བོད་མི་ཚོ་དགྲ་བོས་ང་ཚོ་བོད་རིགས་ནང་ཁུལ་ལ་ནང་དམེའི་འཐབ་རྩོད་དྲག་པོ་ཞིག་ཡོང་རྒྱུར་སྒུག་ནས་ཡོད་པས་དགྲ་བོར་གོ་སྐབས་ཡེ་ནས་མ་སྤྲོད་རོགས།
ཡང་སྙིང་ང་ཚོ་གངས་ཅན་པ་མི་རབས་གསར་པ་རྣམས་བསྲེགས་ནས་མ་ཚིག་པ་དང་།སྟོར་ཡང་མི་ཐོར་བ།བཀུག་ཀྱང་མི་གུག་པ།དཀྲུགས་ཀྱང་རི་ལྟར་བརྟན་པོར་གནས་ཐུབ་མཁན་གྱི་མི་རབས་གསར་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་མཁན་གྱི་རྗེས་འཛིན་པ་སྙོན་མེད་ཅིག་ཡིན་པའི་ར་སྤྲོད་བྱེད་དགོས།
ང་ཚོས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དམ་པ་ཚོའི་རྣམ་ཤེས་བདེ་བར་བཞུད་བཅུག་རོགས།ང་ཚོས་ཁོ་ཚོའི་བླ་ན་མེད་པའི་ཆོད་སེམས་དང་།དམ་བཅའ།ཞལ་ཆེམས་བཅས་མ་བརྗེད་པ་གནང་རོགས།ཁོང་ཚོས་དབུ་མའི་ལམ་གསུང་གི་འདུག་ལ།བོད་རང་བཙན་ཡང་བསྒྲགས་ཀྱི་འདུག་ཁོ་ཚོས་བོད་མི་ནང་རྩོད་བྱས་པ་གཟིགས་འདོད་གནང་གི་མི་འདུག
ངས་གཞོན་ལྷན་དང་དབུ་མའི་ལམ་གྱི་མི་མང་ལས་འགུལ་གཉིས་ཀྱི་གསལ་བསྒྲགས་ལ་མཐར་ཐུག་གི་འགལ་བ་མཐོང་གི་མེད་ལ་གཉིས་ཀ་ལ་རྒྱབ་སྐྱོར་ཡོད།གླིང་ཚ་མ་བུ་གསུམ་གྱི་ཞི་བའི་ལས་འགུལ་གྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།ང་ཚོས་ལྟ་བའི་དོོན་དུ་ཕྱོགས་ཁག་སོ་སོར་འཐེན་འཁྱེར་བྱས་ན་དགྲ་བོའི་རྒྱུགས་ཁྱིར་གོ་སྐབས་འབྱིན་ནས་རྨད་སྐྱོན་ཕོག་པའི་སྤྱི་ཚོགས་ཆུང་ཆུང་འདི་འཆི་ལམ་དུ་འཁྲིད་རྒྱུའི་ཉེན་ཁ་ཆེན་པོ་ཡིན་པ་མི་ཤེས་སམ།།
ཁ་བརྡའི་རྩོམ་སྒྲིག་པར་རེ་བ་ཞིག་ཞུ་རྒྱུར།
རྩོམ་ཡིག་འདིའི་ནང་གི་མཆན་བུ་་་་༡༥།༡༧།༢༨།༣༦།༣༧བཅས་འགོད་སྤེལ་གནང་མཁན་གྱི་ལ་རྒྱའི་བདག་པོ་དེ་ནི་ལ་རྒྱའི་བདག་པོའི་མིང་བེད་སྤྱོད་གནང་མཁན་གསར་པ་ཞིག་རེད་འདུག་ཅིང་།གུས་པས་ལ་རྒྱའི་བདག་པོའི་མིང་དེ་ལོ་བདུན་ཙམ་སྔོན་ནས་དུས་དེབ་ཁ་ཤས་ཀྱི་ནང་བེད་སྤྱོད་བྱེད་མྱོང་ཡོད་པ་མ་ཟད།ཁ་བརྡའི་ནང་དེབ་སྐྱེལ་བྱས་ནས་ལོ་ཤས་སོང་ཟིན་པས་ལྷ་རབ་བྱུང་ན་ལ་རྒྱའི་བདག་པོ་གསར་པ་དེའི་མིང་དེ་ཕྱིར་འཐེན་ཡོང་བའི་འབུད་བསྐུལ་ཞུ་རྒྱུ་དང་།ཅི་སྟེ་དེ་ལྟར་མ་བྱུང་ན་ངའི་མིང་བྱང་དེར་༼ལར་རྒྱའི་བདག་པོ་༽ཞེས་ལ་དེར་རྗེས་འཇུག་ར་ཞིག་བསྣོན་རོགས་ཞུ་རྒྱུ་ཡིན།ཐུགས་རྗེ་ཆེ།
ཁྱེད་ཚོ་དང་འགྲོགས་ནས་ཡུན་རིང་སོང་བའི་ལ་རྒྱའི་བདག་པོས།
ཚེ་བརྟན་རྡོ་རྗེས་རྒྱ་ནག་གི་དར་ཆ་འཕྱར་བ་དེས་བོད་འདི་རྒྱ་ཁོངས་ཡིན་པར་ངོས་ལེན་བྱས་པ་མིན་ལ། ད་ལྟའི་བོད་ནང་གི་གནས་སྟངས་དང་འདས་པའི་ལོ་རྒྱུས་ནག་བསུབ་བཏང་བ་དེ་བས་ཀྱང་མིན། ཁོས་གོམས་བགྲོད་ལས་འགུལ་འདི་སྤེལ་བའི་དམིགས་ཡུལ་དོན་ཚན་དུ་བགོས་ནས་གསལ་བོར་བརྗོད་ཟིན་པ་དེ་ལ་གཟིགས་དང་། ལས་འགུལ་འདིའི་དམིགས་ཡུལ་ནི་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དེ་རྒྱ་གཞུང་གིས་ལག་ལེན་བྱ་དགོས་ཟེར་བ་མ་གཏོགས། ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ལ་མགོ་སྒུར་བ་མ་ཡིན་པ་ཚང་མས་ཤེས་ན་ལེགས།
དྲ་གྲོགས་ཁ་ཤས་འུར་འདྲོགས་ལངས་ནས་རྒྱ་ནག་གི་དར་ཆ་འཕྱར་དོན་གང་ཡིན་མི་དཔྱོད་པར་ཅ་ཅོ་སྒྲོག་པ་འདི་ལ་ཕན་ཐོགས་ཅང་མེད་དོ།།
ད་དུང་གནད་འགག་ཅིག་ནི། ཚེ་བརྟན་རྡོ་རྗེའི་གོམ་བགྲོད་ལས་འགུལ་དང་དེའི་དགོས་འདོད་གང་ཡིན་དེ་གཙོ་བོ་ཡིན་པ་དང་། རྒྱ་ནག་གི་དར་ཆ་འཕྱར་བ་དེ་ལས་འགུལ་གྱི་དགོས་འདོད་དང་འབྲེལ་བ་མེད་པའི་ཞར་བྱུང་རྣམ་འགྱུར་ཞིག་སྟེ་རྒྱ་ནག་མི་མང་ལ་བརྩི་བཀུར་བྱས་པ་ཙམ་ཡིན།
འོན་ཀྱང་སྲིད་དོན་ཚོགས་པ་ལ་ལས་འབྲེལ་མེད་ཞར་བྱུང་གི་རྣམ་འགྱུར་དེ་ལས་འགུལ་གྱི་དམིགས་འབེན་ལྟ་བུར་སྙད་བཏགས་ནས་ངར་ངར་རྫིག་རྫིག་གིས་ངོ་རྒོལ་ལམ་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ་འདུག འདི་ངོ་མ་དགོད་བྲོ་ལ་ངུ་ཡང་བྲོ་བའི་གནས་ཤིག་ལས་མ་འདས་སོ།།
གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་དང་ཆོད་སེམས་ལ་གུས་བཀུར་འགྱུར་བ་མེད་པ་ཡོད། གཞོན་ནུས་ལང་ཕྱོགས་དང་མཐུན་པའི་གསལ་བསྒྲགས་ལའང་བསམ་ཚུལ་གང་ཡང་མེད། འོན་ཀྱང་མི་སྣ་ངན་དགུ་འཛོམས་པའི་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་འདིས་གླིང་ཚ་མ་བུ་གསུམ་གྱི་བློས་གཏོང་གི་ཞབས་རྗེས་ནག་བསུབ་གཏོང་བཞིན་འདུག་པས་ཁྱེད་ཅག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡིན་ན་བྱེད་སྟངས་ཤེས་པ་གནང་རོགས། བསམ་བཞིན་དུ་ནག་བསུབ་གཏོང་བཞིན་ཡོད་ན་ཅི་བྱ་གཏོལ་མེད་རེད། གང་ལྟར་ཁྱོད་ཚོས་དབུ་མའི་ལམ་གྱི་གཟེངས་རྟགས་དེ་དག་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ལེན་མཁན་ཡོང་བའི་རེ་བ་མེད་ཀྱང་བསྔོས་མ་ཐུབ་པ་དེ་ཁྱེད་ཅག་གི་ཕམ་ཁ་རེད། གཞན་ཁྱེད་ཅག་ད་ལྟའི་ཆར་གུང་ཁྲན་ཏང་ཡོན་དངོས་སུ་གྱུར་ཟིན་པ་རེད། འོན་ཀྱང་དུས་ཚོད་ཅུང་ཟད་སྔ་ཕྱི་ཙམ་ལས་འགྱུར་རྒྱུ་ཉག་གཅིག་རེད། བསྟོད་མ་ཤེས་པས་བསྟོད་པ་ལས་སྨད་མ་ཤེས་པས་སྨོད་པ་དགའ་ཟེར་བའི་གནའ་གཏམ་དེར་བདེན་ཁ་མི་སྟེར་ཐབས་མེད་བྱུང་། ཇི་འདྲའི་སྐྱུག་བྲོ་བའི་བསྒྲགས་གཏམ་འདིས་ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཐུབ་འདུག་གམ།