ནམ་མཁའ
ང་ཚོ་ཚང་མས་ཤེས་གསལ་ལྟར་ཆབ་སྲིད་ཀྱི་རི་སྒང་དེ་ནས་མར་མེ་ཁྲོམ་སྐོར་ཐེངས་ལྔ་བཅུ་རྒལ་སོང་། ཡིན་ཡང་འཛམ་གླིང་གི་ཚོང་རྫས་སུ་གྱུར་བའི་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་བྱུང་མེད། དེས་རྐྱེན་བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོས་རང་གི་ལུས་ལོངས་སྤྱོད་དང་།ཐ་ན་རང་གི་བྲང་ཁོག་ནས་བརྒྱུད་པའི་བུ་ཕྲུག་ཡང་བློས་བཏང་བྱེད་དང་བྱེད་བཞིན་ཡོད། འདི་འདྲའི་གནས་སྟངས་གཉེན་ཕྲེང་ཅན་ལ་བོད་མི་ཡོངས་ཀྱིས་སེམས་ནས་མ་བཟོད་པར།བོད་གཞུང་དང་འགོ་ཁྲིད་མི་སྣ་སོགས་ལ་ཁ་རྡུང་ཡང་གཏོང་བཞིན་ཡོད། མ་ཟད་ད་རུང་༧གོང་ས༧་མཆོག་གིས་བོད་ནང་གི་བོད་མི་ཚོར་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་བཀའ་སློབ་གནང་དགོས་ཚུལ་གྱི་བསམ་ཚུལ་དངོས་ཤུགས་གང་རུང་དུ་བརྗོད་དང་བརྗོད་བཞིན་ཡོད། ཡིན་དང་ཡིན་འདི་དག་གི་བསམ་ཚུལ་ཚང་མ་རང་གི་མི་རིགས་ཞིག་གི་ཚེ་སྲོག་ཤོར་བ་ལ།སེམས་ནས་མ་བཟོད་པར་སྐད་ཆ་བཤད་ཚེ་ནུས་པ་ཐོན་པའི་གང་ཟག་ཞིག་ལ་རེ་བ་སེམས་གཏིང་ནས་རྒྱབ་པའི་རྟགས་ཞིག་ཡིན་པ་ལས་རང་གི་གཞུང་དང་འགོ་ཁྲིད་ལ་མ་དགའ་བའི་རྣམ་པ་ཞིག་ག་ལ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་བོད་གཞུང་དང་འགོ་ཁྲིད་རྣམ་པ་ཚོའི་སྐད་ཆ་དག་གིས་རྒྱལ་སྤྱིའི་སྟེང་ནུས་པ་མགྱོགས་པོ་ཐོན་དཀའ་བ་ཞིག་རེད།གང་གིས་ཟེར་ན་ང་ཚོའི་གདོང་གཏད་སའི་རྒྱལ་ཁབ་དེ་འཛམ་གླིང་གི་ཁྲོམ་ར་ཆེན་པོ་ཞིག་ཡིན་ལ།དེ་ནས་ཁོང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཞིག་ཐོབ་ཀྱི་ཡོད།ཁོང་ཚོའི་དཔལ་འབྱོར་གྱི་ཁེ་ཕན་དང་ང་ཚོ་བོད་མི་ཚོའི་བདེ་སྡུག་གཉིས་ལས་ཁོང་ཚོའི་ཁེ་ཕན་དེ་དང་པོ་འཛིན་པ་ང་ཚོས་མཐོང་གསལ་རེད།
དེ་མིན་ཁ་སང་དེ་རིང་ང་ཚོ་ཚང་མས་མཐོང་གསལ་གྱི་༼སེ་རི་ཡ༽ཡི་ནང་འཁྲུགས་དེ་ལྷིང་འཇགས་ཙམ་བྱེད་པ་ལ་ཡང་རྒྱལ་ཁབ་གཉིས་མོས་མཐུན་མེད་པ་ལ་ཁ་གཡར་སྟེ།རྒྱང་རིང་ནས་འཛམ་གླིང་གིས་ལྟད་མོ་བལྟ་བཞིན་ཡོད་པ་ང་ཚོས་ཤེས་གསལ་རེད། ཁོང་ཚོར་ལུང་པ་དེ་གར་ཁེ་ཕན་མེད་པའི་རྟགས་ཡིན། གལ་སྲིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཚོའི་ཁེ་ཕན་ལ་གྱོང་རྒུད་སླེབས་པའི་ཉིན་མོ།ཚོང་རྫས་སུ་བོད་ཀྱི་གནད་དོན་རྒྱ་ནག་གི་མདུན་ཅོག་སྟེང་ལ་འཇོག་གི་ཡོད། དེ་ནི་རྒྱ་ནག་གི་མིག་ལམ་དང་རྣ་ལམ་དུ་ལོ་ངོ་ལྔ་བཅུའི་རིང་བྱང་ཆ་ཡོད་པས་ཁོང་ཚོའི་ནམ་ཡང་གདེངས་འཇོག་མི་བྱེད། འོ་ན་ང་ཚོས་ད་རུང་ཡང་བོད་ནང་གི་མེ་བསྲེགས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཡིན་ཟེར་ནས་མར་མེ་ཁྲོམ་སྐོར་རེ་བྱས་ཏེ་སྡོད་རྒྱུ་ཡིན་ནམ།འདི་ནི་རི་སྒང་དེ་གར་གྱི་ཕྱིའི་རྣམ་པ་ཙམ་ལས་ནུས་པ་ཞིག་ནམ་ཡང་མི་ཐོན་ལ།འཛམ་གླིང་གི་མིག་མདུན་ན་ནམ་ཡང་བོད་དེ་ནག་ཁུང་དུ་གྱུར་ཡོད་པ་ལས་བདེ་སྡུག་སེལ་བའི་འོད་སྣང་ཞིག་ཁོང་ཚོའི་མིག་མདུན་ལ་འཆར་མི་ཐུབ། དེ་མིན་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་བྱེད་དགོས་བའི་བཀའ་སློབ་གང་ཟག་ནུས་པ་ཅན་ཞིག་གིས་འབོད་སྐུལ་གནང་དགོས་། ཡང་ན་རང་སྲོག་ལ་རྒོལ་བའི་ངོ་བོ་འདི་བདེན་པའི་ཨུ་ཚུགས་ཀྱི་ལམ་དུ་བསྐྱོད་དགོས། དེ་ཡང་བོད་ནང་གི་སོ་སོའི་ས་གནས་ཀྱི་སྲིད་གཞུང་གི་མདུན་ནས༼བོད་རྒྱ་གྲོས་མོལ་བྱེད་དགོས་བའི་འབོད་སྐུལ༽ཟས་བཅད་ངོ་རྒོལ་ལྟ་བུ་བྱེད་དགོས། དེ་ཡང་དུས་ཡུན་སྐར་མ་འགའ་ཡང་བྱེད་དབང་མེད་པར་བཙོན་འཇུག་བྱེད་པ་ཐག་གིས་ཆོད་མོད།འོན་ཀྱང་རང་ལུས་མེ་བསྲེགས་ལས་བོད་མི་རིགས་དང་དཔའ་བོ་དང་དཔའ་མོ་ཚོའི་ནང་མི་སོགས་ཡོངས་ལ་གྱོང་རྒུད་ཆུང་བར་བསམ། དེ་མིན་མི་གྲངས་ས་ཡ་༦དྲུག་གི་ནང་ལོགས་སུ་ལོ་གཅིག་ཙམ་རིང་མེ་བསྲེགས་ལྔ་བཅུ་རྒལ་བ་འདི་ཧ་ལས་བ་ཞིག་རེད་འདོད། ང་ཚོས་འདི་གར་ཀྱང་བོད་རྒྱ་གྲོས་མོལ་བྱེད་དགོས་བའི་འབོད་སྐུལ་ཐབས་ལམ་འདྲ་མིན་བྱེད་དགོས་བསམ། གང་ལྟར་མེ་བསྲེགས་ལས་འགུལ་འདི་མཚམས་འཇོག་ལ་བྱེད་ཐབས་འདྲ་མིན་སྤྱད་དགོས་བར་མཐོང་སོང་།
ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྟེ་བཤད་ན། དེ་རིང་བར་དུ་རྒྱ་གཞུང་གིས་བོད་རྒྱ་གྲོས་མོལ་དེ་ཡང་ཏྰ་ལའི་བླ་མའི་སྐུ་སྒེར་གྱི་གྲོས་མོལ་ལ་ངོས་འཛིན་བྱེད་པ་ལས་བོད་མི་ས་ཡ་དྲུག་གི་གནད་དོན་ལ་ངོས་ལེན་བྱས་མེད། ད་ནི་ཏྰ་ལའི་བླ་མས་ཆབ་སྲིད་འགན་དབང་ཆ་ཚང་བཞག་སྟེ།བོད་མི་ཡོངས་ཀྱིས་འདེམས་བསྐོ་ལས་བྱུང་བའི་བཀའ་ཁྲིར་རྩིས་སྤྲོད་བྱས་ཟིན་པས་གྲོས་མོལ་གྱི་ཁ་ཕྱོགས་ཀྱི་མིང་དེ་ཡང་རྒྱ་གཞུང་གིས་གང་ཞིག་ལ་ངོས་འཛིན་མིན་ཡང་བཤད་དཀའ་བའི་གནས་སུ་གྱུར་ཡོད་སྙམ། ད་རུང་ཡང་ཁོང་ཚོའི་བཟུང་བའི་ཁ་ཕྱོགས་དེ་སྐུ་སྒེར་གྱི་ངོ་བོ་ལས་འགྱུར་བ་ཅི་ཡང་བཏང་མི་འདུག་སྙམ།རྒྱུ་མཚན་ནི་བཀའ་ཁྲི་བློ་སེང་ནུབ་ཕྱོགས་ཀྱི་འགོ་ཁྲིད་འགའ་རེ་མཇལ་འཕྲད་སྐབས་རྒྱ་གཞུང་གིས་མ་ཤེས་ཁུལ་གྱིས་ཅི་ཡང་མི་བཤད་པས་བཙན་བྱོལ་གཞུང་གི་སྒྲིགས་འཛུགས་དེ་སྐུ་སྒེར་གྱི་གནད་དོན་ལས་བཀའ་ཁྲི་བློ་སེང་ངོས་ལེན་མེད་པའི་རྣམ་པ་གསལ་བོ་རེད། གང་ལྟར་གཞི་བྱེས་གཉིས་ཀྱིས་ཆིག་སྒྲིལ་བྱས་ཏེ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་བྱེད་ཐབས་ཞིག་ལ་འབད་རོགས།ཐབས་ལམ་གཞན་ཞིག་གིས་སྒོ་ནས་རང་དབང་འཐབ་རྩོད་བྱེད་དགོས་བར་བསམ་ཚུལ་དང་དགོངས་གཞི་གནང་ཐབས་ལ་ཚང་མར་གུས་བས་འབོད་སྐུལ་བྱེད་བཞིན་ཡོད།
དྲ་གྲོགས་ཚོ་ཕེབས་དང་བདེན་པའི་ཨུ་ཚུགས་ཟེར་ན་མི་ཤེས་མོད།འོན་ཀྱང་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་ལ་ང་ཚོ་ཚང་མས་འབད་དགོས་ཀྱི་འདུག དྲ་གྲོགས་ལྷན་རྒྱས་ཚོས་ཀྱང་བསམ་ཚུལ་རེ་དང་འབོད་སྐུལ་རེ་བྱེད་དགོས་བསམ་སོང་།
བདེན་པ་རེད་རང་ལུས་མེ་བསྲེགས་དེ་འཚམས་འཇོག་གནང་རོགས་ཞུ་
རྒྱ་དམར་གྱི་སྲིད་དབང་སྒེར་འཛིན་འོག་གནོད་ཤུགས་དང་གཉའ་གནོད། ཚེར་མའི་གྱོན་ཆས་ལྟ་བུའི་ནང་བཟོད་ཐབས་མེད་པར་རང་ལུས་མེ་སྲེག་བཏང་ཡིན་པ་ལས་སྐྱིད་མ་ཆིག་པར་རང་ལུས་མེ་སྲེག་བཏང་བ་ག་ལ་ཡིན། ང་ཚོས་སྡུག་རྩུབ་ཅན་གྱི་རྒྱ་དམར་གྱི་སྲིད་ཅུས་དེ་མཚམས་འཇོག་དགོས་ཅེས་འབོད་སྐུལ་ཞུ་དགོས་པ་ལས། བོད་མི་རྣམས་ལ་མེ་སྲེག་མ་གཏོང་ཅེས་འབོད་སྐུལ་ཞུ་མི་རུང་།
༼དེ་ཡང་བོད་ནང་གི་སོ་སོའི་ས་གནས་ཀྱི་སྲིད་གཞུང་གི་མདུན་ནས༼བོད་རྒྱ་གྲོས་མོལ་བྱེད་དགོས་བའི་འབོད་སྐུལ༽ཟས་བཅད་ངོ་རྒོལ་ལྟ་བུ་བྱེད་དགོས། དེ་ཡང་དུས་ཡུན་སྐར་མ་འགའ་ཡང་བྱེད་དབང་མེད་པར་བཙོན་འཇུག་བྱེད་པ་ཐག་གིས་ཆོད་མོད།འོན་ཀྱང་རང་ལུས་མེ་བསྲེགས་ལས་བོད་མི་རིགས་དང་དཔའ་བོ་དང་དཔའ་མོ་ཚོའི་ནང་མི་སོགས་ཡོངས་ལ་གྱོང་རྒུད་ཆུང་བར་བསམ།༽
ག་རེ་ལབ་གི་ཡོད། རྒྱ་དམར་ཀླ་ཀློའི་ཁྲིམས་ཁ་ནས་ཉི་མ་ནས་ཟླ་བ་དང་ཟླ་བ་ན་ནས་ལོ་དང་ལོ་ནས་ལོ་ལ་མནར་སྤྱོད་མྱངས་ཟེར་ན། ཁྱོས་ད་དུང་རྒྱ་གདོན་ཚང་གི་བཙོན་ལས་དེ་ག་འདྲ་ཟེ་ཡོད་པ་ཤེས་འི་མེད་པ་འདྲ།
གང་ལྟར་མེ་བསྲེགས་མཚམས་འཇོག་བྱེད་དགོས་ན། སྐད་སྐུར་རེ་སྐུལ་ཙམ་གྱིས་ཡོང་ནི་མ་རེད་ཤ་ཉེ་ཚོ། ང་ཚོས་འདི་ན་འདི་དང་འདི་བྱེད་ཀྱིན་ཡོད་ན་ད་གཟོད་ང་ཚོས་དེ་ལྟར་ཞུ་ཆོག་པ་རེད། དེ་མིན་ངོ་མི་ཚ་འམ། བོད་ནང་གི་དབའ་བོ་དབའ་མོས་ང་ཚོ་ལ་བོད་ནང་གི་སྡུག་བསྔལ་འདི་བཟོད་ཐུབ་པ་མི་འདུག་ཞེས་རང་གི་ཚེ་སྲོག་ཚུན་ཆད་ཕུལ་ཏེ་རེ་བཅོལ་དང་རེ་ལྟོས་ང་ཚོ་ལ་ཞུ་བཞིན་པ་འདི་རེད། ཤ་ཚ་ན་ཡར་ལོངས་བྱོས། སྒར་གྱིས་མགོ་བཙུག་ན་གཞུང་གིས་རྐུབ་སྐྱོར་གི་རེད། རང་དབང་ལུང་པ་ཡོད་ས་ནས་ཡར་ལོངས་བྱོས། ཕྱོགས་སོ་སོ་ནས།
དེ་མིན་རང་གི་བུ་ཕྲུག་གིས་རྡུང་རེ་བྱས་ན། རྡུང་རེ་བྱེད་རོགས་དེ་མི་གཉོག་པར་སྐྲག་མི་དགོས་བའི་རང་གི་བུ་ཕྲུག་རྡུང་རྡེག་མི་བྱེད་པར་ཞུ། དགྲ་མགོ་གཅོག་བའི་དུས་ལ་བབ་པ་རེད་དྲ་གྲོགས་ཚོ།
མི་ལོ་ལྔ་བཅུའི་རིང་ལ་རྒྱ་གཞུང་དུ་རེ་སྐུལ་ཅི་ཙམ་བྱས་ཀྱང་དོན་མེད་ཡིན་པས།ང་ཚོ་རང་ཉིད་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུ་ལས།བོད་ནང་གི་མེ་སྲེག་ལས་འགུལ་མཚམས་འཇོག་བྱས་ན་བཟང་།མི་རེ་ཟུང་གིས་སོ་སོ་རང་དབང་ལུང་པ་ཞིག་ནས་ཞེ་སྣང་ཅི་ཡང་མེད་པར་སེམས་ལགང་དྲན་དང་ཁ་ནས་གང་བཤད་ལས་སྤྱི་ལ་ཕན་པའི་བྱ་བ་ཞིག་མེད་པས།ཀུན་གྱི་དགོངས་པ་བཞེས་རོགས་གནང་།
ཇ་མ་ལགས་དང་པོ་ཁྱེད་རང་གིས་ཁྱེད་རང་ནང་མི་རྣམས་མེ་ལ་བསྲེགས་ནས་་དེ་ནས་མི་ལ་མེ་བསྲེགས་ལབ་ཆོག་གི་རེད་།
བསྟན་ངན་སེམས་ནག་ཁྱེད་འདྲ་པོ་རྒྱ་མའི་རྒྱུག་ཁྱི་མུ་ངན་ཁྱེད་འདྲ་པོ་ཅིག་ཡོད་མང་ཚད་རེད་། ག་སྲིད་ཁྱེད་ཀྱིས་ཕ་མ་སྤུན་ཆེད་རྣམས་ཀྱིས་བྱ་བ་འདི་འདྲ་བྱེད་གི་ཡིན་ན་ཁྱེད་ཀྱིས་ག་རེད་བྱེད་ས་རེད་། མི་ལ་བཤད་ན་ལས་སླ་པོ་རེད་་རང་གིས་ལག་ལེན་སྟ་ན་དཀཟ་ལས་ཁག་པོ་རེད་།
སྐུ་ཞབས་ཇ་མ་དང་གནམ་གཉིས་ལགས།
སྤྱིར་ངས་བསམ་ཚུལ་ཐུང་ངུ་རེ་འབྲི་དུས་དྲ་གྲོགས་ཚོས་དྲི་བ་ཞིག་འདྲི་བར་དུ་ངས་ལན་འདེབས་བྱེད་ཀྱི་མེད།ཡིན་ཡང་དེ་རིང་འདིར་ཁྱེད་གཉིས་ལ་གསལ་བྱེད་ཞིག་བཤད་འདོད་སྐྱེས་སོང་། ང་ཚོའི་གཞུང་དང་བོད་མི་ཡོངས་ཀྱིས་དེ་རིང་བར་དུ་རྒྱ་གཞུང་ལ་སྡུག་རྩུབ་ཀྱི་སྲིད་ཇུས་མཚམས་འཇོག་བྱེད་རོགས་ཞེས་ལོ་ངོ་ག་ཚོད་འདས་སོང་།ཐ་ན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་འགས་ཀྱང་རྒྱ་ནང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ཐེངས་ག་ཚོད་བཤད་པ་རེད།འབྲས་བུ་བྱུང་སོང་ངམ། དེའི་ལན་ལ་ལྡོག་ཕྱོགས་ནས་ཐོན་པས་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་བྱུང་བ་འཛམ་གླིང་གི་ཤེས་ཡོད།དེ་ཇ་མ་ལགས་ཀྱིས་ང་ལ་འགྲེལ་བཤད་མི་དགོས། གནམ་འདིས་ནམ་ཡང་སེམས་ཤུགས་ཆེ་མདོག་དང་ཤེས་མདོག་གིས་བསམ་བློ་མི་གཏོང་བར་སྐད་ཆ་བཤད་ཡ་དགའ་བོ་འདུག
ངས་ཀྱང་རྒྱ་ནག་གི་བཙོན་ཁང་གི་སྡུག་རྩུབ་དེ་ཤེས་ཡོད་ལ།མཐོང་མྱོངས་ཡོད། ཡིན་ཡང་མེ་བསྲེགས་ལས་འགུལ་གྱི་ངོ་བོ་འདི་གཞན་ཞིག་ལ་བསྒྱུར་དགོས་བའི་བསམ་ཚུལ་ཡིན་ལ།གལ་སྲིད་བཙོན་ཁང་ནང་བཅུགས་ཀྱང་ཐར་བའི་གོ་སྐབས་ཡོང་སྲིད་པ་ཞིག་རེད།མེ་བསྲེགས་ལས་འགུལ་འདིས་འཇིག་རྟེན་འདི་དང་གཏན་བྲལ་བྱས་བ་ལས་འཇིག་རྟེན་འདི་ནས་སྐབས་རེ་ཕ་མ་དང་ནང་མི་ཚོར་འཕྲད་པའི་གོ་སྐབས་སྒུགས་པ་བྱུང་ན་བསམ་ཡོད།ངས་བཤད་པ་ཐབས་ལམ་ཞིག་ལ་ངོས་འཛིན་དགོས།དཔེར་ན་དེ་རིང་རེབ་གོང་གི་སྐད་འབོད་བཞིན་བྱས་ན་ལེགས་བསམ་ཡོད།ཁྱེད་ལྟ་བུ་སྡར་མ་དཔའ་སྐད་རྒྱང་ནས་འཐེན་མཁན་ཚོས་དཔའ་བོ་དང་དཔའ་མོ་ཚོའི་ནང་མིའི་སྐྱིད་སྡུག་བསམ་གཞིགས་གཏོང་མི་ཤེས་མཁན་ཚོས།ཡིད་གང་དྲན་བཤད་ན་ཡང་ཆོག་ནི་རེད།གཞུང་གིས་རྐུབ་ནས་སྐྱོར་གྱི་འདུག་གམ་གླིང་ཚ་རྡོ་རྗེ་བལ་ཡུལ་བཙོན་ཁང་ནང་ཡོད་མོད་གཞུང་གིས་ཚིག་གཅིག་གིས་ཀྱང་རོགས་འདེགས་མི་བྱེད་པ་འདི་ཅི་ཡིན་ནམ།གླིང་ཚ་རྡོ་རྗེ་ཡིས་ཀྱང་བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་ལས་ཁོ་སྒེར་གྱི་མ་རེད།རྗེས་མ་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ལེགས།ད་ཐེངས་འདི་ཙམ་ཡིན།དྲི་བ་ཡོད་ན་གསུང་དང་འདི་ནས་མཇལ་ཆོག
བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་བ་དེ་སྡུག་མ་ཁྱོག་པ་ལས་སྐྱིད་དྲགས་ནས་མིན་པ་ཤེས་པར་གྱིས། ཁོང་ཚོས་ལས་འགུལ་འདི་མཚམས་འཇོག་བྱས་ན་ཁོང་ཚོ་ལ་བཙན་གནོན་མེད་པའི་རང་དབང་ཞིག་སྤྲད་ཐུབ་པ་འདུག་གམ། དེ་ཡོད་ན་མེ་བསྲེགས་ལས་འགུལ་མཚམས་འཇོག་གྱིས་ཞེས་བཤད་ན་ཤིན་ཏུ་འོས་པ་རེད། དེ་མིན་རང་ཉིད་རང་དབང་ལུང་པ་ཞིག་ལ་སྡད་ནས་ཅི་ཞིག་བཤད་ཀྱང་འགན་ཁུར་མེད་པའི་སྟོང་བཤད་ལས་མ་འདས་སོ། ད་དུང་ང་ཚོས་དཀའ་ངལ་གྱི་འབྱུང་རྩ་དགྲ་བོ་རྒྱ་དམར་ལ་ཚིག་ཅིག་བཤད་མི་ནུས་པར་རྟག་ཏུ་རང་གཞུང་དང་རང་གི་དབུ་ཁྲིད་ཚོས་མ་འཇོན་མ་བྱས་ཀྱང་བཤད་ཀྱི་ཡོད་པ་འདི་ནི། མི་ངན་པ་ཕུ་ནུའི་སྟེང་ལ་སྡང་། ཁྱི་ངན་པ་བདག་པོའི་ཉ་ལ་འཇབ་ཞེས་པའི་དཔེ་ལས་མ་འདས་སོ།
རེད་རེད།ལུང་རྟོགས་ཟེར་བ་འདིས་ནམ་ཡིན་ཡང་ཁ་ཡག་པོ་བཤད་ནས་མགོ་འོག་ལ་བཅུགས་ཟེར་བའི་དཔེ་ལྟར།
སེམས་ཤུགས་ཆེ་ཁུལགྱིས་གཞུང་ལ་བློ་དཀར་གྱི་མདོག་བསྟན་ཞོར་བོད་མི་རིགས་རྩ་མེད་དུ་བཟོད་འདོད་ཡོད་པ་གསལ་བོ་རེད།ཁྱོད་དེ་འདྲའི་སེམས་ཤུགས་ཡོད་ན་ཨོ་སི་ཀྲི་ལི་ཡ་ནས་ཁྱོད་རང་དང་ཁྱེད་ཀྱི་ཆུང་མ་གཉིས་ཀྱིས་མེ་བསྲེགས་བཏང་ན་འགྲིག་གི་རེད།ང་ཚོས་འདི་གར་ཁྱེད་ལ་གདུང་སེམས་མཉམ་བསྐྱེད་བྱས་ཆོག
བོད་མི་སུས་ཁྱེད་ལ་རྒྱ་གཞུང་གིས་སྡུག་རྩུབ་མ་ཡིན་པར་སྐྱིད་མ་ཐེག་པར་མེ་བསྲེགས་བཏང་སོང་སུས་བཤད་སོང་།ཁྱེད་ལ་བཤད་མཁན་དེ་ཁྱེད་ཀྱི་ཆུང་མ་ཨེ་རེད། ར་བཟིས་གཏམ་མ་བཤད་རོགས། མི་ཡི་སྐྱིད་སྡུག་ལ་བསམ་གཞིགས་བྱེད་དགོས། དེ་འདྲ་ཡིན་ན་ཁྱོད་སུས་བཟུང་ཡོད་དམ། མི་ངན་བཟུང་ན་མི་ཐུབ་པའི་ལས་ཀ་དང་སྐད་ཆ་མ་བཤད་རོགས།
ནམ་མཁས་དཔེ་ཡག་པོ་བཤད་འདུག་ རྒྱབ་གཅོར་གཙང་མ་ཡོད་།
ཁ་ཤུགས་སུ་ཆེ་ལ་བལྟས་ནས་རྩོད་པ་བརྒྱབ་ན་གནས་ལུགས་དེ་ཤོད་ཐུབ་རྒྱུ་མ་རེད། དེར་བརྟེན་འདྲོགས་མ་ལངས་ནས་ལྷོད་གྱི་ལེ་ཕེབས་ཤོག་དང་། འུ་ཅག་གིས་འབབ་སྟེགས་ཤིག་རྙེད་འགྲོ་ནི་རེད། དཔེར་ན། གནམ་མཁའི་རྩོམ་བྱང་འདི་གལ་ཆེན་ཞིག་རེད་འདོད་ཀྱིན་ཡོད། བདེན་པའི་མེ་ལྩེ་འདིའི་ངོ་བོར་རང་ཅག་བོད་མི་ཡོངས་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེན་པའི་ཨུ་ཚུགས་ཀྱི་ལམ་ཕྱོགས་ལ་ཆེ་མཐོང་བྱས་ལག་ལེན་ལ་བསྟར་ན། མ་མཐའ་ཡང་ཅི་བྱེད་འདིར་བཤད་མེད་པའི་འུ་ཅག་གི་རྣམ་པ་འདི་བསྒྱུར་ཐུབ་རྒྱུ་རེད་བསམ།
རང་གི་མིང་ཙམ་ཡང་བོད་ཡིག་ནང་འབྲི་མི་འདོད་པའི་མི་ཁྱོད་ཚོས་བོད་ཀྱི་བདེ་སྡུག་ལ་འགན་མི་ཁྱེར་བ་ཐག་ཆོད་རེད། ང་ནི་རྒྱ་གར་ལ་ཡོད་པ་ལས་ཨོ་སི་ཀྲི་ལི་ཡ་ལ་མེད་པས་མ་ཤེས་ཤེས་མདོག་གིས་སྔོ་ལོ་མ་འཕྱར་ཞིག མདོ་ལས། གང་ལས་སྡུག་བསྔལ་འབྱུང་འགྱུར་བའི། །བདེ་བ་དེ་ལ་བདེར་མི་སེམས། །གང་ལས་བདེ་བ་འབྱུང་འགྱུར་བའི། །སྡུག་སྔལ་དེ་ལ་བདེ་བར་སེམས།། ཞེས་གསུང་པ་ལྟར་བོད་ནང་གི་དཔའ་བོ་དཔའ་མོ་ཚོས་༧གོང་ས་མཆོག་བོད་ལ་གདན་འདྲེན་གྱིས་བོད་མི་ཡོངས་ཀྱིས་ཞལ་འཇལ་གསུང་ཐོས་ཡོང་རྒྱུ་དང་། རང་གི་བུ་རབས་ཚ་རྒྱུད་ཚོ་ལ་རང་དབང་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་ཆེད་བློས་བཏང་འདི་འདྲ་བྱས་པ་ལས་གནས་སྐབས་རང་ཉིད་དང་རང་གི་ནང་མི་ལ་སྡུག་བསྔལ་འབྱུང་བ་མ་ཤེས་པ་མ་རེད་ལ། འདི་ནི་རྣམ་དཔྱོད་ཅན་གྱི་བདེ་བ་འཚོལ་ལྟང་རེད། ཁྱེད་ཚོའི་བསམ་ཚུལ་འདིས་གནས་སྐབས་མི་ཁ་ཤས་ཀྱི་ཚེ་སྲོག་སྐྱོབ་ཐུབ་སྲིད་ཀྱང་། ཕུག་རྒྱང་རིང་པོ་ལ་བསམ་ན་བོད་གངས་ཅན་པའི་མདུན་ལམ་ལ་གནོད་བསྐྱལ་བ་ཕན་ཐོག་མེད། དེས་ན་ཁྱེད་ཚོས་ཀྱང་ཕུག་རྒྱང་གི་བསམ་བློ་གཏན་ནས་མེད་པར་གནས་སྐབས་ཚོར་བ་ཙམ་གྱི་རྗེས་སུ་འབྲང་བའི་སྐད་ཆ་དེ་དག་མ་བཤད་ན་བཟང་།
ལུང་རྟོགས་ལ་ཕུག་རྒྱང་རིང་པོའི་རྣམ་དཔྱོད་ཞིག་ཡོད་བཟོ་མི་འདུག་ སྙིང་རྗེ་།
མིང་བྲི་དགོས་ཟེར་བའི་གཡོ་རྒྱུ་ཅན་འདི་ཚོས་ དོན་དངོས་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱས་ཏེ་ དམར་པོའི་རང་ལུགས་བསྐྱར་གསོ་བྱེད་འདོད་པ་རེད་
ང་རང་ཡང་གྲི་ནག་ཡུ་དམར་གྱི་དགོངས་ཚུལ་དེ་ལ་འཐད་པ་ཡོད།ང་ཚོ་སུ་ཡིན་ཡང་བོད་མི་རིགས་ཀྱི་དོན་བསམ་གི་ཡོད།བདེན་པ་རེད།བདེན་པའི་མེ་ལྕེ་ནས་བདེན་པའི་ཨུ་ཚུགས་སུ་བསྐྱོད་ཟེར་བའི་རྩོམ་བྱང་འདི་བསམ་གཞིགས་གཏིང་ཟབ་པོ་ཞིག་ཏུ་མཐོང་སོང་བས་ང་ཚོ་ཆ་ཚང་གིས་འདིའི་ཕྱོགས་སུ་བསམ་གཞིགས་རེ་གནང་ཐུབ་ན་ལེགས་སྙམ།བསམ་གཞིགས་དེ་ཡང་ལྷོད་ལ་བབ་ནས་ཕན་ཚུན་དྲི་བ་དང་དྲིས་ལན་འདྲེས་མའི་གླེང་མོལ་བཤད་ན་འདོད་སོང་།སྐུ་ཞབས་ལུང་རྟོགས་ལ་དགོངས་འགལ་མེད་པར་ཞུ་ཁ་ངན་ནང་ནས་ཚིག་རྩུབ་འགའ་བཏོན་སོང་བས་དགོངས་དག་ལབ་འདོད་སྐྱེས།
ནམ་མཁའི་གསུངས་པར་མངོན་པར་བསྟོད་དོ།
གཟུར་གནས་བློ་ལྡན་ལགས། མིང་འབྲི་དགོས་ཟེར་མཁན་དེ་ཚོ་གཡོ་སྒྱུ་ཅན་ཡིན་ན། མིང་རྫུན་འོག་ནས་འགན་ཁུར་མེད་པའི་སྐད་ཆ་གང་བྱང་བཤད་མཁན་དེ་ཚོ་ཅི་ཞིག་ཡིན་ནམ། འགན་ཁུར་ཡོད་པའི་སྐད་ཆ་བཤད་མཁན་ཞིག་ཡིན་ན་དངོས་མིང་བྲིས་ཀྱང་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཐེབ་མི་སྲིད་ལ། དངོས་མིང་བྲིས་པས་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཐེབ་སོང་ན། འགན་ཁུར་མེད་པའི་སྐད་ཆ་བཤད་མཁན་ཡིན་པའི་རྟགས་བསྟན་པ་རེད། མཁྱེན་སོང་ངམ།
སྨྱུག་མིང་འོག་ནས་འགན་ཁུར་མེད་པའི་སྐད་ཆ་ཤོད་མཁན་ཡོད་སྲིད་ ཡིན་ཡང་མང་ཆེ་བ་དེ་འདྲ་མ་རེད་་། མཁྱེན་སོང་ངམ་ལུང་རྟོགས་ལགས་།
དྲ་གྲོགས་ལྷན་རྒྱས་ཕེབས་ནས་རྩོད་གླེང་འགའ་བྱས་བ་ལ་ཐུགས་རྗེ་ཆེ།ལྷག་པར་དུ་གྲི་ནག་ཡུ་དམར་ལགས་ཀྱིས་བསམ་ཚུལ་གསུངས་བ་དེ་ལྷག་པར་དུ་རྣམ་དཔྱོད་ཀྱི་སྐད་ཆ་ཞིག་ཏུ་མཐོང་སོང་བས་སྐུ་ཉིད་ཀྱི་མཉམ་དུ་གླེང་མོལ་བྱེད་འདོད་སྐྱེས་སོང་།
བྱ་བ་གང་ཞིག་ཡིན་ཀྱང་དེ་མ་བྱེད་འདི་བྱེད་དགོས་ཟེར་བ་ལས་ལས་ཀ་དེ་བྱས་ན་ཡག་པོ་མི་འདུག་མོད་ལས་ཀ་བྱེད་ཐབས་ང་ལ་བཤད་རྒྱུ་མེད་ལབ་ན་མི་སུ་ཡིན་ཀྱང་ཉན་སྲིད། དེའི་ཕྱིར་མཆོག་ཏུ་གྱུར་བའི་ཐབས་ལམ་སུ་ལ་བཤད་རྒྱུ་ཡོད་ན་ང་དེ་ལ་མོས་མཐུན་ཡོད།
མི་ལོ་འདི་དག་གི་རིང་ལ་དྲ་རྒྱ་དར་ཤུགས་ཆེ་རུ་ཕྱིན། ཕན་ཚུན་གྱི་བསམ་སྤྱོད་གང་མང་བརྗེ་རེ་བྱས་ནས་བོད་སྤྱི་བའི་དོན་རྐྱང་གླེང་ཁུལ་བྱས་བ་རེད། ག་ལེར་ག་ལེར་ཚོགས་ཁག་དང་དང་ལུང་ཞེན་གྱིས་ཁ་དབང་རྩད། རིམ་གྱིས་དཔྱད་རྩོམ་པའི་བརྗོད་གཞི་དང་འབྲེལ་མེད་ཀྱི་དོན་གང་ཡིན་གླེང་ནས་ཁྱོད་དང་ངའི་བར་གྱི་དགའ་ཕྱོགས་ཁྱེར་ནས་དྲ་འབུའི་འཐབ་ར་ཞིག་ཏུ་གྱུར་རྗེས། མང་བོ་ཞིག་ཕྱིར་འཐེན་ནས་རང་ཉིད་ཀྱི་མཚན་སྙན་འགེབས་སོང་བྱེད་ཀྱིན་པ་འདི་རེད། དེ་ཡང་དོན་དངོས་ནས་བཤད་ན་འདིར་འཛོམས་པའི་དཔྱད་མཆན་པ་འུ་ཅག་བཞིན་ཚིག་སྣེ་ལ་འཇུས་ནས་ཀླན་ཀ་འཚོལ་རྒྱུ་དགའ་བ་ལས་གནས་ལུགས་མི་ཤོད་པའི་དན་རྟགས་རེད།
གལ་སྲིད་ཡིད་མི་ཆེས་ན་འདིར་ཕྲན་གྱིས་སྐབས་འདིའི་བརྗོད་གཞི་དང་འབྲེལ་བའི་དྲི་བ་ཞིག་ལུང་རྟོགས་ལགས་ལ་ཕུལ་རྒྱུ་ཡིན། ཁོང་གིས་གནས་ལུགས་ཅི་ཙམ་ཤོད་མིན་གསལ་བོ་ཆགས་ཐུབ་པའི་རེ་བ་ཡོད།
༡༽ལུང་རྟོགས་ལགས་ཀྱིས་སེམས་ངལ་ཆེ་ཤོས་དེ་འདི་འདྲ་ཞིག་རེད། བདེན་པའི་མེ་ལྕེ་མཚམས་འཇོག་དགོས་པར་འདོད་མཁན་དག་ལ། བོད་ཀྱི་བདེན་པའི་མེ་ལྕེ་འདིའི་རྒྱུན་བཅད་པའི་དབང་དུ་བཏང་ན་རྒྱ་ནག་གཞུང་གི་བཙན་མནོན་ལ་འགོག་རྒོལ་ཅི་ལྟར་བྱེད་དང་གདེངས་ཚོད་གང་ཡོད་ཅེས་བ་ལྟར་རེད། ལུང་རྟོགས་ཁོང་གིས་བཤད་པའི་སྐད་ཆ་འདི་ལ་འུ་ཅག་ཡོལ་ཐབས་རྩ་བ་ནས་བྱེད་མི་རུང་། གལ་སྲིད་ཁོང་གི་དྲི་བ་འདི་དང་ཡོལ་ནས་གནད་དོན་གཞན་ཞིག་གླེང་བ་ཡིན་ན། གཞི་ནས་འུ་ཅག་གིས་བོད་སྤྱི་བའི་རྩ་དོན་རྗེས་ལ་བསྐྱུར་བཞག་བ་རང་རེད། དེར་བརྟེན་རྩ་དོན་མ་བོར་ནས་གླེང་མོལ་བྱེད་རྒྱུ་གལ་ཆེན་རེད།
ལུང་རྟོགས་ལགས་ཀྱི་ཡིན་གཅིག་མིན་གཉིས་བཙན་མནོན་ལ་འགོག་རྒོལ་འདི་ལྟར་བྱེད་དགོས་བསམ་པའམ། མེར་བསྲེགས་ཀྱི་ལས་འགུལ་འདི་ལས་བཙན་མནོན་ལ་གདོང་གཏོད་ཕྱོགས་གཞན་ཞིག་མེད་པར་བསམ་ཀྱིན་ཡོད་ན། དེ་ལུགས་བཞིན་ཡུལ་གྱར་བོད་མི་དག་ཀྱང་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་རྒྱུ་དེ་རྩ་བའི་དམ་བཅའ་ཡིན་དགོས་ཀྱི་རེད། དེ་མ་གཏོགས་དཔའ་བོ་ལ་གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་ཁ་མ་ཎི་སྐྱོར་ནས་བསྡད་པ་ཙམ་གྱིས་འགྲིག་ཐབས་ཡོད་རྒྱུ་མ་རེད། དེར་བརྟེན་བོད་གངས་ཅན་པའི་བདེ་སྡུག་ཆེད་བློ་གཅིག་སེམས་གཅིག་གིས་བློས་གཏོང་དེ་ཡུལ་གྱར་བོད་མི་ག་ཚོད་ཀྱིས་དེང་དུ་ལེན་ཐུབ་རྒྱུ་རེད་དམ། དྲི་བ་འདི་ལུང་རྟོགས་ལགས་ཀྱིས་ཐོག་མར་ལན་འདེབས་བྱེད་དགོས་བ་ཞིག་རེད།
༢༽ཁ་སང་དེ་རིང་གི་ཡུལ་གྱར་བོད་མིའི་གནས་བབ་ལ་བལྟས་ན་གཞེས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་གི་ཆ་ལ་ཡིད་སྨོན་སྐྱེས་ཡོད་དབང་དུ་བཏང་རུང་། རང་སྟེང་དང་རང་གི་མཐའ་འཁོར་ལ་བབས་ཡོང་ན་རང་ལུས་མེར་བསྲེགས་ཀྱི་འགོག་རྒོལ་འདི་གདམས་ཀ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། དོན་དངོས་ནས་བཤད་ན་ཡུལ་གྱར་བོད་མི་དག་དྲེད་པོ་ཆགས་འདུག རང་ཤེད་ཀྱིས་མི་ལྕོགས་ན་དེ་ལུགས་བཞིན་དཔའ་བོ་དཔའ་མི་རྣམས་ཀྱི་བློས་གཏོང་དང་ནང་མི་སྤུན་ཟླ་དག་གི་དཀའ་སྡུག་བབ་པའི་སྐད་ཆ་བཤད་ནས་ཐབས་ཤེས་བྱས་ན་ཡག་གི་རེད། མ་རེད་དམ།
༣༽ལུང་རྟོགས་ལགས་ཀྱི་བསམ་པའི་དམར་དམར་རོ་དེ་བཤད་རྒྱུ་གལ་ཆེན་རེད། གོང་གི་སྐད་ཆ་འདི་ཙམ་གྱིས་གླེང་སློང་འཇུག་ཐབས་དཀའ་ཙམ་འདུག་ན། དེ་ལུགས་བཞིན་མཁྱེན་མཁྱེན།
ཡ་ཀརྨ་སྐལ་བཟང་ཁྱོད་ཀརྨ་བཀའ་བརྒྱུད་ཡིན་མདོག་བྱས་ནས་མིང་གི་མགོ་ལ་ཀརྨ་ཞེས་པའི་མིང་རྫུན་མ་
ཞེས་སྦྱར་འདུག་པས། ངས་ཁྱོད་ལ་དྲི་བ་འདི་དྲི་བར་བྱ་སྟེ། ཀརྨ་བཀའ་བརྒྱུད་པའི་ནང་ཡོངས་སུ་གྲགས་སུ་
གྲགས་པའི་ནང་བརྟག་རྒྱུད་གསུམ་གྱི་ངོས་འཛིན་དང་དེ་དག་མཛད་པ་བོ་སུ་དང་སུ་རེད་ཤོད་དང་།
དེ་ནས་ཁྱོད་ཀརྨ་བཀའ་བརྒྱུད་པ་ཞིག་དངོས་གནས་ཡིན་མིན་གླེང་མོལ་རྗེས་ནས་ཡོད། ངས་བལྟས་ན་ཁྱོད་
དོལ་རྒྱལ་ཚོགས་པའམ་རྒྱ་མིའི་གསང་མྱུལ་ཞིག་ལས། ཀརྨ་བཀའ་བརྒྱུད་པ་ལ་སི་ཏུའི་རྗེས་འབྲང་དང་ཞྭ་
དམར་རྗེས་འབྲང་གཉིས་སུ་ཁ་ཚོན་ཆོད་ཅིང་། སི་ཏུའི་ཕྱོགས་ནི་ཡིན་མི་སྲིད་ལ། ཞྭ་དམར་བ་ཡང་ཀརྨ་
པ་ལ་རྩོད་པ་ལས་ཆབ་སྲིད་ལ་ཇུས་གཏོགས་མི་བྱེད་པ་ཐག་ཆོད་པས་དེའི་རྗེས་འབྲང་མ་ཡིན་སྙམ་མོ། །
དེས་ན་ཁྱོད་ནི་འདྲེ་ནག་ང་ལ་སྐྱབས་བཅོལ་མཁན་ཡིན་པར་ངེས་པ་ཡིན་ནོ། །
རྩོད་རྒྱོབས་་་ད་རུང་རྒྱོབས་་་་་་
བཙན་བྱོལ་བོད་མི་ལ་མཚོན་ན་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད། ལ་ལས་རང་གི་ནུས་ཚོད་ཀྱི་ལས་འགུལ་རེ་སྤེལ་གྱི་ཡོད་པ་རེད། ལ་ལས་འགུལ་སྤྱོད་ཅི་ཡང་མ་རྒྱབ་པར་སྐད་ཆ་སྙན་པོ་རེ་བཤད་ནས་སྡད་ཡོད་པ་རེད། ལ་ལས་སྐད་ཆ་ཡང་མ་བཤད་ལས་འགུལ་ཡང་མ་སྤེལ་བར་རང་མགོ་གང་ཐོན་བྱེད་ཀྱི་ཡོད་པ་རེད། ལ་ལས་རྩ་དོན་ལ་གནོད་པའི་ལས་ཀ་བྱེད་པ་དང་སྐད་ཆ་བཤད་ཀྱི་ཡོད་པ་རེད། བོད་ནང་ལ་མཚོན་ན་ཡང་རིགས་འདི་དག་ཡོད་པ་རེད། འོན་ཀྱང་བོད་མི་རྒྱ་ཆ་བརྒྱད་བཅུ་དགུ་བཅུ་ཙམ་གྱིས་བོད་མི་རིགས་རིག་གཞུང་དང་བཅས་པའི་འཆི་གསོན་ལ་སེམས་ཁུར་ཡོད་པའི་ཡིད་ཆེས་བྱེད་ཆོག་གི་རེད་སྙམས། བོད་ནང་རང་བསྲེགས་ཀྱི་བློས་བཏང་ཆེན་པོ་འདི་བོད་མི་རིགས་རིག་གཞུང་དང་བཅས་པའི་འཆི་གསོན་གྱི་འགག་རྩར་ཐུག་པའི་འཕག་ཚག་ཞིག་ཡིན་པ་ལས་མཚམས་འཇོག་གྱིས་ཞེས་བཤད་ཆོག་ཆོག་གི་ལས་སླ་པོ་དེ་འདྲ་ཞིག་མ་རེད། ལས་འགུལ་འདི་དོ་བདག་སོ་སོས་བསམ་བློ་བཏང་ནས་བྱས་པ་ལས་རང་བསྲེགས་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱེད་མཁན་ཡོད་པ་མ་རེད་ལ་བྱེད་ཐུབ་མཁན་ཡང་ཡོད་པ་མ་རེད། འོན་ཀྱང་ལས་འགུལ་འདི་མཚམས་འཇོག་གྱིས་ཞེས་བཤད་རྒྱུའི་ཐོབ་ཐང་སུ་ལ་ཡང་ཡོད་པ་མ་རེད། གལ་ཏེ་ལས་འགུལ་འདི་མཚམས་འཇོག་བྱས་ན་བོད་དོན་ལ་ནུས་པ་འདི་དང་མཉམ་པའམ་འདི་ལས་ཆེ་བའི་ལས་འགུལ་ཞིག་བསྟོན་རྒྱུ་ཡོད་དམ། དེ་ཡོད་ན་ལས་འགུལ་འདི་མཚམས་འཇོག་བྱས་ནས་གཞན་ཞིག་ལ་ཞུགས་དགོས་པར་སྐུལ་ན་འགྲིག་པ་རེད། ལས་འགུལ་ནུས་ལྡན་གང་ཡང་བསྟོན་རྒྱུ་མེད་པར་ལས་འགུལ་འདི་མཚམས་འཇོག་གྱིས་ཞེས་ཇི་ལྟར་བཤད་ཤེས། འདི་ལྟར་བཤད་ན་བོད་མི་རིགས་རིག་གཞུང་དང་བཅས་པ་བརླག་ན་བརླག་བོད་མི་ཚོ་སྲོག་འགོ་ཐོན་ན་དེས་འགྲིག་པ་རེད་ཅེས་བཤད་པ་དང་ཁྱད་པར་ཅི་ཞིག་འདུག ཅི་ཡང་མེད་པའི་ཚེ་སྲོག་ལ་དོན་སྙིང་ཇི་ཙམ་ཡོད་དམ། མི་རིགས་ཀྱི་ངོ་བོ་རིག་གཞུང་དང་བཅས་པ་བརླག་སོང་ན་སྲོག་འགོ་ཐོན་ཙམ་དང་ཟས་གོས་འགྲིག་ཙམ་དེ་མི་ཚེའི་དོན་སྙིང་གཏན་ནས་མ་རེད་འདོད།
མིང་འབྲི་འདོད་མེད་མཁན་འདི་རྣམས་ལ་ཁག་མི་འདུག ད་ལྟ་བར་དུ་རྒྱ་ནག་གི་རིག་པ་ཆུང་ཆུང་དེ་དང་མགོ་བདེ་བོ་དེ་བེད་སྤྱོད་བྱས་ནས་གོམས་ཡོད་པས།ད་དུང་དམངས་གཙོ་ལུང་པ་རུའང་རྒྱ་ནག་གི་གོམས་གཤིས་དེ་བེད་སྤྱོད་བྱེད་བཞིན་པརེད
ལུང་རྟོགས་ལགས། དགྲ་བཅོམས་པའི་རྣམ་པ་དེ་དོར་ནས་ལན་འདེབས་བྱེད་ལུགས་ཐད་ལ་ཐུགས་རྗེ་ཆེ་ཞུ།
འོན་ཀྱང་གནས་ལུགས་དེ་ཙམ་འཁྱོངས་མི་འདུག་བསམ་སོང་།
༡༽༼བོད་མི་རིགས་རིག་གཞུང་དང་བཅས་པ་བརླག་ན་བརླག་བོད་མི་ཚོ་སྲོག་འགོ་ཐོན་ན་དེས་འགྲིག་པ་རེད་ཅེས་བཤད་པ་དང་ཁྱད་པར་ཅི་ཞིག་འདུག ༽སྐད་ཆ་འདི་ཡང་སྙིང་། བོད་མི་རིགས་ཀྱི་རིག་གཞུང་གི་ཆེད་དུ་རང་སྲོག་ཡན་ནས་བློས་གཏོང་བྱེད་རྐྱང་ལས་འཛེམས་དོགས་བྱེད་མི་རུང་ཅེས་བའི་དོན་ཡིན་པ་འདྲ། སྐད་ཆ་འདི་རང་སྟེང་ལ་བསྐོར་ནས་བསམ་གཞིགས་བྱས་ན་འཇིགས་ཡེར་བ་ཞིག་མ་རེད་དམ།
ཐོག་མའི་ཆ་ལ་འུ་ཅག་གིས་བསམ་གཞིགས་འདི་ལྟར་བྱེད། གཞིས་ལུས་དཔའ་བོ་དཔའ་མོ་དག་གི་རང་ལུས་མེར་བསྲེགས་བྱེད་ཀྱིན་པའི་དགོས་དམིགས་བོད་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པར་གཙོ་བཞག་བའི་འཐབ་རྩོད་ཞིག་རེད་བསམ་ཀྱིན་ཡོད་ན། བདག་གིས་དེ་ལ་མཐའ་གཅིག་ཏུ་ཁས་ལེན་མི་སྟེར་བའི་ཁར་ངོ་རྒོད་བྱེད་ཀྱང་སྲིད། རྒྱུ་མཚན་ལས་སླ་བོ་ཞིག་ཡིན། རང་ལུས་མེར་སྲེག་གི་དོན་རྐྱེན་འདི་པེ་ཅིན་སྲིད་གཞུང་གིས་རང་རིགས་གཙོ་གྱུར་བའི་གྲངས་ཉུང་མི་རིགས་ཀྱི་བསམ་སྤྱོད་བཀག་སྡོམས་བྱེད་ཐབས་སུ་ཡ་ང་བའི་གཉའ་མནོན་བྱས་བའི་རྗེས་འབྲས་ལྟར། བཟོད་ཐབས་དཀའ་བའི་སེམས་ངལ་གྱིས་དབང་གིས་པེ་ཅིན་གཞུང་ལ་གདོང་གཏད་ནས་དགྲ་འགོག་རང་སྲུང་བྱེད་ཀྱིན་པ་ཞིག་རེད།
༢༽༼ལས་འགུལ་འདི་མཚམས་འཇོག་བྱས་ན་བོད་དོན་ལ་ནུས་པ་འདི་དང་མཉམ་པའམ་འདི་ལས་ཆེ་བའི་ལས་འགུལ་ཞིག་བསྟོན་རྒྱུ་ཡོད་དམ། དེ་ཡོད་ན་ལས་འགུལ་འདི་མཚམས་འཇོག་བྱས་ནས་གཞན་ཞིག་ལ་ཞུགས་དགོས་པར་སྐུལ་ན་འགྲིག་པ་རེད། ༽ལུང་རྟོགས་ལགས། སྐད་ཆ་འདི་བརྒྱུད་རིམ་ལ་བསྐྱར་ཞིབ་བྱས་ནས་བདེན་པའི་མེ་ལྩེ་མཚམས་འཇོག་དགོས་བར་འདོད་པའི་བསམ་གཞིགས་བྱེད་ཕྱོགས་ལ་བལྟས་ན། ད་གཟོད་སེམས་ལ་འབབ་རྒྱུ་ཞིག་རྙེད་འགྲོ་ན་ཐང་། དཔེར་ན། ད་རུང་འུ་ཅག་གི་མིག་ལམ་ན་ལྷམ་མེར་བཀྲ་བའི་ཨ་རབ་ཀྱི་དཔྱིད་དོན་སྔོ་ཚལ་བཙོང་མཁན་ཞིག་ལ་ཉེན་རྟོགས་མི་སྣས་མཐོང་ཆུང་བརྙས་མོད་བྱས་བའི་མཇུག་འབྲས་རང་ལུས་མེར་བསྲེགས་དང་འབྲེལ། ཉིན་གཅིག་དུས་གཅིག་ལ་ཨ་རབ་པ་ཚོ་སྙིང་སྟོབས་བརྒྱ་འགྱུར་སྟོང་འཕེལ་བྱུང་ནས་རྒྱགས་གཅིག་མཆོངས་གཅིག་བྱས་བའི་འབྲས་བུ་ལ། གཞི་ནས་སྒེར་གཅོད་པའི་འདོད་ཧམ་ཁྲོད་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབས་བྱེད་ཀྱིན་པ་རེད། འདི་ལྟར་མིག་རྒྱ་བསྐྱེད་ནས་བསམ་བློ་བཏང་ན། འུ་ཅག་ལ་ཅི་ཞིག་ཆད་སྐྱོན་ཡོད་བ་རེད། རྒྱུ་མཚན་ཅི་ཞིག་གི་རྐྱེན་བྱས་ནས་ཨ་རབ་ཀྱི་དཔྱིད་དོན་བཞིན་འབྲས་བུ་མ་སོན་པ་རེད་དམ། བྱུང་ན་ལན་འདེབས་ཡོང་བ་ཞུ། དེར་བརྟེན་གནམ་མཁའི་རང་མི་རིགས་ཀྱི་སྙིང་སྟོབས་འདིའི་འཕེལ་ཁ་རྒྱས་ཆེད་དང་གྲ་སྒྲིག་སྡུག་ས་ནས་བྱས་ཏེ། བདེན་པའི་མེ་ལྕེ་འདིའི་ངོ་བོ་བདེན་པའི་ཨུ་ཚུགས་ལ་བསྒྱུར་ན་ད་གཟོད་ནུས་སྟོབས་གསར་བ་ཞིག་འཕེལ་འགྲོ་བར་བསམ་པ་ཞིག་རེད།
༣༽༼ལས་མཚམས་འཇོག་གྱིས་ཞེས་བཤད་ཆོག་ཆོག་གི་ལས་སླ་པོ་དེ་འདྲ་ཞིག་མ་རེད། ལས་འགུལ་འདི་དོ་བདག་སོ་སོས་བསམ་བློ་བཏང་ནས་བྱས་པ་ལས་རང་བསྲེགས་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱེད་མཁན་ཡོད་པ་མ་རེད་ལ་བྱེད་ཐུབ་མཁན་ཡང་ཡོད་པ་མ་རེད། འོན་ཀྱང་ལས་འགུལ་འདི་མཚམས་འཇོག་གྱིས་ཞེས་བཤད་རྒྱུའི་ཐོབ་ཐང་སུ་ལ་ཡང་ཡོད་པ་མ་རེད། ༽སྐད་ཆ་འདི་བདེན་པ་རེད་དེ། ཡུལ་གྱར་བོད་མི་དག་གིས་གཞེས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་གཏོང་ཕོད་ལ་བབས་པའི་འབྲས་བུ་ཞིག རྒྱལ་སྤྱིའི་ཁ་ལག་བར་ནས་ལེན་ཐུབ་ཀྱིན་འདུག་གམ། གཙོ་བོ་དྲིལ་བསྒྲགས་ཀྱི་ཆ་ནས་མ་འཇོན་དུས་འབྲས་བུ་ལོན་སའི་བརྒྱུད་ལམ་འགག་གྱིན་པ་རེད། ང་ཚོས་ཤེས་གསལ་ལྟར། ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་ཁྲོད་འུ་ཅག་གིས་འབྲས་བུ་ཧ་ལས་བ་བླངས་ཟིན་པ་རེད། འཛམ་གླིང་ཟླུམ་པོ་འདིའི་མིག་ལམ་ནས་བོད་འདི་རྒྱ་དང་ལོགས་སུ་ཡིན་པ་ར་སྤྲད་པ་རེད་ལ། དེ་བཞིན་ས་ཁུངས་དང་རིག་གཞུང་གི་ངོ་བོ་སོགས་རྒྱ་ནག་དང་ལོགས་སུ་དགར་ཡོད་པ་རེད། འབྲས་བུ་འདི་ཉིས་སྟོང་བརྒྱད་ལོའི་དཔའ་བོ་དཔའ་མོ་རྣམས་ཀྱི་རང་སྲོག་བཏང་བའི་ཞོར་ལ་བོད་མི་སྤྱི་ཡོངས་འགུལ་བསྐྱོད་ཐུབ་པའི་བཀའ་དྲིན་གྱིས་རེད། དེར་བརྟེན་རང་ལུས་མེར་བསྲེགས་ཀྱི་གཏོང་ཕོད་ཀྱི་ཞོར་ལ་ང་ཚོ་གྲགས་མེད་འགུལ་མེད་དུ་གནས་འོས་བ་ཞིག་མ་རེད། མགྲིན་བརྒྱ་གཅིག་ཆོད་ཀྱིས་གདམས་ཀ་ལ་རེ་སྒུག་བྱེད་འོས་བ་མ་རེད།
༤༽༼བཙན་བྱོལ་བོད་མི་ལ་མཚོན་ན་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད། ༽གནད་གྱི་གཙོ་བོ་དེ་འདི་རེད། ཡུལ་གྱར་བོད་མི་དག་ཁྲ་ཁྲ་ཟིང་ཟིང་ལས་གནད་གཅིག་ལ་འབྱར་ནས་དམ་བཅའ་བརྟན་སྲུང་བྱེད་མི་ཐུབ་པ་འདི་རེད། དེར་བརྟེན་རང་བློ་རང་ལ་ཀློག་ཏུ་མ་གྱུར་བ་དེ་བཞིན་རང་ཤེད་ཀྱིས་མི་ལྩོགས་ན། ལྩོགས་ཚོད་ཀྱིས་ལས་དོན་གཅིག་ལ་སྣ་གཏད་རྒྱུའི་བློ་སྤོབས་དེ་བསླབ་པས་མ་ཟད་ལག་ལེན་ལ་བསྟར་དགོས་རྒྱུ་རེད། དེ་མ་གཏོགས་དཔའ་བོ་དཔའ་མོ་རྣམས་པ་ཚོའི་ཟུང་ཁྲག་གི་འགྲོ་གྲོན་ཁོ་ན་ལ་མིག་ཅེར་ནས་བསྡད་ན་བདེན་མཐའ་སེལ་ཐབས་དཀའ་རྒྱུ་རེད། སྤྱིར་བཤད་ན་བདེན་པའི་མེ་ལྩེ་འདིའི་སྙིང་སྟོབས་བདེན་པའི་ཨུ་ཚུགས་ལས་ལྡབ་འགྱུར་གྱིས་ཆེ་བ་དང་སྟོབས་དང་བདེན་པ་ཞིག་རེད། དེར་བརྟེན་སྙིང་སྟོབས་འདི་གཞི་ལ་བཞག་ནས་བདེན་པ་ལ་ཨུ་ཚུགས་བྱེད་ཕྱོགས་གཞན་མང་བོ་རེད། དཔེར་ན། རྔ་བ་ས་ཁུལ་གྱི་རྒྱ་ནག་འགོ་གཙོ་དེ་ཡིན་གཅིག་མིན་གཉིས་བརྗེ་བསྒྱུར་གཏོང་རེག་བར་དུ། རི་ཡུལ་གཉིས་ཀས་དམ་བཅའ་རེ་བཞག་ན་འགྲིག་གི་རེད། ད་འདི་ཙམ་གྱིས།
ནམ་མཁའ་ལགས།
མི་ཤེས་ཤེས་ཁུལ་མི་བྱེད་ཀ་མེད་རེད། ཁྲོན་པའི་ནང་གི་སྦལ་བས་ཁྲོན་པའི་ནང་གི་སྦལ་བ་ལ་ཁ་བརྡ་བྱས་ན། དེ་ནི་ཚད་ལས་བརྒལ་བ་ཞིག་མ་རེད་འདོད་ཡོད།
རེད། གླིང་ཚས་རྒྱ་དམར་གྱི་དར་དམར་མགོ་ལ་མ་ཁུར་རྒྱུ་ན། ཁོའི་གནས་ཚུལ་དེ་ད་ལྟ་དང་མི་འདྲ་བ་ཞིག་ཡིན་རྒྱུ་རེད། འདི་ལ་གནད་ཏོན་གཉིས་ཡོད། ༡ གལ་ཏེ་དར་མར་སྒྲེང་དགོས་བའི་དབང་དུ་བཏང་ན་དང་པོ་གངས་སྐྱིད་ནས་འགོ་འཙུགས་དེ་སྒྲེང་དགོས་བ་རེད། ༢ བལ་སྒོར་སྟོངས་ཕྲག་ཁ་ཤས་ཤིག་མ་སྤྲད་པར་བོད་ཏོན་བལ་ཁྲིམས་ལ་བརྗེས་བ་འདི་ཡང་རྩ་བ་སྐྱུར་ནས་གལ་ག་འཐབ་པ་ཞིག་མ་ཡིན་ནམ། གང་ལྟར་བོད་པ་ཞིག་ཡིན་པའི་ཆ་ནས་ང་ཁོ་ལ་དགའ། ནོར་འཁྲུལ་མང་པོ་ཞིག་གི་སྣེ་ནས་ཁ་ཕྱིར་ལ་འཁོར་བའི་རེ་བ་ཡོད།
གཞན་དེ། བསམ་བློ་མ་གཏང་པའི་སྐད་ཆ་མིན། བསམ་བློ་ཅི་ཙམ་གཏང་ཡང་དེ་ཙམ་ལས་མ་ཤེས་བའི་སྐད་ཆ་རེད། བོད་མི་རིགས་ཀྱི་བདེ་སྡུག་འདི་མི་ཤེས་རུང་བཤད་ན་འདོད་ཀི། མ་གོ་ནོ་ཨེ་གོར་འདོད་ཀི། འདི་བོད་ལ་དགའ་ནིའི་རྒྱ་ལ་སྡང་ནིའི་བོད་ཕྲུག་ངའི་ལས་དབང་རེད། ངའི་ལུས་ཤི་རུང་ཁ་མི་ཤི་ཁོ་ཐག་རེད།
དེ་མིན་བོད་རྒྱལ་ཁབ་ཆེན་མོའི་བསྟན་པ་ཆབ་སྲིད་ཀྱི་ཁྱད་དུ་༥༨་ཚུན་ཆད་ནས་བྲང་མེ་སྒྱོགས་ལ་གཏད་དེ་འཐབ་ནས་ཤི་བཞག་པ་དང་མགོ་ལག་པས་སྐྱོར་ཏེ་བྲོས་ནས་ཐར་བཞག་པ་སོགས་མང་པོ་ཡོད་པ་རེད། འདི་དག་ཚང་མ་བོད་ཏོན་ཡིན་ཟེར་ཀི་ཡོད་པ་རེད། དུས་ད་ལྟ་ཡང་དེ་ལྟར་རང་ཡོང་གི་ཡོད་པ་རེད། ཤི་བོའི་རྒྱབ་རྩར་གསོན་པོ་ལངས་ནས་ཤི་བཞག་པ་རྐྱང་རྐྱང་རེད། འདི་རྒྱ་ནག་གི་ལག་ཡོག་ནས་ཐར་ཐུབ་པའི་ལས་ཇུས་ཤིག་ལས་ཤ་ཚ་ས་ཞིག་ཤི་མི་དགོས་བ་དང་ཤ་མི་ཚ་ས་ཞིག་གིས་འདི་རྩོད་དགོས་བའི་ལས་དེ་འདྲ་མ་རེད། དབའ་བོ་འདི་ཚོའི་རིགས་རྒྱ་འོག་ནས་ཐར་མ་ཐུབ་ན་ཡང་མེས་བོ་བཞིན་མེས་བོའི་དུར་ས་ལ་ཁྲག་རྒྱུན་སྤྲད་པ་རེད། ད་ལྟའི་ཀླ་ཀློའི་སྲིད་ཇུས་དང་བོད་བཙན་པོའི་ལོས་རྒྱས་ལ་བསམ་གཞིགས་ཡག་པོ་བྱས་ན་འདི་དེ་འདྲའི་མཚམས་འཇོག་ཆོག་ཆོག་ཞིག་ག་ལ་ཡིན། རི་ཡུལ་གཉིས་ཀ་ནས་ཤུགས་རྒྱག་དགོས་པའི་དུས་རེད། རྒྱ་ཕམ་པའི་ལས་མ་ཡོང་རུང་བོད་རྒྱལ་བའི་ལས་ཞིག་གོང་འོག་ཕོ་མོ་ཚང་མ་མཉམ་རུབ་བྱེད་དགོས་པ་ཞིག་རེད།
དེ་མིན།
ཁྱོས་བོད་མི་དབའ་ནོ་དེ་ཚོའི་ཚེ་སྲོག་དང་རྒྱ་ནག་གི་སྟོབས་ཤུགས་ལ་ལྟོས་ཡོད་པ་རེད།
ངས་བོད་མི་དབའ་བོ་དེ་ཚོའི་ཁ་ཆེམས་དང་བོད་རྒྱལ་ཁབ་ཀྱི་འབྱུང་གྱུར་ལ་ལྟོས་ཡོད་པ་རེད།
སུ་འགྲིག་གི་ཡོད་མེད་དེ་སྡེ་བས་ཤེས་འི་རེད།
ག་རེ་བཤད་གི་ཡོང་པ་རེད། ཉེན་ཁ་མེད་པའི་ལས་འགུལ་ལ་སུས་ཁ་ཡ་བྱེད། ཕྱོ་ཕྱོགས་ཀྱི་ཟས་གཅད་ངོ་རྒོལ་ལ་ཉེན་ཁ་མེད་པས་གདེང་འཇོག་དེ་ཙམ་བྱེད་མཁན་མེད་ལ། བོད་ནང་དུ་ཟས་གཅད་མ་དགོས་སྐད་ཀྱང་རྒྱག་དབང་མེད་པ་དེ་རེད། གལ་སྲིད་དེ་ལྟར་བྱས་ན་རང་ཉིད་ཉེས་བ་རང་ཐེར་འདོན་བྱས་བ་ལྟ་བུ་ཆགས་ནས་རྒྱ་གཞུང་གིས་འཛིན་རྐྱང་རེད། དེ་ལས་ཐབས་ཡོད་ན་འཇབ་རྒོད་བྱས་ན་ལེགས། རྒྱལ་སྤྱིའི་ཁྲོམས་ས་འགོག་རྐྱེན་བཟོས་ན་རྒྱལ་སྤྱིའི་དོ་སྣང་མི་བྱེད་ཐབས་མེད་རེད།
གྲི་ནག་ཡུ་དམར་ལགས། ལན་འདེབས་མང་པོ་ཞིག་བྱེད་པའི་དུས་ཚོད་མི་འདུག་ལ། དགོས་པ་ཡང་ཆེར་མ་མཐོང་བས་མདོར་སྡུས་ཤིག་ཞུས་ན། ངའི་སྐད་ཆ་དང་པོ་དེ་རང་སྲོག་ལ་འཛེམས་ཟོན་གཏན་ནས་བྱེད་རྒྱུ་མེད་ཅེས་བཤད་པ་མིན་ཡང་། གལ་ཏེ་རང་སྲོག་ཤོར་རུང་འགྱོད་པ་མེད་པ་ཞིག་ནི་དགོས་ངེས་རེད་སྙམས། རྒྱུ་མཚན་ནི་ལས་འགུལ་འདི་དག་གང་གི་ཆེད་དུ་ཡིན་པ་ལ་བསམ་བློ་བཏང་ན་ལས་བསླ་པོ་རེད། གཉིས་པའི་ལེན། ཨ་རབ་ཀྱི་གནས་ཚུལ་དང་བོད་ཀྱི་གནས་ཚུལ་གཉིས་མི་འདྲ། ཨ་རབ་ཀྱི་གཞུང་དེ་ཚོ་ལ་མི་མང་གི་ཡར་ལང་མཐའ་གཅིག་ཏུ་མནན་རྒྱུའི་ནུས་པ་མེད་པ་རེད་ལ། རྒྱ་གཞུང་བཞིན་དུ་ངོ་ཚ་ཁྲེལ་མེད་དེ་འདྲ་མ་རེད། ད་དུང་མི་མང་ལ་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་རྒྱབ་སྐྱོར་ཡང་ཡོད་པ་རེད། རྒྱ་གཞུང་ནི་སྟོབས་ཤུགས་ཆེ་བའི་སྟེང་ལ་ངོ་ཚ་ཁྲེལ་མེད་ཡིན་པ་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་རྣམས་ནས་ཀྱང་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་སྒུར་ཏེ་བོད་དོན་ལ་རྒྱབ་སྐྱོར་དེ་ཙམ་བྱེད་ཐུབ་ཀྱི་མེད་པས། བོད་མི་མང་ལ་ངོ་རྒོལ་གཞན་ཞིག་བྱེད་རྒྱུའི་ལམ་ཞིག་མེད་སོང་བ་རེད། གསུམ་པའི་ལན། ངས་བལྟས་ན་རྒྱལ་སྤྱིའི་སྟེང་དེ་ཙམ་གཡོ་འགུལ་མ་ཐེབ་པ་འདི་ཡུལ་གྱར་བོད་མིའི་དྲིལ་བསྒྲགས་ཀྱིས་མ་འཇོན་པ་མ་རེད། འདི་ནི་རྒྱལ་སྤྱིའི་གཞུང་དང་རྒྱུད་ལམ་ཁག་རྒྱ་ནག་གི་དཔལ་འབྱོར་གྱི་སླུ་བྲིད་ལ་མགོ་འཁོར་ནས་བོད་ཀྱི་གནས་ཚུལ་འདི་ནག་གསུབ་བཏང་བཞག་པ་རེད། བཞི་པའི་ལན། བཙན་བྱོལ་བ་ཚོས་དེ་ཙམ་གྱི་ཤུགས་ཆེན་པོ་ཞིག་བྱེད་ཐུབ་ཀྱིེ་མེད་པ་དངོས་ཡོད་རེད། འོན་ཀྱང་བོད་མི་རྒྱ་ཆ་དགུ་བཅུ་གོ་གྲངས་ཤིག་བོད་ནང་ལ་ཡོད་པ་མ་ཟད། ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་ནི་ཧ་ལས་པ་ཞིག་རེད། དེས་ན་ངས་བསམ་ན་བཙན་བྱོལ་བ་ཚོས་ཤུགས་ཅུང་ཟད་རྒྱབ་ཐུབ་ན་རེ་བ་ཆེན་པོ་ཡོད་པ་རེད་འདོད། བདེན་པའི་ཨུ་ཚུགས་ཟེར་རྒྱུ་དེ་ཚོ་ད་ལྟའི་ཆར་བོད་ནང་ལ་མཚོན་ན་དཀའ་མོ་ཡིན་རྒྱུ་རེད། ད་དུང་དེའི་སྒྲུབ་ཐབ་ཀྱང་ཅང་བཤད་རྒྱུ་མི་འདུག་པས་བདེན་པའི་ཨུ་ཚུགས་ཞེས་མིང་བཏག་ཤེས་པ་ཙམ་གྱིས་ཅི་ཡང་ཕན་གྱི་མ་རེད།
འོ་ཡང་དྲ་འབུ་བོང་བུ་འདྲ་བོ་གནམ་འདིས་འདི་ན་ཡང་ཡིག་ནོར་སྒྱེ་མོ་གང་ཁུར་ནས་ནམ་མཁའ་ལ་འཕྱ་དམོད་བྱེད་ཁུལ་འདུག ངོ་མ་འཇིག་རྟེན་གོ་ལྡོག་རེད།
ལྷ་མོ་ཚེ་རིང་ལགས། དེ་འདྲའི་གོ་ལྡོག་པ་ཞིག་བཤད་ཡོད་ན་སྤྲོ་མ་ལང།། ཡིག་ནོར་སྒྱེ་མོ་གང་བོ་ནོར་བཅོས་སྒྱེ་མོ་གང་ལ་གཏོང་རོགས་ཞུ།
ལུང་རྟོགས་ལགས། སྤྱི་དོན་མ་ཡིན་པའི་སྒེར་དོན་གྱི་སྟེང་ལ་བབས་ན་དུས་ཚོད་མེད་མཁན་བོད་མི་སྤྱི་ཡོངས་འདྲ་མཚུངས་ཡིན་ནི་རེད། སྐུ་ཉིད་ལ་དམིགས་གསལ་གང་ཡང་སྟེར་ཐུབ་ས་མ་རེད། རྒྱུ་མཚན་ཆེན་པོ་མཐོང་མ་སོང་ན། དེ་གནས་ཚུལ་གསར་བ་རེད་ལ་ང་རང་སྟེང་ནས་སྡུག་དགོས་དོན་གང་ཡང་མེད།
གནད་དོན་ལྷག་ས་དེ་འགན་འཁུར་མེད་པའི་གཏམ་བཤད་ལ་གོམས་བའི་མི་གཤིས་ཀྱི་སྟེང་ན་འབྱུང་གྱིན་འདུག བདེན་པའི་མེ་ལྕེ་མཚམས་འཇོག་མི་རུང་ཚུལ། སྐུ་ཉིད་ཀྱིས་འུར་བརྒྱབ་ནས་གནམ་ས་བར་དུ་བསྒྲགས་ཀྱིན་པ་འདི་རེད། དུས་ལ་བབ་ནས་རྐྱེན་དང་འཕྲད་པའི་ཚེ་གླེང་ཁོམ་མེད་པའམ། གླེང་རིན་མེད་པའི་ཚུལ་གྱིས་ཡོལ་ཐབས་ལ་འབད་ཀྱིན་པའི་བཟོ་བསྟན་ཡོང་གིན་འདུག གནས་ལུགས་ཚིག་རྐང་གཅིག་ལས་མི་ཤོད་རུང་སེམས་ཤུགས་བསྐྱེད་ན་འགྲིག་གི་རེད། གལ་སྲིད་སྐུ་ཉིད་ལ་ཉན་འདོད་ཡོད་ན་གོང་གི་དཔྱད་མཆན་འདིའི་ཡིག་འབྲུ་རེ་རེ་བཞིན། བདག་གིས་དགག་བསྒྲུབས་བྱས་ཆོག
རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན་ནོ།།
འཇིགས་པ་བརྒྱད་ལས་སྒྲོལ་བ་མཛོད་ཅིག།
ཉེ་བའི་ཉིན་གྲངས་ཁ་ཤས་སྔོན་ནས།།
རྒྱ་གར་ལྷོ་ཕྱོགས་བོད་མི་དག་ལ།།
རྒྱ་གར་ཁ་ཆེའི་མི་རིགས་རྣམས་ཀྱིས།།
གྲི་དང་ཤེལ་ཕུང་རྡོ་དང་དབྱུག་པས།།
དོན་མེད་བརྡུང་རྡེག་ལས་འགུལ་བརྩམས་ནས།།
དོན་མེད་ཛ་དྲག་འཇིགས་སྐུལ་བསླེབས་སོང་།།
རྒྱུ་རྐྱེན་གང་ཡིན་གསལ་བོར་མི་ཤེས།།
སྦི་སྦི་སི་དང་ཚགས་པར་ནང་ལ།།
འབར་མའི་ནང་གི་ནང་པ་ཁ་ཆེ།།
ཕན་ཚུན་བར་ལ་འཁྲུག་འཛིངས་ཤོར་ནས།།
མེར་བསྲེགས་མི་གསོད་དོན་རྐྱེན་བྱུང་ཟེར།།
དེ་ཡི་ཤུགས་རྐྱེན་འདི་གར་བསླེབས་ནས།།
ཉམ་ཆུང་བོད་པར་གློ་བུར་བརྡུང་རྡེག།
སྙིང་ནས་མ་བཟོད་ཚིག་འགའ་ཐལ་འདི།།
སྐྱབས་དང་རེ་ས་གཞན་ན་མེད་པས།།
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ཀྱིས།།
འཇིགས་པ་བརྒྱད་ལས་སྒྲོལ་བར་མཛོད་ཅིག།
ཡ་་་གྲི་ནག་ཡུ་དམར་ལགས། ད་ཁྱེད་ཀྱི་སྐད་ཆ་དེ་ཡང་གོ་རྒྱུ་མེད་པ་ཆགས་སོང་། ད་བདེ་མོ་གྱིས།