གནས་ཚུམ་མཁོ་གཏོང་བཿ སྐྱ་མདའ།
ཡུ་རོབ་ནང་གི་བདེན་པའི་མེ་ལྕེ་སྐོར་བསྐྱོད། ཡོ་རོབ་ཀྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གྱིས་གཙོ་འགན་བཞེས་ཏེ། ཐོག་མར་སི་པན་ནང་ནས་སྐོར་བསྐྱོད་བྱས་ནས་ད་བར་ཟླ་ངོ་གཉིས་ལྷག་ཙམ་འགོར་གྱི་ཡོད། དེ་རིང་བར་ཡོ་རོབ་ཀྱི་རྒྱལ་ཁབ་ཉི་ཤུ་ཙམ་ནང་སྐོར་བསྐྱོད་གནང་ཡོད། འདི་ཟླའི་ཚེས་༢༣ ཉིན་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་སི་ཏྲི་རི་ཡའི་རྒྱལ་ས་ཝིན་ནང་འབྱོར། ཁུལ་དེའི་བོད་རིགས་མཐུན་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཐོག ཕེབས་བསུ་ཟབ་རྒྱས་ཞུས། ཐོག་མར་སྔ་དྲོ་ཚུ་ཚོད་༩ དང་ཕྱེད་ཀའི་ཐོག་ཚོགས་པ་ཁག་གཉིས་ཀྱི་སྐུ་ཚབ་རྣམ་པ་དང་། ཡུལ་གྱི་མཐོ་རིམ་དཔོན་རིགས་དང་མི་སྣ་ཆེ་ཁག བོད་མི་དང་ཡུལ་མི་རྒྱབ་སྐྱོར་བ་བརྒྱ་ལྷག་ཙམ་མཉམ་འཛོམས་ཐོག རྒྱལ་སའི་གྲོས་ཚོགས་ཀྱི་ཚོགས་ཁང་མདུན་ཐད། བདེན་པའི་མེ་ལྕེའི་རྒྱབ་ལྗོངས་ངོ་སྤྲོད་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ། ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཨོ་སི་ཏྲི་རི་ཡའི་མཐོ་རིམ་དཔོན་རིགས་དང་མཐོ་རིམ་མི་སྣ། བོད་རིགས་མཐུན་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་བཀའ་སློབ་གནང་། དེ་ནས་རྒྱ་ནག་གི་གཞུང་ཚབ་མདུན་ནས་གྲོང་ཁྱེར་དབུས་ཀྱི་མཆོད་ཁང་ཆེན་མོ་བར། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གོམ་བགྲོད་གནང་། ཚེས་༢༤ ཉིན་གྲོང་ཁྱེར་ལིན་ཛི་དང་། ཚེས་༢༥ ཉིན་གྲོང་ཁྱེར་སལ་ཙེ་སྦུག་ནང་སྐོར་བསྐྱོད་གནང་སྟེ། འཇར་མན་ནང་ཕེབས་རྒྱུ་རེད། དེ་རྗེས་ཨི་ཊ་ལའི་ནང་དང་དེ་ནས་སུས་སི་ནང་སྐོར་བསྐྱོད་དང་། དེ་ནས་ཐ་མའི་མཛད་སྒོ་སི་པན་ནང་འཚོག་རྒྱུ་རེད་འདུག
ཡུ་རོབ་སྤྱི་འཐུས་མཆོག་གིས་གསུང་རྒྱུར་ད་རེབ་ཀྱི་བདེན་པའི་མེ་ལྕེ་ཡོ་རོབ་ནང་སྐོར་སྐྱོད་སྐབས། ཡུལ་མི་དང་གཞུང་། བོད་དོན་རྒྱབ་སྐྱོར་ཚོགས་པ། ལྷག་པར་ས་གནས་གང་དུ་ཡང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་དང་རྒྱབ་སྐྱོར་ཤུགས་ཆེ་གནང་སོང་ཟེར། ད་དུང་ཁོང་གིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འདི་ལས་སྐྱོབ་ཐབས། ལྷག་དོན་ཆེས་ཡ་ང་བའི་འབར་བཞིན་པའི་མེ་ལྕེ་འདི་ཉིད་ཞི་ཐབས་ཆེད་ཡིན་གསུངས།།
༢༠༡༢།༡ཨ།༢༢ཚེས་ཉིན་ཅེག་རྒྱལ་ཁབ་ནས། ཧང་གྷ་རིའི་རྒྱལ་ས་བུ་རྡ་པེས་ཊེ་ལ་བོད་མིའི་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་ཀྱིས་བདེན་པའི་མེ་ལྕེ་དེ་འདིར་འཁོད་མི་མངས་འཐུས་མི་ཅིག་ལ་རྩིས་སྤྲོད་ལ་ཕེབས་གཏན་འཁེལ་བ་ལྟར་ང་ཚོ་བོད་རིགས་ཡོད་ཚད་དང་བོད་ཀྱི་གྲོགས་པོ་ཚོས་ཀྱང་ཕེབས་བསུ་དགའ་སྤོབས་ཆེན་པོའི་ངང་ནས་སྒུག་ནས་བསྡད་ཡོད་ལགས། གསར་འགྱུར་གྱི་ཚུལ་དུ།
སྤྱི་ཚེས་༢༢གཅིག་དང་ཕྱེད་ཀའི་ཐོག ཡུ་རོབ་བདེན་པའི་མེ་ལྕེ་དེ་ཡུ་རོབ་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་དང་། ཁོང་གི་ཕྱག་རོགས་མོ་ཊའི་བདག་པོ་སི་པེན་གྱི་མི་རིགས་ཡིན་པ་སྐུ་ཞབས་ཅ་བིའམ་ཁ་ཡར་བེ་ལགས་རྣམ་གཉིས་ནས། ཅེག་རྒྱལ་ཁབ་ནས་བདེན་པའི་མེ་ལྕེ་གདན་དྲངས་པས་ན།
ང་ཚོ་རང་རིགས་བོད་རིགས་དང་ཧང་གྷ་རི་པ། སོག་པོ་དང་རྒྱ་གར་སོགས་མི་སྣ་བཅོ་ལྔ་ལྷག་གིས་དགའ་སྤོབས་ཆེན་པོས་ཕེབས་བསུ་དང་། རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་དང་། ལྷན་ཚོགས་ཀུན་ལ་རིས་མེད་ཆོས་ཚོགས་ནས་གསོལ་ཇ་ཞལ་ལག་འབུལ་བཞེས་དང་།
ཚེས་༢༣ཞོགས་པ་ཚུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཕེབས་བསྐྱལ་གང་གཟབ་དང་སྦྲག་ཁྱིམ་མཚེས་རྒྱལ་ཁབ་ཨས་ཊོ་རི་ཡའི་རྒྱལ་ས་ཝེ་ནའི་ཕྱོགས་སུ་ཆིབས་འཁོར་བསྒྱུར་གནང་བའི་གནས་ཚུལ་རག་བསྡུས་ཙམ་དུ་ཀརྡོས་ཕུལ།