ནམ་མཁའ།
རྒྱ་མཚོའི་ཁྱིམ་དུ་སྐྱེས་བའི་ཉ་མོ་རྣམས།།
སྡིག་ཅན་ཉ་བས་ཐང་ལ་འཕངས་བ་བཞིན།།
ཞི་བདེ་གངས་རིའི་ཁྱིམ་དུ་སྐྱེས་བ་རྣམས།།
སྡིག་ཅན་དམར་བོའི་མཚོན་གྱི་འབེན་དུ་གྱུར།།
རྒྱ་སྟག་དམར་བོའི་སྐོར་བའི་ནགས་ཚལ་དུ།།
བདེན་ཚིག་མེ་ལྕེ་ཡང་ཡང་འབར་བའི་ཚེ།།
རྨ་རྒྱལ་སྦོམ་རའི་གོས་དཀར་ལྷུན་པོ་ལས།།
སྐྱོ་བའི་མཆི་མ་གངས་ཆབ་སྔོན་མོ་བཞུར།།
ཟླ་བའི་ཁང་བཟང་འདེགས་པའི་ཤེལ་དཀར་གྱི།།
ཀ་བ་སྟོང་ལྡན་གངས་རིའི་མུ་མཁྱུད་ལྗོངས།།
བསྐལ་བའི་མེ་དཔུང་ཡུལ་འདིར་འཕྱུར་བ་བཞིན།།
ཉི་ཟླའི་འོད་ཀྱང་དུ་བས་ཡོངས་སུ་སྒྲིབས།།
གཅིག་གིས་གཅིག་ལ་བསླུ་བའི་རྒྱལ་ཁམས་འདིར།།
གཡོ་སྒྱུའི་ཐག་པས་བཅིངས་བའི་ཁྲམ་པའི་ཚོགས།།
བདེན་པའི་མེ་ལྕེ་རླབས་ཀྱིས་བསྲེགས་ན་ཡང་།།
ཚོར་མེད་བེམ་པོ་གཟུགས་བཞིན་ལྕགས་ལྟར་གྱུར།།
༢༢/༦/༢༠༡༢ལ་ཡོ་རུབ་ནས་བྲིས།
ཕ་མས་གཡོ་སྒྱུས་བུ་ཕྲུག་བུད་ཤིང་གྱུར། ད་དུང་དཔའ་བོ་ཡིན་རབས་བརྗོད་ཁུལ་སྐྱོ། ཨ་ཁ་ཁ། ཅིག་བྱས་ན་སྙན་དངགས་ཟེར་ཡག་དེ་ཞི་བདེ་དང་འཆམས་མཐུན་དཀྲུགས་བྱེད་ཀྱི་མཚོན་ཆ་ངོ་མ་དེ་མིན་འགྲོ།
རང་དབང་ཨ་རྡུ་མན་ལགས།རང་ལུས་མེ་བསྲེགས་གཏོང་མཁན་ཚོར་དཔའ་བོ་མིན་ན་ཁྱེད་རང་དཔའ་བོ་ཡིན་ནམ།དེང་སང་ཞི་བདེ་ཟེར་བ་མིང་སྐམ་པོ་ཙམ་རེད།སྙན་ངག་ཟེར་བ་ཞི་བདེ་དང་འཆམས་མཐུན་དཀྲུགས་བྱེད་ཀྱི་མཚོན་ཆ་ཡིན་པ་མ་ཤེས་མོད།དངོས་བོའི་གནས་ཚུལ་བརྗོད་བྱེད་ཞིག་ཡིན་པ་ཤེས་སོང་།
གོས་མེད་ཤད་གཉིས་རྒྱབ་པ་ལས།
དགོས་ངེས་བདག་སྒྲ་འགྲོ་ཚུལ་དང་།
མིང་མཐའི་པའམ་བ་ཡིག་དགོས།
དཔེ་གཞུང་སྐད་དང་བསྟུན་ན་ལེགས།།
དཔེ་རིང་མུ་མཐུད་འབྲི་བ་ན། ཤད་གཉིས་བཀོད་པ་དེ་མཛུབ་མོའི་ཚིགས་དང་འདྲ་བ་བཟོ་ཆེད་ཤད་གཉིས་དགོས་པར་གོ་དོན་མཆིས། ཚིག་རྐང་མུ་མཐུད་མེད་པར་ཡིག་འཕྲེང་འོག་མར་ཕབ་པ་ན། ཤད་གཉིས་རྒྱབ་པ་དེ་ལ་དགོས་པ་གང་ཡང་མ་མཐོང་། དེ་ཡང་སྤྱི་ལོ་བརྒྱ་རབས་ཉི་ཤུ་པའི་རྒྱ་གར་པ་དང་། རུས་དང་ཕ་རན་སི་ལ་སོགས་པའི་མཁས་པ་རྣམས་ཀྱིས་བོད་དཔེ་སྤར་བསྐྲུན་བྱས་པའི་ཚིག་བཅད་ཡིག་འཕྲེང་སོ་སོར་ཕྱེས་པ་དག་ལ་ཤད་གཅིག་ལས་གཉིས་རྒྱབ་མེད་པ་དེ་དགོས་མེད་ཡིན་པར་བསམས་པས་སོ། །
གཞན་ཡང་སྤར་བསྐྲུན་བྱ་བ་མ་ཤེས་པའི་སྐྱོན་གྱིས་བསྟན་བྱའི་ས་བཅད་སོགས་ཀྱི་ཤོག་བུའི་ཨང་གྲངས་རྣམས་ཁུག་ཤད་དུ་བཅུག་པ་ཡོད་པ་མཐོང་། དེས་ན། ཚན་རིག་དང་མཐུན་པར་སྤར་བསྐྲུན་བྱེད་པ་སོགས་ལ་ནི་ཕྱི་ལོགས་པའི་དཔེ་དེབ་་སྤར་བསྐྲུན་བྱས་པ་དག་ནས་ཀྱང་རང་རེས་དཔེ་ལེན་དགོས་པར་མཐོང་ངོ་། །
ཁ་བ་འཚོ་ལགས། ཕྲུ་གུ་ཆུང་ཆུང་དེ་ཚོའི་སྐད་ཆ་འདྲ་པོ་མ་གསུང་དང་། གནས་ལུགས་ལ་དགོངས་པ་ཏོག་ཙམ་བཞེས་རོགས་གནང་། གལ་ཏེ་ཁྱེད་རང་ནས་ལས་ཀ་དེ་བྱས་ན་དཔའ་བོ་རེད་ཅེས་བརྗོད་པའི་རྐྱེན་ཀྱིས་་་་་མི་ཞིག་གིས་དེ་འདྲ་བྱས་ན་་་་་རང་ལ་མི་བསད་པའི་སྡིག་པ་ཡོད་པ་དེ་མཁྱེན་གྱི་མེད་པས། སྲོག་གཅོད་པའི་ལས་བཅོལ་རྫོགས་ཀྱི་ལས་ཡོད་རེད་ད།།
(ལས་ལ)ཞེས་བཅོས།
རང་དབང་པ་ལགས།དེ་ཡིན་ན་དཔའ་བོ་ཡིན་ན་དཔའ་བོ་རེད་མ་ལབ་ན་སྡར་མ་རེད་ལབ་དགོས་སམ།དཔའ་བོ་མ་རེད་དམ།གལ་སྲིད་རང་ལུས་གཏོང་འདོད་མེད་ན་དཔའ་བོ་རེད་ལབ་ཀྱང་རང་སྲོག་རང་གིས་གཅོད་ཐུབ་བམ།
ཉིད་ཀྱིས་བསམ་ཚུལ་ལ་མི་ཚོས་དཔའ་བོ་རེད་ལབ་ནས་སྙན་གྲགས་ཀྱི་རྗེས་སུ་འབྲངས་སྟེ་མེ་བསྲེགས་བྱེད་པར་ཁས་ལེན་གྱི་ཡོད་པ་འདྲ།དེ་ནི་ཤིན་ཏུ་ནོར་བ་རེད།སྙན་གྲགས་ལ་ག་ཚོད་དགའ་ཀྱང་རང་སྲོག་འདོར་མཁན་དཀོན་པོ་ཡིན།ངས་བསམ་ཚུལ་ལ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་རང་སྲོག་བློས་བཏང་བར་ངོས་འཛིན་ཡོད་པ་ལས་སྙན་གྲགས་ཀྱི་རྗེས་སུ་འབྲངས་སྟེ་མེ་བསྲེགས་བཏང་བར་ནམ་ཡང་མི་འདོད། གལ་སྲིད་དེ་ལྟར་ཡིན་ན་གསུངས་དང་འདི་ནས་མཇལ་ཆོག
རང་དབང་ཨ་རྡུ་མན་ནས་ཀྱི་མཆན་དང་པོའི་ནང་་་་་ ཕ་མའི་གཡོ་སྒྱུས་བུ་ཕྲུག་བུད་ཤིང་གྱུར། །ད་དུང་དཔའ་བོ་ཡིན་རབས་བརྗོད་ཁུལ་སྐྱོ། ། གསུངས་པ་འདིས་ཁྱེད་རང་མི་གུས་ཞབས་མི་ཤེས་མཁན་ཞིག་ཡིན་པ་ཤེས་ཐུབ། རྒྱུ་མཚན་ནི་སོ་སོའི་ཕ་མ་དང་མི་རབས་རྒན་པ་རྣམ་ལ་སྒྲོ་འདོགས་བྱས་འདུག ༢ ཁྱེད་རང་མི་ཕྲག་དོག་ཅན་ཞིག་ཡིན་པ་འདྲ། སོ་སོས་སྙན་ངག་འབྲི་མ་ཤེས་པས། མིས་སྙན་ངག་བྲིས་པ་ལ་བཟོད་སྒོམ་བྱེད་མ་ཐུབ་པར་སྙན་ངག་ལ་ཅིག་ལབ་ཁུལ་བྱས། ༣
ལ་དྭགས་པ་འཇམ་དཔལ་ལགས། རིག་གནས་རྒྱ་མཚོའི་ཕ་མཐར་སོན་པ་དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་ལས། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ་ཅེས་གསུངས་པ་བཞིན་ལག་བསྟར་བྱས་པ་ཡིན་ཤས་ཆེ།།
རང་དབང་ཨ་རྡུ་མན་ནས། ཕ་མས་གཡོ་སྒྱུས་བུ་ཕྲུག་བུད་ཤིང་གྱུར། ད་དུང་དཔའ་བོ་ཡིན་རབས་བརྗོད་ཁུལ་སྐྱོ། ཨ་ཁ་ཁ། ཟེར་
རྒྱུ་འདི་ག་རེ་ཟེར་གི་ཡོད་རེད། ཕ་མས་གཡོ་སྒྱུས་ཟེར་ན་ངན་བསྐུལ་བྱེད་མཁན་ཡོད་པའི་བརྡ་ཚིག། བུ་ཕྲུག་བུད་ཤིང་གྱུར་ཟེར་རྒྱུ་དེས་སྐུ་ལུས་མེར་མཆོད་ཕུལ་བའི་རང་རེ་གངས་ཅན་པའི་གཞོན་སྐྱེས་ཚོར་གོ། ད་དུང་དཔའ་བོ་ཡིན་རབས་བརྗོད་ཁུལ་སྐྱོ།་ཟེར་རྒྱུ་དེས་མེ་མཆོད་ཕུལ་བའི་རྒྱལ་གཅེས་པ་དེ་ཚོར་དཔའ་བོ་མ་རེད་དཔའ་བོ་རེད་ཟེར་མཁན་དེ་ཚོར་གང་ཡང་ཧ་མི་གོ་བའི་ལྐུག་པ་རེད་ཅེས་པའི་འཕྱ་སྨོད་དང། སྐུ་ལུས་མེར་མཆོད་དེས་བོད་པས་ཞབས་འདྲེན་ཆེན་པོ་ཞིག་ཞུས་པའི་བརྡ། ཨ་ཁ་ཁ་ཟེར་རྒྱུ་དེས་མེ་མཆོད་ཕུལ་མཁན་དེ་ཚོ་བསམ་མེད་དང་ལྐུག་པ་གང་ཡང་མི་ཤེས་དོན་མེད་དུ་གྱུར་བའི་བརྡ་ཚིག་བཤད་འདུག། ད་དུང་ཁོ་རང་མི་ཤེས་ཡོན་ཅན་དང་འཇོན་ཐང་ཚང་མ་ཡོད་འདོག་འདོག་བཤད་འདུག། ངས་ཁྱོད་ལ་གཅིག་ཟེར། ཁྱོད་ཕ་རོ་ཟོ། ཞབས་འདྲེན་དམ་ཉམས། ཅོལ་ཆུང་སྐུ་ལུས་མེ་མཆོད་ཕུལ་བ་དེ་རླབས་ཆེན་ཡིན་མིན་དེ་ཁྱོད་རང་འཛུབ་མོ་གཅིག་མེར་སྲེག་དང་ཧ་གོ་ངེས། ངན་བསྐུལ་བྱེད་མཁན་ཡང་མེད་པ་ཐག་གི་ཆོད། རྒྱབ་ནས་བསྐུལ་སྟེ་གནས་ཚུལ་ཆུང་ཆུང་ཉོན་མཁན་ལོས་ཡོད། ཡིན་ན་ཡང་རང་གི་ལུས་པོ་མེར་བསྲེག་ནས་ཁྱོད་ཤི་དགོས་ཟེར་ནས་རྒྱབ་ནས་བསྐུལ་མཁན་ཡོད་ན་ཡང་ཉོན་གི་རེད་བས། དཔེར་ན་ཁྱོད་རང་གི་ཕ་མས་བུ་ད་ཁྱོའི་ལུས་པོ་ལ་སྣུམ་བླུགས་ནས་མེ་ལ་བསྲེག་སྟེ་ཤི་རོགས་ཟེར་ན་ཁྱོད་ཤི་ས་ཨི་འགི། སོ་སོར་དཔེ་བླངས་ནས་བཤད་དང། ངོ་མ་དོལ་ཚོགས་འམ་ཡང་ན་རྒྱ་ཁྱི་ཞིག་ཡིན་པ་ནི་བཤད་ཅི་དགོས། རླབས་ཆེན་གྱི་མཛད་ཚུལ་འདི་ཚོར་སྣང་མེད་འགྱུར་བའི་ཐབས་ཤེས་ལས་གཞན་ཅི་ཡིན། དྲྭ་གྲོགས་ཚོར་གཟའ་རྒྱབ་པ་རེད་བས་ཁོས་ག་རེ་ཟེར་མིན་ཧ་གོ་གི་མི་འདུག་བས། ང་ཚོའི་རྒྱ་དམར་མ་ཐུབ་ཡང་རྒྱ་ཁྱི་འདི་ཚོ་མགོ་ལ་ཤོར་ན་ཞབས་འདྲེན་རེད་ད། མེ་ཏོག་དཀར་པོ་སོགས་དྲྭ་གྲོགས་ཁ་ཤས་མཆན་བུའི་ནང་མིང་འདོག་ནོར་ལྟར་བུ་གནས་ཚུལ་ཆུང་ཆུང་དེ་འདྲ་མཐོང་ཡང་ནག་ཉེས་ཆེན་པོ་བྱས་ཡོད་འདོག་འདོག་བཤད་གི་རེད་ད་ག་རེ་བྱས་སོང། ཁ་ལ་གཟའ་རྒྱབ་པ་རེད་བས། ལགས་ལ་གདོན་ཞུགས་པ་རེད་བས།
ཁོས་བཤད་པ་འདི་སྙན་དངགས་དང་འབྲེལ་བ་ཡོད་པ་ཞིག་ངས་མཐོང་སོང
མ་ཆད་འདུག། མཐོང་མ་སོང་ཟེར་གི་ཡོད
དང་བླངས་པས་ཡག་པོ་བཤད་འདུག
ཧ་ཧ་་་་་་དང་བླངས་པ་རང་རེད་ཤག བཀའ་སྐྱོན་གནང་པ་བཀའ་དྲིན་ཆེ། འོན་ཀྱང་རང་ལུས་མེར་བསྲེགས་བཏང་པའི་སྐོར་དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་སོང་ཙང་ཞུས་པ་ཡིན། དགོངས་པ་ཡག་པོ་བཞེས་དང་། དེ་སྔར་གོང་ས་མཆོག་ནས་ལྤགས་རིགས་སྐོར་བཀག་འགོག་གནང་དུས་བཀའ་སློབ་ག་རེ་གནང་སོང་མཁྱེན་གྱི་ཡོད་ཤག་རེད། མདོར་ན་དེ་ནི་སེམས་ཅན་གཅིག་གི་ཚེ་སྲོག་ལ་ཐུག་པ་སོང་ཙང་གསུངས་པ་རེད། བཀའ་སློབ་དེ་མ་བརྗེད་པ་གནང་གལ་ཆེ། ད་ཆ་ཡ་ང་བའི་རང་ལུས་མེར་བསྲེགས་བཏང་པའི་ལུས་དེ་ནི་
ཆེས་ཁྱད་པར་དུ་འཕགས་པའི་མིའི་ལུས་རྟེན་ཤག་སྟགས་རེད། སོང་ཙང་གོང་ས་མཆོག་ཐུགས་མཉེས་མདོག་ཁག་པོ་མ་རེད། ཁྱེད་རང་གི་འདོད་པ་ལྟར་་་་་དངོས་གནས་དཔའ་བོ་ཡིན་ན་གོང་ས་མཆོག་ནས་ཀྱང་ཁོང་རྣམ་ཚོར་བསྟོད་སྔགས་གནང་དགོས་ངེས་རེད།
བྱས་པ་ཡིན་ཙང་་་་སྐད་ཆ་ག་རེ་ཡིན་ནའང་གཟབ་ནན་བྱ་གལ་ཆེ། ཡང་མིན་ན་ད་བར་གོང་ས་མཆོག་གི་རང་ལུས་མེར་བསྲེགས་བཏང་མཁན་ཚོར་ཡག་པོ་ཡིན་རབས་སྐོར་གསུང་དེ་འདྲ་ཡོད་ན་་་་ཐུགས་རྗེ་གཟིགས་ལུང་འདྲེན་གནང་རོགས་གནང་། ཉིན་མ་དེ་ནས་བཟུང་ངས་བཤད་མཚམས་བཞག་ཆོག དེ་མིན་བོད་འདི་ཆོས་སྡེའི་ཞིང་ཁམས་ཡིན་ཟེར་དུས་དབུ་འཕངས་མཐོན་པོ་བྱས་
རང་སྲོག་རང་གིས་བཅད་པར་བསྟོད་ཚིག་ཇི་མང་དུ་བཏང་པ་དེ་ནི་ཆ་མཚུངས་པ་དང་རྒྱུ་འབྲས་མེད་པའི་ལས་ཀ་རང་རེད། རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ནང་མི་སྤུན་མཆེད་གྲོང་པ་ཕན་ཚུན་རྫོང་དགོན་པ་བཅས་ལ་དཀའ་ངལ་ག་ཚོད་འཕྲད་ཀྱི་ཡོད་མེད་ཤེས་ཀྱིན་ཡོད་པས། ཤེས་ཀྱི་ཡོད་ན་ཅིག་གསུང་དང་ངས་ཉན་འདོད་ཡོད། དེ་མིན་རང་ལ་མ་ཐུག་པའི་ལས་ཀ་དེ་ཁྱོད་རང་གིས་བཤད་ཡག་དེ་ཚོ་རེད། བོད་ལ་ད་བར་བོད་མི་བཅུ་ཕྲག་པོས་རང་ལུས་མེར་བསྲེགས་བཏང་པ་དེས་་་་་བོད་རྩ་དོན་དོན་ལ་ག་རེ་ཕན་སོང་དེ་ཡིན་ཅིག་གསུང་རོགས་གནང་། ད་དུང་ཞུ་ཡག་ལ་་་་ད་བར་བཙན་བྱོལ་གཞིས་ཆགས་ཁག་ནས་དེ་འདྲ་མ་བྱུང་བ་དེ་ག་རེ་ཡིན་ནམ? ངས་བྱས་ན་ཁོང་རྣམ་ཚོས་བོད་དོན་དེ་ས་མཚམས་ག་པར་སླེབས་ཡོད་མེད་མཁྱེན་པ་སོང་་ཙང་མ་བྱུང་བ་རེད།།
ཁ་བ་འཚོ་ལགས་ནས་ཀྱང་འགྲེལ་བརྗོད་ཅིག་གནང་རོགས་གནང་།
ཆ་མ་མཚུངས་པ)ཞེས་བཅོལ་རོགས་གནང་།
རང་དབང་ཟེར་མཁན་ལགས། བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་འདི་འུ་ཐུག་ནས་སྤེལ་བཞག་པ་ཞིག་རེད་མ་གཏོགས། འདམ་ཀ་མང་པོ་ཡོད་པའི་ནང་ནས་བཀྲབས་པ་དེ་འདྲ་མ་རེད། ཁོང་རྣམ་པའི་མི་རིགས་ཀྱི་ལ་ཞེན་དང་། བློས་གཏོང་སོགས་ལ་གུས་འདུད་ཞུ་རྒྱུ་འབའ་ཞིག་ལས་གཞན་གང་ཡང་ལྷག་མེད།
ཁྱེད་ཀྱིས་གཅིག་གསུངས་དང་། ཁྱེད་ཀྱིས་༼ བོད་ལ་ད་བར་བོད་མི་བཅུ་ཕྲག་པོས་རང་ལུས་མེར་བསྲེགས་བཏང་པ་དེས་་་་་བོད་རྩ་དོན་དོན་ལ་ག་རེ་ཕན་སོང་དེ་ཡིན་ཅིག་གསུང་རོགས་གནང་༽ དང་པོ་ངས་ཁྱེད་ལ་གཅིག་འདྲི། བོད་རྩ་དོན་ལ་ཕན་ན་གང་འདྲ་ཞིག་ཕན་དགོས་རེད་དམ།
ནང་ཆོས་ནས་མཐར་ཐུག་གི་གོ་འཕང་ཞིག་འཐོབ་རྒྱུ་ཡོད་སྨོ། དེ་ལ་ཕྱག་འབུམ་གཅིག་བཙལ་ནས་ཕན་གི་རེད་དམ། མ་རེད་ན་རྡོར་གདན་སོགས་སུ་ཕྱག་འབུམ་འཚལ་ནས་གང་བྱེད། རེད་ན་ཕྱག་འབུམ་བཙལ་མཁན་ཚོ་གོ་འཕང་མ་ཐོབ་པར་ནག་རོག་ལྷག་འདུག་ག
༧གོང་ས་མཆོག་གི་མེ་སྲེག་ལས་འགུལ་ལ་ཆེད་དུ་དམིགས་ནས་མེ་སྲེག་ལས་འགུལ་ཡག་པོ་མ་རེད་གསུངས་པའི་གསུངས་ཞིག་ཡོད་ན་ང་ལ་སྟོན་རོགས། གལ་སྲིད་དེ་འདྲ་གསུངས་ཡོད་ན་ངས་ཉི་མ་དེ་ནས་འགོ་གཙུག་སྟེ་མེ་སྲེག་ལས་འགུལ་ལ་ངོ་རྒོལ་བྱེད་ཆོག།
སྟག་གཟིག་དེ་ཚོ་པགས་པའི་ཆེད་དུ་གཞན་གྱིས་དབང་མེད་དུ་སྲོག་བཅད་པ་དང་། བོད་མི་ཚོས་རང་དབང་གི་ཆེད་དུ་རང་འདོད་ཀྱིས་སྲོག་དོར་བ་གཉིས་མཚུངས་སྡུར་བྱེད་པ་ནི་ལྐུགས་པའི་སྐད་ཆ་རེད།
རང་དབང་པ་ལགས།ཁྱེད་རང་གི་བསམ་ཚུལ་དངོས་མ་དེ་གསལ་བོ་བཤད་ན་བོད་གཞུང་དང་བོད་མི་ཚོས་འུར་བསྟོད་དཔའ་བོའི་ཚིག་འདི་དང་རྐྱེན་བྱས་ཏེ་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་སྤེལ་བར་འདོད་ཀྱི་འདུག
འདི་ནི་རྒྱ་གཞུང་གིས་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེ་ལ་ངན་ཁེགས་དཀྲི་བྱེད་ཀྱི་ཚིག་དེ་རེད།དེ་ཡིན་སྟབས་ཁྱེད་ཀྱིས་ཀྱང་རྒྱ་གཞུང་གི་གཏམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་དེ་འདྲ་མ་བྱེད་བཅས་ཁྱེད་ལ་ནམ་ཡང་བྱེད་འདོད་མེད།ཁྱེད་ཀྱི་འདོད་པ་རེད།རྒྱ་གཞུང་དང་ཁྱེད་གཉིས་ཀྱི་བསམ་ཚུལ་གཅིག་པ་ཡིན་པའི་རྒྱུ་མཚན་གང་ན་འདུག་ཟེར་ན།ཁྱེད་ཀྱི་མཆན་དང་པོ་ན་ཕ་མས་གཡོ་སྒྱུས་བུ་ཕྲུག་བུད་ཤིང་གྱུར་ཟེར་བའི་ཚིག་འདི་རེད།ཕ་མ་སུ་ཡིན་རུང་རང་གི་བུ་ཕྲུག་གི་སྲོག་གཅོད་འདོད་པ་ཚང་མས་ཤེས་གསལ་རེད།འདིའི་སྐབས་ཀྱི་ཕ་མ་ཟེར་བའི་ཚིག་འདི་འབྲི་དུས་ཁྱེད་ཀྱི་སེམས་ནང་བོད་གཞུང་དང་བཙན་བྱོལ་བོད་མི་ཚོར་བཤད་ཡིད་ལ་བཟུང་ནས་བྲིས་པ་གསལ་བོ་རེད།གཞན་ཞིག་ཡོད་པ་ནི་མེ་བསྲེག་གཏོང་མཁན་གྱི་གྲོང་སྡེ་དང་རྫོང་དགོན་པ་ཁྱིམ་ཚང་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ་ཤེས་ཀྱིན་ཡོད་ན།གསུངས་དང་ཉན་འདོད་ཡོད་ཟེར་བ་འདི་རེད།ཁྱེད་ཀྱི་བསམ་ཚུལ་འདིའི་ནང་དཔའ་བོ་ཚོའི་ནང་མི་དང་དགོན་པ་གྲོང་སྡེ་སོགས་སུ་རྒྱ་གཞུང་གིས་དཀའ་ངལ་སྤྲད་ཀྱི་མེད་པའི་ཚོར་བ་འདི་ཁྱེད་རང་ལ་འདུག་པས་ཁྱེད་ཀྱིས་ངོ་དེབ་སོགས་སུ་གསལ་བོ་གཟིགས་དང་གནས་ཚུལ་གྱི་བདེན་དཔང་འདྲ་པར་དང་བཅས་གསལ་བོ་རེད།བོད་མི་ཚོར་དུད་འགྲོའི་འདུ་ཤེས་ཡང་མེད་པར་གཅར་རྡུང་བྱེད་ཀྱི་ཡོད་པ་མ་ཤེས་སམ།འདི་འདྲའི་དཀའ་ངལ་འོག་ནས་སྡུག་བསྔལ་གྱི་སྙིང་སྟོབས་སྐྱེས་བ་རེད།དེ་མིན་ཁྱེད་རང་བཞིན་སྙན་གྲགས་ཁོ་ནའི་རྗེས་འབྲངས་པ་ཞིག་མ་རེད།དེ་ཡིན་ན་ཁྱེད་རང་དང་ཁྱེད་ཀྱི་སྤུན་གང་རུང་མེ་བསྲེགས་ཐོངས་དང་ང་ཚོས་ཁྱེད་ལ་དཔའ་མིང་གི་གཟེངས་རྟགས་འབུལ་མཆོག་ལ་ཁྱེད་ཀྱིས་བསམ་པ་བཞིན་སྙན་གྲགས་ཀྱང་འཛམ་གླིང་ལ་ཁྱབ་པར་བྱེད་ཆོག ལྷག་པར་དུ་ཁྱེད་རང་ཨ་རི་ན་ཡོད་པས་སྐད་གྲགས་ཆགས་རྒྱུ་ལས་སླ་བོ་རེད།གཞན་ཉེས་པའི་སྐོར་ཞིག་བཤད་ཀྱི་འདུག་དེ་ནི་གསོད་པ་དང་གསོད་དུ་འཇུག་པའི་ལས་ཟེར་བ་དེ་ཡིན་པས་བོད་མི་སུའི་ཁོང་ཚོར་མེ་བསྲེགས་གཏོང་རོགས་ཟེར་ནས་ལབ་མྱོང་པ་རེད།དཔའ་བོ་ཁ་ཤས་ད་དུང་སྐུ་འཚོ་བཞུགས་ཡིན་པའི་ཁྱེད་ཀྱི་མཉམ་དུ་རྒྱ་དམག་དང་བཅས་སོང་ནས་དྲི་བ་གསལ་བོ་བཏང་ན་ཆོག ཁྱེད་ཀྱིས་མེ་བསྲེགས་ཀྱི་ཉེས་པ་ཚང་མ་བོད་མི་རང་གི་མགོ་གཡོགས་འདུག གཞན་༧གོང་ས༧མཆོག་གིས་ཁོང་ཚོ་དཔའ་བོ་ཡིན་མིན་གསུང་ཡོད་ན་ལབ་འདུག དེ་ནི་སྔོན་མ་ཁ་བརྡ་ཐོག་ཕུད་ཡོད་པའི་བརྙན་འཕྲིན་ཞིག་གི་ནང་།རྒྱ་མི་གསར་འགོད་པ་སྐོར་ཞིག་གིས་ཕོ་བྲང་ནང་བཅར་འདྲི་བྱས་འདུགཔས་དེར་གཟིགས་དང་གསལ་བོ་རེད།སྤྱིར་ཁྱེད་རང་གིས་བོད་ཀྱི་གནས་ཚུལ་དོན་སྣང་གཅིག་ཀྱང་བྱས་མི་འདུག་པས་འགྲེལ་བཤད་རྒྱབ་ཀྱང་སྟོང་པ་རེད་སྙམ་།གང་ལྟར་ད་ཐེངས་དེ་ཙམ་གྱིས་ཆོག་པར་ཞུ།རྗེས་མ་ཡང་འདི་ནས་མཇལ་ཆོག
འོ་རེད་དྲ་གྲོགས་ཚོ་་་་་་ང་བོད་དོན་ལ་དོ་སྣང་མེད་མཁན་ཞིག་ལ་བརྩིས་ན་འགྲིག་གི་རེད། གལ་ཡོད་མ་རེད། དེ་ནི་ཁྱེད་རང་བསམ་ཆ་རེད་་་ཡིན་དུ་ཡིན་བསམ་ཚུལ་རང་དབང་སྨྲ་བརྗོད་རང་དབང་ཆོས་དད་རང་དབང་གང་ལྟར་ང་ནི་རང་དབང་རང་ཡིན། མེ་ཏོག་དཀར་པོ་ལགས། རང་གི་དགོངས་ཚུལ་ལ་་་་འུ་ཐུག་ནས་བྱས་པའི་ལས་ཀར་གུས་འདུས་དང་བརྒྱབ་སྐྱོར་དགོས་ཀྱི་ཡོད་ན་ནི་དེ་ཙམ་གྱིས་རྒྱུ་མཚན་མི་འགྲོ་སྙམ། དཔེར་ན་་་་་ཉེན་ཐ་ནག་པོ་འཐེན་མཁན་ཚོ་ཡང་་་་་བཟོད་བསྲུན་མི་ཐུབ་པར་བརྟེན་འུ་ཐུག་ནས་འཐེན་གྱི་ཡོད་རེད་དེ་ལ་ཡང་གུས་འདུས་དང་བརྒྱབ་སྐྱོར་བྱེད་དགོས་རེད་པས། ད་དུང་ཕྱག་འབུམ་གཅིག་འཚལ་ན་མཐར་པའི་གོ་འཕང་ལ་ག་རེ་ཕན་ཡོད་མེད་སྐོར་དེ་བགད་མོའི་གནས་རང་རེད། ངས་འགྲེལ་བཤད་ཞུས་ཀྱིན་མིན་་་་གང་ལྟར་ཁྱེད་རང་ནས་མ་འོང་པར་ཕྱག་རྩ་བ་ནས་མ་འཚལ་ཨང་་་་གང་ལགས་ཞུས་ན་རང་གི་འདོད་དོན་བཞིན་ཕྱག་འཚལ་མཁན་ཚོ་གོ་འཕང་མ་ཐོག་པར་ནག་རོག་གིར་ལུས་འདུག །ཧ་ཧ་ཧ། དང་བླངས་པ་ལགས། ཁྱེད་རང་ནས་༧གོང་ས་མཆོག་གི་མེ་སྲེག་ལས་འགུལ་ལ་ཆེད་དུ་དམིགས་ནས་མེ་བསྲེགས་ལས་འགུལ་ཡག་པོ་མ་རེདམ་རེད་གསུངས་པའི་གསུང་ཞིག་ཡོད་ན་ང་ལ་སྟོན་རོགས། ཟེར་ཡག་དེ་འཚབ་ཆེན་ག་ཚོད་ཡིན་མིན་ཧ་གོ་ཡི་མེད་པས་ཞབས་འདྲེན་རང་རེད། ད་འོ་ན་གོང་ས་མཆོག་ནས་བོད་མི་བཅུ་ཕྲག་མང་པོའི་རང་ལུས་མེར་བསྲེགས་བཏང་པ་དེར་གོང་ས་མཆོག་ནས་བརྒྱབ་སྐྱོར་གནང་གི་ཡོད་རེད་པས། འཛམ་གླིང་ཆོས་པ་མི་སྣ་མང་པོས་ད་བར་གོང་ས་མཆོག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་བཀག་འགོག་མ་གནང་པར་བསམ་ཡུལ་ལས་འདས་དང་འདའ་བཞིན་པ་རེད་་་་ད་ཧོ་གོ་སོང་ངམ།།
ཁ་བ་འཚོ་ལགས། ཁྱེད་རང་ནས་ང་དང་རྒྱ་གཞུང་གི་འདོད་པ་གཅིག་པ་རེད་འདུག་པའི་རྒྱུ་མཚན་ཁ་ཤས་བགྲངས་ཤག ད་འོ་ན་བོད་པ་གཅིག་ཡིན་ཕྱིན་རྒྱ་གཞུང་་དང་མཐུན་པའི་ལས་ཀ་རྩ་བ་ནས་བྱེད་ཆོག་གི་མ་རེད་པས། ཁྱད་མཚར་པོ་རེད། དེ་འདྲ་ཡིན་ན་༧གོང་ས་མཆོག་ནས་ད་བར་རྒྱ་ནག་གཞུང་དང་མཉམ་དུ་འཆམས་མཐུན་གནང་རྒྱུའི་ཐུགས་འདོད་ག་ཚོད་ཡོད་མེད་མཁྱེན་གྱི་མེད་པས།
སྐུ་མཁྱེན་རྨོངས་གཉིད་ལས་སད་དང་། ད་དུང་ང་དང་ང་ཡི་སྤུན་གང་རུང་ལ་ཡང་རང་ལུས་མེ་རུ་བསྲེགས་ན་ང་ཡི་མཚན་སྙན་གྲགས་འཛམ་གླིང་ནང་ཁྱབ་སྒྲགས་བྱས་ཏེ་དཔའ་བོའི་གཟིངས་རྟགས་འབུལ་ཆོག་ཟེར་བསྐུལ་མ་བཏང་གི་འདུག ཧ་ཧ་ང་ལྐུགས་རྟགས་ནམ་ཡང་སྟོན་གི་མ་རེད། རང་ནས་བསྐུལ་མ་བཏང་ས་ནོར་ཤག ང་དང་ང་ཡི་སྤུན་རྣམས་ལ་ལས་དབང་གིས་རྙེད་པའི་རྟེན་འདི་བདག་པོ་བརྒྱབ་བཅུགས་རོགས། ཐུགས་རྗེ་གཟིགས་ཁྱེད་རང་གི་དཔའ་བོའི་གཟིགས་རྟགས་དེ་ཞུས་ཐུབ་ཡག་མི་འདུག་དགོངས་འགལ་མེད་པ་མཁྱེན། མཁྱཻན། དེ་སྔར་བོད་མི་བཅུ་ཕྲག་ཁ་ཤས་ནང་དུ་ཁྱེད་རང་གིས་སྐུལ་་མ་བཏང་པའི་དཔའ་བོ་ཁ་ཤས་ཡོད་ངེས་རེད། ཁྱེད་རང་མི་གསོད་པའི་ལས་ལ་ཞུགས་པ་དེ་ད་དུང་གཟི་བརྗིད་ཆེ་མདོག་ཁག་པོ་ཨ་ཁཁ།
རང་དབང་པ་ལགས།ཁྱེད་ཀྱིས་བོད་ཀྱི་རྒྱལ་གཅེས་པོ་རྣམས་ལྐུག་པའི་ཚུལ་དུ་བཞག་འདུག་པ་འདི་བོད་ཞེན་ཡོད་མཁན་ཞིག་ཡིན་ཚེ་སེམས་ནས་བཟོད་ཐབས་བྲལ་མོད།ཡིན་ཡང་ཁྱེད་དང་རྒྱ་གཞུང་གཉིས་ཀྱི་བསམ་ཚུལ་ལ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ནང་ན་ཁྱེད་རང་ལྟ་བུའི་སྤྱང་གྲུང་འཛོམས་པའི་ཤེས་ཡོན་ཅན་མེད་པ་འདི་ཁྱེད་རང་ལྐུག་པའི་ཚུལ་མངོན་སུམ་ཕྱིར་བཏོན་འདུག་ལ།ཁྱེད་ཀྱི་སྐད་ཆ་ཚང་མ་ནང་འགལ་འདུག་པ་འདི་ཡང་ཁྱེད་རང་རྨོངས་གཉིད་ལས་སད་མེད་པའི་རང་རློམ་སྤྱང་གྲུང་དུ་འདོད་པ་འདི་ནི་ཅི་འདྲའི་བགད་མོ་ཤོར་བ་ཞིག་རེད་དམ། མ་ཟད་དང་པོ་ནས་ཁྱེད་ཀྱིས་དཔའ་བོ་འདི་དག་བླུན་པོའི་ཚུལ་དུ་བཞག་པ་ཡང་ཁྱེད་རང་དང་ལག་དམར་རྒྱ་གཞུང་གི་འདོད་པ་གཅིག་མཚུངས་རེད།༧གོང་ས༧་མཆོག་གིས་རྒྱ་མི་འཆམ་མཐུན་གསུངས་པ་ངོ་མ་རེད།དེས་རྐྱེན་བོད་ཀྱི་དཔའ་བོ་འདི་དག་གིས་གཞན་ལ་གནོད་པ་མ་བྱས་བར་རང་གི་སྲོག་ལ་རྒོལ་ནས་འཐབ་རྩོད་བྱས་བ་རེད་ད་རུང་འདི་ཙམ་ཡང་མི་གོ་བས་བླུན་པོ་ཁྱོད་ལྟ་བུ་དག་གིས་དཔའ་བོ་འདི་དག་ལྐུག་པའི་ཚུལ་དུ་བཞག་ཀྱང་ལྐུག་པར་མི་འགྱུར་ལ།ཁྱེད་ཀྱིས་རང་ཉིད་སྤྱང་པར་འདོད་ཀྱང་ཚིག་འགའ་བཤད་པ་ལས་བླུན་པོ་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་འདེད་པ་ཞིག་ཡིན་གསལ་བོ་ཤེས་ཐུབ།ཁྱེད་འུ་གཉིས་ལྟ་བུ་ཞིག་གིས་དཔའ་བོ་འདི་དག་ལ་མེ་བསྲེགས་གཏོང་རོགས་ཟེར་ནས་ཕྱག་འབུམ་འཚལ་ཀྱང་ནུས་པ་ཞིག་ཐོན་པར་ནམ་ཡང་མེད་པས་དེ་བཞིན་དགོངས་འཇག་འཚལ།
རྒྱལ་གཅེས་དཔའ་བོ་ལ་བཅོས་རོགས།
རང་དབང་པ་ལཊ། གཟིགས་དང་མེ་མཆོད་དཔའ་བོའི་སྣང་བརྙན་དེར། ད་འདི་ཚོ་ཐབས་སྐྱོ་བོ་རེད་ཟེར་ན་ད་དངོས་གནས་སེམས་ནས་བཟོད་ཐབས་འདུག་བས། མ་ཚད་སྡུག་བསྔལ་འདི་ལྟར་མྱོང་ཡང་ད་དུང་ཁ་ནས་ཐོན་པའི་ལ་རྒྱའི་ཚིག་དེ་ཚོ་གཟིགས་དང་གསན་དང། དངོས་གནས་ལེགས་ཉེས་བླངས་དོར་ཤེས་པའི་དལ་འབྱོར་གྱི་མི་ཞིག་ཡིན་ན་གདུང་སེམས་མཉམ་བསྐྱེད་རང་ཤུགས་ངང་སླེབས་དགོས་ཐུབ་གི་རེད། ད་དུང་དཔའ་བོ་དང་དཔའ་མོ་མ་རེད་ཟེར་ན་ད་ངས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རང་དབང་པ་ལཊ། ད་ཁྱེད་རང་བསམ་བློ་ཡག་པོ་གཏོང་དང་ཁྱོད་རང་གིས་ཁོག་ཏུ་ཡོད་པའི་སྙིང་དེ་རྡོ་ལས་གྲུབ་པ་ཞིག་རེད་བས། ད་དུང་འཕྱ་སྨོད། ངས་ཁྱེད་ལ་ཞུ། ཨ་ཁ་ཁ། ཁྱེད་རང་གི་ཆེད་དུ་དང་ང་ཚོའི་ཆེད་དུ། སྡུག་བསྔལ་མྱོང་མཁན་འདི་ཚོ་སྙིང་རྗེ། མདོར་ན་སྡུག་བསྔལ་འདི་ཚོ་ང་ཚོའི་ཁོང་ཚོ་སྟེ་མེ་མཆོད་དཔའ་བོ་དང་དཔའ་མོ་ལ་སྤྲད་པ་རེད། ད་དུང་འདི་ཚོ་སྟེ་མེ་མཆོད་དཔའ་བོ་དང་དཔའ་མོ་ལ་ཡིན་འདོག་འདོག་བྱེད་པ་ཙམ་ལས་ཐབས་སྐྱོ་བོ་རེད་གསུངས་འདུག། ད་ཐབས་སྐྱོ་བོ་དེ་སུ་རེད་འདུག། ཁོག་ནས་དྲན་ཀྱང་ཁ་ནས་དོན་ཕོད་པ་ཡ་མཚན་རེད།
ད་དབྱུག་ཤོགས། ཨ་སྒོར་བྱུང་ན་ཕ་མ་ཡང་བཙོང་ནུས་པའི་མི་འདི་འདྲ་ཁག་ཅིག་བཙན་བྱོལ་ནང་ལ་ཡོད་པ་རེད། མི་འདི་ཚོ་ལ་ཅི་བཤད་ཀྱང་བོང་བུའི་ཨ་མཆོག་ལ་གསེར་བླུག་པ་དང་གཅིག་པ་རེད།
ལུང་རྟོགས་ལགས། རེད་ཡ་་་དྲང་པོ་བཤད་མཁན་ཚང་མ་དངུལ་ལ་དགའ་མཁན་དང་ཕ་མ་བཙོང་ནུས་མཁན་རེད། གཡོ་སྒྱུ་ཅན་དང་ངན་སྐུལ་བྱས་མཁན་ཚོ་དེང་སང་བཙན་བྱོལ་ནང་དུ་སྙན་གྲགས་ཅན་དངུལ་མ་དགའ་མཁན་ཤ་སྟགས་རེད་ཤག ཧ་ཧ་ཧ།།
རང་དབང་ལགས། ཚེ་སྲོག་མཆོད་མེར་ཕུལ་ནས་བོད་ལ་རང་དབང་གི་འཐབ་བརྩོད་བརྩོད་སྟངས་འདིའི་རྒྱལ་སྤྱིར་དོ་སྣང་སླེབས་པ་བཟོ་མ་ཐུབ་ན། མར་མེའི་ཁྲོམ་བསྐོར་ལྟར་བུའི་ལས་འགུལ་ཆུང་ཆུང་དེ་ཚོའི་རྒྱལ་སྤྱིར་བོད་དོན་དོ་སྣང་ཡོང་བ་བྱེད་ཐུབ་གི་རེད་བས། གང་ལྟར་ཁྱེད་ཀྱི་གསུངས་ན་མེ་མཆོད་གིས་རྒྱབ་ནས་ངན་བསྐུལ་བ་༧གོང་ས་མཆོག་ཡོད་པ་ཤུགས་ནས་སྟོན་ན་དེ་ནི་རང་ཡུལ་ཁ་བ་ཅན་པའི་སྤུན་ཟླས་རང་འགུལ་གྱི་མེ་མཆོད་ཕུལ་བ་མིན་པ་གྲུབ་འདུག། རྒྱ་གཞུང་གིས་ཟེར་སྟངས་དང་ཆ་རེད་སོང། ཁྱེད་གི་བོད་ལ་སེམས་ཁུར་བྱས་ནས་བཤད་པ་ཡིན་ན་མེ་མཆོད་དཔའ་བོར་འཕྱ་སྨོད་བྱེད་མི་སྲིད། མདོར་ན་ཁྱེད་ཀྱི་གསུངས་པའི་སྐད་ཆ་དེ་ཚོའི་རྒྱ་རྒྱང་སམ་དམིགས་ཡུལ་དེ། སྟག་གཟིག་པགས་པའི་གྱོན་ཆས་གོན་དགོས་པ་དང། རྒྱ་གཞུང་ལ་ངོ་རྒོལ་བྱེད་རྒྱུ་དེ་འཚམ་འཇོག་བྱས་ནས་རྒྱ་གཞུང་གིས་གང་བཤད་དེ་ང་ཚོའི་སྒྲུབ་དགོས་པ་དེ་ཁྱེད་ཀྱི་ཞེ་འདོད་ངོ་མ་དེ་རེད་འདུག། ཡིན་ན་ཡང་ཁྱེད་ཀྱི་བཅང་བའི་ཤ་ཞེན་དེ། གཟིག་པགས་བཀལ་བའི་བོང་བུའི་ཚུལ་ལས་མ་འདས་ན། སྤྱོད་ཚུལ་ལེགས་པའི་བོད་པ་ཞིག་ཡིན་པར་ངས་ངོ་འཛིན་བྱེད་མི་ཐུབ། གལ་སྲིད་བོད་པར་ཕྱི་ནང་གཉིས་ལ་རང་དབང་མ་ཐོབ་པའི་བར་མེ་མཆོད་གྲངས་ཚད་འཕར་རྒྱུ་ལས་ཉུང་དུ་འགྲོ་བ་ནི་རི་བོང་རྭ་ལྟར་ལས་མ་འདས་པས། དེ་དོན་དགོངས་འཇགས་ཡོད་པར་ཞུ། རྒྱ་གཞུང་གི་གཡོ་སྒྱུ་ག་ཚོད་བྱས་ཀྱང་དྲང་བདེན་ལ་སླུ་བར་ཡོང་མི་སྲིད། ཁྱེད་རང་བོད་པ་ཞིག་ཡིན་མིན་མི་ཤེས། རེད་སྟེ་རྒྱ་གཞུང་གི་འདོད་པའི་དྲག་སྤྱོད་པའི་ལས་འགུལ་འམ་ཁ་བྲལ་བའི་བྱ་ལོག་ཅེས་པའི་མིང་དེ་༧གོང་ས་མཆོག་ལ་བཏཊ་བསམ་ཡོད་པའི་སྟོང་འཆར་དེས་གྲུབ་འབྲས་དོན་མི་སྲིད་ཡ། ཁྱོད་ཀྱི་བཤད་པའི་ཁུངས་ལུང་མེད་པའི་དྲང་བཤད་དེ་དྲང་པོ་ཡིན་པ་སུས་ངོས་འཛིན་ཐོབ་སྲིད། གང་ལྟར་ཁྱེད་ཚོ་སྟེ་རྒྱ་གཞུང། བོད་ཕྱི་ནང་གཉིས་ལ་ཚད་ལྡན་གྱི་རང་དབང་མ་སྤྲད་ན་ཞི་བའི་ལས་འགུལ་སོ་སོའི་སོ་སོར་མེ་ལ་ཕུལ་ནས་མི་གཞན་པའི་སྤུ་རྐང་གཅིག་ལ་གནོད་འཚེ་མི་བྱེད་པའི་ངོ་རྒོལ་དེ་དུས་ནམ་ཞིག་གི་ཚེ་རང་གཞན་གཉིས་ཕུང་གྱི་དྲག་པོའི་ལས་འགུལ་དུ་མི་འགྱུར་བའི་ངེས་པར་མེད་པས། དབང་རང་ལ་ཡོད་དུས་ཚོད་མ་ཟིན་ན་རྗེས་མ་འགྱོད་པ་སྐྱེ་དུས་ཕྱི་ཚར་ཡིན་པ་ཧ་གོ་བ་གྱིས། བོད་མིའི་སྙིང་སྟོབས་ག་ཚད་ཡོད་མེད་དེ་ཚོད་དཔག་མ་དགོས་པ་མིག་མཐོང་ལག་ཟིན་དུ་གྱུར་པ་འདི་རེད། རྒྱ་གཞུང་གི་ལྐོག་བརྔན་ཟས་པའི་བོད་པ་ཚོར། རང་ཡུལ་རང་གི་བཙོང། རང་རིགས་རང་གི་བསད། རང་བྱས་ངན་པས་ལྷ་ལ་ལོག་ལྟ་མ་བྱེད་མ་གཏོག་བོད་ལ་རང་དབང་གྱི་་ཉིན་མ་ཞིག་ཤར་སྐབས་ཕ་ཚ་བུ་རབས་ནས་དཀྲུས་ཀྱང་དག་རྒྱུ་མེད་པའི་མི་ནག་ཞིག་འགྱུར་བ་སྨྲོས་མེད་ཡིན་པས་ཧ་གོ་བར་གྱིས།
བསམ་བློ་ཡག་པོ་གཏོང་དགོས་་་་་ངས་བོད་རིགས་རིགས་སྤུན་ཟླ་ཚོར་རང་སྲོག་རང་གིས་མ་གཅོད་རོགས་ཞུས་པ་དེ་་་་རྒྱ་ནག་དང་ངན་འབྲེལ་བྱས་པ་རེད་ཟེར་ན། ད་འོ་ན་བོད་རང་བཙན་མ་དགོས་ཟེར་མཁན་རྒྱལ་བ་རིན་པོ་ཆེ་དང་ཟང་གདོང་བླ་མ་གཙོས་བོད་མིའི་སྒྲིགས་འཛུགས་ཀྱིས་རྒྱ་ནག་དང་ངན་འབྲེལ་ག་ཚོད་བྱས་ཡོད་རེད་གསུང་དང་། ད་དུང་བོད་རང་བཙན་ལ་རྒྱ་སྒོར་ག་ཚོད་བྱས་ནས་བཙོང་ཤག་གསུང་དང་། རྗེས་མ་ད་དུང་རྒྱ་སྒོར་མང་པོ་རག་སོང་ན་བོད་མི་ཚོ་བོད་པ་མིན་ག་དུས་གསུང་གི་ཡོད་ནམ་བསམ་སེམས་ཁྲལ་ཡོད། ག་འདྲ་འདུག་ལབ་དང་།།
དང་པོ། ཕ་མས་གཡོ་སྒྱུས་བུ་ཕྲུག་བུད་ཤིང་གྱུར། ད་དུང་དཔའ་བོ་ཡིན་རབས་བརྗོད་ཁུལ་སྐྱོ། ཨ་ཁ་ཁ། ཟེར་ན་ཤ་ཞེན་ཡོད་པའི་སྐད་ཆ་རེད་བས། གཉིས་པ། འཛམ་གླིང་ཆོས་པ་མི་སྣ་མང་པོས་ད་བར་གོང་ས་མཆོག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་བཀག་འགོག་མ་གནང་པར་བསམ་ཡུལ་ལས་འདས་དང་འདའ་བཞིན་པ་རེད་ད་ཧ་གོ་སོང་ངམ། ཟེར་ན་ག་དུས་འཛམ་གླིང་ཆོས་པ་མི་སྣ་མང་པོས་བཀག་འགོག་གནང་དགོས་པའི་རེ་བ་ཞུས་པ་རེད། གསུམ་པ། དེ་སྔར་གོང་ས་མཆོག་ནས་ལྤགས་རིགས་སྐོར་བཀག་འགོག་གནང་དུས་བཀའ་སློབ་ག་རེ་གནང་སོང་མཁྱེན་གྱི་ཡོད་ཤག་རེད། ཟེར་ན་མེ་མཆོད་ལ་བཀག་འགོག་གནང་བའི་སྐད་ཆ་དང་འབྲེལ་བ་འདུག་བས། མེ་མཆོད་ཕུལ་རོགས་ཟེར་མཁན་མེད་དུས། མེ་མཆོད་བཀག་འགོག་བྱེད་ཆོག་པའི་ཐོབ་ཐང་དེ་སུ་ལ་ཡང་ཡོད་ཚོད་མ་རེད། བཞི་པ། ༧གོང་ས་མཆོག་ནས་ད་བར་རྒྱ་ནག་གཞུང་དང་མཉམ་དུ་འཆམས་མཐུན་གནང་རྒྱུའི་ཐུགས་འདོད་ག་ཚོད་ཡོད་མེད་མཁྱེན་གྱི་མེད་པས། ཟེར་ན་འཆམས་མཐུན་གནང་རྒྱུ་དེས་མེ་མཆོད་དང་འབྲེལ་བ་མེད་པ་དང། པགས་རིགས་གོན་དང་མ་གོན་དང་ཡང་འབྲེལ་བ་ཡོད་རེད་བས། མ་ཚད་རྒྱ་གཞུང་དང་འཆམས་མཐུན་གནང་འདོད་ཡོད་གསུངས་པ་དེས་རྒྱ་གཞུང་གིས་གང་བཤད་དེར་ཁས་ལེན་ཡོད་པའི་གསུངས་བརྡ་ཞིག་ཨ་ཡིན་ན། མ་ཚད་མེ་མཆོད་མ་ཕུལ་རོགས་ཟེར་བའི་རེ་བསྐུལ་ཞིག་རང་དབང་པས་ཞུས་པ་མ་མཐོང་ན། ཧམ་བཤད་བྱས་པས་དོན་འགྲུབ་མི་ཐུབ་ཡ།