ཨོ་རྒྱན་ཉི་མ།
བདེན་པའི་མེ་ལྕེས་བདེན་པའི་ལོ་རྒྱུས་བསྲེག །
བདེན་པའི་མེ་ལྕེས་ཤར་ནུབ་འུར་གྱིས་གང་། །
བདེན་པའི་ལ་རྒྱ་ཚོམས་ཆེན་ཡོངས་ནས་བསྒྲགས། །
བདེན་དོན་མེ་ཡི་ཞལ་ནས་སོས་ཐུབ་སམ། །
བདེན་དོན་ཞེས་པའི་གཡེར་གྲགས་ཆེ་བ་དེས། །
བདེན་པའི་མེ་ལྕེ་ཡོད་ཚད་བསྡུས་ནུས་ཀྱང་། །
བདེན་རྟགས་སྔོན་བྱོན་ལོ་རྒྱུས་ཡོད་གྱུར་ཀྱང་། །
བདེན་དོན་ཁྲིམས་ལ་གནས་པའི་གང་ཟག་ཅིག །
བདེན་པའི་བུ་ཆུང་སྲིད་འདིར་ཡོད་དམ་ཅི། །
བདེན་པའི་མེ་ཡིས་འཛམ་གླིང་ཞི་བདེ་བསྲེགས། །
བདེན་པའི་མེ་ཡིས་མི་རིགས་མཐུན་སྒྲིལ་བསྲེགས། །
བདེན་པའི་མེ་ཡིས་ཆོས་ལུགས་ཆམ་མཐུན་བརླགས། །
བདེན་པའི་མེ་ཡིས་ཕ་རོལ་ངར་ཤུགས་རྒྱས། །
བདེན་པའི་མེ་འདིས་བདེན་རྫུན་གཉིས་ཀ་བསྲེགས། །
བདེན་ལ་དགའ་བའི་རྐང་གཉིས་མོད་ན་ཡང་། །
བདེན་པའི་ལམ་བུ་བསྙེགས་པ་རེ་འགའ་ཙམ། །
བདེན་པ་ཞེས་པའི་མིང་གིས་མཛེས་པ་དེ། །
བདེན་དོན་བརླགས་ནས་ལོ་མང་མ་སོང་ངམ། །
གོ་རྒྱུ་ཅི་ཡང་མི་འདུག
བོད་མིའི་བདེན་པའི་མེ་ལྕེ།
དྷ་སའི་སྤྱི་འཐུས་སྤར་བྱུང་།
བདེན་པའི་མེ་ལྕེ་སྐོར་སྐྱོད།
འཛམ་གླིང་ཡུལ་ལུང་སྐོར་བགྱིད།
བདེན་པའི་མེ་ལྕེ་འགྲིག་མ་སོང་ཟེར་བ་ཡིན་ནམ། ཡང་ན་སྤྱི་འ྄ཐུས་འགྲིག་མ་སོང་ཟེར་བ་ཡིན་ནམ། གོ་བ་ལོན་མ་སོང་།
ཕླ་ཆེད་ག་དུས་ཡིན་ན་བཤད་བཤད་བཏང་འདུག་མཁན་ཞིག་ཡིན་ས་རེད།
བདེན་པའི་མེ་ལྕེས་རྒྱ་གཞུང་གདོང་ལྤགས་བཤུ་བགྱིད། །
བདེན་པའི་མེ་ལྕེས་དཔའ་བོར་མཆོད་མེ་འབུལ་བགྱིད། །
བདེན་པའི་མེ་ལྕེས་རྒྱ་ཡི་ངན་སེམས་བསྲེག་བགྱིད། །
བདེན་པའི་མེ་ལྕེས་བོད་ཀྱི་མུན་པ་བསལ་བགྱིད། །
བདེན་པའི་མེ་ལྕེས། རྒྱ་ཡི་དགོས་དོན་སྒྲུབ།