ཡོང་ཁུངས། བོད་ཀྱི་དུས་བབ།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ཨང་དང་པོ་ལེན་མཁན་བུ་མོ་བདེན་འཛོམས་ལགས་ལ་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས༽ཐེངས་དང་པོ་གནང་རྒྱུ་ཡིན་འདུག
འདི་ལོ་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཡོད་པའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད། བོད་ཡིག་ཨང་དང་པོ་ལེན་མཁན་གྱི་བོད་རིགས་སློབ་མར་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས༽སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་གནང་བ་ལྟར། འདི་ལོའི་ཡིག་རྒྱུགས་ཁྲོད་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བུ་མོ་བདེན་འཛོམས་ལགས་ཀྱིས་བོད་ཡིག་གི་བརྒྱ་ཆ་ ༩༨ བླངས་ཏེ་ཨང་དང་པོ་ཆགས་ཡོད་སྟབས། ༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽དང་བྱ་དགའ་ཧིན་སྒོར་ཁྲི་ ༢ དེ་ཁོང་མོར་གནང་རྒྱུ་ཡིན་འདུག
དེ་རིང་གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རིག་གཞུང་འགན་འཛིན་བཀྲ་ཤིས་དོན་འགྲུབ་ལགས་སུ། གཟེངས་རྟགས་གནང་བའི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། ང་ཚོས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འདི་འབུལ་དགོས་པའི་དམིགས་ཡུལ་གཙོ་བོ་དེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་སྲ་ཐག་ཐག་དང་། བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལ་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་རག་པ་དེ། ༧གོང་ས་མཆོག་གིས་ལོ་ངོ་ ༥༠ ལྷག་རིང་སྐུ་ལས་མང་པོ་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ཁོང་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ང་ཚོས་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཞེས་པ་འདི་འབུལ་གཏན་འཁེལ་བ་ཡིན། དམིགས་ཡུལ་གཉིས་པ་དེ་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་གཙོ་གནད་དུ་བཟུང་ཡོད་པ་ལྟར། བོད་མི་རིགས་ཀྱི་སྲོག་རྩ་བོད་སྐད་ཡིག་ཡིན་པས་དེ་ལ་དོ་ཁུར་དགོས་པ་གལ་ཆེན་ཡིན་སྟབས། ང་ཚོས་བོད་ཡིག་རང་ལ་དམིགས་ཏེ་གཟེངས་རྟགས་འདི་ལོ་ལྟར་འབུལ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ལོ་ལྟར་འབུལ་ཐུབ་པའི་ཆེད་དུ་ཡིག་རྒྱུགས་ཀྱི་བརྒྱ་ཆའི་ཚད་ཀྱང་གཏན་འབེབས་བྱས་མེད། གཙོ་བོ་སློབ་ཕྲུག་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་ཐོག་སྔར་ལས་ལྷག་པའི་དོ་སྣང་ཡོང་ཐུབ་པའི་ཆེད་དུ་ཡིན། དམིགས་ཡུལ་གསུམ་པ་དེ་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་ཐོག ཚོགས་བཅར་བ་ཚང་མས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་པའི་སྐོར་ལ་ཤུགས་ཆེན་པོ་གླེང་སློང་གནང་ཡོད་པ་ལྟར་གྲོས་ཆོད་ཅིག་ཀྱང་བཞག་ཡོད་སྟབས། གྲོས་ཆོད་དེ་ཏག་ཏག་ལག་བསྟར་ཡོང་ཆེད་ཡིན། ཞེས་བརྗོད་བྱུང་།
ཤེས་རིག་ལས་ཁུངས་ཀྱིས་ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་གི་གྲུབ་འབྲས་རྩེར་སོན་ལྔ་ཡི་མིང་གཞུང་མཁོ་སྤྲོད་གནང་བ་ལྟར་ན། ཨང་དང་པོ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བདེན་འཛོམས་བརྒྱ་ཆ་ ༩༨ དང་། ཨང་གཉིས་པ་སེ་ལ་ཀུའི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་གསལ་སྒྲོན་བརྒྱ་ཆ་ ༩༦། ཨང་གསུམ་པ་མ་སུ་རི་གཏན་སློབ་ཀྱི་སློབ་མ་ཀརྨ་ཚེ་བརྟན་བརྒྱ་ཆ་ ༩༥ བཅས་ཡིན་འདུག
གསར་འགོད་པ། པདྨ་མཚོ།
མཛངས་མའི་གཙུག་རྒྱན་གཡོག་ཆོག་པ་ཞིག་འདུག
ཀླུ་སྨྱོན་འདི་བ་བུ་མོ་ཞིག་རིག་མི་ཉན་ནོ་འདི་ཅི་རེད།
ཉིན་ཤས་སྔོན་དུ་ཀླུ་སྨྱོན་རིག་ཐལ་ཟེར་ནས་རྩད་གཅོད་བྱེད་ཀྱི་འདུག ཁྱེད་རྣམས་ལ་ཀླུ་སྨྱོན་རིག་ཐལ་ཟེར་ནས་རྩད་དཔྱོད་མཁན་ཡོད་ན་ཀླུ་སྨྱོན་བོད་ཀྱི་མཛངས་མའི་འགྲན་འདུར་བྱེད་སར་མཛངས་མའི་དབུ་རྒྱན་གཡོག་མཁན་ལ་ཕེབས་འདུག་གསུངས་རོགས་གནང། ཕལ་ཆེར་དེང་སང་མཛངས་མ་གསར་པ་དེའི་ལྷན་དུ་ཚིག་ཇ་མཆོད་བཞིན་དྷ་སར་བཞུགས་ཡོད་ཀྱི་རེད།
བུ་མོ་མཛངས་མ་ལགས། ཡག་པོ་རེད། ད་དུང་ཤུགས་བརྒྱབ་ཤོག། བུ་མོ་ཟེར་དུས་ཁྱེད་འདྲ་པོ་དགོས།་མཛེས་མ་དང་མཛངས་མ་གཉིས་ཀ་རེད།
བོད་ཀྱི་གཤིས་ཀ་ལ། བུད་མེད་ཟེར་བ་། སྐྱེ་དམན་དང། ཞག་གཞི།་དང་་ནག་མོ་སོགས་ཟེར་ནས་མཐོང་ཆུང་བྱེད་་གསོལ་ཡོད། དོན་དངོས་ལ་། སྟོན་པའི་ཞལ་སྔ་ནས་ཀྱང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཅེས་འདྲ་མཉམ་གསུངས་ཡོད།ལོ་རྒྱུས་ཐོག་ལ་བོད་ལ་བཙན་མོ་ཟེར་བ་བྱུང་ཡོད་། དོན་དུ་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཁུལ་ཡོད་པ་འབྲི་གུང་སྐྱབས་མགོན་གྱིས་གསར་བརྩོམ་གནང་བའི་བོད་ཀྱི་ལོ་རྒྱུས་ལས་གསལ། ལྷག་པར་གསང་སྔགས་སྐབས། ཙན་དན་ཅན་དང། ཨུད་པལ་ཅན་སོགས་བུད་མེད་ཀྱི་མཚན་ཉིད་དང། དམ་ཚིག་མི་བསྟེན་བུད་མེད་སྨོད་པ་སྟེ་། ཞེས་སོགས་བུད་མེད་ལ་་མཐོང་ཆེན་དང་གོ་ས་ཆེན་པོ་ཞིག་ཕུལ་ཡོད། བོད་ཀྱི་བུད་མེད་ཚོས་ཡང་དེ་དག་ཤེས་པར་བྱེད་ནས་སེམས་ཤུགས་དང་སྤོ་ོ་སྐྱེས་དགོས། དེ་དང་ཆབ་ཅིག་སྐྱེས་པ་ལ་དགོས་པའི་ཡོན་ཏན་དང་། མཛངས་མ་དང མཛེས་མ་དང་ འཁྱུད་དང་འོ་བྱེད་སོ་ཡིས་འདེབ་པ་སོགས་། འདོད་པའི་རྒྱུ་རྩལ་དྲུག་བཅུ་རེ་ལྔ་ཡང་མཁས་དགོས། དེ་ལྟར་བྱུང་ན་ རྒྱ་ནག་དང་བལ་པོ་སོགས་་ནས་བག་མ་ལེན་མི་དགོས་་པར་རིགས་རྒྱུད་གཙང་མའི་རྒྱུད་པ་སྤེལ་བ་ལ་བཙོན་པ་ཟུར་དུ་བསྟེན་མི་དགོས་སོ། ཧ་ཧ་ཧ་ བུད་མོ་ཁྱེད་བཀྲིས་།
བརྩོན་པ་ཟུར་དུ་ཞེས་བཅོས