བསྟན་འཛིན་ལམ་བཟང་ནས་ངོ་སྤྲོད་ཞུས།
དུས་འཁོར་དབང་ཆེན་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་པ་མ་ཟད། མི་མང་ལ་མགོ་གཡོག་མགོ་སྐོར། དཔལ་ལྡན་ཚོགས་གཙོ་མཆོག་ལ་གཞི་མེད་སྙོན་འཛུགས་ཚད་མེད་ཞུས་ཡོད། ཡིན་ན་ཡང་། བདེན་པའི་གནས་ལུགས་ཧམ་ཤེད་ཀྱིས་བཀབ་མི་ཐུབ། བརྙན་ཐུང་འདི་ཆ་ཚང་ལ་ཅིག་གཟིགས་དང་གནད་དོན་གསལ་པོ་ཆགས་ཡོང་ངེས།
སྤྱིར་ན་ཛམ་བུ་གླིང་མི་དང་སྟོབས་ཆེན་རྒྱལ་ཁབ་ཀྱི་མི་དམངས་ཀྱི་སྲིད་འཛིན་གདམས་པ་དྲང་བདེན་བྱས་ནས་དམངས་གཙོ་རང་དབང་ལ་ལོངས་སྤྱོད་དགོས་ཀྱང་སྤན་ཚས་དེལས་ལྡོག་ནས་ནང་འཁོན་དང་རང་གི་རྐུབ་སྟེགས་ཆེད་དུ་མཐོ་༧གོང་ས་དང་འབྲིང་སྲིད་སྐྱོང་། ཐ་ན་ཁོ་རང་གི་རྫུན་ལ་བློ་གཏད་པ་ཚང་མ་ནག་པོ་ནག་རྐྱང་བཟོས་སོང་། སྲིད་སྐྱོང་འོས་མི་མ་རེད། སྲིད་སྐྱོང་གི་འོས་འདེམས་དཀྲུག་མི་ཆགས་སོང་། ཀླུ་མཁར་བྱམས་གྱི་གསུང་ཚོ་དྲན་ཤོར་སོང་། བདེན་པ་ཕམ་ཁ་ཉོས་པ་ངན་པ་སྣ་རྩ་འཕར་ཟེར་བ་ཅི་མ་བདེན།
བློ་བཟང་སེང་གེའི་ནག་ཉེས་རེ་རེ་བཞིན་བདེན་དཔང་དང་བཅས་མིག་ལམ་བཤམས་ཀྱང་། ཆོལ་ཁའི་འཐེན་ཁྱེར་གྱི་རིལ་དྲི་ཁ་བའི་བློ་སེང་གི་ཨབ་ཕྲུག་ཚོའི་ཁམས་ཀྱི་ཞེན་ཁོག་དང་འཁྱོག་བཤད་མ་གཏོགས་ཅི་ཤེས། བོད་ནི་ལས་ངན་པ་ལ། བློ་སེང་ཟེར་བའི་ཁྲམ་པ་ཁྲམ་ནག་ཅིག་ཞེ་ཁོག་མེ་ལྟར་འབར་བའི་ཁམས་ནས་ཡིན་པ་དེས་ལན་སོང་། ཨ་ཁ་ཁ་་་་
སྤེན་ཚེས་གསུང་དོན་བཞིན། ཚང་མས་སོ་སོའི་འོས་མི་སྔ་ས་ནས་ཐག་བཅད་ཚར་ཙང་། གྲྭ་སྐད་བརྒྱབ་སྡད་པ་ལས། འོས་སོ་སོའི་ལས་འཆར་ཁག་དང་དེ་དག་འགྲུབ་ཐབས་སོགས་བསམ་བློ་གཏོང་ཐུབ་ཀྱི་མི་འདུག་གོ། མདོར་ན” བཤད་ནོ་མ་ལྟ་ལས་ནོ་བལྟོས” ཟེར་བའི་གདམས་གཏིང་བརྗེད་དུ་བཏངས་ནས་གང་ཟག་ཁོ་ན་ལ་བལྟོས་ནས་འགྲོ་མཁན་ཚོ་ སྐད་ཅོར་ཚ་ལ།
སྲིད་སྐྱོང་བློ་སེང་གྱི་རྫུན་རྐུབ་ཡག་པོ་སྟོན་བཞག་།
ཐུགས་རྗེ་ཆེ་།
ངས་རང་སྲོག་དམར་པོ་གཅོད་དགོས་ཀྱང་བདེན་པ་དང་ཞེན་པ་མི་བརྗེས། བློ་སེང་ལགས། དགོངས་དག ཁྱེད་ཧ་ཅང་ཚད་ལས་བརྒལ་སོང་། ང་ཁམས་ཕྲུག་ཅིག་ཡིན་ཡང་། ངས་འོས་ཤོག་དེ་ཁྱེད་ལ་མི་ཕུལ། ད་ཁྱེད་ཀྱིས་ངེད་ཁམས་པའི་ལ་རྒྱ་ཤོར་དུ་མི་འཇུག་པར། བོད་རྒྱ་ཆེ་མི་དམངས་ལ་དགོངས་དག་ཞུ་རན་ལ་སླེབས་འདུག
རྩོད་པ་ནི་དམངས་གཙོའི་ལམ་ལུགས་ཡིན་ལ་བགྲོ་གླེང་ནི་ཕན་ཚུན་བསམ་ཚུལ་བརྗེ་རུས་དང་ལམ་ཕྱོགས་གཅིག་ལ་འབབ་སའི་ཐབས་ལམ་ཞིག་ཡིན། བསམ་ཤེས་དང་ཉན་ཤེས་མེད་པར་ཨུ་ཚུགས་མཐའ་བསྐྱེད་བྱེད་པ་ནི་ཕམ་ཁའི་རྩ་བ་རེད། དུས་དབང་ཕྱིར་འགྱང་གི་གནད་དོན་འདི་བློ་སེང་གི་སྲོག་གཅོད་པའི་སྟ་རེ་ཡིན་པར་སྙམ། འདིའི་ཐད་ནས་སྤེན་ཚེས་སྲོག་ལ་ཐུག་ཀྱང་དྲངས་བཤད་གནང་རྒྱུ་མི་མང་གི་རེ་བ་ཉག་གཅིག་གོ།