སྤོབས་པ་མཐའ་ཡས།
བལ་ཡུལ་དུ་བཞུགས་པའི་བཙུན་མ་མགུར་དབྱངས་མཁན་ཆོས་དབྱིངས་སྒྲོལ་མ་ལགས་ཀྱི་བྱམས་དང་སྙིང་རྗེ་ལག་ལེན་དུ་བཏབ་པའི་གཏམ་རྒྱུད་འདི་ནི་ཆོས་པ་ཚོས་མིག་དཔེ་རུ་བལྟ་འོས་པའི་ལས་ཀ་ཞིག་ཡིན། དེ་ཡང་ཟླ་ཤས་གོང་བལ་ཡུལ་དུ་ནང་པའི་བཙུན་མ་ཞིག་ལ་སྐྱེས་པ་ལྔ་ཡིས་བཙན་གཡེམ་བྱས་པའི་གནས་ཚུལ་སྐྱི་གཡའ་བ་ཞིག་བྱུང་། བཙུན་མ་དེའི་ཕས་རེ་གསོལ་ཞུས་པ་བཞིན་བཙུན་མ་ཆོས་དབྱིངས་སྒྲོལ་མ་ལགས་ཀྱིས་ཞལ་བཞེས་ཐོབ་སྟེ་བཙན་གཡེམ་ཐེབས་པའི་བུད་མེད་དེའི་འཚོ་ཐབས་དང་སེམས་ནད་བཅོས་ཐབས་བཅས་ཀྱི་ཐད་ལ་མ་དངུལ་ཟུར་བཅད་ཀྱིས་བུད་མེད་དེའི་མིང་ཐོག་ཏུ་དངུལ་ཁང་ལ་དེབ་སྐྱེལ་བྱས་ཤིང་། རོགས་རམ་འགན་ལེན་བྱས་པའི་མི་སེམས་གཏིང་ནས་བཞུ་བའི་གསར་འགྱུར་འདི་ཐོན་འདུག
བཙུན་མ་ཆོས་དབྱིངས་སྒྲོལ་མའི་བཙུན་མའི་ཤེས་ཡོན་ལྟེ་གནས་དང་། རིན་མེད་ཀྱི་མཁལ་མའི་སྨན་ཁང་། བཙན་གཡེམ་ཐེབས་པའི་བུད་མེད་ལ་རོགས་སྐྱོར་ལས་གཞི་སོགས་བྱམས་སྙིང་རྗེ་ལག་ལེན་དུ་བཏབ་པའི་ལས་ཀ་འདི་དག་གིས་ནི་ཐའེ་ཝན་གྱི་སློབ་དཔོན་བཙུན་མ་ཆིང་ཡན་གྱི་རོགས་སྐྱོར་ལས་གཞི་ལྟར་ནང་པའི་བཙུན་མའི་སྙིང་སྟོབས་དང་བྱམས་བརྩེ་དངོས་སུ་མཐོང་བར་ནུས།
ངས་འདི་དང་འདི་ལྟ་བུའི་གྲྭ་བཙུན་རླབས་ཆེན་ཁག་གཅིག་གི་བྱམས་དང་སྙིང་རྗེའི་ཕྱག་ཟུང་གིས་མང་ཚོགས་ཀྱི་དཀའ་སྡུག་དངོས་ལ་རེག་པའི་མཛད་པ་ཕྲིན་ལས་མཐོང་དུས་དུས་རབས་ཉེར་གཅིག་པའི་གྲྭ་བཙུན་ཞེས་པའི་མིག་དཔེ་ལྟ་ས་དང་མིང་གཞི་འཇུག་ས་དེ་ཡང་འདི་ལྟ་བུ་ཞིག་མིན་ནམ་སྙམ། གནད་དོན་འདིས་ནི་འཇིག་རྟེན་འདི་རྟག་ཏུ་དཀར་ཕྱོགས་པ་དང་ནག་ཕྱོགས་པ་གཉིས་ཀྱི་དམག་འཐབ་རྒྱུན་མ་ཆད་དུ་བྱེད་བཞིན་པའི་གཡུལ་ས་ཆེན་པོ་ཞིག་ཡིན་པ་གསལ་སྟོན་དང་། མཐའ་མཇུག་ཏུ་དཀར་ཕྱོགས་པ་ལ་རྒྱལ་ཁ་ཐོབ་སྟེ་འགྲོ་བའི་ཆོས་ཉིད་ཀྱི་བདེན་པ་དེ་ཡང་ལེགས་པར་བསྟན་ཡོད་པས་དགའ་བ་སྒོམ་པར་འོས།
སྤོབས་པ་མཐའ་ཡས་ལགས། ད་ཁྱེད་གཅིག་པོས་ཨ་ནེ་ཆོས་དབྱིངས་ལ་བསྟོད་པའི་དེབ་ཆུང་ཞིག་བསྒྲིག་ཀྱང་ཧ་ལམ་འཛོམས་ཡོད་ས་ཡོད། ཉིད་ཀྱི་བརྩེ་དུང་ལ་ཨ་ནེ་ལགས་ཀྱིས་ཞལ་བཞེས་ཐོབ་པའི་སྨོན་འདུན་ཞུ། ཧ་ཧ་ཧ།
འོ་ལས་གཞི་ཡག་པོ་འདུག རྗེས་སུ་ཡི་རངས་ཞུ། བཙན་གཡེམ་བྱེད་མཁན་འབུ་ལི་གཅོད་ཀྱི་ཞི་ལི་དེ་ཚོ་སུ་སུ་རེད། ཡང་བལ་ཡུལ་གྱི་མི་ཡིན་རྒྱུ་རེད། སྤྱིར་བཏང་བཤད་ན་ཨ་ནེ་ཚོ་ལ་དེ་འདྲ་འགོག་པའི་སླད་དུ་ཁྲིམས་གྲོགས་མེད་པར་རྒྱང་ཕྲག་འགྲོག་མི་ཆོག་པའི་བཅོས་པ་ཞིག་ཡོད་པ་རེད། ད་ཨ་ནེ་དེ་ཚོ་མཚན་མོ་གྲོང་ན་རྒྱུ་བ་དང་། ཁྲིམས་གྲོགས་མེད་པར་རྒྱུ་བ། དེ་འདྲ་བྱས་ན་དོན་དེ་འདྲ་ཡང་ཡང་འབྱུང་རྒྱུ་རེད་ཡ།
བཙན་གཡེམ་ཐེབས་པའི་བཙུན་མ་དེ་ལུང་པ་གང་ནས་ཡིན་ན་སྙིང་རྗེ་ཨ་ཁ།མཆན་གཉིས་པས་
གསུངས་པ་ནང་བཞིན་ཡིན་གྱི་རེད
ཟླ་མེད་ལགས། བལ་པོའི་མི་རེད་འདུག འགྲུལ་འཁོར་ཞིག་གི་ནང་ལ་ཡོང་གིན་ཡོད་དུས་རླངས་འཁོར་ཁ་ལོ་བ་ཚུད་པའི་མི་ལྔས་དེ་ལྟར་བྱས་འདུག ཡུལ་མི་ཞིག་གིས་མཐོང་སྟེ་ཁྲིམས་འགལ་བ་མི་ལྔ་པོ་ཉེན་རྟོག་པས་རྩིས་སྤྲོད་དང་བུ་མོ་དེ་ཡང་སྨན་ཁང་དུ་བསྐྱལ་འདུག
དེང་སང་གི་བཙུན་མ་དེ་ཚོར་ལྟ་ས་ཞིག་ཡོད་མ་རེད། སྡོད་ས་ནས་མ་བསྡད་ན་དོན་རྐྱེན་དེ་འདྲ་མང་པོ་འབྱུང་གི་རེད།
སྤོབས་པ་ལགས། ཁྱེད་རང་ཕལ་ཆེར་བལ་ཡུལ་ལ་བཞུགས་མཁན་ཞིག་ཡིན་པ་ཡོད། ཨ་ནེ་ཆོས་དབྱིངས་སྒྲོལ་མར་སེམས་ཤོར་སོང་བ་མིན་ན། ཧཧཧཧཧཧཧ
ཨ་ནི་ཆོས་དབྱིངས་ཟེར་བ་དེ་ངས་གསལ་ཐག་ཆོད་ཤེས་གི་ཡོད། ་ ཁོ་མོས་བོད་པ་ཚང་ལ་མི་དགའ་མཁན་བཙུན་མ་ཞིག་ནི་རེད། རོག་སྐྱོར་བྱེད་པ་དེ་ཕལ་ཆེར་མོ་འབྲེལ་ཡོད་ཞིག་གིས་བརྒྱུད་པ་རེད་བཙུན་མ་དེ་བོད་པ་ཡིན་མིན་ལྟ་རྒྱུ་རེད། མ་ཟད་བཙུན་མའི་སློབ་གྲྭ་ཞིག་ཡོད་རེད་དེས་ནང་བལ་བོའི་བུ་མོ་མ་ཏོག་བོད་པ་གཅིག་ཀྱང་ཡོད་མ་རེད། བོད་པའི་གཞུང་འབྲེལ་ལས་དོན་ལ་ཉིན་གཅིག་ཞུགས་མྱོང་ཡོད་མ་རེད།། གཞན་རོག་རིམ་ཕྲན་བུ་མ་བྱེད་ན་ཕ་རོལ་བ་སྦྱིན་བདག་ལ་མགོ་འཁོར་གང་འདྲ་བཏང་། ་གནས་ཚུལ་དེ་ཚོ་འདྲ་བོ་ཚོང་ལས་མང་པོ་ཡོད་རེད།
བལ་པོ་ཡིན་ན་འདྲ་བོད་པ་ཡིན་ནའདྲ་ཕྱོགས་ལྷུང་མ་བྱས་པ་སྐྱོ་པོ་རོོགས་རམ་གནང་བ་ཡག་པོ། མི་ཁག་གཅིག་བསམ་བློ་འདོད་ཆགས་མ་གཏོགས་ཤེས་གི་མི་འདུག་མ་ཤི་གོང་ནས་ཡི་དགས་ཚོར་བ་སླེབས་ཚར་འདུག་སྙིང་རེ་རྗེ།།
སྤྱིར་བཏང་ཁོ་བོ་ནི་བཙུན་མ་ཆོས་དབྱིངས་སྒྲོལ་མའི་དབྱངས་ལ་ཡིད་འཕྲོག་མཁན་ཞིག་ཡིན། དམིགས་བསལ་དུ་ཁོང་གི་གཟུངས་སྔགས་ཀྱི་དབྱངས་རྣམས་ཡིན། བོད་པའི་ཐོག་ལ་བལྟ་ཚུལ་ཡག་པོ་ཡོད་མ་རེད་ཟེར་བ་དེ་ལ་ངོས་རང་ཡིད་ཆེས་མེད། འདི་ནི་མི་འགའ་ཞིག་གིས་སྒེར་གྱི་དགའ་མིན་དགའ་མདོག་གིས་དཀྲོག་རྐྱེན་བཟོས་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད། གང་ལྟར་འདི་གལ་ཆེན་པོ་མ་རེད། གལ་ཆེ་ཤོས་ནི་བཙུན་མ་ཁོང་གིས་བལ་པོའི་བཙུན་མ་ཞིག་ལ་རོགས་སྐྱོར་གནང་བ་དེ་རེད། དེ་ནི་གྲ་བཙུན་ཞིག་གི་ངོས་ནས་བཤད་ན་གལ་ཆེན་པོ་རེད། ཁོང་བོད་པ་ཡིན་མིན་དེ་གནད་འགག་ཆེན་པོ་མ་རེད། ལམ་སེང་སྐད་ཆ་ཕྱོགས་ལྷུང་སྒང་ལ་མ་འཁྲིད་ན་ཡག་གི་རེད།
སྐྱོ་དུས་རོགས་པ་བྱས་པ་ཡག་པོ་རེད། དྲྭའི་རྒྱའི་ནང་གི་མི་ཁ་བདེ་ཚོས་ཀྱང་དེ་ལྟར་གནང་ཐུབ་ན་ཡག་པོ་རེད། བལ་པོའི་མི་དེ་ཚོ་བུད་མེད་ལ་བཙན་གཡེམ་བྱ་རྒྱུར་ངོ་ཚ་ཁྱོ་ནས་མི་འདུག ད་ལིངྒ་དེ་བཏུབས་ན་ཡག་ཤོས་རེད།
གོང་དུ་གཞོན་ནི་ཟླ་མེད་ལགས་ཀྱིས་ཁྲིམས་གྲོགས་དགོས་ཚུལ་ཞིག་བཤད་པ་དེ་ལ་རྒྱུ་མཚན་མི་འདུག ཕོ་གསར་ལྔས་རུབ་ཡོང་ན་ཁྲིམས་གྲོགས་གཅིག་དང་གཉིས་ཡོད་ཀྱང་གླགས་ཁེལ་ས་མ་རེད། རྒྱལ་ཞེན་ཡོད་མེད་ཀྱི་སྐད་ཆ་དེ་ཁྱད་མཚར་རེད། ཡང་དག་པའི་ཆོས་ལུགས་ལ་རྒྱལ་ཁབ་ཀྱི་ས་མཚམས་ཡོད་པ་མ་རེད། ཡང་དག་པའི་རིག་གཞུང་ལ་མི་རིགས་ཀྱི་དབྱེ་འབྱེད་ཡོད་པ་མ་རེད། མཐའ་གཅིག་ཏུ་མི་ཚང་མས་མི་རིགས་རིང་ལུགས་པ་ཡོང་དགོས་པའི་ལྟ་ཚུལ་བཟུང་ན་འགྲིགས་གི་མ་རེད།
སྤོབས་མཐའ། ངས་རྒྱལ་ཞེན་ཡོད་མེད་ཀྱི་སྐད་ཆ་བཤད་མེད་པ། ཁྱོད་འདི་ཆོས་དབྱངས་སྒྲོལ་མ་བཤད་དུས་ངས་མ་བཤད་པ་ཡང་བཤད་བཞག་འདུག་ཟེར་ནས་སྔོན་ལ་རྒྱུགས་ནས་ལན་རྒྱབ་ཡོང་གི་འདུག ཚ་ག་ཚིག་གེ་དེ་འདྲ་གནང་དགོས་འ་ཡོད། ང་ཁ་སང་སྔོན་མ་ཆོས་དབྱངས་སྒྲོལ་མ་ཐུག་སོང་། ཝ་ཤིན་ཀྲོན་གསུངས་ཆོས་ར་བའི་སྐོར་ལམ་ན་བལ་ཡུལ་གྱི་བུ་མོ་འགའ་དང་མཉམ་བོར་སར་བསྡད་ནས། ཝེ་ཏི་ནམ་སྦྱིན་བདག་ཚོས་ཕུལ་བཞིན་པའི་ཉིན་གུང་ཁ་ལ་ཟ་ཞོར་དུ་བསྡད་འདུག ངེད་གཉིས་ཀས་སྐད་ཆ་ག་རེ་བཤད་ཡོད་མེད་ཁྱོད་ལ་བཤད་ན་ཁྱེད་རང་ ཧཧཧཧཧཧཧཧ། ད་གཡུག་ཞོག
ཁྲིམས་གྲོགས་ཡོད་དགོས་ཟེར་ནས་འདུལ་བ་ནས་གསུངས། ཁྲིམས་གྲོགས་མེད་པ་ལས་དྲག་ག་ཡོད་ཀྱི་རེད། ད་ཐེངས་ཀྱི་འདི་ངོ་ནས་མི་ལྔ་ཙམ་གྱིས་བཙན་པོ་བྱས་ན་ད་བྱས་ཡ་ཡོད་པ་མ་རེད། ལོ་ན་མ་སོན་པ་ཞིག་མིན་ན་འོ་ཙམ་མིན་འགྲོ ལོ་ན་མ་སོན་པ་ཞིག་ཡིན་ན་སྙིང་རྗེ། ལུས་ཙམ་མ་ཟད་སེམས་ཁམས་ལ་ཡང་སྐྱོན་ཆ་འབྱུང་གི་རེད་ཟེར།
མ་རེད། ཟླ་མེད་ལགས། རྒྱལ་ཞེན་རྒྱ་ཞེན་ཡོད་མེད་དེ་ཚོ་ངས་ཁྱོད་ལ་བཤད་ཀྱིན་མེད། གོང་དུ་མི་གཞན་ཞིག་གིས་དེ་འདྲ་ཞིག་བཤད་སོང་བས་ངས་དེ་ལ་བརྗོད་པ་ཡིན།
སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལ་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་མཚམས་མེད་པ་བདེན་པ་རེད་ལ། ཆོས་ཀྱི་ཉམས་ལེན་གྱི་ཐོག་ནས་ཀུན་ལ་བཏང་སྙོམས་སྒོམ་ཐུབ་ན་རྗེས་སུ་ཡི་རང་ཞུ་རྒྱུ་ལས་མེད། འོན་ཀྱང་ང་ཚོ་བོད་པའི་ཁྲོད་ལ་ཁ་ནས་མི་རིགས་ཀྱི་ཞེན་ཁོག་བྱེད་རྒྱུ་མེད་པར་འཛམ་གླིང་སྤྱི་སྙོམས་དགོས་པའི་སྐད་ཆ་རྫིག་པོ་བཤད་དེ། ནང་ཁུལ་ཆོལ་ཁ་དང་ཆོས་ལུགས་སོགས་དང་སྒེར་གྱི་གནད་དོན་ལ་ཐུག་དུས་གུ་ཡངས་དང་བཟོད་སྒོམ་གྱི་བསམ་བློ་ཅུང་ཟད་ཙམ་ཡང་མེད་མཁན་མང་པོ་རེད། དེས་ན་སྐད་ཆ་འདི་རིགས་ལ་ངོས་ལན་ཐུབ་མ་སོང།
དེ་སྔ་ནས་ཨ་ཎེ་ཆོས་དབྱིངས་སྒྲོལ་མ་ཟེར་བ་གང་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང་ཁོང་གི་འཁོར་ཐག་ཉན་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། འོན་ཀྱང་སྤྱི་ལོ་ ༢༠༡༡ ལོའི་རྒྱ་ཡི་ལོ་གསར་སྐབས་ཁོངས་ལ་རྣམ་དོགས་འབད་དེ་བཟས་བྱུང་། བལ་ཡུལ་རྒྱ་མའི་གཞུང་ཚབ་ཁང་གི་གོ་སྒྲིགས་འོག་རྒྱའི་ལོ་གསར་ཞིག་ལོ་ལྟར་གཏོང་བཞིན་ཡོད་ལ་དེ་ལ་བོད་མི་ཡང་འགའ་རེ་འགྲོ་གི་ཡོད་པ་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ༢༠༡༡ ལོའི་ལོ་གསར་སྐབས་ཨ་ཎེ་ཆོས་དབྱིངས་སྒྲོལ་མ་སྐུ་མགྲོན་གཙོ་བོའི་གྲས་ཡིན་པ་མ་ཟད་བལ་ཡུལ་རྒྱ་མའི་གཞུང་ཚབ་དང་ལག་གདངས་འབྲེལ་ནས་མཛད་སྒོ་ཚོགས་ཡུལ་དུ་ཡོངས་ཡོད་པ་ནི་བལ་ཡུལ་གནས་སྡོད་བྱེད་པའི་བོད་མི་མང་པོས་ཤེས་ཡོད་པ་ཡོངས་གྲགས་སོང་དུས་འདི་ནས་བཟུང་ཆོས་དབྱིངས་སྒྲོལ་མ་ནི་རྒྱལ་འཚོང་བ་ཞིག་རེད་སྙམས་ནས་ཁོ་མོའི་སྟོན་པའི་འཁོར་ཐག་ཉན་རྒྱུ་མཚམས་འཇོག་བྱས་པ་ཡིན། བདེན་པ་ཡིན་མིན་བལ་ཡུལ་ཕྱོགས་ལ་རྣ་ཅོག་གཏོད་དང་མཁྱེན་ངེས་ཡིན། དཀྲུགས་ཤིང་གི་སྐད་ཆ་རྩ་བ་ཉིད་ནས་མིན་ལ་ཕྱོགས་ཞེན་ནི་དེ་བས་མིན། ཡིད་ཆེས་མིན་དྲྭ་གྲོགས་རྣམས་ཀྱི་ཐུགས་འདོད་རེད།
གནད་དོན་འདྲ་མིན་ཡོང་བ་སུས་ཀྱང་བཟློག་དཀའ། མཐར་ཆོས་འཇིག་རྟེན་གང་ཡིན་ཡང་ཕྱོགས་ལྷུང་མེད་པ་ཞིག་དགོས་པས་དེ་དེ་བཞིན་དུ་སུས་སྒྲུབ་ནུས་ན་དགའ་བ་སྒོམ་ཡུལ་ཞིག་རེད་སྙམ།