རྒྱལ་ཚོགས་ཀྱི་བཟའ་ཆའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་སྐུ་ཚབ་ཨོ་ལི་ཝི་ཡར་ཌེ་ཤུ་ཀུཊ་ཊར་(Olivier De Schutter)མཆོག་གི་མཚན་ཐོག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣༡ ཉིན་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་འཁོད་དོན།
རྒྱ་ནག་གཞུང་གིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་འབྲོག་པའི་འཚོ་བ་སྐྱེལ་བཞིན་པའི་བོད་ཀྱི་འབྲོག་པ་རྣམས་རང་ཉིད་ཀྱིས་རྒྱུས་མངའ་ཡོད་པའི་འཚོ་རྟེན་དང་ས་གནས་བཞག་སྟེ་ཁོང་ཚོར་གཏན་འཇགས་སྡོད་ཁང་གསར་རྒྱག་བྱས་ཏེ་དེར་བཙན་ཐབས་ཀྱིས་གནས་སྤོ་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། བོད་མི་འབྲོག་པ་རྣམས་ཀྱིས་རྒྱུས་མངའ་མེད་པའི་འཚོ་བའི་རྟེན་གཞི་གསར་པ་དེ་བཞིན་ལག་བསྟར་བྱ་རྒྱུ་འཕྲལ་མར་མཚམས་འཇོག་བྱེད་དགོས་པའམ། ཡང་ན་རྒྱ་ནག་གཞུང་གིས་འབྲེལ་ཡོད་འབྲོག་པ་ཚོ་དང་ལྷན་གནས་སྤོ་བྱ་འདོད་ཡོད་མེད་གོ་བསྡུར་བྱས་ཏེ་འབྲོག་པ་ཚོའི་མངོན་འདོད་དང་མཚམས་པའི་སྲིད་བྱུས་ཐག་གཅོད་བྱེད་དགོས་པ་ལས་བཙན་དབང་ཐོག་ནས་གནས་སྤོ་བྱེད་བཅུག་ན། འབྲོག་པ་ཚོར་འཚོ་རྟེན་དང་སེམས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་མ་ཟད།
རྒྱ་ནག་གཞུང་ནས་འཛུགས་སྐྲུན་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཟེར་བའི་འབྲོག་པ་གནས་སྤོ་བྱས་པའི་གཏན་འཇགས་སྡོད་ཁང་དེ་ཚོའི་ནང་ཞིང་ལས་ཀྱི་འཚོ་རྟེན་ཡག་པོ་མེད་པའི་ཁར་འཚོ་བའི་རྟེན་གཞིའི་ལས་ཀ་གཞན་འཐོབ་རྒྱུའི་གོ་སྐབས་དེ་ཙམ་མེད་པ་མ་ཟད། ལས་ཀ་གང་ཡོད་པ་རྣམས་རྒྱ་རིགས་ཚོར་ཤོར་གྱི་ཡོད་པའི་གནས་ཚུལ་ཡོང་བཞིན་ཡོད་པར་བརྟེན། བོད་མིའི་འབྲོག་པ་རྣམས་གཏན་འཇགས་སྡོད་ཁང་དུ་གནས་སྤོ་བྱས་ན། རང་གི་ཕ་མེས་ནས་རྒྱུས་མངའ་ཡོད་པའི་འཚོ་རྟེན་བརླགས་པ་དང་། ལས་ཀ་གཞན་ཡང་མ་ཐོབ་པར་ལུས་རྒྱུ་ཡིན་པར་བརྟེན། འབྲོག་པ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་སྟབས། བཙན་ཐབས་ཀྱིས་གནས་སྤོ་བྱ་རྒྱུའི་ཚབ་ཏུ་འབྲོག་ས་ཁག་ཏུ་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་འབྲོག་ལས་ཡར་རྒྱས་རྒྱུན་འཁྱོངས་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་ཡོད་པ་བཅས། །
ཤར་ཁུག་གིས་ཕྱོགས་ཐམས་ཅད་ནས་བོད་དོན་གྱི་གསར་གནས་ལུ་གུ་རྒྱུད་དུ་སྤེལ་བ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དེས་མཚོན་པའི་བོད་དོན་འདྲིལ་སྒྲགས་དང་རྒྱབ་སྐྱོར་གྱི་ཐབས་ལམ་འདྲ་མིན་ཡོད་པ་སྨྲོས་ཅི་དགོས། འུ་ཅག་ཚོགས་སྒེར་ཀུན་གྱིས་ཡིག་ངག་ངོ་ཐུག་བརྒྱུད་ནས་རྒྱ་གུང་ཁྲན་ཏང་ཅི་བྱེད་འདི་བྱེད་མེད་པར་སྐྱག་པ་ཤོར་ཤོར་ཡོད་པ་ཞིག་བྱུང་ན་ཅི་མ་རུང་
རྒྱ་གཞུང་གིས་བོད་ཀྱི་འབྲོག་སྡེ་རྩ་མེད་བཟོ་བཞིན་པར་མ་ཟད། མཁས་སྙན་ཁོ་ནས་བོད་ཐོག་གནས་ཚུལ་ཇི་ལྟར་སྤེལ་བཞིན་ཡོད་མེད་སྐོར་ང་ཚོས་དྲ་ཐོག་འདིར་ལྟ་དགོས་པ་རེད། http://ti.tibet3.com/news/tibet/sc/2011-10/19/content_399250.htm
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཁན་ཚུལ་བློ་དང་། རྒྱ་དམར་སོགས་ཀྱི་དམིགས་ཡུལ་འགྲུབ་མི་འཇུག་པ་ཡིན་ས་མ་རེད་དམ།